མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་གཉིས་འཛིན་བཟུང༌།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཀྲུང་གོའི་རྒྱལ་ཁབ་ལ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ཡོད་དང་མེད་ལ་ཁྱད་པར་སྤུ་ཙམ་མེད་ཟེར།

ཕྱི་ཚེས་༦ ཉིན་རྨ་ཆུ་རྫོང་ཉེན་རྟོག་པས་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་དངུལ་རྭ་རུ་གསར་སྡེ་བའི་དབང་ཕྱུག་ཚང་གི་ཚེ་རིང་དོན་འགྲུབ་དང༌། མུ་རུ་སྔགས་སྐོར་སྡེ་བའི་རྟམ་བྷོ་ཚང་གི་ཐུབ་ཉིའམ་ཐུབ་བསྟན་ཉི་མ་གཉིས་ ༢༠༡༠ ཟླ་ ༣ ཚེས་ ༡༤ ཉིན་གྱི་སློབ་ཕྲུག་གི་ཞི་བའི་ངོ་རྒོལ་བྱེད་མཁན་གྱི་གཙོ་བོར་ཉེས་འཛུགས་འོག་སློབ་གྲྭ་ནས་ཕྱིར་འབུད་ཐོག་འཛིན་བཟུང་གིས་རྨ་ཆུ་རྫོང་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ཡོད་འདུག ད་ལྟའི་ཆར་སློབ་གྲྭ་དྲག་དམག་གིས་ཡོངས་སུ་བསྐོར་ཏེ་འགྲོ་བསྐྱོད་ལ་བཀག་བསྡོམས་དང༌། སློབ་གྲྭའི་སྒོ་རའི་ནང་དུའང་ལས་བྱེད་དཀྱུས་མའི་ཆས་གོས་གྱོན་པའི་བདེ་འཇགས་མི་སྣ་དང་ཉེན་རྟོག་པས་སྐོར་གཡེང་དམ་དྲག་བྱེད་བཞིན་ཡོད་འདུག སློབ་ཕྲུག་རྣམས་སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་ནང་བཙན་འཇུག་གིས་སྔ་དགོང་ཉིན་གསུམ་གྱི་ཁ་ལག་སྐབས་ལའང་སྡོད་ཁང་དང་ཉལ་ཁང་ནས་ཕྱིར་ཐོན་མ་བཅུག་པར་དམ་གཅུན་དང་མནར་གཅོད་གཏོང་བཞིན་ཡོད་འདུག ཆབ་སྲིད་དང་ཁྲིམས་ལུགས་ཀྱི་སློབ་གསོ་སྤྲོད་མཁན་ཚོས་སློབ་ཕྲུག་ཚོར་བརྫོད་ན། ཁྱོད་ཚོས་ཏང་དང་རྒྱལ་ཁབ་ཀྱི་སློབ་སྟོན་ལ་ཉན་འཇོག་མ་བྱས་ཚེ་ང་ཚོར་གོང་རིམ་གྱི་བཀའ་འཁྲོལ་ཡོད་པས་ཁྱོད་ཚོ་བཙོན་འཇུག་བྱེད་ཆོག་ལ་སྲོག་ཐོག་གཏོང་དགོས་ཀྱང་ལག་བསྟར་བྱེད་ཀྱི་ཡིན་ཚུལ་དང༌། དེ་བཞིན་ཀྲུང་གོ་རྒྱལ་ཁབ་ལ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ཡོད་དང་མེད་ལ་ཁྱད་པར་སྤུ་ཙམ་མེད་པས་མུ་མཐུད་རྒྱལ་ཁབ་ཀྱི་གཅིག་གྱུར་དང་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་ལས་འགུལ་སྤེལ་ཚེ་སློབ་གྲྭའང་གཏན་དུ་སྒོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

སློབ་ཕྲུག་ཚོས་ཀྱང་ང་ཚོ་བཙོན་འཇུག་དང་སྲོག་ཐོག སློབ་གྲྭ་སྒོ་རྒྱག་མིན་ཁྱོད་ཚོའི་གང་འདོད་གྱིས། ང་ཚོ་ག་དུས་ཕྱི་ལོགས་སུ་ཐོན་ན་དེ་ཉིན་བོད་གངས་ཅན་གྱི་གཞོན་རབས་པའི་སྙིང་སྟོབས་དང་སྤོབས་པ་ག་འདྲ་ཡོད་མིན་ཁྱོད་ཚོར་སྟོན་ངེས་ཡིན་པའི་ཐ་ཚིག་ཀྱང་བསྒྲགས་ཡོད་འདུག

དེང་གི་ཆར་རྨ་ཆུ་རྫོང་ཁོངས་ཀྱི་ཤང་དང་དགོན་པ་ཁག་ཏུ་དམག་མི་དང་ལས་དོན་རུ་ཁག་ཆེད་གཏོང་གིས་དམ་དྲག་བཙུར་གནོན་བྱེད་བཞིན་ཡོད་པ་དང༌། དམིགས་བསལ་དགོན་པ་ཁག་ཏུ་ལས་དོན་རུ་ཁག་ཟེར་བས་གྲྭ་པ་ཚོར་ཁྱོད་ཚོའི་ནང་ཕྱི་ཕྱོགས་ཁ་བྲལ་བར་འབྲེལ་བ་བྱེད་མཁན་ཡོད་པ་ང་ཚོས་ཤེས་རྟོག་ཡོད་པས་ཁོང་ཚོ་ཁྲིམས་ཀྱི་ཚར་གཅོད་བྱེད་རྒྱུ་ཡིན་ཚུལ་གྱི་འཇིགས་སྣང་བསྐུལ་ཡོད་འདུག

སྒྲོལ་དཀར་སྐྱབས་ཀྱི་ཟིན་བྲིས་ལས་བླངས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༨ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༨ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༨ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༩ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༢ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 14

  1. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 16 སྔོན།

    བོད་ནང་ཡོད་པའི་བོད་རིགས་གཞན་པ་འདི་རྣགས་བོད་ཀྱི་སྲོག་རྩ་ངམ་མ་ཡིན་འདི་རྣགས་ཀྱིས་དོན་དུ་ང་ཚོས་གང་བྱོད་དགོས་སོ་་་་བཙན་བྱོལ་ལ་ཡོད་པའི་བོད་རིགས་རྣམས་་་་་་་་་བསམ་ལོ་བསམ་ལོ་

    Reply
  2. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    རྒྱལ་ནག་ལ་ཁྱད་པ་སྤུ་ཙམ་ཡང་མེད་པར་་བདེ་པ་རེད། གང་ཡིན་ཟེར་ན་སྤྱིར་རྒྱལ་ནག་ཡོངས་ཀྱི་མི་འབོད་ཞིབ་ན་ང་ཚོའི་མི་འབོད་དེ་བརྒྱ་ཆ་ ༠་༦ མ་གཏོག་མེད་པ་རེད། དེ་འདྲ་ཡིན་དུས་སྔར་ནས་ད་བར་རྩ་མེད་ཤུས་བཞོ་བྱེས་དང་བྱེད་བཞེན་པ་རེད།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ད་ནི་ལོ་མང་རྒུག་མི་དགོས་པར་བོད་ཕྲུག་ཞིག་ཡིན་བཞིན་ཨ་མའི་ཁོག་ནང་ནས་ཐོན་དུས་ནས་མུར་རྫོགས་སྒོང་ནས་དགྲ་བོར་མདོང་ལེན་བྱ་མཁན་ཤ་གཅིག་ཡོང་བས་རྒྱ་དམར་ཁོ་འཛམ་གླིང་ནང་གདོང་ཅི་འདྲ་སྟོན་ནམ།
    ཨ་མས་བུ། བཙན་པོའི་ཡང་ཚ། ངར་བྱུང༌།

    Reply
  4. ལུང་རྟོགས། says:
    ལོ་ 16 སྔོན།

    རྒྱ་འདྲེ་ཚོང་ཁྱོད་ཚོ་ལ་བོད་རིགས་སློབ་འབྲིང་ཡོད་མེད་ཁྱེད་པར་མེད་རུང་། ང་ཚོ་ལ་ཁྱེད་པར་ཡོད་། མཐའ་གཅིག་ཏུ་ངོ་བརྒོལ་ཡོད། བོད་རྒྱལ་ལོ།

    Reply
  5. གདོང་ཕྲུག says:
    ལོ་ 16 སྔོན།

    སངས་རྒྱས་ཀྱི་བསྟན་པ་འདིའི་ཆེད་དུ་ཡིན་ན་ཕན་པ་ཆེན་པོ་ཡོད་རྒྱུུ་རེད།

    Reply
  6. གདོང་ཕྲུག says:
    ལོ་ 16 སྔོན།

    སངས་རྒྱས་ཀྱི་བསྟན་པ་འདིའི་ཆེད་དུ་ཡིན་ན་ཕན་པ་ཆེན་པོ་ཡོད་རྒྱུུ་རེད།

    Reply
  7. འདན་སྲས། says:
    ལོ་ 16 སྔོན།

    རྒྱ་ནག་གི་ཚུལ་མིན་གྱི་སྤྱོད་ངན་འདི་ནམ་ཞིག་ལ་མཚམས་འཇོག་བྱེད་ཡོང་་་་་་་དངོས་གནས་མར་རབས་ཐ་ཤལ་གྱི་བྱ་ངན་འདི་་་ད་་་མང་དྲགས་སོང་་་་་་་་་་་་

    Reply
  8. གཡག་རྒོད says:
    ལོ་ 16 སྔོན།

    བོད་ནང་དུ་ཡོད་པའི་སློབ་མ་འདི་ཚོ་དངོས་གནས་ངར་བ་རེད།

    Reply
  9. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅། ༢༠༠༨་ལོའི་ཞི་རྒོར་ཆེན་མོའི་སྐབས་བོད་ཁྱིམ་ཡན་ལག་སློབ་གྲྭ་ཞིག་གིས་སློབ་མ་འགའ་སྐད་འབོད་བྱེད་སར་སློབ་གྲྭའི་བཀའ་གྲོལ་མ་ཐོབ་པའི་ཐོག་སྒད་འབོད་ལ་སོང་དེ་ཕྱིར་ལོག་སྐབས་སློབ་གྲྭའི་ཉེས་ཆད་བཅད་སྐད་འདུག

    Reply
  10. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།།ཀུན་དགའ་ལགས་
    མི་རིང་པར་བདེན་འཐའ་གསལ་བའི་རྟགས་རེད
    ལོང་ཤོག་བོད་མི་ཚོ་
    ང་ཚོའི་སྟོགས་ཤུག་གཅིག་ཏུ་བསྒྲིལ

    Reply
  11. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    དེ་ལྟར་བསམ་ན་ཁྱེད་ཚོ་ལ་༼ནང་རུལ་བ༽ཞེས་པའི་མིང་དེ་ཨ་འགྲིག་ཆ་འགྲིག་རེད་འདུག

    Reply
  12. མདོ་སྨད་ཀུན་དགའ says:
    ལོ་ 16 སྔོན།

    དངོས་གནས་ད་བོད་མི་རིགས་འདི་གནས་མི་ཐུབ་པའི་དུས་ལ་བབ་འདུག་

    Reply
  13. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    ཉེན་རྟོག་པ་དེ་ཚོར་ཞུ་རྒྱུར་ ཀྲུང་གོའི་རྒྱལ་ཁབ་ལ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ཡོད་དང་མེད་ལ་ཁྱད་པར་སྤུ་ཙམ་མེད་ན་ཀྲུང་གོ་རྒྱལ་ཁབ་ལ་ཁྱེད་ཚོ་ཡོད་དང་མེད་ཀྱི་ཁྱད་པར་ཨེ་ཡོད། ཁྱེད་ཚོས་བཀའ་གསུང་ཅི་སྒྲུབ་ཞུ་སའི་༼བློ་མཐུན༽དེ་ཚོས་གོང་ནས་མར་༼སྤྱང་ཀིས་འཕར་བ་བསད་ན་གསོད། འཕར་བས་སྤྱང་ཀི་བསད་ན་གསོད༽ཅེས་པིར་ཙི་ཐུག་བཞིན་བལྟས་བསྡད་ཡོད་ན་ངོ་མ་ཁྱེད་ཚོ་བློ་ཕམ་གྱི་གནས་རེད་ཨང།

    Reply
  14. བློ་བཟང་། says:
    ལོ་ 16 སྔོན།

    བོད་པ་ཤེས་ཡོན་ཅན་དང་། བོད་རིགས་རྩ་མེད་བཟོ་རྒྱུ་རྒྱ་ནག་གི་སྲིད་ཇུས་ཨང་དང་པོ་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese