མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ནང་པའི་བླ་ཆེན་ཚོས་མན་ཇུ་དང་སོག་པོ། རྒྱ་ནག་སོགས་ཀྱི་གོང་མ་རིམ་བྱུང་གི་སྟེང་དབང་ཤུགས་བཀོལ་མྱོང་ཡོད་ཟེར།

ཚེས་ ༧ ཉིན་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཚེས་ ༢ ཉིན་བོད་གཞུང་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་མཆོག་ཉི་ཧོང་རྒྱལ་ས་ཊོག་ཀྱོར་ཐེངས་གཉིས་པ་དེ་ཕེབས་ཡོད་ལ། སྐབས་དེར་ཁོང་གིས་ཡུལ་དེའི་རྒྱལ་སའི་ཡོག་སོ་ཡའི་མི་མང་ཚོགས་ཁང་དུ་ཉི་ཧོང་མི་མང་དང་སློབ་ཕྲུག་ཚོར་བོད་ཀྱི་གནད་དོན་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། དེ་བཞིན་གདན་ཞུས་མཁས་དབང་ལྕམ་ ཨེ་ཤི་མ་ཧ་ Prof. Ishihama མཆོག་གིས་ཀྱང་ཝ་སི་ཌ་གཙུག་ལག་སློབ་ཁང་དུ་ཉི་ཧོང་གི་ཤེས་ལྡན་ཚོར་བོད་ཀྱི་ལོ་རྒྱུས་་ངོ་སྤྲོད་གནང་ཡོད་པ་རེད། གསུང་བཤད་སྐབས་ཁོ་མོས་གསུངས་དོན། བོད་ནི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད། བོད་ཀྱི་ནང་པའི་བླ་ཆེན་ཚོས་མན་ཇུ་དང་སོག་པོ། རྒྱ་ནག་སོགས་ཀྱི་གོང་མ་རིམ་བྱུང་གི་སྟེང་དབང་ཤུགས་བཀོལ་ཡོད་ཅེས་དང་། ཡང་ཁོང་གིས་དུས་རབས་ ༡༧ པའི་སྐབས་སུ་ཡི་ཤུའི་ཆོས་ཚོགས་ཀྱི་ཡུལ་སྐོར་བ་འགའ་རེས་བོད་སྐོར་ཟིན་བྲིས་བཏབས་པ་དག་ལ་བལྟས་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་ཁོ་ནས་བཀུར་བསྟི་བྱེད་པ་ཞིག་མིན་པར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་སོག་པོ། བལ་ཡུལ་སོཊ་ཐུན་མོང་གིས་བརྩི་བཀུར་བྱེད་ས་ཞིག་ཡིན་ལ། སྐབས་དེའི་བོད་ཀྱི་འཛུགས་བསྐྲུན་ནི་ཕྱོགས་ཐམས་ཅད་ནས་ཡག་པོ་འདུག དེ་ལྟ་ནའང་བོད་ལ་བྱུང་བའི་དཀལ་ངལ་ནི་ཕྱི་རོལ་འཛམ་གླིང་ལ་འབྲེལ་བ་བྱེད་མ་ཐུབ་པར་ལྷག་སོང་བ་ཞིག་རེད་ཅེས་ཁོང་གིས་གསུངས་ཡོད་འདུག 

བཀའ་བློན་བསྟན་པ་ཚེ་རིང་མཆོག་གིས་བོད་སྤྱིའི་ལོ་རྒྱུས་དང་ཕྱི་ལོ་ ༡༩༥༠ ལོ་ནས་རྒྱ་དམར་གྱིས་བོད་ལ་ཇི་ལྟར་བཙན་འཛུལ་བྱས་མིན། བོད་མི་མང་ལ་མནར་གཅོད་ཇི་བཏང་དང་རིག་གཞུང་དང་ཆོས་ལུགས་གཏོར་བཤིག་ཇི་ལྟར་བཏང་མིན་སོགས་འགྲེལ་བཤད་དང་། ལྷག་དོན་དུ་ཁོང་གིས་དང་ཐོག་བལ་ཡུལ་དང་རྒྱ་གར་དུ་སྐྱབས་བཅོལ་དུ་སླེབས་མཚམས་དཀའ་ངལ་དང་སྔུག་བསྔལ་ཅི་ཞིག་མྱངས་མིན་དང་ད་ལྟ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་གསལ་བཤད་སོགས་བྱས་ཡོད་པ་རེད། དེ་བཞིན་ཁོང་གིས་མུ་མཐུད་དོན། བོད་ནང་གི་ད་ལྟའི་གནས་བབ་ཧ་ཅང་གི་ཛ་དྲག་ཡིན་པ་དང་བོད་ཀྱི་ས་གནས་ས་ཐོག་གི་མི་སེར་ཚོ་གྲངས་ཉུང་མི་རིགས་སུ་གྱུར་ཏེ་འཇིགས་ཉེན་ཡོད་ཚུལ་དང་། ལྕཊ་ལམ་གསར་རྒྱག་དང་གཞུང་ལམ་དང་མཁའ་ལམ་འཛུགས་བསྐྲུན་སོགས་ནི་རྒྱ་དམར་གཞུང་ཁོ་ནའི་དགོས་མཁོ་དང་རྒྱ་རིགས་གྲངས་མང་བོད་དུ་གནས་སྤོ་བྱ་རྒྱའི་ཆེད་དུ་ཡིན་པ་ལས་བོད་མི་མང་ལ་ཕན་ཐོགས་དེ་ཙམ་མེད་ལུགས་སོགས་གསུངས་ཡོད་འདུག ཡང་ཁོང་གིས་བོད་རིགས་མང་ཚོགས་ཀྱིས་ཡར་རྒྱས་ལ་ངོ་རྒོལ་བྱེད་ཀྱི་མེད་མོད། ཡར་རྒྱས་ནི་ངེས་པར་དུ་བོད་མི་མང་གི་ཆོས་དང་རིག་གཞུང་གི་ཁེ་ཕན་ཆེད་ཡིན་དགོས་ཞེས་ནན་གྱིས་གསུངས་ཡོད་འདུག

མཇུག་ཏུ་ཁོང་རྣམ་གཉིས་ཀྱིས་མི་མང་གི་དྲི་བར་བཀའ་ལན་གནང་ཡོད་པ་དང་། དོགས་འདྲི་མང་ཆེ་བ་ནི་༧གོང་ས་མཆོག་གི་ཡང་སྲིད་དང་རྒྱ་དམར་གྱིས་བོད་ལ་ཐེ་བྱུས་བྱས་པའི་སྐོར་རེད། སྐབས་དེར་ལྕམ་སྐུ་ཨེ་ཤི་མ་ཧ་ལཊ་ཀྱིས་༧གོང་ས་མཆོག་གིས་ཏཱ་ལའི་བླ་མའི་སྒྲིག་འཛུགས་དགོས་དང་མི་དགོས་དེ་བོད་མི་མང་གིས་ཐག་གཅོད་གནང་གི་རེད་ཅེས་དུས་རྒྱུན་དུ་གསུང་བཞིན་ཡོད་པ་རེད། ཡང་སྲིད་མུ་མཐུད་ཡོང་དགོས་དོན་ནི་སྐུ་ཕྲེང་སྔོན་མའི་ལས་ཀ་མཇུག་སྐྱོང་རྒྱུའི་དོན་དུ་རེད། དེ་ཡིན་དུས་༧གོང་ས་སྐུ་ཕྲེང་ ༡༤ པའི་བསྒྲུབས་མ་ཚར་བའི་མཛད་པ་དེ་སྐུ་ཕྲེང་ ༡༥ པ་རང་དབང་ལུང་པར་འཁྲུངས་ཏེ་མཛད་འཕྲིན་མཇུག་སྐྱོང་གནང་གི་རེད་ཅེས་གསུངས་ཡོད་འདུག 

ཉི་ཧོང་བ་དང་ཉི་ཧོང་ཚོང་ལས་ཚོགས་པ་ཁག་ནས་ཇི་ལྟར་བོད་ལ་རོགས་རམ་ཐུབ་མིན་སྐོར་འདྲི་སྐབས། བཀའ་བློན་བསྟན་པ་ཚེ་རིང་མཆོག་གིས་ཁྱེད་ཚོས་བོད་ཀྱི་ལོ་རྒྱུས་ཀློག་པའམ་སློབ་སྦྱོང་སོགས་བྱེད་དགོས་པ་དང་། དྲང་བདེན་དང་རང་དབང་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད་ཅེས་ལན་འདེབས་གནང་འདུག་ལ། ཡང་ཁོང་གིས་ཁ་གསབ་ཀྱི་ཚུལ་དུ་བོད་པའི་ཚོང་ལས་ཚོགས་པ་དང་ཉི་ཧོང་གི་ཚོང་ལས་ཚོགས་པའི་བར་ཉམས་མྱོང་བརྗེ་རེས་དང་ལེགས་ཆ་ལེན་རེས་བྱ་ཐུབ་ན་དགེ་མཚན་ཆེ་བའི་རེ་བ་ཡང་བཏོན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

ཆུ་ཚོད་ ༢༣ སྔོན་ལ།
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥

མཆན། 5

  1. གངས་ལྷ་མེ་ཏོག says:
    ལོ་ 16 སྔོན།

    ཡུན

    Reply
  2. Dhamchoe @Tommy Thokme says:
    ལོ་ 16 སྔོན།

    Is this a news? Actually it is Too old for a news!

    Reply
  3. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཡ། སྨར་དྷི་ལགས་དེ་ལས་བོད་སོག་འབྲེལ་བའི་བསྐོར་ཞིག་བྲིས་མི་ལེགས་སམ།།

    Reply
  4. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    ང་ཚོའི་དབུ་འཁྲིད་ཚོ་ནམ་ཡང་འདི་ལྟར་མར་མར་སུབ་སུབ་ཅིག་གོ། ཕྱི་འབྲེལ་བློན་ཆེན་གྱིས་བོད་ཀྱི་ལོ་རྒྱུས་ཀློག་པའམ་སློབ་སྦྱོང་དང་དྲང་བདེན་དབ་རང་དབང་ལ་རྒྱབ་སྐྱོར་བྱེད་དགོས་ཤེས་པ་དེ། ཉི་ཧང་བ་ཚོས་ཇི་ལྟར་བོད་ལ་རོགས་རམ་ཐུབ་མིན་སྐོར་གྱི་ལམ་སྟོན་དྲིས་ལན་ཡིན་ཁུལ་རེད་དོ།།རྗེས་མའི་བཀའ་སྤྱི་ལ་རྒས་རྙིས་དག་གདམས་ན་འདི་ལྟར་རོ།།

    Reply
  5. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    བཀའ་བློན་བསྟན་པ་ཚེ་རིང་མཆོག་གི་གསུང་བཤད་རིང་པོ་གནང་འདུག་དོན་དག་ཞེ་དྲག་གོ་མ་སོང་ང་བློན་གྲགས་ཡིན་ཁོང་མཁས་གྲགས་ཤེས་མ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese