མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་རྟ་བླ་རུང་ནས་ངོ་རྒོལ་སྐད་འབོད་བྱས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཡུལ་ཤུལ་ནས་ཡིན་པའི་གྲྭ་པ་གཉིས་ཀྱིས་གསེར་རྟ་ རྫོང་གི་ཁྲོམ་གཞུང་དུ། བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག ཅེས་དང་། བོད་ལ་རང་བཙན་དགོས། ཞེས་སོགས་འབོད་ཚིག་བསྒྲགས་ཡོད་འདུག

བོད་ནས་ཁ་པར་བརྒྱུད་འབྲེལ་ཡོད་མི་སྣ་ཞིག་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་སྔོན་མའི་ཚེས་ ༣༠ ཉིན་ཁམས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་དགེ་འདུན་པ་ཕ་ཡུལ་ཁམས་ཡུལ་ཤུལ་ནས་ཡིན་པའི་གྲྭ་པ་གཉིས་ཀྱིས་གསེར་རྟ་ རྫོང་གི་ཁྲོམ་གཞུང་དུ། བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག ཅེས་དང་། བོད་ལ་རང་བཙན་དགོས། ཞེས་སོགས་འབོད་ཚིག་བསྒྲགས་ཡོད་པ་དང་། དེ་དང་ཆབས་གཅིག་དེར་ཡོད་ཀྱི་གྲྭ་པ་དང་མི་མང་གང་མང་ཞིག་གིས་རྒྱལ་སྐྱོར་གྱི་ སྐད་འབོད་བྱས་ཡོད་ན་ཡང་། ལག་ཏུ་རྒྱལ་དར་ཐོགས་པའི་ཁམས་ཡུལ་ཤུལ་ནས་ཡིན་པའི་གྲྭ་པ་གཉིས་གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ད་ལྟའི་སྐབས་སུ་ཁམས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ལ་ཡང་རྒྱ་ནག་གཞུང་གིས་ཁྱེད་ཚོས་དགོན་པའི་འགན་མ་ཁུར་བ་རེད། ཅེས་བརྗོད་དེ་དམ་བསྒྲགས་བྱེད་བཞིན་ཡོད་པའི་གནས་ཚུལ་བོད་ནས་འབྱོར་འདུག 

ཕྱི་ལོ་ ༢༠༠༨ ནས་བཟུང་ཁམས་གསེར་རྟ་བླ་རུང་ཆོས་སྒར་ནས་ཡིན་པའི་དགེ་འདུན་པ་ཚོས་སོ་སོ་དང་བླང་གིས་ཞི་བའི་ངོ་རྒོད་སྐད་འབོད་དང་། སྦྱར་ཡིག་འགྲེམས་སྤེལ། རྒྱལ་དར་བསྒྲེངས་འཛུགས་ཀྱི་ལས་འགུལ་སྤེལ་མཁན་མང་པོ་བྱུང་ཡོད་ལ། ད་ལྟའི་ཆར་ཁྲིམས་ཐག་བཅད་དེ་བཙོན་ཁང་དུ་ཡོད་པ་ཡང་མང་པོ་ཡོད་འདུག་ཅེས་འབྲེལ་ཡོད་མི་སྣ་དེས་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༨ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 15

  1. གངས་སྤྲེལ་ཚ། says:
    ལོ་ 16 སྔོན།

    thub ten how are you ?

    Reply
  2. ལྕགས་སྤྲེལ། says:
    ལོ་ 16 སྔོན།

    ཨ་རོགས། ཐུབ་བསྟན་སྐྱག་རྫུན་མཁན་སྐྱག་རྫུན་མ་བཤད། རྒྱལ་བ་རིན་པོ་ཆེས་དགོངས་གཞི་གང་ཡིན་ཁྱོད་འདྲ་ཟིག་གིས་ཤེས་ནི་མ་རེད། མ་གཞི་ཁྱོད་སུ་ཡིན་ངས་ཤེས་ཀྱི་ཡོད།
    མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་བོད་དོན་ལ་ལྷག་བསམ་ཡོད་མེད་ཁྱོད་ལས་ལྷག་གི་མཁས་པ་ཚང་མས་ཤེས་གསལ་རེད། གཞིས་བྱིས་བོད་མིའི་མཁས་དབང་ཡོངས་ནས་་མགྲིན་དབྱངས་གཅིག་གིས་བསྟོད་བསྔགས་བྱེད་བཞིན་ཡོད་པ་ཁྱོད་ཀྱིས་མ་ཤེས་པ་ཨེ་རེད། འ་སྐྱག་ཐུབ་ཁྱོད་ལ་དཀའ་ངལ་ག་ཚོད་འཕྲད་ཡོད་མེད་ཀྱང་ངས་ཤེས་ཀྱི་ཡོད།

    Reply
  3. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    ངས་བླ་རུང་དང་འབྲེལ་ཡོད་ཚོར་སྐད་ཆ་དྲིས་པར་མཁན་པོ་རྣམས་ཀྱིས་ཞི་བའི་སྐད་འབོད་བྱེད་མཁན་ཡོད་ན་ས་སྒོ་ཆེ་ས་རེ་ལ་སོང་། གསུངས་ཡོད་རེད་ཟེར་མ་གཏོགས་སྐད་རྒྱག་མ་རྒྱག་གང་ཡང་གསུངས་ཡོད་མ་རེད་ཟེར། བྱས་ཙང་ཐུབ་བསྟན་ཁྱེད་ངོ་མ་བོད་དོན་ཐོག་ལྷག་བསམ་ཡོད་མཁན་ཅན་ཞིག་ཡིན་ན་བཙན་བྱོལ་བོད་གཞུག་གི་མཁས་པ་དང་ལྷག་བསམ་ཅན་ཚོར་སྐད་ཆ་དྲིས། དཀྲོགས་གཏམ་མ་བཤད་རོགས།

    Reply
  4. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    ༸་རྒྱལ་བ་རིན་པོ་ཆེས་དགོངས་གཞི་ངོ་མ་གང་རེད་ཟེར་ན་ཞི་བའི་ལམ་ནས་གྲོས་མོལ་བྱེད་ཡ་དེ་རེད་མ་གཏོགས་ངོ་རྒོལ་ལས་འགུལ་རྩ་བ་ཉིད་ནས་མ་རེད། ཟམ་གདོང་རིན་པོ་ཆེས་པབོད་མི་རེས་ངོ་རེས་རྒྱ་མི་རིགས་དང་མཉམ་དུ་འབྲེལ་བྱེདདགོས་པའི་བཀའ་སློབ་བོད་གཞུང་བཀའ་ཤག་གི་ཡིག་ཆ་ཁག་ཏུ་འཁོད་ཡོད་རེད། ཐུབ་བསྟན་ལགས་དེ་ལས་མཁས་ཟིག་མ་རེད། ཐུབ་བསྟན་ལགས་མ་ཤེས་དྲིས། མ་གོ་ན་ཉོན། བོད་གཞུང་གི་མི་རྒན་པ་ཚོར་དྲིས།

    Reply
  5. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    ཐུབ་བསྟན་ལགས། བོད་ཡིག་དག་མོ་འབྲི་རོགས། བླ་རོང་མ་རེད་བླ་རུང་རེད། ལས་རྒྱུ་འབྲས་ཡག་པོ་སྲུངས་རོགས། བླ་རུང་ལ་རྟག་པར་རྒྱ་མིས་དམ་བསྒྲགས་ཤུགས་ཆེན་པོ་རེད་འདུག ལྷག་པར་དེང་སང་དེ་ལས་ཀྱང་དམ་པོ་རེད། བོད་དོན་ཐོག་ལྷག་བསམ་ཡོད་པའི་བཙན་བྱོལ་བོད་མིས་སྣེ་ཁྲིད་པ་དང་གནད་ཡོད་མི་སྣ་མང་པོས་ངོ་རྒོལ་བྱེད་མི་ཉན་པའི་བཀའ་སློབ་ལམ་སྟོན་ཡོད་རེད། མ་ཟད་བཙན་བྱོལ་ནང་དུ་ཁྱབ་བསྒྲགས་བྱེད་ཀྱི་དེ་ལ་ཡང་གཟབ་གཟབ་ཀྱིས་ཕན་ཐོགས་ཀྱི་་འདུག་གམ་གནོད་སྐྱེལ་གྱི་འདུག་བསམ་བློ་ཐོངས་ཞེས་སྤྱི་འཐུས་ཚོགས་གཞོན་གཙོས་པའི་མི་མང་པོས་བཤད་མྱོང་ཡོད་རེད།
    ཐུབ་བསྟན་ཁྱེད་དེ་ལས་ལྷག་གི་བོད་ཐོག་ལྷག་བསམ་ཅན་ཞིག་མ་རེད།
    ལས་རྒྱུ་འབྲས་ལ་བརྩི་བསྲུང་མེད་པའི་སྐད་ཆ་མ་བཤད་རོགས།

    Reply
  6. ཆོས་བཟང་། says:
    ལོ་ 16 སྔོན།

    ཁེ་མཚར། ཡང་མི་མགོ་བདེ་རང་ཟུང་གིས་མིང་རྫུན་མ་རེའི་རྒྱབ་ལོག་ནས་ཨ་མདོ་མགོ་ལོག་གསེར་རྟ་ཨ་མདོ་མིན་མདོག་དང། ཁམས་པ་ཡིན་མདོག་མདོག་དང། མདོ་སྟོད་ཡིན་མདོག་མདོག་བྱེད་བཞིན་འདུག མི་འདི་ཚོས་ག་དུས་ཡིན་ན་ཡང་རྙོག་གྲ་ཞིག་བཟོ་ཐབས་སུ་བསམ་བློ་བཏང་བསྡད་འདུག དངོས་གནས་ཧ་ཅང་སྐྱོ་བོ་རེད།

    Reply
  7. ཐུབ་བསྟན། says:
    ལོ་ 16 སྔོན།

    tashi ཐོ་རེངས་སྐར་ཆེན་ཟེར་བ་སོགས་ཀྱིས་གོང་དུ་བཤད་པ་ལྟར་རེད། གསེར་རྟ་བླ་རོང་ད་བར་ཡར་ལངས་བྱས་མྱོང་མི་འདུག མ་ཟད་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཟེར་བ་དེས་གྲྭ་མང་ལ་ཡར་ལངས་བྱེད་མི་ཆོག རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་སུ་བྱུང་བླ་རོང་དགོན་པའི་སྒོ་ཆེན་ནང་ཡན་ཡོང་མི་ཆོག ཕྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོ་མི་མང་གིས་རོར་འཁྲུལ་ཚབ་ཆེན་བྱས་པ་རེད། ཅེས་༧རྒྱལ་བ་རིན་པོ་ཆེས་བཀའ་དངོས་སུ་གནང་བ་རེད། ཅེས་སོགས་གསུངས་ཡོད་པ་དངོས་ཡོད་རང་རེད་འདུག། དེར་བརྟེན་དེང་སང་གསེར་རྟ་བླ་རོང་རྒྱ་གཞུང་གིས་ཀྱང་སྔོན་ཐོན་ཞིག་གི་ཁོངས་སུ་རྩི་བཞིན་ཡོད་འདུག

    Reply
  8. ཐུབ་བསྟན། says:
    ལོ་ 16 སྔོན།

    tashi ཐོ་རེངས་སྐར་ཆེན་ཟེར་བ་སོགས་ཀྱིས་གོང་དུ་བཤད་པ་ལྟར་རེད། གསེར་རྟ་བླ་རོང་ད་བར་ཡར་ལངས་བྱས་མྱོང་མི་འདུག མ་ཟད་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཟེར་བ་དེས་གྲྭ་མང་ལ་ཡར་ལངས་བྱེད་མི་ཆོག རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་སུ་བྱུང་བླ་རོང་དགོན་པའི་སྒོ་ཆེན་ནང་ཡན་ཡོང་མི་ཆོག ཕྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོ་མི་མང་གིས་རོར་འཁྲུལ་ཚབ་ཆེན་བྱས་པ་རེད། ཅེས་༧རྒྱལ་བ་རིན་པོ་ཆེས་བཀའ་དངོས་སུ་གནང་བ་རེད། ཅེས་སོགས་གསུངས་ཡོད་པ་དངོས་ཡོད་རང་རེད་འདུག། དེར་བརྟེན་དེང་སང་གསེར་རྟ་བླ་རོང་རྒྱ་གཞུང་གིས་ཀྱང་སྔོན་ཐོན་ཞིག་གི་ཁོངས་སུ་རྩི་བཞིན་ཡོད་འདུག

    Reply
  9. ཐུབ་བསྟན། says:
    ལོ་ 16 སྔོན།

    tashi ཐོ་རེངས་སྐར་ཆེན་ཟེར་བ་སོགས་ཀྱིས་གོང་དུ་བཤད་པ་ལྟར་རེད། གསེར་རྟ་བླ་རོང་ད་བར་ཡར་ལངས་བྱས་མྱོང་མི་འདུག མ་ཟད་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཟེར་བ་དེས་གྲྭ་མང་ལ་ཡར་ལངས་བྱེད་མི་ཆོག རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་སུ་བྱུང་བླ་རོང་དགོན་པའི་སྒོ་ཆེན་ནང་ཡན་ཡོང་མི་ཆོག ཕྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོ་མི་མང་གིས་རོར་འཁྲུལ་ཚབ་ཆེན་བྱས་པ་རེད། ཅེས་༧རྒྱལ་བ་རིན་པོ་ཆེས་བཀའ་དངོས་སུ་གནང་བ་རེད། ཅེས་སོགས་གསུངས་ཡོད་པ་དངོས་ཡོད་རང་རེད་འདུག། དེར་བརྟེན་དེང་སང་གསེར་རྟ་བླ་རོང་རྒྱ་གཞུང་གིས་ཀྱང་སྔོན་ཐོན་ཞིག་གི་ཁོངས་སུ་རྩི་བཞིན་ཡོད་འདུག

    Reply
  10. Lobsang Gelak says:
    ལོ་ 16 སྔོན།

    དངོས་གནས་དཔའ་བོ་རེད་མི་འདི་ཚོ་ལ་རྗེ་སུ་ཡིད་རིང་ཡོད་ཐུགས་རྗེ་ཆེ།

    Reply
  11. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    མི་རིགས་ཞིག་གི་འཐབ་བརྩོད་བྱས་བཏང་འདིར་མདོ་ཁམས་ཁམས་པའི་དཔལ་བོ་དཔལ་མོ་རྣམས་ཀྱིས་སྔར་རྗེས་བར་གསུམ་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་ཤ་ཁྲག་འགྲོ་སོང་གཏོང་དང་བཏོང་བཞིན་པ་ལ་ཞིབ་ན་ཁམས་པའི་གཞོན་སྐྱེས་རྣམས་ཀྱིས་རྒྱལ་དམག་གོང་ཁྲིམ་གྱི་འཁོན་འཛིན་ཆེ་པོ་བཟོ་པར་འདི་དག་ལ་ཡར་བ་མེད་པའི་བློ་སྟོབས་དང་མཚུངས།

    Reply
  12. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    རྒྱལ་གཅེས་དཔའ་བོ་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རིང་ཡོད།
    དྲ་གྲོགས་ཐོ་རེངས་སྐར་ཆེན་ལགས་།
    གནད་དོན་འདི་དེ་རིང་ཞོགས་པ་ ༢༠༡༠ ། ༤ ། ༥ ཆུ་ཚོད་ ༧ པའི་ཐོག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བཤད་པ་ལྟར་ན་མིང་སྨོས་འདོད་མེད་པ་ཞིག་གིས་བོད་ནས་གནས་ཚུལ་མཁོ་སྤྲོད་བྱས་ཚུལ་བཤད་སོང་།

    Reply
  13. ཐོ་རེངས་སྐར་ཆེན། says:
    ལོ་ 16 སྔོན།

    གསར་འགོད་པ་ཚོ་དོན་བདག་འདི་རིགས་ལ་ཞིབ་འཇུག་ལེགས་པོ་བྱས་རྗེས་ད་གཟོད་ཡིག་ཐོག་ལ་འབྲི་རོགས། དེ་མིན་སྐད་ཆ་མ་གོ་གོང་ནས་རྫུན་གཏམ་སྣ་ཚོགས་རྒྱབ་ན་ཁྱེད་ཚོའི་གསར་འགོད་དེ་རིན་ཐང་མེད་པའི་རྫུན་གཏམ་ཞིག་ཆགས་འགྲོ་ངེས། དོན་སྐྱེད་འདི་བླ་རུང་རྒར་དང་འབྲེལ་བ་ཅི་ཡང་མི་འདུག

    Reply
  14. བདག་མེད says:
    ལོ་ 16 སྔོན།

    དཀོན་མཆོག་མཁྱེན་ངེད་བོད་པ་ཚོང་གི་ལས་དབང་འདི་་་་་་་་་་་

    Reply
  15. tasshi says:
    ལོ་ 16 སྔོན།

    གོང་དུ་བླ་རུང་ནས་ཞེས་པའི་འགོ་བརྗོད་དེ་རྩམ་པ་པོ་ནོར་བ་རེད།
    ངོ་རྒོལ་བྱེད་ཡུལ་གསེར་རྟ་རྫོང་རེད།
    བླ་རུང་ཆོས་ཀྱི་གྲོངས་ཁྱེར་ཆེན་པོ་དེ་འོ་ལྟར་ལྷིང་འཇག་ངང་གནས་བཞིན་པ་དེ་ལ་གཏོར་སྐྱོན་ཀྱི་ལས་རིགས་རྣམས་ལ་ཐུགས་བཞེས་གནང་རོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese