མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླེང་གཞི་ཞིག་མཇུག་སྒྲིལ། གླེང་གཞི་གཞན་ཞིག་མགོ་འབུས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

ད་ཕན་མི་རིགས་ས་གནས་རང་སྐྱོང་གི་མིང་བཏགས་པ་ཚང་མའི་ནང་མི་རིགས་གཅིག་གཙང་མ་བསྡད་ཐུབ་པ་གཅིག་ཀྱང་བྱུང་མེད། མི་རིགས་མང་པོ་འདྲེས་བསྡད་ཡོད་པ་དེ་ཚོར་དོན་ཚན་རེ་ཟུང་ཐོག་མ་གཏོགས་མི་རིགས་ཀྱི་དབྱེ་འབྱེད་མེད། མི་རིགས་གང་གི་ས་གནས་རང་སྐྱོང་ཡིན་པའི་ས་ཁུལ་དེའི་ནང་མགོ་ཁྲིད་དང་ལས་བྱེད་བསྐོ་སྟངས་དང་། ཕྱོགས་ཁ་ཤས་ལ་མི་རིགས་བྱེ་བྲག་པ་ཡིན་དགོས་པ་ཙམ་ལས་ཁྱད་པར་ཡོད་པ་མ་རེད། དེ་གསལ་བོ་བཟོ་འདོད་བྱུང་སོང་། ཞེས་བཀའ་བློན་ཁྲི་པ་མཆོག་གིས་གསུངས་ཡོད།

 

ཉེ་ལམ་ཞིག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད། འབྲེལ་མོལ་རིམ་པའི་སྐབས་དམིགས་བསལ་སྐུ་ཚབ་རྣམ་པས་རྒྱ་གཞུང་ལ་སྤྲད་པའི་ཡིག་ཆ་དེ་དག་༧གོང་མཆོག་གི་དགོངས་གཞི་ཡིན་མིན་དང་། གྲོས་ཚོགས་ཀྱིས་མོས་མཐུན་ཡོད་མེད་སོགས་ཀྱི་གླེང་སློང་ཞིག་བྱུང་ཡོད་ལ། ལྷག་པར་དུ་ཉེ་ལམ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ནས་མི་མང་ལ་བཀའ་སློབ་ཅིག་གནང་སྐབས། ཡིག་ཆ་དེ་བོད་མི་མང་གྲོས་ཚོགས་ལ་བསྟན་མེད་ཚུལ་གསུངས་ཡོད་སྟབས། གྲོས་ཚོགས་ཚོགས་དུས་དགུ་བར་༧གོང་ས་མཆོག་གིས་གསུང་འཕྲིན་ཞིག་བསྩལ་ཏེ། “བཀའ་ཤག་དང་ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཅི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་བོ་བཟོ་དགོས།” ཞེས་གསུངས་ཡོད་སྟབས། དེར་གྲོས་ཚོགས་ནང་བགྲོ་གླེང་དང་དོགས་འདྲི་གནང་བ་བརྒྱུད་དེ། སྤྱི་འཐུས་མང་ཆེ་བས་གསལ་བོ་བྱུང་ཡོད་སྐོར་གསུངས་ཡོད་ཀྱང་། རེ་ཟུང་གིས་ད་དུང་ཉན་ཞིབ་དགོས་པའི་རེ་འདུན་བཏོན་པ་ལྟར། བཀའ་སྤྱི་གཉིས་དང་། དམིགས་བསལ་སྐུ་ཚབ་གཉིས། དེ་བཞིན། རྒྱ་གར་ནང་གི་བཀའ་ཟུར་རྣམ་པ། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་བཅས་ཀྱིས་ཉན་ཞིབ་ཀྱི་ལྷན་ཚོགས་བསྐྱངས་ཡོད།

 

ཉན་ཞིབ་ཀྱི་ལྷན་ཚོགས་དེའི་ཐོག་བཀའ་ཟུར་ ༨ ཙམ་གྱིས་གཏམ་བཤད་གནང་སྟེ། ཡིག་ཆ་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་པ་དང་གྲོས་ཚོགས་ནས་མོས་མཐུན་ཡོད་པ། དེ་བཞིན་ཡིག་ཆ་དེ་གྲོས་ཚོགས་ལ་སྟོན་དགོས་མིན་བཅས་ཀྱི་དོགས་གནས་སངས་ཡོད་སྐོར་ལ་ཁ་གཅིག་མཐུན་བྱུང་ཡང་། གནད་དོན་གཞན་འགའ་རེའི་ཐད་དགོངས་ཚུལ་སྣ་ཚོགས་གསུངས་ཡོད། སྐབས་དེར་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་གིས་ཡིག་ཆ་དེའི་ནང་དོན་ཁག་ཅིག་གི་ཐད་སེམས་འཚབ་ཡོད་སྐོར་གསུངས་དོན། རྒྱ་གཞུང་ལ་སྤྲད་པའི་ཡིག་ཆ་དེའི་ནང་། བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་དགོས་ཟེར་བ་དེ་ལ་ངས་སྐྱོན་ཞིག་མཐོང་གིན་ཡོད། བོད་རིགས་ཡོངས་རྫོགས་ཟེར་དུས་བོད་ཀྱི་མངའ་འབངས་ཡོངས་རྫོགས་ཁྱབ་ཐུབ་པ་མ་རེད། བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་གནས་བའི་བོད་ཀྱི་མངའ་འབངས་དེ་གནས་གཅིག་ལ་གནས་ཐུབ་ཡོད་པ་མ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁྱབ་ཀྱི་མི་རིགས་ང་དྲུག་ཟེར་བ་དེ་ང་ཚོས་ངོས་ལེན་བྱེད་ཀྱིན་ཡོད། དེའི་ནང་གི་མི་རིགས་མང་པོ་ཞིག་བོད་རིགས་མིན་ཡང་བོད་པའི་ས་ཁུལ་དུ་བསྡད་ཡོད། ཁམས་ཀྱི་ཕྱོགས་ནས་བཤད་ན། དར་རྩེ་མདོ་ནས་མར་ཕྱིན་པ་ཡིན་ན་བོད་རིགས་ས་ཁུལ་དུ་རྩིས་ཡོད། དེར་བོད་རིགས་ཡོད་ཀྱང་མང་ཆེ་བ་མི་རིགས་གཞན་རེད། ཡར་རྒྱལ་རོང་ཕྱོགས་ལ་ཕྱིན་ན། ཏོན་པ་རིགས་དང་མེའོ་རིགས་ཆང་རིགས་ཟེར་དེ་ཚོ་བོད་རིགས་ས་ཁུལ་ནང་བསྡད་ཡོད། མདོ་སྨད་ཆོལ་ཁོངས་ནས་ཟ་ལིར་རིགས་ཟེར་བ་དེ་ཧ་ཅང་རྒྱ་ཆེན་པོ་རེད། དེ་བཞིན་གཙོང་ཁ་ཡུལ་ཆེན་བཅོ་བརྒྱད་དེ་ཧུས་རིགས་རེད། དེ་དག་བོད་མི་ཡིན་ལ་བོད་འབངས་ཀྱང་རེད། འོན་ཀྱང་ད་ལྟའི་བོད་རིགས་ཡོངས་རྫོགས་ཟེར་བ་དེའི་ཁོངས་སུ་ཚུད་ཐུབ་ཀྱིན་ཡོད་པ་མ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བ་དེར། ཕྱི་ལོ་ ༡༩༧༩ ལོར་མི་འབོར་ ༣༣༠༠༠༠ ཡོད། དེའི་ནང་བོད་རིགས་ ༡༢༠༠༠༠ དང་། རྒྱ་རིགས་ ༡༣༠༠༠༠ ། སོག་པོ་དང་ཡུ་གུར་ཧུས་རིགས་ ༨༠༠༠༠ ཙམ་རེད།

མི་རིགས་འདི་དག་ཐམས་ཅད་ཀྱིས་༧གོང་ས་མཆོག་གིས་བོད་རིགས་ཡོངས་རྫོགས་ལ་བདག་སྤྲོད་ཅིག་གནང་གིན་ཡོད་པ་ལས་ང་ཚོ་ལ་གནང་གིན་མི་འདུག་སྙམ་པའི་བློ་འཚབ་ཡོང་གི་མ་རེད་དམ་སྙམ་པའི་སེམས་ཁྲལ་ཆེན་པོ་ཡོད། དེ་བཞིན། མཚོ་ནུབ་ས་ཁུལ་དུ་སོག་པོའི་ཧ་སག་དང་བོད་རིགས་རང་སྐྱོང་ཁུལ་ཞིག་ཡོད། དེའི་ནང་སོག་པོའི་འོ་རོལ་འཚོ་ཆེན་བཞི་དང་འཚོ་ཆུང་བཞི་བཅུ་ཞེ་གཉིས་ཟེར་བ་དེ་དག་ཡོད། ཁོང་ཚོ་བོད་ཀྱི་མངའ་འབངས་རེད། བོད་མིའི་ཆོས་དང་རིག་གཞུང་ལ་སྤྱད་དེ་བོད་མི་གཅིང་མཚུངས་རེད། དེ་དག་ལས་བོད་རིགས་ཚུར་དབྱེ་འབྱེད་བྱེད་ཀྱིན་འདུག་སྙམ་པ་ཞིག་ཚོར་བ་ཡིན་ན། བོད་ཀྱི་མངའ་འབངས་གཞན་དག་ལ་བློ་ཕམ་ཡོང་གི་མ་རེད་དམ། ཞེས་ཐུགས་ཞིབ་གནང་རོགས་ཞུ་བཞིན་ཡོད། དེ་བཞིན། བོད་རིགས་ས་ཁུལ་ཡོངས་རྫོགས་གཅིག་གྱུར་བྱུང་ན་འགྲིག་གིན་ཡོད་པ་ཞིག་ལ་དགོང་གིན་ཡོད་ན། ས་ཁུལ་གཅིག་ལ་མི་རིགས་འདྲ་མིན་མང་པོ་གནས་ཡོད་པ་དེ། ང་ཚོའི་བསམ་པ་གཞིར་བཟུང་ཡོང་གིན་ཡོད་པའི་དབང་དུ་བཏང་ཡང་། མཚོ་ཤར་རྫོང་ཁག་བརྒྱད་དེ་བོད་རིགས་ས་ཁུལ་ཆགས་ཐུབ་མེད། དེར་བརྟེན། བོད་རིགས་ཡོངས་རྫོགས་གཅིག་གྱུར་བྱས་ཀྱང་། བོད་འབངས་ཡོངས་རྫོགས་ཟླ་སྒྲིལ་བཏང་ཐུབ་མེད། གྲོས་ཚོགས་འཐུས་མི་རྣམ་པས་འདི་རིགས་ལ་ཐུགས་སྣང་ཞིབ་ཚགས་གནང་མི་འདུག སླད་ཐུགས་ཞིབ་གནང་རོགས་ཞུ་བཞིན་ཡོད། ཅེས་གསུངས་བྱུང་།

 

བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་བློན་ཁྲི་ཟུར་འཇུ་ཆེན་མཆོག་གི་དོགས་གནས་དེར་གསལ་བཤད་གནང་དོན། བོད་རིགས་ཡོངས་རྫོགས་ཟེར་བའི་ཚིག་དེ་བེད་སྤྱོད་བཏང་བ་ཡིན་ན། བོད་རིགས་མ་ཡིན་པར་བོད་ཀྱི་ས་ཆར་ཡོད་པའི་མི་རིགས་དག་འཕུད་འགྲོ་བཞིན་ཡོད་པའི་དགོངས་ཚུལ་གསུངས་སོང་། ཕྱོགས་གཅིག་གནས་བལྟས་ན་དགོངས་ཚུལ་དེ་གནད་འགག་ཆེན་པོ་ཡིན་འདོག་ཁ་བོ་རེད་དེ། མི་རིགས་ས་གནས་རང་སྐྱོང་གི་ས་ཁུལ་ནང་ཡོད་པའི་བོད་རིགས་མ་ཡིན་པའི་མི་གཅིག་ལ་ཡང་ཕྱིར་འཕུད་གཏོང་རྒྱུ་ཡིན་ཞེས་ང་ཚོས་བཤད་མྱོང་མེད། བོད་རིགས་མ་ཡིན་པ་དག་མི་རིགས་ས་ཁོངས་རང་སྐྱོང་ནང་བསྡད་མཆོག་གི་མ་རེད། ཅེས་༧གོང་ས་མཆོག་གིས་དུས་ནམ་ཡང་བཀའ་གནང་མེད་ལ། ད་ལྟའི་ཆར་དགོངས་པའི་ནང་དུའང་དེ་འདྲ་ཡོད་པ་མ་རེད། ད་ཕན་མི་རིགས་ས་གནས་རང་སྐྱོང་གི་མིང་བཏགས་པ་ཚང་མའི་ནང་མི་རིགས་གཅིག་གཙང་མ་བསྡད་ཐུབ་པ་གཅིག་ཀྱང་བྱུང་མེད། མི་རིགས་མང་པོ་འདྲེས་བསྡད་ཡོད་པ་དེ་ཚོར་དོན་ཚན་རེ་ཟུང་ཐོག་མ་གཏོགས་མི་རིགས་ཀྱི་དབྱེ་འབྱེད་མེད། མི་རིགས་གང་གི་ས་གནས་རང་སྐྱོང་ཡིན་པའི་ས་ཁུལ་དེའི་ནང་མགོ་ཁྲིད་དང་ལས་བྱེད་བསྐོ་སྟངས་དང་། ཕྱོགས་ཁ་ཤས་ལ་མི་རིགས་བྱེ་བྲག་པ་ཡིན་དགོས་པ་ཙམ་ལས་ཁྱད་པར་ཡོད་པ་མ་རེད། དེ་གསལ་བོ་བཟོ་འདོད་བྱུང་སོང་། ཅེས་དང་།

ད་ཆར་བོད་ས་ཡིན་པ་ལ། གསལ་བསྒྲགས་མ་བྱས་པའི་བོད་ས་ཁ་ཤས་འཕུད་འགྲོ་བ་རེད་ཟེར་བ་ཞིག་གསུངས་སོང་། ད་ལྟ་བོད་ས་ཡིན་པར་གསལ་བསྒྲགས་མ་བྱས་པའི་ནང་། བོད་རིགས་རྐྱང་རྐྱང་འདུས་སྡོད་བྱས་བསྡད་ཡོད་པ་ཞིག་ང་ཚོས་བསམ་པར་ཧ་ཅང་ཉུང་ཉུང་རེད་དྲན་ཡོད། ཆུང་ཚགས་རེ་ཟུང་ཡོད་སྲིད་པ་རེད། འོན་ཀྱང་། མི་རིགས་ས་གནས་རང་སྐྱོང་གི་གནས་བབ་གཙང་མ་ཞིག་ཆགས་པ་ཡིན་ན། བོད་མིའི་ས་ཁུལ་མ་ཡིན་པའི་ནང་དུ་བོད་རིགས་དེ་ཚོ་བོད་རང་སྐྱོང་ལྗོངས་འོག་ལོག་འདོད་མེད་ན། གནས་ཚུལ་ཁ་ཁ་རེད་མ་གཏོགས་ང་ཚོ་དང་ས་འབྲེལ་བྱས་ཏེ་ཡོད་པ་ཞིག་ཡིན་ན། ང་ཚོས་ད་སྐབས་རྩ་ཁྲིམས་རང་གི་དགོངས་དོན་གྱི་བོད་རིགས་འདས་སྡོད་ཀྱི་ས་ཆ་དང་བོད་རིགས་གཉིས་ཀྱི་གནད་དོན་གཙང་མ་བཟོ་དགོས་པའི་གནས་ཚུལ་བཤད་ཀྱིན་ཡོད་སྟབས། དེ་ལ་མ་ཚུད་པ་དང་ལྷག་འགྲོ་བའི་ཐུགས་དོགས་གནང་དགོས་པ་མ་རེད། ཅེས་གསུངས་སོང་།

 

མཇུག་མཐར། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་སྐུ་ཚབ་གཉིས་ཀྱི་ལས་རིམ་སྐོར་ངོ་སྤྲོད་གནང་དོན། དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་ངེད་སྐུ་ཚབ་གཉིས་ཀྱི་ལས་འགན་དེ་ཞུ་འདོད་བྱུང་སོང་། སོ་སོར་མཚོན་ན་རྒྱ་བོད་ལས་དོན་ཐོག་འབྲེལ་བ་ཆགས་ཏེ་ལོ་ངོ་ ༢༨ ཙམ་འགྲོ་བཞིན་ཡོད། དགུ་བཅུ་གོ་གྲངས་ནང་༧གོང་ས་མཆོག་གིས་ཐད་ཀར་ངེད་གཉིས་ལ་རྒྱ་བོད་འབྲེལ་བའི་ཐོག་ལ་འགན་འཁུར་དགོས་པའི་བཀའ་གནང་བྱུང་། ཐོག་མར་ངེད་གཉིས་ཀྱིས་ལས་འདོན་རིགས་ཐད་ཀར་༧གོང་ས་མཆོག་ལ་སྙན་གསེང་ཞུ་བཞིན་ཡོད། སྐབས་རེར་ལས་དོན་རེ་ཟུང་ཐོག་བཀའ་ཤག་ལ་གཅོར་གསུངས་པ་དང་། བཀའ་བློན་ཁྲི་པ་དང་གོ་བསྡུར་བྱོས་གསུང་གིན་འདུག དེ་བཞིན། སྐབས་དེར་ཟམ་གདོང་རིན་པོ་ཆེས་སྤྱི་འཐུས་ཚོགས་གཙོ་རེད། ༧གོང་ས་མཆོག་གིས་ཟམ་གདོང་རིན་པོ་ཆེ་དང་གོ་བསྡུར་གནང་དགོས་པ་རེད་ཅེས་བཀའ་གནང་མྱོང་། ལས་དོན་འདི་༧གོང་ས་མཆོག་སྐུ་སྒེར་གྱི་དོན་དག་མིན་པར་བོད་རྒྱ་ཆེའི་མང་ཚོགས་ཀྱི་དོན་དག་ཡིན་སྟབས། ངེད་སྐུ་ཚབ་གཉིས་ཀྱིས་ཀྱང་། བཀའ་བློན་ཁྲི་པ་བརྒྱུད་པ་ལས་ཐད་ཀར་གཟིམ་ཆུང་ལ་བཅར་མ་དགོས་ན། ཞེས་༧གོང་ས་མཆོག་ལ་སྙན་གསེང་ཞུ་སྐབས་ཧ་ཅང་ཐུགས་དགྱེས་པོ་བྱུང་སོང་། དེ་ནས་༧གོང་ས་མཆོག་གི་མདུན་ལ་ཐད་ཀར་བཅར་རྒྱུ་མཚམས་བཞག་པ་ཡིན། ཞེས་གསུངས་བྱུང་།

 

མཐར་ཁོང་གིས་རང་བཙན་སྐོར་གསུངས་དོན། འགའ་རེ་ཡིས་རང་བཙན་བཤད་མཁན་ལ་ཞེད་ཀྱིན་འདུག་ཟེར་མཁན་ཡོད་མོད། དེ་བདེན་པ་མ་རེད། ངེད་གཉིས་རྒྱ་གཞུང་དང་གདོང་ཐུག་སྐབས་ཀྱང་། བོད་མི་ཚང་མས་སེམས་ནང་ཡོད་པ་རང་བཙན་འདོད་ཀྱིན་ཡོད་པ་རེད་ཅེས་བཤད་པ་ཡིན། རྒྱ་ནག་གིས་བཤད་པ་ལྟར། མཚམས་རེར་བོད་རང་བཙན་གྱི་དར་ཆ་འཁྱེར་ཏེ་བོད་རིགས་གཅིག་གྱུར་གྱི་ནུས་པར་ག་རེ་བྱས་ཡོང་ངམ་སྙམ་པའི་ཐེ་ཚོམ་ཡོང་གིན་འདུག རང་བཙན་བཤད་མཁན་ཚོས་བོད་རིགས་ཡོངས་རྫོགས་ཀྱི་རང་བཙན་བཤད་ཀྱིན་ཡོད་རྒྱུ་རེད། ལོ་རྒྱུས་དང་རྒྱལ་རབས་ཐོག་ནས་རང་བཙན་ཇི་ལྟར་རྩོད་རྒྱུ་ཡིན། དེ་དག་ལ་དགོངས་པ་བཞེས་དགོས། སྐུ་ངོ་འཇུ་ཆེན་དང་ང་ཚོ་རྒྱ་ནག་ལ་ཕྱིན་སྐབས་ནས་བོད་རིགས་གཅིག་གྱུར་བཤད་ཀྱིན་ཡོད། སྐབས་དེར་རྒྱ་ནག་གི་དཔོན་རིགས་ཚོས། ཁྱོད་ཚོར་གོ་སྐབས་མ་སྤྲད་པ་མ་རེད། སྔོན་མ་སྲིད་བློན་གྱིས་བོད་རིགས་བླ་ཆེན་དཔོན་ཆེན་མང་པོ་ཞིག་བསྡུས་ཏེ། བོད་རིགས་གཅིག་གྱུར་བྱ་རྒྱུ་ཡིན་ནམ་མིན་ཞེས་འདྲིས་སྐབས། ཁོང་ཚོས་གཅིག་གྱུར་མི་དགོས། ད་ལྟའི་གནས་སྟངས་འདི་ཡག་པོ་འདུག་ཅེས་ལབ་པ་རེད་ཟེར། རྒྱ་ནག་གིས་ལ་བོད་བཙན་འཛུལ་བྱས་སྐབས། བོད་གཞུང་བཀའ་ཤག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བདེ་སྡུག་ཞུས་སྐབས། “དུས་ཡུན་རིང་པོའི་བོད་རྒྱའི་ས་མཚམས་འབྲུ་ཆུ་བརྒལ་ཏེ་བཙན་འཛུལ་བྱས་སོང” ཞེས་བཀོད་ཡོད། དེ་དག་ནོར་འཁྲུལ་མ་རེད། སྐབས་དེའི་དངོས་ཡོད་གནས་ཚུལ་རེད། རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་བོད་རིགས་ཡོངས་གཅིག་གྱུར་གྱི་ས་བོན་ཞིག་དང་། གོ་སྐབས་ཤིག་གནང་ཡོད་པ་དེ། ང་ཚོས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༩ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 44

  1. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།། སྣང་རྒྱལ་ལགས་ངོ་མ་བཀའ་དྲིན་ཆེ
    ད་ངེད་གཉིས་ཀྱི་རྩོད་པ་མི་བྱེད་ནི་བྱོས
    སྤྱིས་ཆ་ནས་ལེན་ཁ་གསལ་བཏབ་འདུག་པས་ཐུགས་རྗེ་ཆེ་ཞུ

    Reply
  2. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    རྒྱ་རྡེའུའི་དགེ་འདུན་ལགས། འདི་ཁྱོད་ལ་ལན་གཅིག་འབྲི་ཐེངས་གསུམ་པ་ཡིན། དེ་ཐེངས་ཡར་འཇུག་བྱེད་ཐུབ་པ་དང་དྲ་ཐོག་ནས་བརླག་མི་འགྲོ་བའི་སྨོན་ལམ་འདེབས།
    རྒྱ་རིས་གསུང་པ་ནི་འུ་ཅག་གི་རྒྱལ་ཁབ་སིལ་བུར་འཐོར་ནས་ད་ལྟའི་བར་གཅིག་གྱུར་བྱུང་མ་ཐུབ་པ་དང་། ད་ལྟ་བུ་ལྷ་མོ་དོན་འགྲུབ་ཀྱི་རྨ་མེད་པའི་མཛད་འཕྲིན་རླབས་ཆེན་འདི་དག་གིས་བསམ་བློའི་ཐོག་ནས་བོད་འདི་སླར་ཡང་གཅིག་གྱུར་བྱས་ཤིང་བསམ་བློའི་གཅིག་གྱུར་འདི་ཉིད་མ་འོངས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་བརྟན་ལྷིང་གི་ས་བོན་དུ་གྱུར་བར་བཤད་པ་རེད།
    དྲི་བ་དང་པོའི་ལན། བོད་གཅིག་གྱུར་གྱི་སྐད་ནི་ཡིག་སྐད་ཡིན། དེ་ཡང་དབུས་གཙང་གི་མཁས་པའི་བྲིས་པའི་རྩོམ་ཨ་མདོ་བས་བདེ་བླག་ཏུ་གོ་ཐུབ་པ་དང་། ཨ་མདོ་བས་བྲིས་པའི་རྩོམ་ཡིག་དབུས་གཙང་དང་ཁམས་ཀྱི་ཀློག་པ་པོ་དག་གིས་དེ་བཞིན་དུ་གོ་ཐུབ་པ་ནི་ཡིག་སྐད་འདི་གཅིག་གྱུར་གྱི་སྐད་ཡིན་པས་རེད། ཚུལ་འདི་དགེ་ཆོས་ཀྱི་དེབ་དཀར་དང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་བཅས་ལ་ཞིབ་ཏུ་གསལ་བས་དེར་གཟིགས་པར་ཞུ།
    དྲི་བ་གཉིས་པའི་ལན། བོད་རྒྱལ་སོ་གཉིས་ལ་ཟེར་བ་ཡིན། བོད་རྒྱལ་སོ་གཉིས་པོ་དེ་དག་གི་རིང་ལ་བོད་ཀྱི་གདོད་མའི་ས་ཁྱོན་ལས་ཕར་བརྒལ་བ་མ་གཏོགས་ཚུར་ཟ་མཁན་སུ་ཡང་བྱུང་མེད། དེ་ལ་བརྟེན་ནས་ད་ལྟའི་བོད་ཆོལ་ཁ གསུམ་གྱི་ས་ཁྱོན་འདི་རིམ་བཞིན་བོད་རྒྱལ་གྱི་དབང་འོག་ཏུ་ཚུད་པ་རེད།
    རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་འདི་བོད་སིལ་བུར་འཐོར་བའི་རྗེས་སུ་བ་བྱུང་ཞིག་རེད། དེ་ནི་བོད་གཞུང་གི་སྲིད་དབང་ཉམས་དམས་སུ་གྱུར་བ་ལ་བརྟེན་ནས་མཐའ་མཚམས་ཀྱི་ས་ཁུལ་ཁག་ཏུ་དམག་དོན་དང་ཁྲལ་བསྡུའི་ལས་དོན་གྱིས་མ་ཁྱབ་པ་ཙམ་ལས། རྒྱལ་ཁབ་གཞན་གྱིས་འཕྲོག་པའམ་བོད་གཞུང་ལ་ངོ་ལོག་པ་ལྟ་བུ་གང་ཡང་མ་རེད། གནས་ཚུལ་འདི་ལྟ་བུ་ནི་རྒྱལ་རོང་ཙམ་མ་ཟད་རྔ་བའི་རྨེའུ་རྒྱལ་པོ་སོགས་མཐའ་མཚམས་ཀྱི་ས་ཁུལ་མང་པོར་བྱུང་ཡོད། འོན་ཀྱང་དེ་དག་གིས་རང་ཉིད་བོད་གཞུང་གི་ཆབ་འབངས་ཡིན་པ་ངོས་ལེན་བྱེད་བཞིན་ཡོད་པ་སྟེ། འདིའི་ཚུལ་ནི་ཀིརྟི་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ་ རུ་གཟིགས་ཤིག ད་དུང་ཞུ་རྒྱུ་ཞིག་ལ་ སྐབས་དང་པོའིམདོ་སྨད་སྤྱི་འཐུས་རྡོ་རྗེ་དཔལ་བཟང་ཤེས་སམ། མ་ཤེས་ན་གོ་མྱོང་ངམ། མ་མྱོང་ན་དེ་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་ཁྲོ་ཆུའི་རྒྱལ་པོ་རེད། རྒྱལ་ཁབ་ཅིག་གི་རྒྱལ་པོས་རྒྱལ་ཁབ་གཞན་ཞིག་གི་གྲོས་ཚོགས་འཐུས་མི་བྱ་མི་སྲིད། དེས་ན་འདིའང་ཁྱོད་ལ་ཞུ་འདོད་བྱུང་། རྨེའུ་རྒྱལ་པོ་མདོ་སྨད་ནས་ལྷ་སར་བོད་གཞུང་ལ་ཁྲལ་འབུལ་དུ་སོང་བའི་ལོ་རྒྱུས་སོགས་ཀྱང་ཡོད་མོད། མང་པོ་བཤད་ན་ཁྱོད་ཀྱིས་མགོ་ན་རྒྱུ་རེད། གོང་དུ་བཤད་པ་དག་གིས་ད་དུང་གསལ་པོ་མ་བྱུང་ན་ད་དུང་གླེང་ཆོག དག་བཅོས་བྱེད་ཁོམས་མ་བྱུང་བས་རོགས་རམ་བྱེད་པར་འཚལ།

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།་རྣང་རྒྱལ་ཤེར་དགེ་ལགས་
    མང་པོ་ཞིག་འབྲི་དགོས་ན་ལག་པ་མགྱོག་དགོས
    ་དེ་མ་ཐུབ་ན་ཉར་ཚག་བྱོས་་་ཡར་འཇུག་བྱེད་མ་ཐུབ་ན་རྗེས་མར་ལེན་ཆོག་ཆོག་རེད

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    འདི་ལ་ཅི་ཞིག་བྱུང་བ་ཡིན་ནམ། ངས་ཁ་སང་མང་པོ་ཞིག་བྲིས་ཡོད་ཀྱང་དེ་རིང་མཐོང་རྒྱུ་མི་འདུག་ལ་དེ་རིང་མང་པོ་ཞིག་བྲིས་པའང་ཡར་འཇུག་བྱེད་ཐུབ་ཀྱི་མི་འདུག དྲ་བདག་ལགས། འདི་ཅི།

    Reply
  5. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    འདི་ལ་ཅི་ཞིག་བྱུང་བ་ཡིན་ནམ།

    Reply
  6. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    ༡༽བོད་མི་ཡོངས་ལ་ས་གནས་རང་སྐྱོང་གི་བསམ་འཆར་འདི་ཧ་ལམ་རྒྱ་རིས་བཟོ་བཀོད་ཞེས་པ་རེད། རྒྱ་ནག་གིས་ཞི་དྲག་གི་རྣམ་འགྱུར་གཉིས་ཀ་སྤྱད་ནས་རྒྱ་རིའི་ཀླད་པར་བཟོ་བཅོས་ཡག་ཐག་ཆོད་བརྒྱབ་ནས་རྡ་རམ་ས་ལར་ཕྱིར་བཏང་བ་དང་། ཁོང་རྡ་སར་ཡོང་ནས་བཀའ་ཤག་གི་ཀླད་པར་བཟོ་བཅོས་ཧུར་ཐག་བརྒྱབ་པའི་མཐའ་མར་གོང་གི་བསམ་འཆར་ཡིག་ཆ་གྲུབ་པ་རེད་དྲན། ཡིག་ཆ་དེ་གོང་ས་མཆོག་ལ་དགོངས་སྐོར་ཞུས་པ་དང་༧གོང་ས་མཆོག་གིས་ཀྱང་མོས་མཐུན་རྒྱབ་སྐྱོར་གནང་བ་ཙམ་ལས་འཆར་འགོད་གནང་ཡོད་པ་འདྲ་བོ་མི་འདུག མདོར་བསྡུས་ནས་བསམ་འཆར་ཡིག་ཆ་དེའི་ཕུགས་ན་རྒྱ་མིས་བཟོ་བཅོས་བརྒྱབ་ཟིན་པའི་རྒྱ་རིའི་ཀླད་པ་ཉལ་ནས་བསྡད་ཡོད་པ་མཐོང་གི་འདུག
    ༢། ༼ལས་དོན་འདི་༧གོང་ས་མཆོག་སྐུ་སྒེར་གྱི་དོན་དག་མིན་པར་བོད་རྒྱ་ཆེའི་མང་ཚོགས་ཀྱི་དོན་དག་ཡིན་སྟབས། ངེད་སྐུ་ཚབ་གཉིས་ཀྱིས་ཀྱང་། བཀའ་བློན་ཁྲི་པ་བརྒྱུད་པ་ལས་ཐད་ཀར་གཟིམ་ཆུང་ལ་བཅར་མ་དགོས་ན། ཞེས་༧གོང་ས་མཆོག་ལ་སྙན་གསེང་ཞུ་སྐབས་ཧ་ཅང་ཐུགས་དགྱེས་པོ་བྱུང་སོང་། དེ་ནས་༧གོང་ས་མཆོག་གི་མདུན་ལ་ཐད་ཀར་བཅར་རྒྱུ་མཚམས་བཞག་པ་ཡིན།༽ སྐུ་ཚབ་ཀྱིས་གོང་ས་མཆོག་ལ་ཞུས་པའི་སྐད་ཆ་འདིས་༧གོང་ས་མཆོག་ལ་འདི་ཁྱེད་ཀྱི་སྒེར་དོན་མིན་པས་ཐེ་གཏོགས་ཆེན་པོ་མ་གནང་རོགས་ཞུས་པ་འདྲ་བོ་གོ་གི་འདུག ༧གོང་ས་མཆོག་འདི་ལྟར་ཟུར་དུ་ཚར་རྗེས་སྐུ་ཚབ་ཀྱི་འཆར་གཞི་ལ་ཐེ་གཏོགས་བྱེད་མཁན་ཆེན་པོ་གཅིག་ཉུང་སོང་བ་ཡིན་ཕྱིར། སྐུ་ཚབ་རང་གི་འདོད་པ་ནང་བཞིན་འཆར་གཞི་བཟོ་རྒྱུར་ཤུགས་ཆེན་ཆེན་པོ་གཅིག་ཐབས་མཁས་པོའི་ཐོག་ནས་བཀག་ཐུབ་པ་རེད། གཉིས་བཀའ་བཀའ་ཤག་རེད། བཀའ་ཤག་ལ་༼ལོ་རྒྱུས་དང་རྒྱལ་རབས་ཐོག་ནས་རང་བཙན་ཇི་ལྟར་རྩོད་རྒྱུ་ཡིན། དེ་དག་ལ་དགོངས་པ་བཞེས་དགོས། སྐུ་ངོ་འཇུ་ཆེན་དང་ང་ཚོ་རྒྱ་ནག་ལ་ཕྱིན་སྐབས་ནས་བོད་རིགས་གཅིག་གྱུར་བཤད་ཀྱིན་ཡོད། སྐབས་དེར་རྒྱ་ནག་གི་དཔོན་རིགས་ཚོས། ཁྱོད་ཚོར་གོ་སྐབས་མ་སྤྲད་པ་མ་རེད། སྔོན་མ་སྲིད་བློན་གྱིས་བོད་རིགས་བླ་ཆེན་དཔོན་ཆེན་མང་པོ་ཞིག་བསྡུས་ཏེ། བོད་རིགས་གཅིག་གྱུར་བྱ་རྒྱུ་ཡིན་ནམ་མིན་ཞེས་འདྲིས་སྐབས། ཁོང་ཚོས་གཅིག་གྱུར་མི་དགོས། ད་ལྟའི་གནས་སྟངས་འདི་ཡག་པོ་འདུག་ཅེས་ལབ་པ་རེད་ཟེར། རྒྱ་ནག་གིས་ལ་བོད་བཙན་འཛུལ་བྱས་སྐབས། བོད་གཞུང་བཀའ་ཤག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བདེ་སྡུག་ཞུས་སྐབས། “དུས་ཡུན་རིང་པོའི་བོད་རྒྱའི་ས་མཚམས་འབྲུ་ཆུ་བརྒལ་ཏེ་བཙན་འཛུལ་བྱས་སོང” ཞེས་བཀོད་ཡོད། དེ་དག་ནོར་འཁྲུལ་མ་རེད། སྐབས་དེའི་དངོས་ཡོད་གནས་ཚུལ་རེད། རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་བོད་རིགས་ཡོངས་གཅིག་གྱུར་གྱི་ས་བོན་ཞིག་དང་། གོ་སྐབས་ཤིག་གནང་ཡོད་པ་དེ། ང་ཚོས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།༽ རྒྱ་ནག་གི་སྐད་ཆ་འདི་རིགས་ཐབས་མཁས་པོས་བཤད་ནས་བསམ་འཆར་ཡིག་འདི་ལས་འགྲོ་ས་མེད་པ་ཟོས་མེད་འགྲོ་དྲན་། ཕྲན་གྱི་རྨོངས་འཆར་འདི་ནོར་ཡོད་ན་དགོངས་འགལ་མེད་པ་ཞུ།

    Reply
  7. བོད་རང་བཙན says:
    ལོ་ 16 སྔོན།

    སྤྱིར་པ་ཁམས་པ་དགོས་པ་རྒྱ་རེད་ཨ་མདོ་བ་དགོས་པ་རྒྱ་ཁ་ཆི༼ཤིང་ཅང༽རེད་ཅེས་བརྗོད་གསོལ་ཅིག་དར་བ་རེད་ད་ནི་བོད་པ་ལ་དགོས་པ་རྒྱ་གཞུང་དང་བོད་བཙན་བྱོལ་བ་ལ་དགོས་པ་མི་རིགས་གཞན་གྱི་གཉའ་གནོད་རེད་ཟེར་ཆོག

    Reply
  8. བོད་རང་བཙན says:
    ལོ་ 16 སྔོན།

    མཁྱེན་དགོས་པ་ཞིག་ལ་ཆོལ་ཁ་གསུམ་ཟེར་བའི་ཚིག་འདི་དེ་སྔོན་ཀྱི་སྐད་ཆ་རྙིང་པ་གཅིག་དང་ད་ཡོད་བོད་བཙན་བྱོལ་བའི་སྐད་ཆ་གཅིག་ལས་ཉེར་རབས་བོད་ཀྱི་ལོ་རྒྱུས་ནང་འབའ་འབྲི་ཆུ་ཡན་ཀྱི་བོད་རིགས་ས་ཁོངས་ལ་བོད་ལྗོངས་ཟེར་བ་དང་བོད་རང་སྐྱོང་ལྗོངས་ཟེར་བ་འདི་ཡིན་འདིའི་ནང་བོད་བཙན་བྱོལ་བའི་ཆོལ་ཁའི་རྒྱུན་ལས་ཚོའི་་འདོད་པ་ལྟར་ན་ཆོལ་ཁ་གསུམ་ཟེར་བའི་ནང་ནས་ཨ་མདོ་བའི་ས་ཁོངས་དྲི་མ་ཙམ་མེད་ལ་ཁམས་པ་མི་ཉུང་བ་ཞིག་ཚུད་མེད་པས་འདི་དག་ལོ་རྒྱུས་ཀྱི་གནད་དོན་རེད་། ང་ཚོའི་ལོ་རྒྱུས་དགོས་ན་བདག་པོ་རྒྱབ་མ་དགོས་ན་མཁས་མི་ལན་ཅེས་བརྗོད་ཆོག་ཆོག་དེ་འདྲ་ཡོད་ན་རྒྱ་གཞུང་ལ་ཡང་དེ་འདྲ་ཡོད་ཆོག་པ་པས་དུས་རྒྱུན་བོད་དོན་གླེང་ན་བོད་མི་རིགས་ཀྱི་ལ་རྒྱ་དགོས་པ་འདི་གལ་ཆེན་པོ་འདུག། རྩ་བས་ལོ་རྒྱུས་ཐོག་ནས་ལྟས་ན་ཆོལ་ཁ་ཟེར་བའི་མིང་འདི་དཀོན་མཆོག་གསུམ་ནང་བཞིན་རྩ་བ་ཆེན་པོ་དེ་འདྲ་མ་རེད། འོན་ཀྱང་ད་ཡོད་བོད་བཙན་བྱོལ་ནང་དགོས་དབང་ལ་བརྟན་པས་མིང་འདི་གཞིས་བཞུགས་བོད་རིགས་ཡོངས་མཚོན་ཐུབ་པའི་ཁྱེད་དུ་དེ་སྔོན་གྱི་བོད་ཡོངས་རྫོགས་གཅིག་གྱུར་སྐབས་ཀྱི་མིང་རྙིང་པ་ཆོལ་གསུམ་ཀྱི་ནང་ནས་སྤྱི་འཐུས་འོས་འདེབས་དགོས་པ་སོགས་གནང་བ་རེད་སྙམ། དེ་མིན་ལོ་རྒྱུན་མང་པོའི་ནང་གཟིགས་ན་ཨ་མདོ་བ་རྣམས་ཁམས་པའི་མངའ་ཁོངས་རེད་ཁམས་པ་རྣམས་མདོ་སྨད་པ་རེད་
    འདི་ཡང་ལོ་རྒྱུས་ཀྱི་གསལ་བཤད་ཅིག་རེད་

    Reply
  9. དོན་འགྲུབ་རྡོ་རྗེ། says:
    ལོ་ 16 སྔོན།

    ཧོར་བུ་ཡེ་ཤེས་ཟེར་བའི་མི་ངན་འདིས་རང་ཉིད་ཁམས་པ་ཡིན་མདོགས་ཀྱིས་དོན་དུ་ཆོལ་ཁའི་བར་དཀྲུགས་ཤིང་མང་དག་ཅིག་སྤེལ་འདུག་པར་ངོ་རེ་ཚ། ཆོལ་གསུམ་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུ་མེད་ན་གཏོར་བཤིག་གཏོང་རྒྱུའི་རེ་ངན་འཆང་མཁན་འདི་རིགས་རྒྱ་གཞུང་གི་ཆེད་དུ་མངགས་པ་ཞིག་ཡིན་མི་ཆོག་རྒྱུ་མེད། དེས་ན་ད་ལྟའི་དུས་འདིར་གངས་ཅན་པར་དུང་བ་ཟབ་པའི་མི་བུ་དག་གིས་བོད་རིགས་ནང་ཁུལ་དཀྲུགས་ཤིང་སྤེལ་མཁན་འདི་ཚོར་ངེས་པར་དུ་ཡིད་གཟབ་དགོས།

    Reply
  10. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    ཧོར་བུ་ལགས་ད་ནས་ཁྱེད་རང་ལ་ཁེ་བཟང་གང་འདྲ་ཡོད་ན་སྐད་ཆ་དེ་འདྲ་ཤོད་ལོ། ང་ལ་ཁྱད་པར་མེད། ཁྱེད་ཀྱིས་སྐད་ཆ་བཤད་སྟངས་དེས་མདོ་སྟོད་མི་མང་ལ་ཕན་ཐོགས་ཡོད་ན་དེ་ལྟར་ཤོད། ང་མི་སྒེར་ལ་ཁྱེད་ཀྱི་སྐད་ཆ་བཤད་སྟངས་དེས་དམིགས་ཞེད་སྣང་དང་གྱོང་གང་ཡང་སྤྲོད་ཀྱི་མི་འདུག ཡིན་ནའང་བཙན་བྱོལ་བོད་གཞུང་གི་གནད་ཡོད་ཚང་མ་མདོ་སྟོད་ཁོངས་ནས་རེད། ཨ་མའི་བུ་སྐྱེས་ན་ཆོལ་ཁ་གང་ཡིན་དེ་ཡང་ང་ལ་ཁྱེད་མེད། དཔེར་ན་ཟམ་གདོང་རིན་པོ་ཆེ་ལྟ་བུ་རེད། མི་སྐྱོ་དྲགས་ན་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལྟ་བུ་རེད། ཁོང་གཉིས་ཀ་སྐྱེས་ཁུངས་གཅིག་རེད། འོན་ཀྱང་ཟམ་གདོང་རིན་པོ་ཆེར་བོད་མི་བརྒྱ་ཆ་ ༨༠ ལྷག་གི་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་པ་རེད། བསོད་ནམས་སྟོབས་རྒྱལ་ལ་བོད་མི་ཕལ་ཆེ་བ་ཉོབ་ནས་ཨུ་ཐུག་ཡོད་པ་རེད། གནས་སྟངས་འདིས་ཐོག་ནས་བོད་མི་ཚང་མས་མི་སྒེར་སོ་སོའི་ཤེས་འཇོན་ལྷག་བསམ་ཁོ་ནར་ལྟ་གི་ཡོད་པ་ལས། མི་སུ་ཞིག་ཆོལ་ཁ་གང་ཡིན་ལ་ཁྱད་བར་དབྱེ་གི་མེད་སེམས་ལ་བཟུང་། མ་ཟད་བསོད་སྟོབས་ལྟ་བུ་མི་གཤིས་ངན་པ་ཞིག་ལ་སྐྱོན་བཏོན་ན་མདོ་སྟོད་མི་མང་ལ་དགའ་གི་མི་འདུག་ཅེས་དཀྲུགས་ཤིང་མ་བཟོ་རོགས། དེ་མི་ཁོ་རང་གི་ཀུན་སྤྱོད་དང་འཇོན་ཐང་ལ་ལྟོས་ནས་བཤད་པ་ལས་རྒྱུ་མཚན་གཞན་གཏན་ནས་མེད། ཆོལ་ཁའི་གནད་དོན་ལ་དེ་བས་ཀྱང་འབྲེལ་བ་མེད།
    བསོད་སྟོབས་ག་བར་སོང་ན་རྙོག་དྲ་ལས་བཟོ་ཤེས་གི་མ་རེད། རྙོག་དྲ་བཟོ་རྒྱུའདི་ཁོ་རང་གི་ཐོད་པའི་རི་མོ་ཡིན་ས་རེད། ཐ་ན་རྙོག་དྲ་མེད་པའི་སྐད་ཆ་ཚིག་ཀྱང་བཤད་ཤེས་ཀྱི་མེད་འདྲ།

    Reply
  11. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅། སྣང་རྒྱལ་ཤེར་དགེ་ལགས་
    ལན་གསལ་པོ་ཞིག་དགོས་ཟེར་མཁན་ང་ཡིན་པ་བདེན་ཡང་།
    ངའི་དོན་ངོ་མ་གཅིག་གྱུར་བྱུང་ཡོད་མེད་དང་ཡོད་ན་གོང་དུ་བཀོད་པའི་རྒྱ་རིའི་གསུངས་གི་དོན་ཅི་ཡིན་གསལ་བོ་ཞིག་གསུངས་རོགས་བཤད་པ་ཡིན
    བཤད་རྒྱུ་ཡོད་ན་བཤད་རོགས་གནང་། དེ་མ་གཏོགས་ཁྱེད་ཀྱི་ང་ལ་དེབ་ཉོག་འགའ་སྐུར་ཡང་ཕན་པ་མེད།
    ད་དུང་ཁྱེད་ཀྱི་ངའི་དྲིས་པ་ལན་འདི་འདྲ་ཞིག་བྲིས་འདུག་མོད་༼བོད་ལ་གཅིག་གྱུར་གྱི་སྐད་ཡིག་དང་རིག་གཞུང་། རྒྱལ་ཁབ་དང་རྒྱལ་པོ་སོགས་ཡོད་མྱོང་བས་ན་ངས་ཁྱེད་ལ་འུ་ཅག་བོད་པ་ཚང་ལ་གཅིག་གྱུར་བྱུང་མྱོང་བར་མ་ཟད་ད་ལྟའང་གཅིག་གྱུར་ཡིན་ཞེས་ཞུ་རྒྱུ་ཡིན༽དེས་ང་ལ་གསལ་བོ་བཟོ་ཐུབ་མ་སོང་པས་འདི་ལ་ཡང་དྲི་བ་འགའ་མ་དྲིས་ཀ་མེད་རེད།༼༡་་བོད་ལ་གཅིག་གྱུར་གྱི་སྐད་ཡིག་དང་རིག་གཞུང་ཡོད་ན་གཅིག་གྱུར་གྱི་སྐད་ཡོད་དམ་་་་ཡོད་ན་གཅིག་གྱུར་གྱི་གོ་དོན་དང་བཅས་གསུངས་རོགས།
    ༼༢་་རྒྱལ་ཁབ་དང་རྒྱལ་པོ་སོགས་ཡོད་མྱོངཟེར་་་་་་་་་་རྒྱལ་པོ་ཡོད་ཟེར་བ་དེ་་རྒྱལ་རབ་སོ་གཉིས་ལ་ཟེར་རམ་ལུང་ཚན་རེར་རྒྱལ་པོ་ཡོད་མྱོང་པའི་དེ་ལ་ཟེར
    དང་པོ་ལྟར་ན་བོད་ཀྱི་རྒྱལ་པོ་གཉལ་ཁྲི་ནས་རྒྱུད་པའི་སོ་གཉིས་བྱུང་བ་བདེན་ཡང་རྒྱུ་མཚན་དེའི་འུ་ཅག་གིས་འདོད་པའི་བོད་ས་ཡོང་གཅིག་གྱུར་བྱུང་མྱོང་པ་ཇི་ལྟར་གྲུབ་གསུངས་རོགས་གནང་།གཉིས་པ་ལྟར་ན་དེ་བས་མི་འགྲུབ་དེ་་་ལུང་ཚན་རེ་ན་རྒྱལ་པོ་རེ་དང་ད་དུང་རྒྱལ་རོང་རྒྱལ་ཁམས་བཅོ་བརྒྱད་ཟེར་བ་ཞིག་བྱུང་མྱོང་ཡོད་སྐད་འདུག་ན་
    དེའི་སྐབས་སུ་གཅིག་གྱུར་མ་ཡིན་བ་མངོན་འདུག་ག

    འདི་ནས་དྲ་གྲོགས་རྣམས་ལ་ཞུ་རྒྱུ་ཞིག་ལ་ངའི་ཡིག་རྙོག་འདི་ལ་བཟོད་གསོལ་དང་རྒྱ་རིའི་གསུངས་དེའི་དོན་དེ་ངའི་ངོ་མ་གོ་མ་ཐུབ་པས་ སྣང་རྒྱལ་གྱི་གཙོའི་དྲ་གྲོགས་རྣམས་ཀྱི་ང་ལ་དེ་ཡིན་འདི་མིན་ཞིག་གསུངས་རོགས་ཞུ་རྒྱུ་ཡིན།།།

    Reply
  12. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    མུ་ཏིག་ཆུང་ཆུང་ལགས།ཁྱོད་ཀྱི་ཚོགས་འདུ་ཚོགས་ཡོད་པ་མ་གོ་ན་ངས་བཤད་པའི་གཏམ་ལ་ཁྱོད་སྙིང་སླུང་ལངས་དོན་ཅི།ད་དུང་ངས་ཆོལ་ཁ་བཤད་ཟེར།ངས་ངུ་སྐད་འདོན་ཟེར།ཚོགས་འདུ་དེ་ཡི་ནང་ཁམས་མི་གཅིག་ཀྱང་སྐད་བཏང་མེད་ན་ལོས་ངུ།མ་ཚད་ཆོལ་ཁ་ཟེར་བ་དེ་ཤུགས་ཀྱི་ཡོང་གི་མ་རེད་པས།བསོད་ནམས་སྟོབས་རྒྱུད་ཡག་སྡུག་ངའི་མི་ཤེས་འོས་ཤོག་ཀྱང་འཕེན་མ་མྱོང་།ཁོང་ལྐུག་པ་ཡིན་ནམ་སྤྱང་པོ་ཡིན་ཅི་ཡིན་རུང་མདོ་སྟོད་མི་མང་གིས་ལོ་མང་རིང་སྤྱི་འཐུས་བཟོས་སོང་།ཁོང་ལ་ནག་ཉེས་ཡོད་ན་མདོ་སྟོད་མི་མང་ཁོང་ཡར་བཞག་མཁན་དེ་ཚོས་ཐག་བཅོད་དགོསཔ་ལས་གཞན་ལ་བྱོས་རྟོགས་མེད།ཅི་ཡིན་རུང་མུ་ཏིག་ཆིང་ཆུང་ལགས།དང་པོ་ཚོགས་འདུས་སྐོར་ཡག་པོ་ཞིག་གོ་བ་བྱོས་གཞན་ང་ལ་རྩོད་ན་ཕན་ཐོག་མེད།
    བོད་རང་བཙན་ལགས།ངས་བཤད་པའི་སྐད་ཆ་དེ་ཐབས་སྡུག་རེད་ཟེར།ཁོང་ཚོས་བྱས་ཆོག་པ་ལ་ངས་བཤད་མི་ཆོག་པ་ཨེ་ཡོད་དམ།རྒོལ་དགོས་ན་ཁོང་ཚོ་ལ་རྒོལ་དང་།

    Reply
  13. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    སྐུ་ཚབ་རྒྱ་རི་མཆོག་གིས། སྐུ་ངོ་འཇུ་ཆེན་དང་ང་ཚོ་རྒྱ་ནག་ལ་ཕྱིན་སྐབས་ནས་བོད་རིགས་གཅིག་གྱུར་བཤད་ཀྱིན་ཡོད། ཅེས་གསུངས་འདུག ཡིན་ནའང་འཇུ་ཆེན་དེ་འདྲ་གསུང་གི་མི་འདུག དེ་ཡང་ཕྱི་ཟླ་ ༢ ཚེས་ ༩ ཉིན་སྦེལ་ཀོབ་ཏུ་བཀའ་མོལ་གནང་སྐབས་གསུངས་དོན། ཕྱི་ལོ་༡༩༧༩ལོར་ང་ཚོ་གཟིགས་སྐོར་སྐུ་ཚབ་དང་པོ་བཏང་གནང་པའི་སྐབས་སུ་༸རྒྱལ་བ་རིན་པོ་ཆེས་བཀའ་མངགས་དོན་ཚན་བཞི་གནང་སོང་། ལག་ཁྱེར་གང་ཡང་མེད། དེའི་ནང་ལ་མི་རིགས་ཀྱི་འཐབ་རྩོད་མིན་གཅིག་གསུངས་ཡོད་རེད། དེ་༸རྒྱལ་བ་རིན་པོ་ཆེས་བཀའ་ངོ་མ་ཡིན། དེ་འདྲ་ཡིན་པ་ཡིན་ཙང་ད་ལྟ་ཁྱེད་རང་གི་དྲི་བ་དེར་མི་རིགས་ཀྱི་འཐབ་རྩོད་མ་རེད་ཟེར་ནས་ཐག་གཙང་མ་བཅད་ཐུབ་ཡག་རེད། མི་རིགས་འཐབ་རྩོད་ཟེར་ན་བྱབ་གང་ཡང་ཡོད་པ་མ་རེད། བོད་ཆོལ་ཁ་གསུམ་གྱི་ནང་ལ་དེང་སང་རྒྱ་དམར་གུང་ཁྲན་གྱིས་མི་རིགས་ལྔ་བཅུ་ང་དྲུག་ལ་དབྱེ་ནས། ཧན་མི་རིགས་ཕར་ཕུད་ན་མི་རིགས་ལྔ་བཅུ་ང་ལྔར་དབྱེ་བསྡད་པ་དེར་ང་ཚོ་བོད་པས་ངོས་ལེན་བྱེད་བསྡད་ཀྱི་ཡོད་རེད། མི་རིགས་ལྔ་བཅུ་ང་དྲུག་ཡོད་མ་རེད་ཟེར་ཀྱི་ཡོད་པ་མ་རེད། མི་རིགས་ལྔ་བཅུ་ང་དྲུག་ངོས་ལེན་བྱས་ན་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡིན་པ་དེའི་ནང་ལ་མི་རིགས་བཅུ་བཅོ་ལྔ་ཞིག་ཡོད་རེད། ཤར་པ། རྟ་མང་རིགས། མོན་པའི་རིགས། མདོ་སྨད་ནང་ལ་སོག་པོའི་རིགས། ཡུ་གུར་རིགས། ཟ་ལ་རིགས། ཧ་ཤ་རིགས། རྒྱ་རིགས། ཧུ་རིགས། ཆང་རིགས། ལྟོམ་པ་རིགས། འཇང་རིགས། དེ་རྣམས་ཐམས་ཅད་ཁ་ཁར་དབྱེ་དགོས་ཡོད་རེད། དེ་ཚང་མ་བོད་མི་རེད་མ་གཏོགས་ཕུད་ཡག་རྩ་བ་ནས་ཡོད་མ་རེད། བྱས་དུས་མི་རིགས་འཐབ་རྩོད་བྱེད་ཡ་མི་འདུག་ཨཱ། ཅེས་གསུངས་པ་སྒྲ་ཇི་བཞིན་པ་ཡིན།
    དེ་བཞིན་ཉེ་དུས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ཀྱི་བོད་རིགས་ཚོ་ཁག་གཅིག་ལ་ལྷོ་པ་མི་རིགས་ཟེར་ནས་རྒྱ་ནག་གིས་མི་རིགས་གཅིག་གི་མིང་བཏགས་པ་ཚོར་ཧུ་ཅིན་ཐའོ་ཡིས་དམིགས་བསལ་གཟིགས་སྐྱོང་གནང་ཡོད་སྐོར་དམིགས་བཀོད་བྱས་འདུག རྒྱ་ནག་གིས་ལྷོ་པ་མི་རིགས་ཟེར་ནས་བོད་རིགས་ཁག་ཅིག་ལ་མི་རིགས་ཀྱི་མིང་བཏགས་པ་དེ་ཉིང་ཁྲི་ས་ཁུལ་དུ་ཡོད་པ་རེད། ཐེངས་འདིའི་ཧུ་ཡིས་བྱེད་སྤྱོད་དེས་ང་ཚོ་ལ་ཉེན་བརྡ་ཞིག་བཏང་ཡོད་པར་བརྗོད་ཆོག

    Reply
  14. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    རྒྱ་རྡེའུའི་དགེ་འདུན་ལགས། ལན་གསལ་པོ་ཞིག་དགོས་ཟེར་མཁན་ཁྱེད་རང་ཡིན་པ་བཞིན་ངས་ཀྱང་དེ་ལྟར་ལན་བཏབ་ཡོད། རྒྱ་རི་ཚང་གིས་དྲིས་པ་མ་ཡིན་པས་ན་ལན་གྱི་དམིགས་འཛུགས་ས་དེའང་ཁོང་ཡིན་དགོས་དོན་མི་འདུག གནད་འགག་ཆེ་མདོག་དང་བཙིར་རྒྱུ་ཡོད་མདོག་བྱ་སྟངས་ལ་བལྟས་ན་ཁ་སྔོག་རྒྱུ་ཡོད་པ་འདྲ་ཞིག་འདུག་རུང། གནད་ལ་ཐུག་དུས་གཡོལ་ནས་འགྲོ་བ་འདིས། ཁྱོད་བོང་བུའི་ནང་ཆ་ཕྱི་ལ་བཀྲམ་འདུག་གོ ཧ་ཧ་ཧ ཨ་ལ་ཀུ་རེ་ཡིན་ནོ། ཐུགས་ལ་མ་གནོད་ཨང། ཁྱོད་སྡོད་གནས་ཀྱི་ཁ བྱང་སྐུར་མི་འདུག་ག རྗེས་མར་ལན་དང་ལྷན་དུ་བསྐུར་རོགས་གནོང།

    Reply
  15. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    ཧོར་བུ་ལགས། ཁྱེད་ཀྱིས་བཤད་འདོད་མེད་མེད་ཟེར་བཞིན་དུ་བཤད་མི་འོས་པ་ཚང་མ་བཤད་འདུག ཨོ་སི་ཁྲི་ལི་ཡ་ནས་ཚོགས་འདུ་ཚོགས་ཡོད་མེད་མ་གོ། གལ་སྲིད་ཚོགས་ཡོད་པ་ཡིན་ནའང་འགྲིག་གི་རེད། གལ་སྲིད་ཚོགས་འདུ་དེ་བོད་མི་སྤྱི་ཡོངས་ལ་ཕན་ཐོགས་ཅན་ཞིག་ཡིན་ན་ང་ཚོས་རྒྱབ་སྐྱོར་བྱེད་འོས་པ་དང་། གལ་སྲིད་ཚོགས་འདུ་དེ་བོད་རིགས་མི་མང་གི་ཁེ་ཕན་ལ་གནོད་པ་ཅན་ཞིག་ཡིན་ན་ཚང་མས་མཉམ་རུབ་ཀྱིས་ངོས་ལེན་བྱེད་མི་སྲིད། ཁྱེད་ཀྱིས་ཆོལ་ཁ་མིང་བེད་སྤྱོད་བཏང་ནས་ངུ་སྐད་འདོད་སྟངས་དེ་ལྟས་ངན་རྣམ་རྟོག་ལངས་ཡ་ཞིག་རེད། གལ་སྲིད་ཚོགས་ཐོག་དེར་དྲང་བདེན་མིན་པའི་གནས་ཚུལ་ཞིག་བྱུང་ཡོད་ན་ས་གནས་དེ་གའི་མི་མང་དང་ལྷག་པར་དུ་ཚོགས་འདུ་གཙོ་སྐྱོང་བྱེད་མཁན་ལ་ནག་ཉེས་ཆོལ་ཁར་འབྲེལ་བ་ག་རེ་འདུག བསོད་ནམས་སྟོབས་རྒྱལ་འདྲ་བོ་ལྐུག་པ་ཞིག་སྤྱི་འཐུས་ནང་རན་པོ་གཏན་ནས་མཐོང་གི་མེད། ཁོང་སྤྱི་འཐུས་ནང་སླེབས་པ་བོད་མིའི་ཆིལ་སྒྲིལ་ལ་གནོད་ཚབས་ཆེན་པོ་ཕོག་ཡོད་པ་རེད། ཡིན་ནའང་མདོ་སྟོད་མི་མང་ལ་བརྩི་མཐོང་བཞག་ནས་ད་བར་སྐུ་ངོའི་ས་ལ་བཀུར་ནས་བསྡད་པ་ཡིན། དྲང་པོ་བཤད་ན་བསོད་སྟོབས་སེང་གེ་ཞོན་མཁན་གྱི་ཝ་མོ་རེད། གང་ཡིན་ཟེར་ན་གྲོས་ཚོགས་ནང་གླེན་པ་ཁོང་ལ་ཡང་ཡང་ཡ་མ་བྱས་པར་དམིགས་བསལ་བཏང་ནས་བཞག་ཡོད་པ་རེད། དེ་མདོ་སྟོད་མི་མང་ལ་བརྩི་འཇོག་གིས་ཁོང་ལ་དམིགས་བསལ་བཏང་བཞག་པ་ལས། ཁོང་གི་རྒྱུད་ན་གོང་བཀུར་འོས་པའི་ཡོན་ཏན་སྣ་གཅིག་མཐོང་གི་མེད།

    Reply
  16. བོད་རང་བཙན says:
    ལོ་ 16 སྔོན།

    མུ་ཏིག་ཆུང་ཆུང་དང་ཧོར་བུ་ཡེ་ཤེས་མིང་ཅན་དྲ་གྲོགས་རྣམས་གཉིས་ལགས། ཁྱེད་གཉིས་ལས་མེད་དེ་འདྲ་ཡིན་རྒྱུ་མ་རེད། ད་དུང་ཁྱེད་རང་གཉིས་བོད་པ་གཙང་མ་དང་བོད་ལ་ཤ་ཞེན་ཡོད་མཁན་ཅིག་ཡིན་ན་བཀའ་མོལ་ཐབས་སྡུག་འདི་འདྲ་རང་གསུངས་དགོས་དོན་འདུག་པས།
    དཔེ་ན་དེང་སྐབས་མི་མང་པོའི་དེ་སྔོན་སྤྱི་འཐུས་གྲོས་ཚོགས་ཐེངས་བརྒྱད་པའི་སྐབས་བྱུང་བའི་བརྩོད་བརྙོག་དེར་ཚོགས་གཙོ་དང་ཚོགས་གཞོན་ཁ་མཐུན་གྱི་གསར་འབྱོར་བ་བསཽད་ནམས་སྟོབས་རྒྱལ་ལ་ལམ་འགྲོན་མ་སྤྲོད་པའི་གནས་ཚུལ་ཙམ་ཡིན་པ་མ་ཤེས་པར་ཆོལ་ཁའི་གནས་དོན་རེད་ཅེས་འབྲེལ་མེད་དཀྲོགས་གཏམ་བཤད་མཁན་མང་པོ་བྱུང་ཡོད། ངས་མི་དེ་ཚོར་རྒྱ་མི་སོག་པ་དང་བོད་མི་རིགས་ཀྱི་ལ་རྒྱ་མེད་པའི་མི་ངན་དེ་འདྲ་རེད་ཅེས་བཤད་གྱི་མེད། འོན་ཀྱང་དོན་དངོས་ཐོག་ཁོང་ཚོས་གནས་སྟངས་མ་ཤེས་པའི་གཏམ་བཤད་འདིའི་རིགས་ཀྱི་དགྲ་དགའ་གཉིན་སྡུག་གཏམ་བཤད་ཅིག་ཆགས་ཀྱི་འདུག་ཅེས་ཞུས་འདོད་བྱུང་། དེ་བཞིན་དེ་རིང་ཧོར་བུ་ཡེ་ཤེས་མིང་ཅན་ནས་༼ཉིན་ཤས་སྔོན་ལ་ཨོ་སི་ཏྲི་ལི་ཡ་ཡོད་པའི་བོད་གཞུང་དོན་བཅོད་འོག་ཨ་མདོ་བ་དང་དབུས་གཙང་གི་མི་རྣམས་མཉམ་འཛོམས་ཐོག།སྤྱི་འཐུས་བསོད་ནམས་སྟོབས་རྒྱུད་ཀྱི་པུས་མོ་བཙུག་ཁ་དར་ཁྱེར་ནས་ནོར་བ་ངེས་ལན་དགོས་པ༽སོགས་གཏམ་བཟང་བཤད་རྒྱུ་ཡོད་ཁུལ་འདྲ་པོ་བྱས་ནས་ནམ་ཡང་བྱས་མི་ནུས་པའི་ལྷ་སྒྲུང་ཅིག་དུས་བབ་ནང་བསྒྲགས་འདུག་། དེའི་ལེན་ཡིན་ཁུལ་གྱི་མུ་ཏིག་ཆུང་ཆུང་ཟེར་བ་ནས་༼ཀའ་བློན་ཁྲི་པ་ཁམས་པ་རེད། ཨ་རིའི་སྐུ་ཚབ་དོན་གཅོད་ཁམས་རིགས་རེད། དམིགས་བསལ་སྐུ་ཚབ་རྒྱ་རི་ཁམས་རིགས་རེད། ཐེ་ཝན་དོན་གཅོད་ཁམས་རིགས་རེད༽ཅེས་གློག་བརྙན་ལན་ཚན་ཐུང་ཐུང་ཅིག་ཁྲབ་འདུག་པ་དེ་དག་རེ་རེ་བཞིན་འགྲེལ་བརྗོད་བྱེད་དགོས་དོན་མི་འདུག་ཡིན་ཡང་ཁྱེད་གཉིས་ནས་མཁྱེན་དགོས་པ་ཞིག་ལ་ཆོལ་ཁ་གསུམ་ཟེར་བའི་ཚིག་འདི་དེ་སྔོན་ཀྱི་སྐད་ཆ་རྙིང་པ་གཅིག་དང་ད་ཡོད་བོད་བཙན་བྱོལ་བའི་སྐད་ཆ་གཅིག་ལས་ཉེར་རབས་བོད་ཀྱི་ལོ་རྒྱུས་ནང་འབའ་འབྲི་ཆུ་ཡན་ཀྱི་བོད་རིགས་ས་ཁོངས་ལ་བོད་ལྗོངས་ཟེར་བ་དང་བོད་རང་སྐྱོང་ལྗོངས་ཟེར་བ་འདི་ཡིན་འདིའི་ནང་ཁྱེད་གཉིས་འདོད་པ་ལྟར་ན་ཨ་མདོ་བའི་ས་ཁོངས་དྲི་མ་ཙམ་མེད་ལ་ཁམས་པ་མི་ཉུང་བ་ཞིག་ཚུད་མེད་པས་འདི་དག་ལོ་རྒྱུས་ཀྱི་གནད་དོན་རེད་། ང་ཚོའི་ལོ་རྒྱུས་མ་དགོས་ན་བཞག་དགོས་ན་སྤྱོད་ཆོག་ཆོག་དེ་འདྲ་ཡོད་ན་རྒྱ་ལ་ཡང་དེ་འདྲ་ཡོད་ཆོག་གི་རེད་པ། ངས་ལོ་རྒྱུས་ཐོག་ནས་ལྟས་ན་ཆོལ་ཁ་ཟེར་བའི་མིང་འདི་དཀོན་མཆོག་གསུམ་ནང་བཞིན་རྩ་བ་ཆེན་པོ་དེ་འདྲ་མཐོང་གི་མི་འདུག། འོན་ཀྱང་གནས་སྐབས་དགོས་དབང་ལ་བརྟན་པས་མིང་འདི་གཞིས་བཞུགས་བོད་རིགས་ཡོངས་མཚོན་ཐུབ་པའི་ཁྱེད་དུ་ཆོལ་གསུམ་ཀྱི་ནང་ནས་སྤྱི་འཐུས་འོས་འདེབས་དགོས་པ་སོགས་དགེ་མཚན་ལ་བགྲང་སྡོད་ན་འགྲིག་པ་

    Reply
  17. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    མུ་ཏིག་ཆུང་ཆུང་ལགས།ཁྱོད་ཀྱིས་ང་ལ་བཀའ་བཀྱོན་གནང་ན་མི་ཕན།ང་ལའང་སྐད་ཆ་དེ་འདྲ་བཤད་འདོད་མེད་ཀྱང་།ཨོ་སི་ཀྲི་་་་ཡ་ཚོགས་འདུ་ཚོགས་སྟངས་དེ་འགྲིགས་ཀྱི་མི་འདུག།ངའི་མིག་དང་སྣ་བ་ཚང་མར་སྐྱོན་མེད་ཡིན།སྤྱིར་ཁྱོད་ཀྱི་མཁྱེན་སྲིད་ངས་ད་ལྟ་བར་དུ་འཁྱོག་བཤད་དང་བཀྲུགས་གཞི་ཡི་ཚིག་གཅིག་ཀྱང་བཤད་མ་མྱོང་ལ་བཤད་འདོད་ཀྱང་མེད།ཡིན་ནའང་ཚོགས་འདུ་ཚོགས་སྟངས་དེ་འདྲ་མ་རེད།ངའི་ལ་རྒྱ་བོད་མི་རིགས་ཡིན་ལ་ངའི་བསམ་རྒྱུ་བོད་ཡུལ་ལས་མེད།ཁྱོད་ཡིད་ག་ལ་ཆེས་དང་པོ་ངའང་ཡིད་ཆེས་མ་སོང་།སོང་ཙང་ཨོ་སི་ཀྲི་ཡ་གཙོ་བྱེད་པའི་རྒྱ་ཁབ་དང་ས་ཕྱོགས་གང་ས་འདྲི་དང་གསལ་པོ་ཤེས་ནུས།
    རྒྱ་རྡེའུ་ལགས་ཐུགས་རྗེ་ཆེ།ཡིན་ནའང་ཚོགས་འདུ་ཚོགས་སྟངས་ཆོལ་ཁ་གཉིས་ཀྱི་ལྐོག་ལ་ཚོགས་དགོས་དོན་ཨེ་ཡོད་ན།སྤྱིར་ང་རང་གི་ཡང་མི་ངན་ཁ་ཤས་ལ་རྒྱ་དུག་ཕོག་པ་ཡིན་རྒྱུ་རེད་དྲན་བཞིན་ཡོད།གང་ལ་ཞེ་ན་སྔོན་མ་སྦིར་སློབ་གྲྭ་ནང་གི་བཀྲིགས་གཞི་པ་ཁ་ཤས་ཀྱང་ཚོགས་འདུ་དེའི་ནང་ཡོད་པ་འདྲ།

    Reply
  18. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅། སྣང་རྒྱལ་ཤེར་དགེ་ལགས་
    ཁྱེད་ཀྱི་ཕྱག་རོགས་དང་སེམས་ཁུར་བྱས་པ་ཐུགས་རྗེ་ཆེ།
    འོན་ཀྱང་ང་ལྟ་བུ་ཞིག་ལ་སེམས་ཁུར་དང་རོགས་བྱས་པའི་ཕན་པ་མེད
    དེས་ན་སྐུ་ཚབ་རྒྱ་རི་ཚང་གིས་༼་ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་བོད་རིགས་ཡོངས་གཅིག་གྱུར་གྱི་ས་བོན་ཞིག༽འདི་འདྲ་ཞིག་བསུང་འདུག་ན་ཁྱེད་ཀྱི་ལྷག་བསམ་གྱི་ཁོང་ལ་ཞབས་ཞུ་བྱས་ན་དགེ་མཚན་ཆེ་བར་མཐོང་།།།

    Reply
  19. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། རྒྱ་རྡེའུའི་དགེ་འདུན་ལ་བོད་ཀྱི་ལོ་རྒྱུས་ཀྱི་དཔེ་ཆ་མེད་པ་འདྲ། ཁོང་གི་ངོ་ཤེས་ཚོས་རོགས་འདེགས་གནང་རོགས། ཁོང་གི་སྡོད་གནས་ཀྱི་ཁ་བྱང་ཞིག་ང་ལ་བསྐུར་ན་ངས་ཀྱང་རོགས་བྱེད་ངེས།

    Reply
  20. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ།

    Reply
  21. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    རྒྱ་དགེ་འདུན་ལགས། བོད་ལ་གཅིག་གྱུར་གྱི་སྐད་ཡིག་དང་རིག་གཞུང་། རྒྱལ་ཁབ་དང་རྒྱལ་པོ་སོགས་ཡོད་མྱོང་བས་ན་ངས་ཁྱེད་ལ་འུ་ཅག་བོད་པ་ཚང་ལ་གཅིག་གྱུར་བྱུང་མྱོང་བར་མ་ཟད་ད་ལྟའང་གཅིག་གྱུར་ཡིན་ཞེས་ཞུ་རྒྱུ་ཡིན

    Reply
  22. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།།་་ཧོར་བུ་ལགས་སེམས་སྐྱོ་དགོས་པ་མི་འདུག
    གལ་ཏེ་ཚོགས་འདུ་དེ་འདྲ་ཞིག་ཚོགས་ཡོད་ཀྱང་སེམས་སྐྱོ་དགོས་དོ་མི་འདུག
    དང་པོའི་ཅི་བྱས་མིག་མཐོང་ལག་ཟིན་རེད
    གཉིས་པས་འཛིན་སྐྱོང་བྱས་བྱས་པ་རེད་་་་་གལ་ཏེ་འཛིན་སྐྱོང་མ་ཐུབ་ན་གཞུང་སྒེར་སུས་འཛིན་སྐྱོང་བྱས་ཡང་ཁྱད་པར་མེད།

    འདི་འདྲ་ཞིག་བྱུང་ཡོད་ན་་་་་་་་་་གནད་དོན་དེ་གཉིས་ཐོག་ཚོགས་འདུ་ཚོགས་པ་དང་་ཚོགས་འདུའི་ནང་སྐད་ཆ་དེ་འདྲ་བྱུང་པ་གཉིས་ནོར་མི་ཉན།

    Reply
  23. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    བོད་རིསག་སྤུན་ཟླ་མདོ་སྟོད་མི་མང་ནི་ཁྱེད་འདྲ་བོ་ང་ཚོ་མི་ཤེས་མཁན་མ་རེད། ཁྱེད་མདོ་སྟོད་མི་མང་ལ་ངོ་ཚ་དང་ཞབས་འདྲེན་ཞུ་འདོད་མེད་ན་མིག་མཐོང་འཁྱོག་བཤད་དེ་འདྲ་མ་གནང་རོགས། ཐ་ན་གྲོས་ཚོགས་ཀྱི་ཕྱེད་ཀ་ཙམ་མདོ་སྟོད་རེད། ད་ཁྱོད་མིག་ལ་ག་རེ་བྱུང་བ་ཡིན་ནམ།

    Reply
  24. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    ཧོར་བུ་ལགས་ང་ངོ་ནས་སེམས་པ་སྐྱོ་སོང་། ཁྱོད་འདྲ་བོ་དྲང་བདེན་ལ་མིག་བཙུན་ནས་རྡོག་བརྫིས་གཏོང་མཁན་མཐོང་ནས་སྐྱོ་སོང་། བཀའ་བློན་ཁྲི་པ་ཁམས་པ་རེད། ཨ་རིའི་སྐུ་ཚབ་དོན་གཅོད་ཁམས་རིགས་རེད། དམིགས་བསལ་སྐུ་ཚབ་རྒྱ་རི་ཁམས་རིགས་རེད། ཐེ་ཝན་དོན་གཅོད་ཁམས་རིགས་རེད། ད་དུང་མང་། གྲོས་ཚོགས་ཀྱི་ཧ་ལམ་ཁྱེད་ཀ་ཁམས་རིགས་རེད། ད་ལྟའི་བོད་གཞུང་གི་གནད་ཡོད་མཚན་གནས་མཐོ་ཤོས་མང་ཆེ་བ་ཞིག་ཁམས་རིགས་ལ་ཕུལ་ཡོད་པ་རེད། ད་གང་ཞིག་ན་དབྱེ་བ་ཕྱེ་འདུག་གམ། ད་དུང་ཁྱེད་ཀྱི་སྐད་ཆ་དེ་འདྲ་དྲན་སྲིད་ཀྱང་བཤད་ཕོད་ས་འདུག་གམ། གལ་སྲིད་བོད་གཞུང་དང་བོད་མང་ལ་ཆོལ་ཁའི་ཕྱོགས་ཞེན་ཡོད་ན་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཆགས་མི་སྲིད། རྒྱ་རི་ཡང་དམིགས་བསལ་སྐུ་ཚབ་ལོ་ཉི་ཤུ་ལ་གནང་ཐུབ་མདོག་ཁ་བོ་མ་རེད། ཡིན་ན་ཡང་ཤེས་ཡོན་དང་ནུས་པ་གང་ཡང་མེད་པའི་མི་ངན་ཁ་ཤས་ཀྱིས་ཆོ་ཁའི་མིང་ལ་འཐམ་ནས་ཕོ་རྒོལ་འཁྲབ་ཁུལ་གྱིས་ནང་དཀྲུགས་བརྒྱབ་ནས་མི་ཚེ་བསྐྱལ་གྱི་ཡོད་པ་རེད།

    Reply
  25. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    དྲ་རོགས་ཚོར།དེ་རིང་ང་རང་སེམས་པ་ཧ་ཅང་སྐྱོ་བའི་སྐད་ཆ་ཞིག་གོ་བྱུང་།དེ་ནི་བདག་གི་གྲོགས་པོ་ཨ་རི་ཡོད་པ་ཞིག་གི་ཁ་པར་འབྱོར་བྱུང་།ཁོང་ང་གཉིས་ཀྱིས་སྐད་ཆ་བཤད་བཞིན་བཤད་བཞིན་འདི་ལྟར་གསུངས་བྱུང་།ཉིན་ཤས་སྔོན་ལ་ཨོ་སི་ཏྲི་ལི་ཡ་ཡོད་པའི་བོད་གཞུང་དོན་བཅོད་འོག་ཨ་མདོ་བ་དང་དབུས་གཙང་གི་མི་རྣམས་མཉམ་འཛོམས་ཐོག།སྤྱི་འཐུས་བསོད་ནམས་སྟོབས་རྒྱུད་ཀྱི་པུས་མོ་བཙུག་ཁ་དར་ཁྱེར་ནས་ནོར་བ་ངེས་ལན་དགོས་པ་དང་མ་ཟད།ཆུ་བཞི་སྒང་དྲུག་དེ་ཁམས་པའི་འཛིན་སྐྱོང་མ་ཐུབ་ན་ཨ་མདོ་བའི་འཛིན་གྱི་ཡིན་ཞེས་ཚོགས་འདུ་ཚོགས་པ་རེད་ཟེར།དྲ་གྲོགས་ཚོ་དང་པོ་ང་ཡིད་ཆེས་མ་སོང་།ངས་ཁོང་ལ་དེ་ལྟར་མ་བཤད་ལབ་པ་ཡིན།ཁོང་གིས་རྫུན་མིན་ངོ་མ་ཡིན་ཟེར་ནས་དཀོན་མཆོག་ལ་ཚད་ཟེར་ནས་རེ་རེས་བཞིན་ང་ལ་བཤད་བྱུང་།ང་ཧ་ཅང་གིས་སྐྱོ་བྱུང་དེ་ནི་མི་ང་རང་གི་ངོས་ནས་དུས་ད་ལྟ་བར་དུ་ཕྱོགས་ཞེན་གྱི་སྐད་ཆ་བཤད་མཁན་ཡོངས་ལ་རྒོལ་བ་དང་ངའི་དགྲ་བོ་དེ་རྒྱ་མི་ལས་མེད་དྲན་བཞིན་ཡོད་ལ་ང་བོད་མི་ཞིག་ཡིན་དྲན་བཞིན་ཡོད།ད་བྱས་དུས་ང་མི་རིུགས་ག་རེ་ཡིན་དང་ལུང་པ་ག་བ་ནས་ཡིན་ཡང་ཟེར་མི་ཤེས་པ་ལྟ་བུ་ཆགས་སོང་།ལོ་ངོ་དེ་གས་ནང་ཁམས་རིགས་ཚོས་རྒྱ་གཞུང་ལ་རྒོལ་བ་དེ་ནོར་བ་རེད་པས།ཆོལ་ཁ་ཟེར་བ་དེ་གཉིས་ལས་མེད་ན་ཁམས་པ་ཚོས་ཨུ་ཚུག་རྒྱབ་ནས་གཞན་ལ་དཀའ་ངལ་ག་རེ་བཟོ་ཡི་ཡོད་ན།ཁམས་རིགས་ཚོས་ཚོར་བ་རང་སྐྱོང་བྱེད་མི་ཐབ་པ་རེད་པས།བོད་གཞུང་གི་རྡ་ས་ཚོགས་འདུས་སྐབས་མ་གསུངས་པར་ཨོ་སི་ཏྲི་ལི་ཡ་དོན་བཅོད་ཀྱི་ཁམས་མི་མེད་པ་ཚོགས་དགོས་དོན་ཅི་ཡིན་ནམ།ཞེས་དྲི་བ་ཧ་ཅང་གིས་མང་།དྲ་རོགས་ཚོ་ཁྱོད་ཚོ་ནི་ང་ལས་ལྷག་པར་ཤེས་ཡོན་ཅན་ཤ་སྟག་ཡིན་པའི་ཁྱོད་ཚོས་ཅིག་གསུང་དང་ཁམས་པ་དེ་བོད་མི་རེད་མ་རེད།གལ་སྲིད་ཡིན་ན་གོང་ནས་འོག་བར་དེ་ལྟར་སྡང་གི་དོན་ཅི་ཡིན་ནམ།ངོ་ལོ་ལྔ་བཅུ་ལྷག་གི་རིང་ཕྱི་ནས་རྒྱ་དམག་གིས་སྡང་།ནང་ནས་བོད་མི་ཡིས་སྡང་།ང་ཚོ་བཙན་བྱོལ་བ་ཆགས་ཡག་དེ་ཁམས་པའི་བཟོས་པ་མིན་འགྲོ་ཡང་དྲན་གྱིན།ད་དུང་དྲི་བ་མང་རེ་རེད།དྲ་རོགས་ཚོ།ངས་སྐད་ཆ་དེ་འདྲ་བཤད་འདོད་མེད་ཀྱང་ཁམས་རིགས་ཤིག་ཡིན་དུས་སེམས་པ་སྐྱོ་བྱུང་།ཡིད་མ་ཆེས་ན་ཨོ་སི་ཐྲི་ལི་ཡ་གཙོ་བྱེད་པའི་ཕྱི་རྒྱ་ཁག་ཏུ་སོ་སོའི་གྲོགས་རྣམས་ལ་འདྲི་དང་་་

    Reply
  26. kunsal says:
    ལོ་ 16 སྔོན།

    བཤད་སྒྲུབ་ལགས། ཁྱེད་ནས། ༧གོང་ས་མཆོག་གིས་གསུང་འཕྲིན་ནང་“བཀའ་ཤག་དང་ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཅི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་བོ་བཟོ་དགོས༽ཅེས་གསུངས་པའི་དགོངས་དོན་ལ་ངས་ལྟས་ན་འདི་འདྲ་ཞིག་ཏེ་ད་ཡོད་བོད་པ་ཚོའི་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་དང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གསུམ་གྱི་བཀའ་སློབ་ཁག་ལ་སློབ་སྦྱོང་གནང་ཏེ་མ་འོངས་བོད་མི་རིགས་ཀྱི་གནད་དོན་ལ་སེམས་ཁུལ་བྱེད་དགོས་པའི་དུས་ལ་བབ་འདུག་ཞུས་བ་འདི་མིན་འགྲོ་སྙམ་རྒྱུ་མཚན་ནི་ཁོང་གསུམ་ནི་བོད་བཙན་བྱོལ་འདི་ཆགས་ནས་ད་བར་བོད་ཀྱི་རྩ་དོན་ཐོག་གོང་ན་མེད་པའི་ཤེས་འགྱོན་ཉམས་མྱོང་གསུམ་ལྡན་སྟིང་༧་གོང་ས་མཆོག་གི་ཕྱག་གཡས་པ་དང་བོད་མི་རིགས་ཀྱི་དོན་ཏུ་ཕྱག་ལས་གནང་མཁན་དབུ་འཁྲིད་འགྲན་ཟླ་བྲེལ་བ་ཅིག་རེད།། ཅེས་བྲིས་འདུག ངས་ཁྱེད་ལ་དྲི་བ་ཞིག་ཡོད། ༧གོང་ས་མཆོག་གི་ཕྱག་གཡས་པ་ལྟ་བུའི་དབུ་ཁྲིས་དེས་དགོས་མེད་དྭོགས་སློང་སོགས་གང་བྱུང་དུ་བྱས་ཏེ་༧གོང་ས་ཆེན་པོའི་ཕྱག་གཡས་པ་སྐོག་གྲབས་བྱེད་དོན་གང་ཡིན་ནམ། ཁྱེད་ཀྱིས་༧གོང་ས་མཆོག་གི་གསུང་འཕྲིན་ལ་གོ་བ་ལེན་སྟངས་དེ་ཏག་ཏག་བསྡད་ཨེ་ཡོད་སྙམ་པས་བསམ་ཞིབ་བྱ་གལ།

    Reply
  27. kunsal says:
    ལོ་ 16 སྔོན།

    བཀའ་ཁྲི་མཆོག་གི་འདི་མཆོག་གིས་བཟོ་རོགས་གནོངས།

    Reply
  28. kunsal says:
    ལོ་ 16 སྔོན།

    བཀའ་ཟུར་འཇུ་ཆེན་གྱི་དྭོགས་འཆར་ལ་བཀའ་ཁྲི་མཆིག་གི་གསལ་བཤད་གནང་བ་དེས་མུན་པར་སྒྲོན་མེ་སྤར་བ་ལྟ་བུ་རེད། དེ་ལས་ལྷག་པའི་གསལ་ཁ་ཅི་ཞིག་གཏོད། འགའ་རེས་འཇུ་ཆེན་གྱི་ཐུགས་འཚབ་དང་ཟམ་གདོང་གི་ལན་གཉིས་གཞི་གཅིག་ཏུ་འབབ་ཐུབ་མེད་པར་མ་ཟད། ཟམ་གདོང་དོན་དངོས་གཡོལ་དོན་ཅི་ཡིན་ནམ། ཟེར་བ་ལ་རྒྱུ་མཚན་དང་གསལ་ཁ་གཏོད་རྒྱུ་ཅི་ཞིག་ཡོད།

    Reply
  29. བཤད་སྒྲུབ says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གིས་གསུང་འཕྲིན་ནང་“བཀའ་ཤག་དང་ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཅི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་བོ་བཟོ་དགོས༽ཅེས་གསུངས་པའི་དགོངས་དོན་ལ་ངས་ལྟས་ན་འདི་འདྲ་ཞིག་ཏེ་ད་ཡོད་བོད་པ་ཚོའི་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་དང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གསུམ་གྱི་བཀའ་སློབ་ཁག་ལ་སློབ་སྦྱོང་གནང་ཏེ་མ་འོངས་བོད་མི་རིགས་ཀྱི་གནད་དོན་ལ་སེམས་ཁུལ་བྱེད་དགོས་པའི་དུས་ལ་བབ་འདུག་ཞུས་བ་འདི་མིན་འགྲོ་སྙམ་རྒྱུ་མཚན་ནི་ཁོང་གསུམ་ནི་བོད་བཙན་བྱོལ་འདི་ཆགས་ནས་ད་བར་བོད་ཀྱི་རྩ་དོན་ཐོག་གོང་ན་མེད་པའི་ཤེས་འགྱོན་ཉམས་མྱོང་གསུམ་ལྡན་སྟིང་༧་གོང་ས་མཆོག་གི་ཕྱག་གཡས་པ་དང་བོད་མི་རིགས་ཀྱི་དོན་ཏུ་ཕྱག་ལས་གནང་མཁན་དབུ་འཁྲིད་འགྲན་ཟླ་བྲེལ་བ་ཅིག་རེད།། དྲ་གྲོགས་རྣམས་པ་དོན་དེར་མ་འགྲིག་ན་འཐེན་འཁྱེར་མེད་པའི་ཐོག་དྲང་པོ་བཤད་ན་ང་ཡང་རྒྱུ་མཚན་དང་གནས་ལུགས་ཤེས་མཁན་ཅིག་ཡིན་རྗེས་མ་ཐུབ་ཡོང་།།

    Reply
  30. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    འཇུ་ཆེན་གྱི་ཐུགས་འཚབ་དང་ཟམ་གདོང་གི་ལན་གཉིས་གཞི་གཅིག་ཏུ་འབབ་ཐུབ་མེད་པར་མ་ཟད། ཟམ་གདོང་དོན་དངོས་གཡོལ་དོན་ཅི་ཡིན་ནམ། ཟེར་བ་དེ་གནད་ལ་ཕིགས་པའི་གཏམ་རེད་ལ། ཁ་སང་ཕྱི་ཚེས་ ༢༣ ནས་ ༢༥ བར་ཚོགས་པའི་བོད་རྒྱ་ཞི་མོལ་གྲ་སྒྲིག་ལས་དོན་ཚོགས་ཆུང་ཚོགས་འདུ་ཚུགས་སྐབས་གནད་དོན་དེའི་ཐོག་དམིགས་བསལ་སྐད་ཆ་བྱུང་ཡོད་ཐག་གཅོད་རེད།

    དེ་བཞིན་དེ་རིང་ཞིན་ཧ་དྲ་ཚིགས་སུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ཀྱི་བོད་རིགས་ཚོ་ཁག་གཅིག་ལ་ལྷོ་པ་མི་རིགས་ཟེར་ནས་རྒྱ་ནག་གིས་མི་རིགས་གཅིག་གི་མིང་བཏགས་པ་ཚོར་ཧུ་ཅིན་ཐའོ་ཡིས་དམིགས་བསལ་གཟིགས་སྐྱོང་གནང་ཡོད་སྐོར་དམིགས་བཀོད་བྱས་འདུག རྒྱ་ནག་གིས་ལྷོ་པ་མི་རིགས་ཟེར་ནས་བོད་རིགས་ཁག་ཅིག་ལ་མི་རིགས་ཀྱི་མིང་བཏགས་པ་དེ་ཉིང་ཁྲི་ས་ཁུལ་དུ་ཡོད་པ་རེད། ཐེངས་འདིའི་ཧུ་ཡིས་བྱེད་སྤྱོད་དེས་ང་ཚོ་ལ་ཉེན་བརྡ་ཞིག་བཏང་ཡོད་པར་བརྗོད་ཆོག

    Reply
  31. lobsngk says:
    ལོ་ 16 སྔོན།

    རང་བཙན་སྐོར་ལ་སྐད་ཆ་བཤད་མཁན་ཚོས་རང་བཙན་རྩོད་ཀྱི་ཡོད་པ་མ་རེད། རང་ཚན་རྩོད་ཀྱི་ཡོད་པ་རེད། ཙ་ཡི་སྔོན་འཇུག་བླངས་ནས་ཙ་ཡིག་ཚ་རུ་གྱུར་ཡོད།
    ཁང་གསར་རྡོ་རྗེའི་བཤད་པ་བཞིན་རང་བཙན་གྱི་ཆེད་དུ་ཅིའི་ཕྱིར་ཆོལ་ཁོངས་དང་ས་ཁོངས་་ཁ་ཤས་ཀྱི་མི་སྒེར་སྐོར་ཞིག་ངར་དགོས་པ་རེད་དམ།
    རང་བཙན་ཁ་ལ་ཁྱེར་ནས་རང་ཚན་རྩོད་མཁན་རྣམས་ལ་ཉན་རྒྱུ་གང་ཡང་མེད། ལྟོས་དང་གཞོན་ནུ་ལྷན་ཚོགས་ནང་ཁུལ་ན་ཡང་རང་ཚན་རྩོད་ཀྱི་ཡོད།
    འཇུ་ཆེན་སོགས་ཀྱི་སྐད་ཆ་ནི་གང་ཡང་མ་རེད། མདོ་དོན་དབུ་མའི་ལམ་ལ་ངོས་ལེན་མེད་ཟེར་གྱི་ཡོད་པ་རེད། སྐད་ཆ་དེ་སྐོར་བ་ཞིག་བརྒྱབ་ནས་བཤད་ཀྱི་ཡོད་པ་རེད། གཞན་གང་ཡང་མ་རེད།

    Reply
  32. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༼རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་བོད་རིགས་ཡོངས་གཅིག་གྱུར་གྱི་ས་བོན་ཞིག་དང་། གོ་སྐབས་ཤིག་གནང་ཡོད་པ་དེ། ང་ཚོས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད༽ ཟེར་བ་དེ་་མང་གཙོ་ཅན་གྱི་ལས་ལུག་འདི་ལ་ཟེར་གྱིན་ཡོད་པར་སྨོན།།།་གལ་ཏེ་གཅིག་གྱུར་བྱུང་མྱོང་མེད་ན་་་གཅིག་གྱུར་མ་ཡིན་པ་རེད་་་་གཅིག་གྱུར་མ་ཡིན་པ་ཞིག་འགྲུབ་ཁག་རྒྱུ་རེད་

    དྲ་གྲོགས་རྣམས་པ་ཚོ་་་་དོན་ངི་མ་་ངེད་བོད་པ་ཚང་གཅིག་གྱུར་བྱུང་མྱོང་ཡོད་དམ་ཡང་ན་མེད་་་་་་ཁ་གསལ་ཞིག་གསུངས་རོགས་ཞུ་རྒྱུ་ཡིན

    Reply
  33. གནས་ཚང་། says:
    ལོ་ 16 སྔོན།

    ༡༼རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་བོད་རིགས་ཡོངས་གཅིག་གྱུར་གྱི་ས་བོན་ཞིག་དང་། གོ་སྐབས་ཤིག་གནང་ཡོད་པ་དེ། ང་ཚོས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད། ༽ རྒྱ་རིའི་སྐད་ཆ་འདི་རྒྱ་གཞུང་གི་སྐད་ཆ་རེད་ལ། ཁམས་ཀྱི་ཕྱེད་ཀ་དང་ཨ་མདོ་ཆ་ཚང་རྒྱ་ཁོངས་འཁྲུལ་མེད་རེད་ཅེས་པ་ཞིག་ཏཱ་ལའི་བླ་མའི་བྱས་རྗེས་དཀྲི་བཞིན་པས། འདིའི་ཐད་ཁ་གྲགས་མཁན་མེད་དོན་ཅི།
    ༢ འཇུ་ཆེན་གྱི་ཐུགས་འཚབ་དང་ཟམ་གདོང་གི་ལན་གཉིས་གཞི་གཅིག་ཏུ་འབབ་ཐུབ་མེད་པར་མ་ཟད། ཟམ་གདོང་དོན་དངོས་གཡོལ་དོན་ཅི་ཡིན་ནམ།

    Reply
  34. བསྟན་འཇམ says:
    ལོ་ 16 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས་ཁྱེད་ཀྱིས་གཞན་གྱི་བསམ་ཚུལ་བཤད་ཁུལ་བྱེད་བཞིན་དོན་གྱི་ཁྱེད་རང་ཉིད་ཀྱིས་བསམ་ཚུལ་ཡིན་པ་བསྟན་འདུག གང་ལྟར་ང་ཚོ་བོད་ལ་ད་ལྟ་ཅི་ཡང་མེད་རྒྱ་ནག་གི་རྩ་ཁྲིམས་འོག་ནས་བོད་རང་ཉིན་ལ་དབང་བའི་འཛིན་སྐྱོངས་ཤིག་ཐོབ་ན་ཤི་གསོན་ཐམས་ཅད་ཀྱི་རེབ་་ཡང་འགྲུབ་ཡོད

    Reply
  35. ལྷ་མ་ཡིན། says:
    ལོ་ 16 སྔོན།

    གླེང་གཞི་འདི་ལྟ་བུ་ནི་སྤྱིར་བཏང་གླེང་དགོས་པ་ཞིག་རེད། དེས་བོད་ཀྱི་ལོ་རྒྱུས་དང་མདུན་ལམ་ལ་ཕན་པར་འགྱུར་བ་ལས་གནོད་པ་གང་ཡང་མི་འདུག

    Reply
  36. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    གྲོགས་པོ་ཨ་རིག་འགྱུར་མེད་ལགས། ང་འཇིགས་བྲལ་ཡིད་ཚིམས་དང་མི་ཚིམས་སྤྱིར་བཏང་གནད་དོན་མ་རེད། ཡིན་ནའང་ཡིད་ཚིམས་དང་མ་ཚིམས་ཀྱི་གནད་དོན་གླེང་གི་ཡོད་ན། གནས་སྐབས་རིང་བདེ་མོ། རྩོམ་སྒྲིག་པའི་གཏམ། འདོན་སྤེལ། ༢༠༡༠/༠༣/༢༡ བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༧༨ སྟེང་གི་རྩོམ་སྒྲིག་པའི་གཏམ་ཟེར་བ་དང་། བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༣ སྟེང་གི་ཆེད་བརྗོད་ཆོ་ག་ཕྱག་ལེན་ལྟ་བུའི་གྲོས་ཆོད་ཟེར་བ་དེ་གཉིས་ལ་ལྟོས་དང་། དེ་ནས་གནས་ཚུལ་མང་པོ་ཞིག་ལ་ཕྱིར་བལྟས་བྱེད་ཐུབ་ཡོང་།

    Reply
  37. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དེ་རིང་ངས་སྦེལ་ཀོབ་གཞིས་ཆགས་ཀྱི་བོད་མི་སྐོར་ཅིག་དང་ལྷན་དུ་གླེང་མོལ་བྱས་པ་ཡིན། སྐབས་དེར་ངས་ཁོང་ཚོ་ལ་བོད་གཞུང་གིས་རྒྱ་ནག་དམར་པོའི་གཞུང་གི་རྩ་ཁྲིམས་ཀྱི་འོག་ཏུ་འགྲོ་རྒྱུ་རྩོད་ཀྱི་ཡོད་པ་དང་། དེ་ཡང་རྩ་ཁྲིམས་དེའི་འོག་ན་ས་གནས་ཀྱི་མི་རིགས་ཁག་གི་གནད་དོན་ཐག་གཅོད་བྱེད་ཆེད་བཏོན་པའི་རྒྱ་ནག་གི་བཅའ་ཁྲིམས་མི་རིགས་ས་ཁོངས་རང་སྐྱོང་ཟེར་བ་ཞིག་ཡོད་པ་རེད། དེ་དམར་པོའི་ལམ་ལུགས་གཞི་རྩར་བཞག་པའི་ཁྲིམས་གཅིག་རེད། ད་ལྟ་ང་ཚོས་དེའི་འོག་ཏུ་བོད་རིགས་གཅིག་གྱུར་རྩོད་ཀྱི་ཡོད་རེད། དེ་ཐོབ་སོང་ན་ཁྱོད་རང་འགྲོ་གི་ཡིན་ནམ་ཟེར་དུས་དེ་འདྲ་ཡིན་རྒྱུ་མ་རེད། རྩ་བ་ཉིད་ནས་ཡིན་རྒྱུ་མ་རེད། ཁྱོད་རང་གིས་རྒྱལ་བ་རིན་པོ་ཆེ་ལ་བསྐུར་འདེབས་ཡིན་རྒྱུ་རེད། གལ་སྲིད་དངོས་གནས་ཡིན་ན་འགྲོ་ཐུབ་ས་མ་རེད་ཟེར་གྱི་འདུག ཁོ་རང་ནམ་རྒྱུན་གནད་དོན་ལ་དོ་སྣང་ཏོག་ཙམ་ཡོད་མཁན་གྲས་རེད།

    Reply
  38. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    འཇིགས་བྲལ་དྲིན་ཆེན་པོ། ཁྱོད་ད་དུང་ཡིད་མི་ཚིམས་སམ།

    Reply
  39. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    སྐུ་ཚབ་རྒྱ་རི་མཆོག་གིས། སྐུ་ངོ་འཇུ་ཆེན་དང་ང་ཚོ་རྒྱ་ནག་ལ་ཕྱིན་སྐབས་ནས་བོད་རིགས་གཅིག་གྱུར་བཤད་ཀྱིན་ཡོད། ཅེས་གསུངས་འདུག ཡིན་ནའང་འཇུ་ཆེན་དེ་འདྲ་གསུང་གི་མི་འདུག དེ་ཡང་ཕྱི་ཟླ་ ༢ ཚེས་ ༩ ཉིན་སྦེལ་ཀོབ་ཏུ་བཀའ་མོལ་གནང་སྐབས་གསུངས་དོན། ཕྱི་ལོ་༡༩༧༩ལོར་ང་ཚོ་གཟིགས་སྐོར་སྐུ་ཚབ་དང་པོ་བཏང་གནང་པའི་སྐབས་སུ་༸རྒྱལ་བ་རིན་པོ་ཆེས་བཀའ་མངགས་དོན་ཚན་བཞི་གནང་སོང་། ལག་ཁྱེར་གང་ཡང་མེད། དེའི་ནང་ལ་མི་རིགས་ཀྱི་འཐབ་རྩོད་མིན་གཅིག་གསུངས་ཡོད་རེད། དེ་༸རྒྱལ་བ་རིན་པོ་ཆེས་བཀའ་ངོ་མ་ཡིན། དེ་འདྲ་ཡིན་པ་ཡིན་ཙང་ད་ལྟ་ཁྱེད་རང་གི་དྲི་བ་དེར་མི་རིགས་ཀྱི་འཐབ་རྩོད་མ་རེད་ཟེར་ནས་ཐག་གཙང་མ་བཅད་ཐུབ་ཡག་རེད། མི་རིགས་འཐབ་རྩོད་ཟེར་ན་བྱབ་གང་ཡང་ཡོད་པ་མ་རེད། བོད་ཆོལ་ཁ་གསུམ་གྱི་ནང་ལ་དེང་སང་རྒྱ་དམར་གུང་ཁྲན་གྱིས་མི་རིགས་ལྔ་བཅུ་ང་དྲུག་ལ་དབྱེ་ནས། ཧན་མི་རིགས་ཕར་ཕུད་ན་མི་རིགས་ལྔ་བཅུ་ང་ལྔར་དབྱེ་བསྡད་པ་དེར་ང་ཚོ་བོད་པས་ངོས་ལེན་བྱེད་བསྡད་ཀྱི་ཡོད་རེད། མི་རིགས་ལྔ་བཅུ་ང་དྲུག་ཡོད་མ་རེད་ཟེར་ཀྱི་ཡོད་པ་མ་རེད། མི་རིགས་ལྔ་བཅུ་ང་དྲུག་ངོས་ལེན་བྱས་ན་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡིན་པ་དེའི་ནང་ལ་མི་རིགས་བཅུ་བཅོ་ལྔ་ཞིག་ཡོད་རེད། ཤར་པ། རྟ་མང་རིགས། མོན་པའི་རིགས། མདོ་སྨད་ནང་ལ་སོག་པོའི་རིགས། ཡུ་གུར་རིགས། ཟ་ལ་རིགས། ཧ་ཤ་རིགས། རྒྱ་རིགས། ཧུ་རིགས། ཆང་རིགས། ལྟོམ་པ་རིགས། འཇང་རིགས། དེ་རྣམས་ཐམས་ཅད་ཁ་ཁར་དབྱེ་དགོས་ཡོད་རེད། དེ་ཚང་མ་བོད་མི་རེད་མ་གཏོགས་ཕུད་ཡག་རྩ་བ་ནས་ཡོད་མ་རེད། བྱས་དུས་མི་རིགས་འཐབ་རྩོད་བྱེད་ཡ་མི་འདུག་ཨཱ། ཅེས་གསུངས་པ་སྒྲ་ཇི་བཞིན་པ་ཡིན།

    Reply
  40. ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    དུས་བབ་ཀྱི་གསར་འགོད་པ་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གསན་ཞིབ་ཀྱི་ཚོགས་འདུ་དེ་ཚོགས་རྗེས། གསར་འགྱུར་བརྒྱུད་ལམ་ཁག་རེ་ཟུང་ནང་། གོང་གི་སྐུ་ངོ་འཇུ་ཆེན་གྱི་བཀའ་སློབ་དེ་གཅིག་པུ་བཀོད་ཡོད་ཀྱང་། བཀའ་ཁྲི་མཆོག་གི་གསལ་བཤད་དེ་བཀོད་མི་འདུག དེ་ནི་ཧ་ཅང་ཉེན་ཁ་ཆེ་བའི་གནས་ཚུལ་ཞིག་རེད།
    དེ་རིང་འདིར་གསར་འགྱུར་ཆ་ཚང་ཞིང་ཁ་གསལ་བ་དོ་མཉམ་པ་ཞིག་འཀོད་འདུག་པས་ཧ་ཅང་དགའ་བོ་བྱུང་སོང་། ཞེ་བློ་བདེ་སོང་།

    Reply
  41. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    སྐུ་ཚབ་རྒྱ་རི་མཆོག་གིས། སྐུ་ངོ་འཇུ་ཆེན་དང་ང་ཚོ་རྒྱ་ནག་ལ་ཕྱིན་སྐབས་ནས་བོད་རིགས་གཅིག་གྱུར་བཤད་ཀྱིན་ཡོད། ཅེས་གསུངས་འདུག ཡིན་ནའང་འཇུ་ཆེན་དེ་འདྲ་གསུང་གི་མི་འདུག དེ་ཡང་ཕྱི་ཟླ་ ༢ ཚེས་ ༩ ཉིན་སྦེལ་ཀོབ་ཏུ་བཀའ་མོལ་གནང་སྐབས་གསུངས་དོན། ཕྱི་ལོ་༡༩༧༩ལོར་ང་ཚོ་གཟིགས་སྐོར་སྐུ་ཚབ་དང་པོ་བཏང་གནང་པའི་སྐབས་སུ་༸རྒྱལ་བ་རིན་པོ་ཆེས་བཀའ་མངགས་དོན་ཚན་བཞི་གནང་སོང་། ལག་ཁྱེར་གང་ཡང་མེད། དེའི་ནང་ལ་མི་རིགས་ཀྱི་འཐབ་རྩོད་མིན་གཅིག་གསུངས་ཡོད་རེད། དེ་༸རྒྱལ་བ་རིན་པོ་ཆེས་བཀའ་ངོ་མ་ཡིན། དེ་འདྲ་ཡིན་པ་ཡིན་ཙང་ད་ལྟ་ཁྱེད་རང་གི་དྲི་བ་དེར་མི་རིགས་ཀྱི་འཐབ་རྩོད་མ་རེད་ཟེར་ནས་ཐག་གཙང་མ་བཅད་ཐུབ་ཡག་རེད། མི་རིགས་འཐབ་རྩོད་ཟེར་ན་བྱབ་གང་ཡང་ཡོད་པ་མ་རེད། བོད་ཆོལ་ཁ་གསུམ་གྱི་ནང་ལ་དེང་སང་རྒྱ་དམར་གུང་ཁྲན་གྱིས་མི་རིགས་ལྔ་བཅུ་ང་དྲུག་ལ་དབྱེ་ནས། ཧན་མི་རིགས་ཕར་ཕུད་ན་མི་རིགས་ལྔ་བཅུ་ང་ལྔར་དབྱེ་བསྡད་པ་དེར་ང་ཚོ་བོད་པས་ངོས་ལེན་བྱེད་བསྡད་ཀྱི་ཡོད་རེད། མི་རིགས་ལྔ་བཅུ་ང་དྲུག་ཡོད་མ་རེད་ཟེར་ཀྱི་ཡོད་པ་མ་རེད། མི་རིགས་ལྔ་བཅུ་ང་དྲུག་ངོས་ལེན་བྱས་ན་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡིན་པ་དེའི་ནང་ལ་མི་རིགས་བཅུ་བཅོ་ལྔ་ཞིག་ཡོད་རེད། ཤར་པ། རྟ་མང་རིགས། མོན་པའི་རིགས། མདོ་སྨད་ནང་ལ་སོག་པོའི་རིགས། ཡུ་གུར་རིགས། ཟ་ལ་རིགས། ཧ་ཤ་རིགས། རྒྱ་རིགས། ཧུ་རིགས། ཆང་རིགས། ལྟོམ་པ་རིགས། འཇང་རིགས། དེ་རྣམས་ཐམས་ཅད་ཁ་ཁར་དབྱེ་དགོས་ཡོད་རེད། དེ་ཚང་མ་བོད་མི་རེད་མ་གཏོགས་ཕུད་ཡག་རྩ་བ་ནས་ཡོད་མ་རེད། བྱས་དུས་མི་རིགས་འཐབ་རྩོད་བྱེད་ཡ་མི་འདུག་ཨཱ། ཅེས་གསུངས་པ་སྒྲ་ཇི་བཞིན་པ་ཡིན།

    Reply
  42. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    གུས་པ་ཆབ་སྲིད་རྩ་ནས་མི་ཤེས་པས་ནོར་ན་དགོངས་དག་ཡོད། གང་ལྟར་ངའི་བསམ་པར་སྐུ་ཚབ་རྣམ་གཉིས་ཀྱིས་བསམ་བློ་རིམ་པས་འགྱུར་ནས་རྒྱ་ནག་དམར་གཞུང་གིས་བཤད་པའི་སྐད་ཆ་རྣམས་ཡང་དག་པ་དང་བདེན་པ་ཡིན་པའི་ཡིད་ཆེས་རྙེད་ཟིན་པ་འདྲ་བོ་མཐོང་གི་འདུག དེའི་ཕྱིར་ཁོང་གཉིས་ཀྱིས་རྒྱ་ནག་གི་སྐད་ཆ་རྣམས་ཡང་དག་པ་ཡིན་པ་ལྟར་བེད་སྤྱད་ནས་བོད་མིའི་ཡིད་ཆེས་ཀྱི་ཁ་གཏད་བྱེད་ཀྱི་མེད་འགྲོ་དྲན་ཡོང་གི་འདུག ཕྲན་ནོར་སྲིད་པས་ཡག་པོ་དཔྱད་པ་གནང་རོགས། རྒྱ་མིའི་སྐད་ཆ་དེ་ཚོ་བདེན་པ་རེད་མདོག་བཤད་ཀྱི་མི་འདུག་གམ།

    Reply
  43. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    གུས་པ་ཆབ་སྲིད་རྩ་ནས་མི་ཤེས་པས་ནོར་ན་དགོངས་དག་ཡོད། གང་ལྟར་ངའི་བསམ་པར་སྐུ་ཚབ་རྣམ་གཉིས་ཀྱིས་བསམ་རིམ་པའི་བློ་འགྱུར་ནས་ཉེ་དུས། ཁོང་གཉིས་ཀྱིས་རྒྱ་ནག་དམར་གཞུང་གིས་བཤད་པའི་སྐད་ཆ་རྣམས་ཡང་དག་པའི་རྒྱུ་མཚན་དུ་བགྲང་ནས་ག་ལེར་ཁོང་གཉིས་རྣམ་གཉིས་ཀྱིས་ཀྱང་བོད་མིའི་ཁ་གཏད་བྱེད་ཀྱི་མེད་འགྲོ་དྲན་ཡོང་གི་འདུག ཕྲན་ནོར་སྲིད་པས་ཡག་པོ་དཔྱད་པ་གནང་རོགས། རྒྱ་མིའི་སྐད་ཆ་དེ་ཚོ་བདེན་པ་རེད་མདོག་བཤད་ཀྱི་མི་འདུག་གམ།

    Reply
  44. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    སྐུ་ཚབ་རྣམ་གཉིས་ཀྱི་བཀའ་མོལ་ལ་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཐེབས་འདུག་པའི་རྣམ་པ་མཐོང་གི་འདུག་པས། ངེས་པར་དུ་ཐུགས་གཟབ་གནང་གལ་ཆེ།
    ཁོང་གི་བཀའ་མོལ་གནང་སྟངས་༼མཚམས་རེར་བོད་རང་བཙན་གྱི་དར་ཆ་འཁྱེར་ཏེ་བོད་རིགས་གཅིག་གྱུར་གྱི་ནུས་པར་ག་རེ་བྱས་ཡོང་ངམ་སྙམ་པའི་ཐེ་ཚོམ་ཡོང་གིན་འདུག རང་བཙན་བཤད་མཁན་ཚོས་བོད་རིགས་ཡོངས་རྫོགས་ཀྱི་རང་བཙན་བཤད་ཀྱིན་ཡོད་རྒྱུ་རེད། ལོ་རྒྱུས་དང་རྒྱལ་རབས་ཐོག་ནས་རང་བཙན་ཇི་ལྟར་རྩོད་རྒྱུ་ཡིན། དེ་དག་ལ་དགོངས་པ་བཞེས་དགོས། སྐུ་ངོ་འཇུ་ཆེན་དང་ང་ཚོ་རྒྱ་ནག་ལ་ཕྱིན་སྐབས་ནས་བོད་རིགས་གཅིག་གྱུར་བཤད་ཀྱིན་ཡོད། སྐབས་དེར་རྒྱ་ནག་གི་དཔོན་རིགས་ཚོས། ཁྱོད་ཚོར་གོ་སྐབས་མ་སྤྲད་པ་མ་རེད། སྲིད་བློན་གྱིས་བོད་རིགས་བླ་ཆེན་དཔོན་ཆེན་མང་པོ་ཞིག་བསྡུས་ཏེ། བོད་རིགས་གཅིག་གྱུར་བྱ་རྒྱུ་ཡིན་ནམ་མིན་ཞེས་འདྲིས་སྐབས། ཁོང་ཚོས་གཅིག་གྱུར་མི་དགོས། ད་ལྟའི་གནས་སྟངས་འདི་ཡག་པོ་འདུག་ཅེས་ལབ་པ་རེད་ཟེར། རྒྱ་ནག་གིས་ལ་བོད་བཙན་འཛུལ་བྱས་སྐབས། བོད་གཞུང་བཀའ་ཤག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བདེ་སྡུག་ཞུས་སྐབས། “དུས་ཡུན་རིང་པོའི་བོད་རྒྱའི་ས་མཚམས་འབྲུ་ཆུ་བརྒལ་ཏེ་བཙན་འཛུལ་བྱས་སོང” ཞེས་བཀོད་ཡོད། དེ་དག་ནོར་འཁྲུལ་མ་རེད། སྐབས་དེའི་དངོས་ཡོད་གནས་ཚུལ་རེད། རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་བོད་རིགས་ཡོངས་གཅིག་གྱུར་གྱི་ས་བོན་ཞིག་དང་། གོ་སྐབས་ཤིག་གནང་ཡོད་པ་དེ། ང་ཚོས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།༽ཞེས་པའི་ཐོག་ནས་སྐུ་ཚབ་རྣམ་གཉིས་ཀྱིས་རྒྱ་ནག་གི་སྐད་ཆ་འདི་ཚོ་དྲང་བདེན་ཡིན་པར་ཡིད་ཆེས་རྙེད་ཟིན་པའི་རྣམ་པ་བསྟན་མི་འདུག་གམ། ཁོང་གཉིས་ཀྱི་བསམ་བློ་ལ་རྒྱ་ནག་གི་བཤད་པའི་སྐད་ཆ་དག་གིས་འགྱུར་བ་ཤུགས་ཆེན་པོ་ཐེབས་ཡོད་པའི་རྣམ་མཐོང་སོང་། མིན་པ་ཡིན་ན་དགོངས་དག་ཞུ། སྐུ་ཚབ་གནང་ནས་ལོ་ཉེར་བརྒྱད་རིང་རྒྱ་མིའི་ཤུགས་རྐྱེན་དང་འགྱུར་བ་ངེས་ཅན་ཞིག་ཐེབས་ཡོད་པ་འདྲ་བོ་མཐོང་གི་མི་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese