མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བ་ཀརྨ་པ་མཆོག་ལ་ཐོངས་མཆན་སྩལ་མི་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་ཐོངས་མཆན་མ་སྤྲད་པ་ལྟར་རྒྱལ་བ་ཀརྨ་པ་མཆོག་གི་ཡུ་རོབ་ཆིབས་བསྒྱུར་དེ་ཕྱིར་འགྱངས་གནང་དགོས་བྱུང་ཡོད་པ་རེད།

ཕྱི་ཚེས་ ༤ ཉིན་རྒྱལ་བ་ཀརྨ་པ་མཆོག་གི་ཡུ་རོབ་ཆིབས་བསྒྱུར་གྱི་འབྲེལ་མཐུད་པས་དྲ་ངོས་སུ་གསལ་བསྒྲགས་སྤེལ་བ་ལྟར་ན། རྒྱལ་བ་ཀརྨ་པ་མཆོག་གིས་ཕྱི་ཟླ་ ༥ ནས་ཡུ་རོབ་རྒྱལ་ཁབ་ ༩ ནང་གཟིགས་སྐོར་སྐྱོང་རྒྱུའི་མཛད་འཆར་དེ་རྒྱ་གར་གཞུང་གིས་ཐོངས་མཆན་མ་སྤྲད་པ་ལྟར་ཕྱིར་འཐེན་བྱས་ཡོད་འདུག

འབྲེལ་མཐུད་པས་དྲ་ངོས་སུ་བཤད་དོན། རྒྱ་གར་གཞུང་གིས་ཆོག་མཆན་མ་སྤྲད་པ་ལྟར་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཆིབས་བསྒྱུར་མཛད་འཕྲིན་དེ་ཕྱིར་འཐེན་བྱ་དགོས་པའི་གསལ་བསྒྲགས་སྤེལ་རྒྱུར་བློ་ཕམ་པོ་བྱུང་། ཁོང་གི་ཆིབས་བསྒྱུར་དེ་ཕྱི་ཟླ་ ༥ པའི་ཚེས་ ༢༧ ཉིན་ནས་ཕྱི་ཟླ་ ༧ པའི་ཚེས་ ༢ བར་འཁེལ་ཞིང་དེའི་རིང་རྒྱལ་ཁབ་ ༩ ནང་ཕེབས་འཆར་ཡོད་པ་རེད། ཅེས་གསུངས།

གཞན་ཡང་དྲ་ངོས་དེར། ཁོང་གི་ཆིབས་བསྒྱུར་ཕྱིར་འཐེན་གནང་དགོས་བྱུང་བའི་ཐག་གཅོད་འདི་ཟླ་འདིའི་ཕྱི་ཚེས་ ༣ ཉིན་བཙན་བྱོལ་བོད་གཞུང་གིས་རྒྱལ་བ་ཀརྨ་པ་མཆོག་གི་བཀའ་བརྒྱུད་ཡིག་ཚང་ལ་གསུངས་བྱུང་། ཆིབས་སྒྱུར་འདི་ཕྱིར་འཐེན་གནང་དགོས་པའི་རྒྱུ་མཚན་ཅི་ཡིན་དང་། འབྱུང་འགྱུར་གྱི་དུས་ཐུང་ནང་ཆིབས་བསྒྱུར་གནང་རྒྱུར་རེ་བ་ཡོད་མེད་ཀྱི་གནས་ཚུལ་སོགས་རྩད་གཅོད་བྱེད་རྒྱུའི་ལས་རིམ་མགོ་བཙུགས་ཚར་ཡོད་ཅེས་བཀོད་འདུག

ཁོང་གིས་མུ་མཐུད་ནས་བཀོད་དོན། རྒྱལ་བ་ཀརྨ་པ་མཆོག་གི་རྗེས་འཇུག་པ་དང་གྲོགས་པོ་འབོར་ཆེན་ཞིག་གིས་ཁོང་གི་ཆིབས་བསྒྱུར་ལ་རེ་ལྟོས་བྱས་ཡོད་པ་ངས་ཤེས་ཡོད་ལ། ཁོང་གི་ཆིབས་བསྒྱུར་ཕྱིར་འཐེན་གནང་དགོས་བྱུང་བའི་ཐད་སེམས་སྡུག་དང་བློ་ཕམ་གནང་གི་ཡོད་པའང་ངས་ཤེས་ཡོད་ཅེས་བྲིས་འདུག

འབྲེལ་མཐུད་པས་མཇུག་དེར། རྒྱལ་བ་ཀརྨ་པ་མཆོག་གི་ཆིབས་བསྒྱུར་དེ་འབྱུང་འགྱུར་དུས་ཐུང་ནང་ལེགས་འགྲུབ་འབྱུང་བའི་རེ་བ་དང་སྨོན་ལམ་འདེབས་བཞིན་ཡོད་ལ། དེ་དུས་ང་ཚོས་མཉམ་གཅིག་ཏུ་ཡུ་རོབ་ནས་ཁོང་གི་གསུང་ཆོས་ལ་ཉན་ཐུབ་གི་རེད་ཅེས་བཤད་འདུག

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༤ སྔོན་ལ།

མཆན། 42

  1. dondup says:
    ལོ་ 15 སྔོན།

    ཀརྨ་པ་མཆོག་ཡོ་རུབ་ལ་ཕེབ་ཐུབ་མི་ཐུབ་བོད་གཞུང་གི་སྐུ་ངོག་ཁ་ཤས་དང་དགེ་ལུགས་ཀྱི་དགེ་བཤེས་ཁག་གཅིག་ལ་རག་ལས་ཡོད་པ་ཚང་མས་ཤེས་གསར་རེད་།་ད་དུང་ཡང་ཀརྨ་པ་མཆོག་ཀྱིས་བྱ་སྔ་མ་ཤི་བས་རོ་ལ་ལྟོས་།་རྗེས་མས་གཤོག་པ་དེ་ལྟར་ཀྱང།ཞེས་པའི་དཔེ་ལྟར་རེད་།་ཟབ་ཟབ་བྱེད་དགོས་

    Reply
  2. པ་སངས། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཉིན་ཟླ་དཀར་གསུམ་ལགས། ཕྱི་རྒྱལ་ལ་སོངས་ཀྱང་སོ་སོའི་ཉིན་རེའི་ཟས་གོས་ཙམ་གྱི་ཆེད་ཉིན་མཚན་ལྟོས་མེད་ཀྱིས་ཁྱི་འཁྱམས་འཁྱམས་བྱེད་པ་ལས་རང་གཞན་གྱི་དོན་རྒྱ་ཆེན་གང་ཡང་མི་འགྲུབ་པ་ནི་ང་ཚོ་་ཤེས་འཇོན་མེད་པའི་སྤྲང་པོ་ཀླད་མེད་དེ་ཚོ་་རེད་མ་གཏོགས་། རྒྱལ་བ་ཀརྨ་པ་མཆོག་ལྟ་བུ་བསྟན་འགྲོའི་དོན་དུ་བསམ་བཞིན་ཕེབས་ཤིང་མཁྱེན་ཡོན་རྒྱས་པ་ཁོང་དག་ལ་བསྟན་འགྲོའི་དོན་མང་པོ་ཞིག་སྒྲུབ་ཡག་ཡོད་པ་ནི་བསྙོན་དུ་མེད་པ་རེད། རྒྱལ་མི་དང་མཉམ་དུ་འབྲེལ་བ་མ་བྱས་ནས་སྐྱབས་བཅོལ་དུ་ཕེབས་པ་རེད། གལ་སྲིད་ཁོང་བོད་ལ་བཞུགས་པ་ཡིན་ན་རྒྱ་མིས་གུས་བཀུར་ག་ཚད་བྱེད་མིན་འཛམ་གླིང་ཐོག་གསལ་གསལ་བ་རེད། ཁྱོད་རང་ལ་མོས་མཐུན་མེད་པ་ནི་སྐུ་ཉིད་འདི་ཕྱིར་ཕུང་པའི་བསམ་ནག་ཙམ་ལས་གཞན་སུ་ལའང་གནོད་ཐུབ་ཀྱི་མ་རེད།

    Reply
  3. ཉིན་ཟླ་དཀར་གསུམ་ says:
    ལོ་ 15 སྔོན།

    རྒྱལ་བ་ཀརྨ་པ་མཆོག་ཕྱི་རྒྱལ་དུ་ཕེབས་ན་ལས་དོན་ཅི་ཡོད་
    རྒྱལ་མི་དང་མཉམ་དུ་འབྲེལ་
    བ་ཨི་རེད་ལྟས་ན་མ་རྟོག་་ཅི་ཕྱི་འགྲོ་
    མོས་མཐུན་མེད་

    Reply
  4. བདེ་ཆེན་ལྷུན་གྲུབ། says:
    ལོ་ 15 སྔོན།

    རྒྱལ་དབང་ཀརྨ་པས་ས་ཡོམ་ཐེབས་མཁན་རྣམས་ལ་ཨ་སྒོར་༢༠༠༠༠༠། གནང་འདུག་ཁོང་གི་དྲྭ་རྒྱར་གཟིགས། kagyuoffice.

    Reply
  5. སྙེ་བྲག་བསྟན་ཆོས། says:
    ལོ་ 15 སྔོན།

    རྒྱལ་དབང་ཀརྨ་པ་མཆོག་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ལ་ཕེབས་མ་ཐུབ་པ་དེར་གཞིས་བྱེས་བོད་མི་ལྷག་བསམ་ཅན་དང་ཕྱི་རྒྱ་གྱི་ཆོས་ཞུ་བ་མང་པོ་ཞིག་བློ་ཕམ་ཆེན་པོ་བྱུང་ཡོད་པ་དེ་ནི་དངོས་བདེན་རེད། དེ་ནི་ཕྱི་ནང་གང་ཞིག་གིས་འགལ་རྐྱེན་སྤྲད་ནའང་མཐའ་དོན་ནི་གཞིས་བྱེས་བོད་མའི་སྤྱི་ཚོགས་དང་འདི་དང་ཕྱི་མ་གཉིས་ཀྱི་བདེ་བར་འདོད་པའི་ཕྱི་རྒྱལ་གྱི་ཆོས་ཞུ་བ་དེ་འཚོའི་ཕམ་ཁ་ཉག་ཅིག་མ་རེད་དམ? དྲ་གྲོགས་འཚོ་སློབ་སྟོན་ཆེ་སྐྱེས་གནང་རོག

    Reply
  6. བློ་བཟང་། says:
    ལོ་ 15 སྔོན།

    དོན་འགྲུབ་བཀྲ་ཤིས་ཟེར་བ་འདིས་དཀྲུག་ཤིག་སྐད་ཆ་རྐྱང་ལས་ཕན་ཐུབ་པའི་སྐད་ཆ་གང་ཡང་མི་འདུག ཁམས་པ་བོད་པ་མ་ཡིན་ནམ། ཁམས་པ་བོད་པ་མ་ཡིན་པའི་རྒྱུ་མཚན་བགྲངས་ཤོག ཆོས་བརྒྱུད་ནང་ཁུལ་དཀྲུག་ཤིག་སུས་རྒྱགས་ཀྱི་འདུག ཀཾ་ཚང་བཀའ་བརྒྱུད་འཁྲུགས་་ནས་དུམ་བུ་གཉིས་སུ་ཆགས་ཡོད། ད་དུང་དེ་ལས་ལྷག་པ་དཀྲུག་ཤིག་ག་རེ་རྒྱགས་རྒྱུ་ཡོད་དམ།

    Reply
  7. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཨོ་རྒྱན་རིན་པོ་ཆེའི་མཁྱེན།
    གོང་མ་རིན་པོ་ཆེའི་མཁྱེན།
    ཀརྨ་པ་མཁྱེན།
    རྒྱལ་བ་རིན་པོ་ཆེའི་མཁྱེན།
    ཆོས་བརྒྱུད་བཞིའི་མཁྱེན།།

    Reply
  8. རྒྱང་རིང་ནས། says:
    ལོ་ 15 སྔོན།

    ད་ཐེངས་ཀརྨ་པ་མཆོག་ཕྱི་རྒྱལ་དུ་ཕེབས་མ་ཐོབས་པ་དེ་བློ་ཕམ་བྱུང་།

    Reply
  9. ཁམས་སྟག་སྐྱེས། says:
    ལོ་ 15 སྔོན།

    གོང་དུ་འཁྱམ་པོ་སོགས་མི་སྐོར་གཅིག་གིས་རྒྱལ་དབང་ཀརྨ་པ་མཆོག་ཡོ་རུབ་ཁུར་དུ་ཕེབས་མ་ཐུབ་པའི་ངན་ཁག་དེ་།
    ཞ་དམར་རིན་པ་ཆེར་གཡོག་འདུག་པར་ངས་མོས་འཐུན་མེད།
    རྒྱུ་མཚན་གཅིག་དྲང་ན། ན་ནིང་ཨ་རིར་ཕེབས་ཁར་ཡང་དཀའ་ངལ་འདི་འདྲ་འཕྲད་བྱས་ཡོད་འདུག་པ་དང།
    སྔོན་མ་ཤེས་རབ་གླིང་ལ་ཕེབས་མ་ཐུབ་སྐབས་སུ་ཡང་ངན་ཁག་ཞ་དམར་པ་ལ་དཀྲིས་པར། ཞ་དམར་པས། སྤོབས་པ་ཆེན་པོའི་ཐོགས་ནས “ཞིབ་འཇུག་དོ་དན་གྱིས་དང་ཧ་གོ་གི་རེད” གསུངས་རྒྱུ་མཚན་འདི་གཉིས་ཀྱིས་ངས་ད་རེའི་འགོག་རྐྱེན་འདི་ཞ་དམར་པས་ཞུས་མེད་པ་དང།
    སྐུ་ངོ་ཁག་ཅིག་ལ་ཞིབ་འཇུག་བྱེད་དགོས་བསམ་ཡོད།

    Reply
  10. བསྟན་འཛིན། says:
    ལོ་ 15 སྔོན།

    དྲྭ་གྲོགས་དོན་འགྲུབ་རྡོ་རྗེ་ལགས་རང་ཉིད་ཡིན་ནའང་འདྲ། དུས་བབ་གསར་ཁང་གིས་བྱེད་འདུག་ཡོད་ནའང་འདྲ། གང་ལྟར་ཚིག་དོན་གཅིག་རང་ཡང་སེ་བསྐྱར་བ་ནི་སྨྱོ་ལས་འདྲ་བ་མ་གཏོགས་ཁྱད་ཡོན་གང་མི་འདུག་པས་སྤྲོས་པ་བསྐྱངས་ན་ཡག་ས་རེད།

    Reply
  11. ལུང་རྟོགས། says:
    ལོ་ 15 སྔོན།

    རྒྱྱལ་བ་དཀར་མ་པ་མཆོག་ཡོ་རོབ་ལ་ཕེབ་མ་ཐུབ་པ་དེ་བོད་གཞུང་ནས་བྱས་པ་རེད་ཅེས་བཤད་མཁན་མང་པོ་འདུག་ དེས་ན་གཞུང་ཕྱོགས་ནས་གསལ་བཤད་ཞིག་མནང་ན་ཡག་པོ་འདུགས།

    Reply
  12. དོན་འགྲུབ་རྡོ་རྗེ། says:
    ལོ་ 15 སྔོན།

    ད་ལན་གནད་དོན་འདི་གཞན་སུ་གཅིག་ལ་ཁག་དཀྲི་ས་མེད་པར་མཚུར་ཕུ་བླ་བྲང་གི་མི་ངན་ཟོག་པོ་བླུན་རྒན་དབང་འཛིན་པ་ཚོས་བྱས་ཉེས་ཉག་ཅིག་རེད། རྒྱལ་བ་ཀརྨ་པ་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་མཁན་གྱི་གྲྭ་པ་ཚད་ལྡན་གཅིག་ཀྱང་མེད་པ་མ་ཟད། མཚུར་ཕུ་བླ་བྲང་ནི་གཟའ་ཟླ་བུ་ཕྲུག་ཅན་དག་གིས་རང་དོན་གཉེར་སའི་ཚོགས་པ་ཞིག་ལས་བོད་ཀྱི་བླ་ཆེན་ཞིག་གི་བླ་བྲང་འདྲ་བོ་སུ་གཅིག་གིས་མཐོང་མི་སྲིད། སྤྱིར་བཏང་བླ་ཆེན་ཞིག་གི་བླ་བྲང་དེ་དགེ་འདུན་པ་ཤས་གཅིག་གིས་ཕྱག་ལས་གནང་དགོས་པ་ལས་མི་ནག་ཤེས་ཡོན་མེད་མཁན་སྤྱི་ཚོགས་གང་དུའང་ཁུངས་མ་ཁྱོལ་བའི་རིགས་དེ་ཚོར་བསྡུ་རུབ་ཀྱིས་ངོ་བསྟོད་སྤྲེལ་ལད་ཤས་ཅིག་བཤད་ནས་བླ་མ་དང་བསྟན་པ་སྤྱི་ལ་ཕན་སེམས་སྐད་ཅིག་ཀྱང་སྐྱེ་མྱོང་མེད་པའི་མཚུར་ཕུ་བླ་བྲང་《རྡ་སའི་སྲང་ལམ་ཁྲོད་དུ་བུད་མེད་ཚོགས་པ་ཞེས་འབོད་སྲོལ་ཡོད》 གི་དཀོར་གཟན་འདི་ཚོས་བྱས་རྗེས་རང་རེད། རྒྱལ་བ་ཀརྨ་པ་ཕྱི་རྒྱལ་ཁག་ཏུ་ཕེབས་ཆོག་མིན་དེ་བོད་གཞུང་བརྒྱུད་ནས་སྐད་ཆ་སྒུག་དགོས་ཤིང་ཐད་ཀར་རྒྱ་གར་གཞུང་ལ་སྐད་ཆ་འདྲི་ཐུབ་མཁན་ཙམ་ཡང་མེད་པས་རེད། བོད་ཀྱི་བླ་ཆེན་སུ་ཞིག་ཕྱི་རྒྱལ་དུ་ཕེབས་སྐབས་བོད་གཞུང་གི་ཆོག་མཆན་སྒུག་ནས་བསྡད་འདུག སྤྱིར་བོད་གཞུང་ལ་ཆེ་མཐོང་གུས་བརྩི་དགོས་གལ་ཆེ་ཡང་གནད་དོན་འདི་རིགས་དེ་ཐད་ཀར་རྒྱ་གར་གཞུང་ལ་འབྲེལ་བ་ཞུས་ན་ཕན་ཐོག་ཆེ་བ་ལས་བོད་གཞུང་གི་ལས་ཁུངས་ག་གེ་མོའི་བརྒྱུད་ནས་སྒུག་བསྡད་ན་དེ་ནི་ནམ་ཡང་གྲུབ་འབྲས་མེད་པའི་ལས་ཀ་སོ་སོའི་ལྟོ་གོས་ཀྱི་དོན་དུ་ཉི་མ་གང་འཕྱོལ་བྱས་པ་ཞིག་ལས་མཚུར་ཕུ་བླ་བྲང་དང་ཀརྨ་པར་ཕན་པའི་ལས་ཀ་ཞིག་ནམ་ཡང་ཡོང་མི་སྲིད། ད་ལྟ་འདི་གཅིག་པུས་ག་ལ་ཚད། མུ་མཐུད་གནད་དོན་འདི་རིགས་ཡོང་རྒྱུར་ཐེ་ཚོམ་མེད། དོན་ངོ་མ་ཀརྨ་པའི་བླ་བྲང་ཡར་རྒྱས་ཚགས་ཚུད་ཡོང་དགོས་ན་བླ་བྲང་གི་སྒྲོམ་གཞི་འགྱུར་བ་མ་བཏང་བར་ད་ལྟ་འདི་བཞིན་མུ་མཐུད་ཕྱིན་ཚེ་ལྷ་བསམ་དང་ཤེས་ཡོན་ཅན་གྱི་མི་སུ་ཡང་མཚུར་ཕུ་བླ་བྲང་དུ་སླེབས་མི་ཐུབ་པ་འདས་པའི་ཉམས་མྱོང་དང་ད་ལྟའི་གནས་བབ་ཚང་མས་དཔང་པོ་བྱས་དང་བྱེད་བཞིན་པ་འདི་རེད།

    Reply
  13. བློ་བཟང་། says:
    ལོ་ 15 སྔོན།

    ཧོར་བུ་ཡེ་ཤེས་ཀྱིས་ཕྲན་ལ་དྲི་བ་གཉིས་བཏང་འདུག སྤྱིར་སྟངས་ང་རང་མཚུར་ཕུ་བླ་བྲང་གི་སྐོར་ཤེས་མཁན་ཞིག་མིན། ཀརྨ་པ་རྒྱ་ནག་གི་དམ་དྲག་དེ་འདྲ་ཞིག་གི་འོག་ནས་ཐར་རེད་གསུང་འདུག བཙན་བྱོལ་དུ་གསར་འབྱོར་སྟོང་ཕྲག་མང་པོ་ཐར་ན་ཀརྨ་པ་མི་ཐར་པའི་རྒྱུ་མཚན་མེད་སྙམ། ཁོང་ལ་ང་ཚོ་ལས་ལྷག་པའི་ཆ་རྐྱེན་ལྡན་ཡོད། དེར་བོོད་གཞུང་ལ་འབྲེལ་བ་ཀྱང་ཡོད་སྲིད་པ་ཞིག་རེད། སྐྱབས་མགོན་རིན་པོ་ཆེས་དྷ་སར་གཙུག་ལག་ཁང་དུ་ཐོག་མར་ཀརྨ་པ་མི་མང་ལ་ངོ་སྤྲོད་གནང་སྐབས། ཀརྨ་པ་ཁོང་རེད། བར་ལམ་བྲོས་བྱོལ་ཡོང་སྐབས་ལམ་བར་དུ་ག་འདྲ་བྱེད་ཡོང་སྙམ་པའི་སེམས་ཁྲལ་བྱུང་གསུང་སོང་། གཉིས་པ་ས་ཁྱོན་ཆེན་པོ་ཞིག་ཉོ་རེད་ཟེར། ས་ཉོ་ཡོད་ན་ཁོང་ལ་གསང་སྤྱོད་གཙང་མ་ཙམ་གྱི་ཀྱང་མེད་བཞིན་དུ་རྒྱུད་སྟོད་གྲྭ་ཚང་ལ་གནས་ཚང་གཡར་ཏེ་བཞུགས་དགོས་པའི་རྒྱུ་མཚན་ཨེ་ཡོད་དམ། ཡིན་པར་དབང་དུ་བཏང་ཀྱང་བླ་ཆེན་ཞིག་ལ་ས་ཙམ་ཡང་ཉོ་ས་མེད་པ་སྲིད་ཀྱི་མ་རེད་སྙམ།

    Reply
  14. བློ་བཟང་། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཁག་ཅིག་གིས་འདི་འདྲ་འབྲི་ན་ལེགས་པོ་རང་མི་འདུག་སྙམ། འོན་ཀྱང་བོད་གཞུང་དང་མཚུར་ཕུ་བླ་བྲང་གཉིས་ཀྱི་ངོས་ནས་གསལ་བསྒྲགས་མ་བྱེད་པ་དེ་ནི་ཁྱད་མཚར་རེད། བོད་པ་འདི་དག་ད་ལྟ་ཧ་ཅང་གི་ཉམས་ཐག་པའི་དུས་ཚོད་གཅིག་ལ་བསླེབས་ཡོད། ཀརྨ་པ་ཁོང་ལྟ་བུ་གཞོན་ནུ་ཞིག་བོད་པར་ཡོད་ན་མ་འོངས་པའི་གཟི་བརྗིད་ལ་བརྩི་ཆོག་ བོད་པར་དགོས་ངེས་ཞིག་ཀྱང་རེད། མ་འོངས་པར་རྒྱ་ནག་གིས་དོོག་པ་བྱེད་སའང་ཁོང་རེད། བོད་ལ་གཉེན་ཕྲད་དུ་འགྲོ་སྐབས་རྫོང་སོ་སོའི་ཉེན་རྟོག་ཁང་དུ་བཀུག་སྟེ་རྒྱལ་བ་རིན་པོ་ཆེ་དང་ཀརྨ་པ་གཉིས་མཇལ་ཁ་ཐོབ་མྱོང་ངམ་དྲིའི་ཡོད། དེ་ལ་བརྟགས་ན་ཤེས་ངེས། གཞོན་ནུ་མང་པོ་ཞིག་གིས་རེ་ལྟོས་བྱེད་སའང་ཁོང་རེད་སྙམ།

    Reply
  15. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    ༧རྒྱལ་བ་ཀརྨ་པ་མཆོག་ཐེང་འདིས་ཆིབས་སྒྱུར་གནང་མ་ཐོབ་པ་དེ་བོད་གཞིས་བྱས་གཉིས་སུ་གནས་པའི་བོད་རིགས་སྤྱི་དང་ཁོང་ལདགའ་དད་བྱས་པའི་ཡོ་རུབ་ཀྱི་མི་རིགས་མང་པོ་ཞིག་ལ་བློ་ཕམ་ཚད་མེད་བྱུང་ཡོད། འོན་ཀྱང་ཐེང་འདིས་འགོག་རྐྱེན་འདི་ལ་བཙན་བྱོལ་བོད་གཞུང་གི་གོ་མེད་ཚོར་མེད་ངང་དུ་གནས་པ་འདི་ལ་བསམ་བཞིག་བྱས་ན་གཞུང་གི་འགོ་ཁྲིད་དག་སྡེ་པ་གཞུང་གི་ལྟ་སྤྱོད་དེ་སླར་ཡང་རོ་ལང་རྒྱག་སྙམ་པའི་འདུས་ཤེས་ཞིག་ཡོད་འདུག་སྙམ། གང་ལྟར་ཁོང་ལྟ་བུ་མི་རབས་གསར་པའི་དབུ་ཁྲིད་དག་ལ་གཞུང་གི་ཕྱོགས་ཞེན་སྤང་སྟེ་བདག་སྐྱོང་བྱས་ན་ཤིན་ཏུ་བཟང་། ཁོང་ལྟ་བུ་ལ་མཚོན་ན་སྐྱབས་བཅོལ་ལ་ཕེབས་པ་འདི་བོད་པ་སྤྱི་ཡི་ལས་དབང་ལ་བསམ་ནས་ཕེབས་པ་རེད་མ་གཏོག་ཆོས་ལུགས་ཕྱོགས་རེ་བ་དང་ཆོལ་ཁ་ཕྱོགས་རེ་བའི་དབང་གི་ཕེབས་པ་མ་ཡིན་པ་དེ་སུས་ཀྱང་ཤེས་ནུས།།

    Reply
  16. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    སྔོན་མ་འདི་ཡི་འཕྲོ་ཡིན་་་་་་་་་་་་་་་་་སླར་ཡང་རོ་ལང་རྒྱག་སྙམ་པའི་འདུས་ཤེས་ཞིག་ཡོད་འདུག་སྙམ། གང་ལྟར་ཁོང་ལྟ་བུ་ང་ཚོའི་མི་རབས་གསར་པའི་དབུ་ཁྲིད་དག་ཕྱོགས་ཞེན་སྤང་སྟེ་གཞུང་གི་བདག་སྐྱོང་བྱས་ན་ཤིན་ཏུ་བཟང་སྙམ། གང་ལྟར་ཁོང་ཉིད་བཙན་བྱོལ་ལ་ཕེབས་པ་འདི་བོད་སྤྱི་ཡི་ལས་དབང་ལ་བསམ་ནས་ཕེབས་པ་རེ་མ་གཏོག་ཆོས་ལུགས་ཕྱོགས་རེ་བ་དང་ཆོལ་ཁ་ཕྱོགས་རེ་བའི་དབང་གི་ཕེབས་པ་མ་ཡིན་པ་དེ་སུས་ཀྱང་ཤེས་ནུས།

    Reply
  17. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    ༧རྒྱལ་བ་ཀརྨ་པ་མཆོག་ཐེང་འདིས་ཆིབས་སྒྱུར་གནང་མ་ཐོབ་པ་དེ་བོད་གཞིས་བྱས་གཉིས་སུ་གནས་པའི་བོད་རིགས་སྤྱི་དང་ཁོང་ལདགའ་དད་བྱས་པའི་ཡོ་རུབ་ཀྱི་མི་རིགས་མང་པོ་ཞིག་ལ་བློ་ཕམ་ཚད་མེད་བྱུང་ཡོད། འོན་ཀྱང་ཐེང་འདིས་འགོག་རྐྱེན་འདི་ལ་བཙན་བྱོལ་བོད་གཞུང་གི་གོ་མེད་ཚོར་མེད་ངང་དུ་གནས་པ་འདི་ལ་བསམ་བཞིག་བྱས་ན་གཞུང་གི་འགོ་ཁྲིད་དག་སྡེ་པ་གཞུང་གི་ལྟ་སྤྱོད་དེ་

    Reply
  18. དོན་འགྲུབ་རྡོ་རྗེ། says:
    ལོ་ 15 སྔོན།

    ད་ལན་གནད་དོན་འདི་གཞན་སུ་གཅིག་ལ་ཁག་དཀྲི་ས་མེད་པར་མཚུར་ཕུ་བླ་བྲང་གི་མི་ངན་ཟོག་པོ་བླུན་རྒན་དབང་འཛིན་པ་ཚོས་བྱས་ཉེས་ཉག་ཅིག་རེད། རྒྱལ་བ་ཀརྨ་པ་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་མཁན་གྱི་གྲྭ་པ་ཚད་ལྡན་གཅིག་ཀྱང་མེད་པ་མ་ཟད། མཚུར་ཕུ་བླ་བྲང་ནི་གཟའ་ཟླ་བུ་ཕྲུག་ཅན་དག་གིས་རང་དོན་གཉེར་སའི་ཚོགས་པ་ཞིག་ལས་བོད་ཀྱི་བླ་ཆེན་ཞིག་གི་བླ་བྲང་འདྲ་བོ་སུ་གཅིག་གིས་མཐོང་མི་སྲིད། སྤྱིར་བཏང་བླ་ཆེན་ཞིག་གི་བླ་བྲང་དེ་དགེ་འདུན་པ་ཤས་གཅིག་གིས་ཕྱག་ལས་གནང་དགོས་པ་ལས་མི་ནག་ཤེས་ཡོན་མེད་མཁན་སྤྱི་ཚོགས་གང་དུའང་ཁུངས་མ་ཁྱོལ་བའི་རིགས་དེ་ཚོར་བསྡུ་རུབ་ཀྱིས་ངོ་བསྟོད་སྤྲེལ་ལད་ཤས་ཅིག་བཤད་ནས་བླ་མ་དང་བསྟན་པ་སྤྱི་ལ་ཕན་སེམས་སྐད་ཅིག་ཀྱང་སྐྱེ་མྱོང་མེད་པའི་མཚུར་ཕུ་བླ་བྲང་《རྡ་སའི་སྲང་ལམ་ཁྲོད་དུ་བུད་མེད་ཚོགས་པ་ཞེས་འབོད་སྲོལ་ཡོད》 གི་དཀོར་གཟན་འདི་ཚོས་བྱས་རྗེས་རང་རེད། རྒྱལ་བ་ཀརྨ་པ་ཕྱི་རྒྱལ་ཁག་ཏུ་ཕེབས་ཆོག་མིན་དེ་བོད་གཞུང་བརྒྱུད་ནས་སྐད་ཆ་སྒུག་དགོས་ཤིང་ཐད་ཀར་རྒྱ་གར་གཞུང་ལ་སྐད་ཆ་འདྲི་ཐུབ་མཁན་ཙམ་ཡང་མེད་པས་རེད། བོད་ཀྱི་བླ་ཆེན་སུ་ཞིག་ཕྱི་རྒྱལ་དུ་ཕེབས་སྐབས་བོད་གཞུང་གི་ཆོག་མཆན་སྒུག་ནས་བསྡད་འདུག སྤྱིར་བོད་གཞུང་ལ་ཆེ་མཐོང་གུས་བརྩི་དགོས་གལ་ཆེ་ཡང་གནད་དོན་འདི་རིགས་དེ་ཐད་ཀར་རྒྱ་གར་གཞུང་ལ་འབྲེལ་བ་ཞུས་ན་ཕན་ཐོག་ཆེ་བ་ལས་བོད་གཞུང་གི་ལས་ཁུངས་ག་གེ་མོའི་བརྒྱུད་ནས་སྒུག་བསྡད་ན་དེ་ནི་ནམ་ཡང་གྲུབ་འབྲས་མེད་པའི་ལས་ཀ་སོ་སོའི་ལྟོ་གོས་ཀྱི་དོན་དུ་ཉི་མ་གང་འཕྱོལ་བྱས་པ་ཞིག་ལས་མཚུར་ཕུ་བླ་བྲང་དང་ཀརྨ་པར་ཕན་པའི་ལས་ཀ་ཞིག་ནམ་ཡང་ཡོང་མི་སྲིད། ད་ལྟ་འདི་གཅིག་པུས་ག་ལ་ཚད། མུ་མཐུད་གནད་དོན་འདི་རིགས་ཡོང་རྒྱུར་ཐེ་ཚོམ་མེད། དོན་ངོ་མ་ཀརྨ་པའི་བླ་བྲང་ཡར་རྒྱས་ཚགས་ཚུད་ཡོང་དགོས་ན་བླ་བྲང་གི་སྒྲོམ་གཞི་འགྱུར་བ་མ་བཏང་བར་ད་ལྟ་འདི་བཞིན་མུ་མཐུད་ཕྱིན་ཚེ་ལྷ་བསམ་དང་ཤེས་ཡོན་ཅན་གྱི་མི་སུ་ཡང་མཚུར་ཕུ་བླ་བྲང་དུ་སླེབས་མི་ཐུབ་པ་འདས་པའི་ཉམས་མྱོང་དང་ད་ལྟའི་གནས་བབ་ཚང་མས་དཔང་པོ་བྱས་དང་བྱེད་བཞིན་པ་འདི་རེད།

    Reply
  19. ཁྲོ་རྒྱལ། says:
    ལོ་ 15 སྔོན།

    ཡ། འདི་འདྲའི་ཐབས་སྐྱོ་བ་ལ། དེ་བཞིན་གཤེགས་པའི་ལུང་བསྟན་དུ། དབུས་ཀྱི་རྒྱལ་པོ་བསོད་ནམས་ཟད། །ཇི་ལྟར་བྱས་ཀྱང་ཕྱིན་ཅི་ལོག །གསུངས་པ་དེ་གནད་ལ་ཁེལ་བའི་ལུང་བསྟན་ཡིན་ངེས་འདུག །བོད་གཞུང་འདིས་ག་དུས་ཡིན་ནའང་བོད་མི་བཟང་པོ་རྣམས་ལ་འགོག་རྐྱེན་སྣ་ཚོགས་བཟོས་ཏེ། རང་ཕྱོགས་ཉམས་དམའ་ཐབས་བཟོས་བསྡད་པའི་གནས་ཚུལ་མ་གཏོགས་ཡོད་པ་མ་རེད།

    Reply
  20. གྲགས་པ། says:
    ལོ་ 15 སྔོན།

    ཀརྨ་པ་ཡོ་རོབ་ཏུ་་མི་ཕེབས་ཐུབ་པ་དེ་ནི་འགག་རྩ་གང་ལ་ཐུག་པ་རེད། ན་ནིང་སྐུ་སྲུང་བསྡུས་པ་སོགས་ལ་བོད་ཕྱི་ནང་གི་མི་མང་པོ་ཞིག་དོག་པ་འདྲ་མིན་ངང་གནས་ཡོད། དེ་ལ་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་ཐུབ་ན་ཡག་པོ་འདུག དེ་མིན་གནས་ཚུལ་གསལ་རྟོགས་མེད་བཞིན་དུ་སྐད་ཆ་འདྲ་མིན་བཤད་ན་ཡག་པོ་ཁྱོན་ནས་མི་འདུག མཚུར་ཕུ་བླ་བྲང་ལགས་སུ།

    Reply
  21. བསམ་གཏན། says:
    ལོ་ 15 སྔོན།

    རེད་ཡ། དྲྭ་གྲོགས་འཁྱམས་པོ་ལགས། སྤྱིར་བཏང་བགྲོ་གླེང་ནི་གནས་ཚུལ་ཤེས་རྟོགས་ཡོང་བའི་ཐབས་ལམ་ཡིན་ནའང་། ལོ་དང་བརྒྱུད་ལམ་དེ་འདྲའི་མང་པོས་གོ་བརྡ་སྤྲོད་མི་ཐུབ་པའི་ཡ་སོ་ལྡན་པའི་བ་གླང་ཁྱོད་ལྟ་བུར་སྐད་ཆ་བཤད་ཀྱིན་སྡོད་པ་ནི་དངོས་གནས་མི་ཚེ་ཆུད་ཟོས་རང་རེད།

    Reply
  22. འཁྱམས་པོ། says:
    ལོ་ 15 སྔོན།

    དྲྭ་གྲོགས་བློ་བཟང་དང་བསམ་གཏན་གཉིས་ཀྱི་དྲུང་དུ།
    དེ་རང་ང་ཚོའི་བགྲོ་གླེང་གཙོ་བོ་རྒྱལ་བ་ཀརྨ་པ་མཆོག་ལ་རྒྱ་གར་གཞུང་གི་ཐོངས་མཆན་མ་སྤྲད་པ་དེའི་སྐོར་བགྲོ་གླེང་རེད་ངའི་ཁོང་གི་ བོད་དོན་ཞལ་ནས་གསུངས་མྱོང་ཡོད་མ་རེད་ཟེར་ཡ་དེ་རྒྱ་མིའི་གནོད་ཤུགས་མི་སྤྲོད་པའི་རྒྱུན་མཚན་དུ་སྦྲངས་བ་ཡིན། ཁྱེད་ལ་ཁོང་གི་བོད་དོན་ཐོག་གསུང་བཤད་གནང་བ་དེ་འདྲ་ཡོད་ན་གནང་སའི་ཡུལ་དང་གསུང་བཤད་ག་རེད་གནང་ཡོད་མེད་གསལ་པོ་བཤད་རོག་དང་། དེ་ནི་ངའི་ཡུན་རིང་རེ་སྒུག་བྱེད་པའི་འབྲས་བུ་ཡིན་ལ་གཞེས་བྱེས་བོད་མི་ཡོངས་རྫོགས་ཀྱི་རེ་བའང་ཡིན། དེ་མིན་ཁྱོད་དང་ང་ཞེས་ངར་རྒྱལ་ཞེ་སྡང་དབང་གི་༸གོང་ས་མཆོག་དང་མཁས་དབང་ཟམ་མདོང་རིན་པོ་ཆེ་སོགས་མཚན་ནས་བཟུང་ནས་སོ་སོའི་ཚང་སྟོན་མདོད་མི་འདུག་ ༸གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་ བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་སོགས་ང་རང་གི་རྩ་བའི་བླ་མ་ཡིན་པས་ལོ་རྒྱུས་སོགས་གང་སྤྱིའི་ཐད་ནས་ང་གསལ་པོ་ཡོད། གལ་སྲིད་ཁྱེད་རང་ཧ་གོ་འདོད་ཡོད་ན་ང་ལ་ཁ་པར་གཏོང་དང་ངེས་ཁྱོད་ལ་བཤད་མཆོགངའི་ཁ་པར་ཨང་གྲངས་ནི་(+393498686657)
    དེ་མིན་བཀྲ་ཤིས་པའི་ལྷ་གསང་གཏོང་ས་ཏེ་ངན་པའི་གུ་རུ་ཐལ་རྒྱུག་མ་བྱེད་རོག དྲྭ་གྲོགས་ཚོ་དགོངས་འགལ་མེད་པ་ཞུ།

    Reply
  23. དོན་འགྲུབ་རྡོ་རྗེ། says:
    ལོ་ 15 སྔོན།

    ད་ལན་གནད་དོན་འདི་གཞན་སུ་གཅིག་ལ་ཁག་དཀྲི་ས་མེད་པར་མཚུར་ཕུ་བླ་བྲང་གི་མི་ངན་ཟོག་པོ་བླུན་རྒན་དབང་འཛིན་པ་ཚོས་བྱས་ཉེས་ཉག་ཅིག་རེད། རྒྱལ་བ་ཀརྨ་པ་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་མཁན་གྱི་གྲྭ་པ་ཚད་ལྡན་གཅིག་ཀྱང་མེད་པ་མ་ཟད། མཚུར་ཕུ་བླ་བྲང་ནི་གཟའ་ཟླ་བུ་ཕྲུག་ཅན་དག་གིས་རང་དོན་གཉེར་སའི་ཚོགས་པ་ཞིག་ལས་བོད་ཀྱི་བླ་ཆེན་ཞིག་གི་བླ་བྲང་འདྲ་བོ་སུ་གཅིག་གིས་མཐོང་མི་སྲིད། སྤྱིར་བཏང་བླ་ཆེན་ཞིག་གི་བླ་བྲང་དེ་དགེ་འདུན་པ་ཤས་གཅིག་གིས་ཕྱག་ལས་གནང་དགོས་པ་ལས་མི་ནག་ཤེས་ཡོན་མེད་མཁན་སྤྱི་ཚོགས་གང་དུའང་ཁུངས་མ་ཁྱོལ་བའི་རིགས་དེ་ཚོར་བསྡུ་རུབ་ཀྱིས་ངོ་བསྟོད་སྤྲེལ་ལད་ཤས་ཅིག་བཤད་ནས་བླ་མ་དང་བསྟན་པ་སྤྱི་ལ་ཕན་སེམས་སྐད་ཅིག་ཀྱང་སྐྱེ་མྱོང་མེད་པའི་མཚུར་ཕུ་བླ་བྲང་《རྡ་སའི་སྲང་ལམ་ཁྲོད་དུ་བུད་མེད་ཚོགས་པ་ཞེས་འབོད་སྲོལ་ཡོད》གི་དཀོར་གཟན་འདི་ཚོས་བྱས་རྗེས་རང་རེད། རྒྱལ་བ་ཀརྨ་པ་ཕྱི་རྒྱལ་ཁག་ཏུ་ཕེབས་ཆོག་མིན་དེ་བོད་གཞུང་བརྒྱུད་ནས་སྐད་ཆ་སྒུག་དགོས་ཤིང་ཐད་ཀར་རྒྱ་གར་གཞུང་ལ་སྐད་ཆ་འདྲི་ཐུབ་མཁན་ཙམ་ཡང་མེད་པས་རེད། བོད་ཀྱི་བླ་ཆེན་སུ་ཞིག་ཕྱི་རྒྱལ་དུ་ཕེབས་སྐབས་བོད་གཞུང་གི་ཆོག་མཆན་སྒུག་ནས་བསྡད་འདུག སྤྱིར་བོད་གཞུང་ལ་ཆེ་མཐོང་གུས་བརྩི་དགོས་གལ་ཆེ་ཡང་གནད་དོན་འདི་རིགས་དེ་ཐད་ཀར་རྒྱ་གར་གཞུང་ལ་འབྲེལ་བ་ཞུས་ན་ཕན་ཐོག་ཆེ་བ་ལས་བོད་གཞུང་གི་ལས་ཁུངས་ག་གེ་མོའི་བརྒྱུད་ནས་སྒུག་བསྡད་ན་དེ་ནི་ནམ་ཡང་གྲུབ་འབྲས་མེད་པའི་ལས་ཀ་སོ་སོའི་ལྟོ་གོས་ཀྱི་དོན་དུ་ཉི་མ་གང་འཕྱོལ་བྱས་པ་ཞིག་ལས་མཚུར་ཕུ་བླ་བྲང་དང་ཀརྨ་པར་ཕན་པའི་ལས་ཀ་ཞིག་ནམ་ཡང་ཡོང་མི་སྲིད། ད་ལྟ་འདི་གཅིག་པུས་ག་ལ་ཚད། མུ་མཐུད་གནད་དོན་འདི་རིགས་ཡོང་རྒྱུར་ཐེ་ཚོམ་མེད། དོན་ངོ་མ་ཀརྨ་པའི་བླ་བྲང་ཡར་རྒྱས་ཚགས་ཚུད་ཡོང་དགོས་ན་བླ་བྲང་གི་སྒྲོམ་གཞི་འགྱུར་བ་མ་བཏང་བར་ད་ལྟ་འདི་བཞིན་མུ་མཐུད་ཕྱིན་ཚེ་ལྷ་བསམ་དང་ཤེས་ཡོན་ཅན་གྱི་མི་སུ་ཡང་མཚུར་ཕུ་བླ་བྲང་དུ་སླེབས་མི་ཐུབ་པ་འདས་པའི་ཉམས་མྱོང་དང་ད་ལྟའི་གནས་བབ་ཚང་མས་དཔང་པོ་བྱས་དང་བྱེད་བཞིན་པ་འདི་རེད།

    Reply
  24. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ཀརྨ་པ་རིན་པོ་ཆེ་ཕྱི་རྒྱ་ལ་ཕེབས་དགོས་ན་ཚུར་ཕུར་བླ་བྲང་དང་དད་སྦྱིན་ཁག་གིས་ཐོངས་མཆན་ཞུ་བ་སོགས་མཚོན་པའི་གྲ་སྒྲིགས་གནང་དགོས་རྒྱུ་ཡིན་པ་ལས་བོད་གཞུང་གིས་དེར་ཐེ་བྱུས་གནང་དགོས་པའི་རྒྱུ་མཚན་ཅི་ནམ། དེ་རིང་ཁོང་ཕྱི་བསྐྱོད་མ་ཐུག་པ་དེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་དགོས་བཀའ་བརྒྱུད་པ་ཁོང་གི་བུ་སློབ་རྣམས་ཐུག་ཕམ་བྱུང་ཡོད་ངེས་ཡིན་ནའང་རིང་པོ་མི་ཐོག་པར་ཕེབས་ཐུག་པའི་སྨོན་འདུན་ཞུ།་

    Reply
  25. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    རྒྱལ་བ་ཀརྨ་པ་ལ་ཆོག་མཆན་མི་སྤྲད་དོན་ནི་དམིགས་བསལ་དོན་བདག་ཅི་ཡང་ཡིན་རྒྱུ་མ་རེད། ཁོང་ཉིད་ཡུ་རོབ་ཕྱོགས་ལ་ཕེབས་འདོད་ཡོད་ན་རྗེས་མ་ཞིག་ལ་ཕེབས་ཐུབ་རྒྱུ་རེད། གོང་དུ་གྲ་གྲོགས་བློ་བཟང་ཟེར་བ་ཞིག་གིས་ཀརྨ་པའི་སྐོར་བགྲོ་གླེང་མང་ཙམ་བྱེད་འདོད་ཡོད་སྐོད་བཤད་འདུག གང་ལྟར་ཡང་ཀརྨ་པའི་སྐོར་མང་པོ་ཐོས་མྱོང་ལ་ཕར་ཆེར་ད་མང་པོ་མ་གླེང་ན་ཡག་རྒྱུ་རེད།

    Reply
  26. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    རྒྱལ་བ་ཀྭརྨ་པ་མཆོག་ལ་ཆོག་མཆན་ནམ་ཐོངས་མཆན་མ་གནང་བ་བློ་ཕམ་ཡོད།ངས་འདི་ལྟར་བསམ་རྒྱ་གར་གཞུང་གི་རྒྱལ་བ་མཆོག་ལ་དོགས་པ་མང་པོ་ཟ་ཡི་ཡོད་པ་འདྲ་གང་ལ་ཞེ་ན་དང་པོ་དེ་རྒྱ་ནག་གི་དམ་པོ་དེ་འདྲའི་འོག་ནས་ཅི་ལྟར་བཙན་བྱོལ་ལ་ཐར་པ་རེེད་ཟེར་ནས་དོགས་པ་དང་གཉིས་ནས་རྒྱལ་བ་ཀརྨ་པ་མཆོག་གི་ས་རྒྱ་ཆེན་པོ་ཞིག་ཉོས་ཡོད་པ་འདྲ་དེ་ལ་ཧིན་སྒོར་མང་པོ་དེ་འདྲའི་ག་ནས་བྱུང་བ་སོགས་ཀྱི་དོགས་པ་ཡང་ཡོད་པ་འདྲ།རྒྱ་དོགས་པ་ཆེ་སོང་ཙང་དེ་འདྲའི་ཞིག་གི་མིན་འགྲོ།བློ་བཟང་ལགས་ཁྱོད་མཁྱེན་མཁན་ཞིག་ཡིན་པ་འདྲ་དེ་ཡི་ཐད་དགོང་ཚུལ་ཅི་ཡོད།

    Reply
  27. བློ་བཟང་། says:
    ལོ་ 15 སྔོན།

    འཁྱམས་པོ་ལགས་སུ་ཞུ་རྒྱུ། རྒྱ་གར་ནས་བོད་ལ་གཉེན་འཕྲད་དུ་འགྲོ་སྐབས་ས་མཚམས་སུ་རྒྱལ་བ་རིན་པོ་ཆེ་དང་། ཀརྨ་པ་རྣམ་གཉིས་ཀྱི་སྐུ་པར་ཁྱེར་ཡོད་ན་རྒྱ་ནག་གིས་ཉེན་རྟོག་པས་གཤེ་གཤེ་བཏང་བ། འཕྲོག་བཅོམ་བྱེད་པ། མ་ཟད་རྒྱ་ནག་གྲོང་ཁྱེར་ཁྲོན་ཏུ་ལ་བོད་པའི་ཚོང་ཁང་དག་ཏུ་ཉེན་རྟོག་ཡོང་སྟེ་ཀརྨ་པའི་སྐུ་པར་ཡོངས་རྫོགས་བསྡུས་ཏེ་ཕྱིན་ཆད་ཀརྨ་པའི་སྐུ་པར་སྒྲིག་བཤམས་མི་ཆོག་པ་བཟོ་ཡོད། དེ་བོད་དོན་མ་གསུང་པས་ཡིན་ནམ། རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཚོགས་སྐབས་སུ་བཀའ་བརྒྱུད་སྨོན་ལམ་དུ་ཆོས་མཇལ་འགྲོ་མཁན་རྒྱ་མི་ལྔ་བརྒྱ་ལྷག་ཙམ་རྒྱ་ནག་གིས་གནམ་ཐང་དུ་བཀག་འགོག་བྱས་ཏེ་མ་བཏང་བ་ཡང་བོད་དོན་མ་གསུང་ཙམ་རེད་དམ། རྒྱ་རིགས་ལ་འབྲེལ་བ་བྱེད་ནས་ཡིན་ན། གོང་ས་སྐྱབས་མགོན་རིན་པོ་ཆེས་ལོ་རེར་རྒྱ་མི་ཁྲི་ཕྲག་མང་པོར་འབྲེལ་བ་ཙམ་མ་ཟད། སྐུ་ཚབ་ཀྱང་རྒྱ་ནག་ལ་བཏང་གི་ཡོད། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡང་རྒྱ་རིགས་མཁས་པའི་བགྲོ་གླེང་དུ་ཕེབས་པ་སོགས་འབྲེལ་བ་ཆེ་དྲག་ན་ཆུང་དྲག་ས་མི་འདུག ད་དུང་དྲྭ་གྲོགས་རྣམ་པ་ཚོ་ཕེབས་ཤོག་ ཀརྨ་པའི་སྐོར་བགྲོ་གླེང་མང་ཙམ་བྱེད་ཆོག་

    Reply
  28. བློ་བཟང་། says:
    ལོ་ 15 སྔོན།

    ཀརྨ་པས་བོད་དོན་མ་གསུང་པ་ཡང་མ་རེད། ཀརྨ་པས་བོད་དོན་མ་བསྒྲུབ་པ་ཡང་མ་རེད། འོན་ཀྱང་ཆབ་སྲིད་བཙོན་པ་ལྟར་རང་དབང་ཁྱོན་ནས་མེད་པ་གང་ཡིན་ནམ།

    Reply
  29. བསམ་གཏན། says:
    ལོ་ 15 སྔོན།

    དྲྭ་གྲོགས་འཁྱམས་པོ་ལགས་ལ་ཤེས་འདོད་མེད་པ་ཡིན་ལས་ཆེ། གཞན་དུ་རྒྱལ་བ་ཀརྨ་པ་བོད་མི་རིགས་སུ་སྐྱེས་ནས་བཟུང་བོད་དོན་སྒྲུབ་པའི་འགན་རང་འཁྲི་རུ་ཡོད་ཐོག །སྐྱབས་བཅོལ་དུ་ཕེབས་པའང་བོད་མི་རིགས་དང་རིག་གཞུང་གི་ཆེད་དུ་མིན་ན་རྒྱ་གར་ལ་ཡོང་དགོས་དོན་ཡོད་པ་མ་རེད་ལ། རྡ་རམ་ས་ལར་ཁ་ཐུག་ཡོང་དགོས་དོན་དེ་བས་ཀྱང་ཡོད་པ་མ་རེད། ལྷག་པར་རྒྱལ་བ་ཀརྨ་པས་གསལ་འགྱུར་བརྒྱུད་ལམ་ཁག་ལ་བོད་དོན་གྱི་སྐོར་གསུངས་པ་དག་མང་མ་དྲགས་ནའང་ཉུང་ཡོད་པ་མ་རེད། དེ་ཚོ་སྐུ་ཉིད་ལ་ཤེས་འཇོན་ཡོད་ན་རྩད་འཚོལ་གྱིས་དང་མཐོང་རྒྱུ་ཡོད་པ་ཞིག་རེད།

    Reply
  30. འཁྱམས་པོ། says:
    ལོ་ 15 སྔོན།

    དངོས་གནས་བློ་ཕམ་ཆེན་པོ་རེད། ༸རྒྱལ་དབང་ཀརྨ་མཆོག་ལ་རྒྱ་གར་གཞུང་གིས་ཐོངས་ཆེན་མ་སྤྲོད་པ་དེ་ངོ་མའི་ཡ་མཚན་རེད། གཏན་གཏན་འདི་ནང་ལོག་ནས་གནོད་ཤུག་སྤྲོད་མཁན་ཞིག་ཡོད་པ་ཁོ་ཐག་རེད། དེ་མིན་རྒྱ་ནག་གི་གནོད་ཤུག་ཡིན་རྒྱུ་མ་རེད། གང་ཡིན་ཟེར་ན་ཁོང་བཙན་བྱོལ་དུ་ཕེབས་ནས་བཟུང་བོད་དོན་ཞལ་ནས་གསུངས་མྱོང་ཡོད་མ་རེད་ད་དུང་ཁོང་གི་སློབ་མ་མང་ཆེ་བ་རྒྱ་རིགས་རེད། དེ་སོང་ཙང་དེ་ལ་ང་དོགས་པ་མེད། དོགས་པ་གཅིག་ཡོད་པ་དེ་ཞྭ་དམར་པ་རེད། མི་རིང་བར་ཕེབས་ཐུབ་རེ་བ་ཡོད། ཀརྨ་པ་མཁྱེེན་ནོ།

    Reply
  31. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།།་དྲ་གྲོགས་ཚེ་རིང་ལགས
    ཁྱེད་ཀྱི་གསུངས་བ་བདེན་པ་ཡིན་པ་དེ། ཁྱེད་ཀྱི་འདོད་པ་དང་བསྒྲུབ་བྱེད་བཀོད་པ་འདི་རེད།
    འོན་ཀྱང་ངའི་དེ་ལྟར་མི་འདོད
    ༧་རྒྱལ་བ་རིན་པོ་ཆེ་ཕར་ཕུད་པས་གང་ཟག་སུ་དང་གང་ཞིག་གི་གདུལ་བྱ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་རབ་དང་དེས་བོད་ལ་ཕན་ཐོགས་པ་སོགས་ཁས་མི་ལེན།
    རེ་བ་ཞུ་རྒྱུ་ཞིག་ལ་་་་་་་་གང་ཟག་སུ་དང་གང་ཞིག་གི་སྐོར་བཤད་ཚེ་་་་་་་དཔེར་་་་རྒྱལ་བ་རིན་པོ་ཆེར་མ་བྱེད་རོགས་ཞ་རྒྱུ་ཡིན

    Reply
  32. བསམ་གཏན། says:
    ལོ་ 15 སྔོན།

    ཨ་མ་ཨ་མ། ག་འདྲའི་སེམས་པ་སྐྱོ་བ་ལ། ངའི་ངོ་ཤེས་གྲོགས་པོ་དེ་ཚོས་བཤད་པ་ལྟར་ན། ཡུ་རུབ་ཀྱི་མི་གྲངས་ཆེས་མང་པོ་ཞིག་གིས་རེ་བ་ཆེན་པོས་ཕེབས་སྒུག་བྱས་ཡོད་སྐད་འདུག་པ་ཚང་མའི་སེམས་པ་མ་སྐྱིད་པ་ཆེན་པོ་ཆགས་ཡོད་ངེས་ཤིང་། ལྷག་པར་དུ་ཆོས་བརྒྱུད་རིས་མེད་ཀྱི་ཆོས་ཚོགས་མང་པོས་འགྲོ་སོང་མི་ཉུང་བ་བཏངས་ནས་མི་མང་འདུ་འཛོམས་བྱ་སའི་ཁང་ཆེན་དུ་མ་གླས་སྐད་འདུག་པའང་ཆུད་ཟོས་སུ་སོང་ཡོད་སྲིད། མ་ཚད་པ་བཀག་འགོག་བྱ་མཁན་རྩད་འཚོལ་གྱིས་རྙོག་སྒྲ་ཆེན་པོ་ཞིག་ཏུ་འགྱུར་མི་སྲིད་པའང་མ་རེད། དེའི་སྐབས་ན་རང་གཞན་གཉིས་ཀ་འདུག་བདེ་ཡོང་ཁག་པོ་རེད།

    Reply
  33. ཚེ་རིང་། says:
    ལོ་ 15 སྔོན།

    དྲྭ་གྲོགས་རྒྱ་རྡེའུའི་དགེ་འདུན་ལགས། ཀརྨ་པ་སྒེར་ངོས་ནས་གནད་དོན་མེད་པ་བདེན་ནའང། ཆོས་པ་ཆོས་པའི་སར་མ་བཞུགས་པ་ཞིག་ཨེ་ཡིན་ན། རྒྱལ་བ་ཀརྨ་པ་ཡུ་རུབ་ལ་ཕེབས་པ་དེ། གཞི་རྒྱ་ཆེ་བའི་ཆོས་ཚོགས་དང་། གྲངས་མང་བའི་དད་ལྡན་ཕོ་མོས་ནན་ཆེའི་རེ་སྐུལ་ཞུས་པ་དང་ལེན་གྱིས་བསྟན་པ་དང་སེམས་ཅན་གྱི་དོན་དུ་རེད། སངས་རྒྱས་ཀྱི་སྐྱེས་རབས་དང་། གོང་ས་སྐྱབས་མགོན་ཆེན་པོའི་མཛད་ཕྲིན་ལ་གཟིགས་དང་། གོང་ས་མཆོག་གི་དགུང་ལོའི་བབས་འདི་ཙམ་ལ་ཕེབས་ནའང་བསྟན་འགྲོའི་ཆེད་དུ་ག་ཚད་ཕེབས་ཀྱིན་འདུག །བསམ་མནོ་ཆེ་ས་ནས་གཏོང་མ་ཤེས་ནའང་རྒྱལ་བ་ཀརྨ་པ་དེ་བོད་མི་རིགས་དང་རིག་གཞུང་ལ་འབྲེལ་ཆེ་བའི་གང་ཟག་ཅིག་ཡིན་ཕྱིར། དེའི་ཆེད་དུ་ཡུ་རུབ་ལ་ཕེབས་ཐུབ་ན་སྐྱབས་མགོན་རིན་པོ་ཆེའི་དཔུང་རོགས་མི་དམན་པ་ཡོང་ཐུབ་པ་བསྟས་གསལ་རེད་པ།

    Reply
  34. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    གནད་དོ་མི་འདུག་
    ཆོས་པ་ཆོས་སར་བཞུགས་ན་བཟང་ནི་རེད་

    Reply
  35. བློ་བཟང་། says:
    ལོ་ 15 སྔོན།

    ཕེབས་མ་ཐུབ་པའི་རྒྱུ་མཚན་ཞིག་བཀོད་ཐུབ་ན་ལེགས་པར་སྙམ། མི་མང་པོ་ཞིག་དོག་པ་འདྲ་མིན་སྟེང་དུ་གནས་འདུག ཡག་པོ་མི་འདུག

    Reply
  36. བློ་བཟང་། says:
    ལོ་ 15 སྔོན།

    ཕྲན་གྱིས་བསམ་ཚུལ་བྱས་ན། འདིར་གནོད་པ་སྐྱེལ་མཁན་ཞྭ་དམར་ཡིན་པའི་ཡིད་ཆེས་མེད། ཕྲག་དོག་ཅན་གྱི་ཚོགས་པ་དེ་ཚོ་མིན་ནམ་སྙམ། མཚུར་ཕུ་བླ་བྲང་ལ་གནས་ཚུལ་དེ་ཙམ་ཡང་ཞིབ་འཇུག་བྱ་ཐུབ་མཁན་མེད་པ་ཡིན་ནམ།

    Reply
  37. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    འདི་ནི་གུས་པའི་བསམ་ཚུལ་ལྟར་ན། རྒྱ་ནག་གི་གནོན་ཤུགས་ཀྱི་ཆབ་སྲིད་གནད་དོན་ཞིག་ལ་ངོས་འཛིན་ཞུ་གི་མེད། རྒྱ་ནག་གི་གནོན་ཤུགས་ལ་རྒྱ་གར་གཞུང་མགོ་བསྒུར་གྱི་མ་རེད། འདི་ནི་བོད་མི་ནང་ཁུལ་དང་ཆོས་ལུགས་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པ་གསལ་པོ་རེད། དེ་ཡང་གསལ་བོར་བཤད་ན་ཞ་དམར་དང་འབྲེལ་བ་ཡོད་པ་རེད། ཡིད་མི་ཆེས་ན་སི་ཏུ་ཕྱིར་ཕེབས་ཆོག་གི་མེད་པའི་གནད་དོན་ལྟོས་དང་།

    Reply
  38. གངས་སྨྱུག says:
    ལོ་ 15 སྔོན།

    ཆབ་སྲིད་དང་འབྲེལ་བ་ཆེན་པོ་འདུག

    Reply
  39. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    རྒྱ་གར་གཞུང་གིས་རྒྱལ་བ་ཀརྨ་པ་མཆོག་ལ་ཡུ་རོབ་ཏུ་ཆིབས་བསྒྱུར་གནང་ཆོག་པའི་ཆོག་མཆན་མ་སྤྲད་པ་དང་ཐོངས་མཆན་མ་སྤྲད་པ་གཅིག་པ་རེད། གང་ཡིན་ཟེར་ན། ཁོང་ད་སྐབས་རྒྱ་གར་ལ་བཞུགས་བཞུགས་པ་དངོས་བདེན་ཡིན་ཀྱང་། ཡོ་རོབ་ཏུ་མ་ཕེབས་སྔོན་ལ་ཕྱིར་རྒྱ་གར་དུ་ལོག་ཕེབས་ཆོག་པའི་ཐོངས་མཆན་སྔོན་ལ་ཞུས་དགོས་རེད། འདི་གྲོགས་སེམས་བཟང་ལ་བསམ་ཚུལ་བརྗེ་ལེན་ཚུལ་དུ་ཞུས་པ་ཡིན།

    Reply
  40. སེམས་བཟང་། says:
    ལོ་ 15 སྔོན།

    རྒྱ་གར་གཞུང་གིས་རྒྱལ་བ་ཀརྨ་པ་མཆོག་ལ་ཡུ་རོབ་ཏུ་ཆིབས་བསྒྱུར་གནང་ཆོག་པའི་ཆོག་མཆན་མ་སྤྲད་པ་ཡིན་རྒྱུ་རེད་མ་གཏོགས་ཐོངས་མཆན་མ་སྤྲད་པ་ཡིན་རྒྱུ་མ་རེད། གང་ཡིན་ཟེར་ན། ཁོང་ད་སྐབས་རྒྱ་གར་ལ་བཞུགས་བཞུགས་པ་ཡིན་ཕྱིར་ཐོངས་མཆན་ཞུ་དགོས་དོན་ཡོད་པ་མ་རེད། གང་ལྟར་ཁོང་ཡུ་རོབ་ཏུ་ཆིབས་བསྒྱུར་གནང་མ་ཐུབ་པ་དེས་བོད་པའི་ཆོས་རིག་དང་དད་ལྡན་མི་མང་གི་བདེ་སྐྱིད་ལ་གཏོར་གཤིག་ཚབས་ཆེན་ཐེབས་ཡོད་ཕྱིར། རྒྱ་གར་གཞུང་གི་གནང་སྟངས་དེ་ཡག་པོ་ཁྱོན་ནས་མ་རེད།

    Reply
  41. བསེ་རུ། says:
    ལོ་ 15 སྔོན།

    ཡུ་རོབ་རྒྱལ་ཁབ་ ༩ ནང་གཟིགས་སྐོར་བསྐྱང་རྒྱུའི་མཛད་འཆར་དེར། རྒྱ་གར་གཞུང་གིས་ཐོངས་མཆན་མ་སྤྲད་པ་ནི། བོད་མི་ཚོའི་ངོས་ནས་གླེང་ན་ཕམ་ཁ་ཞིག་རེད་ལ། ཁོང་གི་ཞལ་མཇལ་གསུང་གི་བདུད་རྩི་མྱོང་འདོད་ཅན་གྱི་ཡོ་རོབ་མི་མང་དེ་ཚོའི་གྱོང་གུན་ཞིག་ཀྱང་རེད་སྙམ།
    རྒྱ་གར་གཞུང་གིས་ཁོང་གི་མཛད་འཕྲིན་ལ་དེ་ལྟར་བཀག་རྒྱ་གནང་དོན་ཅི་ཡིན་ནམ།།

    Reply
  42. བྱམས་རྒྱལ། says:
    ལོ་ 15 སྔོན།

    ༧རྒྱལ་བ་ཀརྨ་པ་མཆོག་ལ་རྒྱ་གར་གཞུང་གིས་ཐོངས་མཆན་མ་སྤྲད་པ་དེ་རྒྱུ་མཚན་ཅི་ཡིན་ནམ?
    ཕྷ་རན་སིའི་གྲོགས་པོ་ཞིག་བློ་ཕམ་བཞིན་དེ་ཕལ་ཆེར་སྲིད་འཛིན་སར་ཀོ་ཛི་གིས་རྒྱ་གར་གཞུང་ལ་གནོན་ཤུགས་སྐྲད་པའང་ཡིན་སྲིད་གསུངས་ཀྱི་འདུག་།
    ཁོ་བོས་དེ་འདྲ་ཨ་ཡིན་བསམ་གྱི་འདུག་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese