མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏང་དང་བྱིས་པ་ཚོའི་རྩོད་པ། རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༨༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉིན་ཤས་གོང་པེ་ཅིན་གྱི་དབུ་ཁྲིད་ཚོས་ཁམས་འབྲི་རུ་རྫོང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བྲིས། ཟིན་ཐོ་དེའི་ནང་དུ་བྱིས་པ་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཁར་མ་ཉན་སྟབས་རང་ལོ་ ༡༡ ནས་ ༡༥ བར་གྱི་བྱིས་པ་ཉི་ཤུ་རྩ་གྲངས་ཤིག་བཙོན་འཇུག་བྱས་ཤིང་། བྱིས་པ་འདི་དག་ནི་ཁ་བྲལ་རིང་ལུགས་པའི་དུག་རྩ་ལ་ངོས་འཛིན་བྱས་ཡོད།

གནས་ཚུལ་འདི་ལ་ཁ་སྣོན་གྱི་གནས་ཚུལ་མང་ལ། དེའི་ནང་གི་གསར་ཤོས་ཤིག་ནི། ཉིན་ཤས་གོང་རྒྱ་གཞུང་གི་འབྲེལ་ཡོད་མི་སྣས། ཀྲུང་གོའི་རྒྱལ་ཁབ་ལ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ཡོད་དང་མེད་ལ་ཁྱད་པར་སྤུ་ཙམ་མེད་ཅེས་པ་འདི་རེད། འདི་ཡང་སློབ་གྲྭ་དེའི་སློབ་ཕྲུག་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་སྐབས་བཤད་པ་རེད། ཏང་གི་དབུ་ཁྲིད་ཚོས་དངོས་གནས་བྱིས་པའི་སྐད་ཆ་རང་བཤད་ཀྱིན་འདུག པེ་ཅིན་གྱི་ཏང་ཀྲུང་དབྱང་གིས་མ་གཏོགས་རྒྱལ་ཁབ་ཅིག་གི་ངོས་ནས་སོ་སོའི་མ་འོངས་པའི་སོན་རྩར་གྱུར་བའི་ལོ་ཆུང་བྱིས་པ་ཚོར་འདི་ལྟའི་སྐད་ཆ་བཤད་སྲོལ་ཞིག་མེད།

རྒྱ་ནག་གཞུང་དང་བོད་རིགས་བྱིས་པ་ཚོ་ཕན་ཚུན་ལ་ཡིད་ཐང་ཆད་ཅིང་། ཨུ་ཐུག་པའི་སྐབས་སུ་ཏང་ཀྲུང་དབྱང་ནི་བྱིས་པ་ཚོའི་སྟེང་ལ་སེམས་ཁུར་ཡོད་མེད་དང་། བོད་རིགས་བྱིས་པ་ཚོ་ཏང་དང་རྒྱལ་ཁབ་ལ་དགའ་མི་དགའི་རྣམ་འགྱུར་དེ་ཡང་བྱིས་པའི་རང་གཤིས་དང་མཉམ་དུ་ཕྱིར་བསྟན་ཡོད་ཅིང་། རྣམ་འགྱུར་འདིའི་རིགས་ནི་ཕྱོགས་གཉིས་ཀ་ནས་དྭངས་གཙང་དང་ལྷད་མེད་རེད།

ལོ་འདིར་བོད་ནང་དུ་སྣང་ཚུལ་གསར་པ་ཞིག་བྱུང་། གསུམ་བཅུའི་དུས་དྲན་གྱི་སྔ་གཞུག་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་མཁན་དང་ཡར་ལངས་བྱེད་མཁན་ཕལ་ཆེ་བ་ནི་སློབ་ཕྲུག་དག་ཡིན་ལ། ཁོང་ཚོས་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོར་རྗེས་དྲན་བྱས་པ་དང་། ཁོང་ཚོའི་འབོད་སྒྲ་ནི་སྔར་བཞིན་བོད་རང་བཙན་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། མི་རིགས་འདྲ་མཉམ་དགོས་པ་བཅས་རེད། རྒྱ་ནག་གི་སྐར་ལྔའི་དར་དམར་གྱི་རྒྱལ་དར་མེར་བསྲེག་མཁན་ཡང་བྱིས་པ་འདི་དག་རེད། བོད་རང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ཡང་བྱིས་པ་ཚོ་ཡིན། ཁོང་ཚོ་ནི་སོ་སོའི་མི་རིགས་ཀྱི་འདས་པ་དང་མ་འོངས་པ། ད་ལྟ་བཅས་ཀྱི་བདག་པོ་ཡིན་ལ། ཁོང་ཚོས་དེར་ངོས་ལེན་དང་འགན་ལེན་གཉིས་ཀ་བྱེད་ཀྱིན་འདུག

བྱིས་པ་འདི་དག་རྒྱ་ནག་གཞུང་གི་ཐོག་སྡང་དོན་ལ་བརྗེད་མི་ཐུབ་པའི་རྒྱུ་མཚན་དེ་འདྲ་ཡང་བགྲང་རྒྱུ་ཡོད། དཔེར་ན། སོ་སོའི་ཕ་མ་དང་དགའ་ཉེ་སྤུན་གྲོགས་སོགས་ལ་རྒྱ་ནག་གཞུང་གིས་སྲོག་ཁྲིམས་དང་མནར་གཅོད་བཏང་བའི་དབང་གིས་ཡིན་ལ། ཁོང་ཚོས་འདིའི་མིང་ལ་༼མི་རིགས་ལ་གཅར་རྡུང་བྱས་༽པ་རེད་ཅེས་བརྗོད་ཀྱིན་ཡོད།

གནས་སྐབས་འདི་དག་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་གཉིད་དུ་ཡུར་བསྡད་ཡོད། ཚོགས་པ་སོ་སོའི་གོ་སྒྲིག་འོག་མར་མེ་ཁྲོམ་སྐོར་རེ་བྱེད་སྲོལ་ཡོད་པ་དེའང་མཐོང་རྒྱུ་མི་འདུག རྒྱལ་སྤྱིའི་གསར་ལམ་ཁག་ནའང་ཐོས་རྒྱུ་མི་འདུག དེར་བརྟེན་བཙན་བྱོལ་གཞུང་ངོས་ནས་རྒྱ་ནག་གཞུང་ལ་ཁ་རྡུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཙམ་ཡང་གོ་རྒྱུ་མེད་པ་འདི་ནི་རང་གི་བྱིས་པ་ཚོར་འགན་མ་ཁྱེར་བ་ལྟ་བུར་མངོན་ནོ།།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༥ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 17

  1. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    དྲ་གྲོགས་གནམ་ལྕགས་ཀྱིས་བཤད་པ་ལྟར་བདེན་པ་རེད།་དེ་རིང་བོད་ཕྲུག་བཅུ་བཙོན་འཇུག་བྱེད་ན་སང་ཉིན་བོད་ཕྲུག་ཉི་ཤུ་ཡར་ལངས་བྱེད་ངེས་རེད།་འདས་པོ་དམ་པ་སྲིད་བློན་ཀླུ་ཁམ་པས་རྒྱ་དམག་ལ་ཤོད་དོན།་ཁྱེད་ཚོས་བོད་ཀྱི་རྒྱལ་དར་བཅུ་ཐམ་པ་མར་ཕབ་ན་བོད་མི་ཚོས་བརྒྱ་ཐམ་པ་ཡར་བཙུགས་ངེས་རེད་ཅེས་བརྗོད་ཡོད།

    Reply
  2. གནས་ཚང་། says:
    ལོ་ 16 སྔོན།

    དོན་རྐྱེན་འདི་རིགས་ཀྱི་ཆ་ནས་ལྟ་སྐབས། སྐུ་ཞབས་ཞོགས་དུང་ལགས་ཀྱིས༼ས་བྱི་ལོའི་ཞི་རྒོལ་ཆེན་མོ༽ནི་གསར་བརྗེའམ་གོ་རྟོགས་གསར་བ་ཞིག་གི་སྔོན་གླེང་ལྟ་བུར་རྒྱས་འགྲེལ་བསྐྱོན་པ་དེ་ནི་དོན་ལ་གནས་པར་འདོད། དེ་འདྲ་ཞིག་རེད་དམ།

    Reply
  3. འབའ་སྲས། says:
    ལོ་ 16 སྔོན།

    རྒྱ་ནག་གི་སྲིད་གཞུང་སྐྲག་ས་ངོ་མ་དེ་བོད་ཀྱི་བྱིས་པ་ཚོ་རེད་འདུག
    རྒྱ་ནག་གིས་བོད་བཙན་བཟུང་བྱེད་པའི་གོ་རིམ་དེ་ད་ལྟ་ཡོངས་སུ་གོ་ལྡོག་སྟེ་ལོ་ཆུང་བྱིས་པ་ནས་འགོ་འཛུགས་བཞིན་འདུག ཉེ་བའི་ཆར་ནག་ཆུ་ས་ཁུལ་དུ་བྱིས་པ་ཉེར་གཅིག་འཛིན་བཟུང་བྱས་པ་དེ་ནི་རྒྱ་ནག་སྲིད་གཞུང་གིས་བོད་བཙན་བཟུང་བྱེད་པའི་གོ་རིམ་ལྡོག་པའི་ཁྲོད་ནས་གོམ་པ་དང་པོ་དེ་བརྒྱབ་པ་རེད། ད་དུང་ཡང་འདི་ལྟར་རྒྱག་ངེས་ཡིན། དེ་ལྟར་རྒྱག་དགོས་པའི་རྒྱུ་མཚན་ནི། བོད་ཀྱི་བྱིས་པ་ཚོ་ནི་མ་འོངས་བོད་ཀྱི་སོན་རྩ་དང་། མ་འོངས་བོད་ཀྱི་བདག་པོ་ཡིན་པ་གཅིག་པུ་ཆ་ནས་མིན་པར་བོད་ཀྱི་འཐད་རྩོད་དང་འབྲེལ་བ་ཡོད་པའི་ཆ་ནས་ཡིན། རྒྱ་ནག་སྲིད་གཞུང་གིས་ཁ་ནས་བོད་ཀྱི་གནད་དོན་ནི་ཏྰ་ལེ་བླ་མ་སྒེར་གྱི་གནད་དོན་དང་། དེ་ཕྱོགས་གཏོགས་པ་ཁག་གཅིག་གི་གནད་དོན་ཙམ་ལས་བོད་མི་རིགས་ཀྱི་གནད་དོན་ཞིག་རྩ་ནས་མིན། དེ་ཡང་ཏྰ་ལེ་བླ་མའི་དུས་ཡུན་ཙམ་ལས་རྒྱུན་མར་གནས་ཐུབ་པ་ཞིག་མིན་ཞེས་བརྗོད་བཞིན་ཡོད་ན་ཡང་། དོན་ངོ་མར་བོད་ཀྱི་གནད་དོན་ནི་མི་སྒེར་ཞིག་དང་། དུས་ཡུན་ཙམ་ཞིག་གི་རིང་མིན་པར་མི་རབས་ནས་མི་རབས་པར་དུ་གནས་རྒྱུ་ཡིན་པ་དོན་གྱིས་ཁས་ལེན་བཞིན་ཡོད། དེ་རྒྱུ་མཚན་གྱིས་ཁོ་ཚོས་སྔ་ས་ནས་ལོ་ཆུང་བྱིས་པ་ཚོ་ལ་འཇིགས་སྐུལ་དང་དྲག་གནོན། འཛིན་བཟུང་སོགས་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་འཇིགས་སྐུལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད། མ་འོངས་པར་སྐད་ཆ་བཤད་ཤེས་མ་ཐག་པའི་བྱིས་པ་ཚོ་ལ་ཡང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་ངེས་ཡིན། འདི་ཡིས་རྒྱ་ནག་སྲིད་གཞུང་སྐྲག་ས་ངོ་མ་དེ་བོད་ཀྱི་བྱིས་པ་ཚོ་ཡིན་པ་དེ་བསྟན་ཡོད།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ངོ་མ་དོན་སྙིང་ཅན་གྱི་རྩོམ་སྒྲིག་པའི་གཏམ་ཞིག་བྲིས་འདུག

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    (རྩོམ་སྒྲིག་པའི་གཏམ་དང་འབྲེལ་ཆེ་བས་འདིར་དགོས་དབང་གིས་བཀོད་པ་ཡིན། )

    འཆི་རྒྱུར་མི་སྐྲག་ཟེར།

    ཉེ་དུས་ཀྱི་གསར་འགྱུར་ཁག་ཏུ་ཐོན་པ་ལྟར་ན། རྒྱ་གཞུང་གིས་བོད་ནང་ཆུང་བྱིས་པ་ཡན་གྱི་སློབ་ཕྲུག་དང་། སློབ་གཉེར་བའི་སྡེ་ཁག་ལ་སུན་གཙེར་དང་། འཛིན་བཟུང་། བཙོན་འཇུག བཀག་ཉར། དྲི་བརྩད་སོགས་སྣ་ཚོགས་བྱས་ཏེ། འགྲོ་བ་མིའི་འགྲོ་བསྐྱོད་རང་དབང་དང་། བསམ་བློའི་རང་དབང་། སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་འཕྲོག་དང་འཕྲོག་མུས་ཡིན་པ་མ་ཟད། བོད་མི་ཡོད་དོ་ཅོག་གི་སྙིང་ལ་རྨ་ཁ་རིམ་པར་བཟོ་སྟངས་ལ་བལྟས་ན། རྒྱ་གཞུང་གིས་བོད་མི་ཚོར་སེམས་ཅན་དུད་འགྲོའི་བརྩི་མཐོང་ཙམ་ཡང་འཇོག་གི་མི་འདུག་སྙམ། གནས་སྟངས་འདི་དག་ཇེ་སྡུག་ཏུ་སོང་ན། བོད་ས་ཁྱོན་ཡོངས་སུ་སློབ་གཉེར་བའི་ཞི་བའི་ལས་འགུལ་ཆེན་པོ་ཞིག་མི་ཡོང་བའི་ངེས་པ་མི་འདུག་པས། སྐབས་དེ་དང་དེའི་དུས་ང་ཚོའི་མི་རིགས་འདིའི་འབྱུང་འགྱུར་གྱི་བདག་པོ་གཞོན་སྐྱེས་ཤེས་ཡོན་ཅན་མི་ཉུང་བ་ཞིག་གི་ཚེ་སྲོག་དགྲ་བོའི་མཚོན་ཁར་ཤོར་བར་སོམ་ཉི་མེད། ཅིའི་ཕྱིར་ཞེ་ན། དེང་སྐབས་བོད་ནང་གི་སློབ་གཉེར་བའི་སྡེ་ཁག་ནང་འཆི་རྒྱུར་མི་སྐྲག་ཅེས་པའི་ཚིག་དེ་གཅིག་ནས་གཉིས་བརྒྱུད་ཀྱི་རྣ་བར་སིམ་སྟེ་སེམས་པ་ཇེ་མང་ནས་ཇེ་མང་གི་དབུས་སུ་ཐིམ་བཞིན་ཡོད་འདུག

    ངས་དྲ་ཐོག་ནས་བོད་ནང་གི་སློབ་ཆེན་པ་ཞིག་དང་འབྲེལ་བ་བྱེད་སྐབས། ཁོས་ཀྱང་འཆི་རྒྱུར་མི་སྐྲག་ཅེས་པའི་ཚིག་དེ་ང་ལ་དངོས་སུ་བཤད། ད་དུང་བོད་ནང་བོད་ཡིག་སྦྱོང་ས་ཡོད་མིན་ལ་མ་བལྟོས་པའི་བོད་ཕྲུག་ཡོད་སའི་སློབ་གྲྭ་མང་པོ་ཞིག་ཀྱང་གནས་ཚུལ་དེ་རིགས་ལ་ཁ་གཡར་ཏེ། སྒོ་རྒྱག་རྒྱུ་ཡིན་པ་ནི་དེ་བས་ཀྱང་སྨྲོས་ཅི་དགོས། ངོ་མ་བཤད་ན་ང་ཚོར་སྔར་ཡང་གྱོང་གུན་ཇེ་མང་ཕོག་ཡོད་ལ་དེང་སྐབས་ཀྱང་གྱོང་གུན་ཚབས་ཆེན་ཕོག་དང་ཕོག་མུས་ཡིན། མ་འོངས་པར་ཡང་ང་ཚོར་ཅིི་འདྲའི་གྱོང་གུན་ཆེན་པོ་ཞིག་ཕོག་ཉེན་མི་འདུག་གམ།

    འོན་ཀྱང་། ང་ཚོ་ས་མཐའི་ཡུལ་ན་སྔར་རྒྱུན་བཞིན། སྐད་ཤོད་སྟངས་ཇི་འདྲ་ཡིན་ན་ཡང་གཡོལ་ཐབས་ཙམ་གྱི་ངག་རྒྱུན་ཞིག་མ་ཡིན་པར་དོན་དམ་དུ་གཞན་དབང་སྟབས་བསྟུན་ཞེས་པའི་ཐ་སྙད་དེའི་འོག་ཏུ་མགོ་བོ་སྒུར་བཞིན། ཆེ་ས་ནས་ཟས་བཅད་ངོ་རྒོལ་དང་། ཞི་བའི་གོམ་བགྲོད། གྲོང་ཁྱེར་ཆེ་ཁག་ལ་རྔམ་སྟོན་ཁྲོམ་སྐོར། རྒྱ་གཞུང་གི་གཞུང་ཚབ་ཁག་གི་གཡས་གཡོན་དུ་ངར་ངར་ཤོར་ཤོར་གྱི་སྐད་འབོད་བྱ་རྒྱུ། དྲིལ་བསྒྲགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་རྒྱུ། དེ་མིན་གསོལ་བ་སྨོན་ལམ་འདེབས་པ་དང་། རྗེས་དྲན་མཆོད་འབུལ་བྱས་ཏེ་སྐབས་དེ་དང་དེར་བཏོན་པའི་དགོས་འདུན་དང་། སྐབས་དེ་དེའི་བོད་ནང་གི་ཛ་དྲག་གནས་ཚུལ་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་བྱས་པའི་ལོ་རྒྱུས་ཀྱི་རི་མོ་ཙམ་དུ་ཟད།

    ང་ཚོས་མི་ལོ་ལྔ་བཅུའི་རིང་བཙན་བྱོལ་ནང་དུ་སྤེལ་བའི་ལས་འགུལ་གྱི་ཁ་གྲངས་བརྩིས་ན་གང་མང་ཞིག་སྤེལ་ཡོད་ན་ཡང་། བོད་མི་རིགས་ཀྱི་རྩ་དོན་ཐོག་གྲུབ་འབྲས་འདི་ཡིན་ཞེས་ཐོན་མེད་པ་དེ་ཅི་ཡིས་ལན་པ་ཡིན་ནམ། གཞན་དབང་སྟབས་བསྟུན་ཟེར་བ་དེ་རང་ལ་ཐུག་པ་རེད་དམ། ཡང་ན་དོན་གྱི་བདག་པོ་གཞིས་ལུས་བོད་རྒྱ་ཆེའི་མི་མང་རྣམས་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནམ།

    མདོར་ན། ང་དང་ང་འདྲ་བའི་གང་ཟག་མི་ཉུང་བ་ཞིག་གི་ཀླད་པའི་ནང་དུ་དྲི་རྟགས་ཇེ་མང་ནས་ཇེ་མང་དུ་འགྲོ་གིན་འདུག་ལ། འབྱུང་འགྱུར་གྱི་ལམ་ཕྲན་དེ་ནི་ཇེ་རྩུབ་ཇེ་རྩུབ་ཏུ་འགྲོ་རྒྱུ་ཡིན་མ་ཟད། གཡང་གཟར་གྱི་ལམ་འཕྲང་དང་འཇིགས་རུང་གི་འགག་འཕྲང་དེ་དག་ལ་སུས་ཀྱང་འཇིགས་པ་མེད་པར་ཤར་བསྐྱོད་བྱ་རྒྱུ་ཡིན་པ་སྨྲོས་མེད་མ་ཡིན་ནམ།།

    Reply
  6. བསེ་རུ། says:
    ལོ་ 16 སྔོན།

    རྒྱ་གཞུང་གི་འབྲེལ་ཡོད་མི་སྣས་”ཀྲུང་གོའི་རྒྱལ་ཁབ་ལ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ཡོད་དང་མེད་ལ་ཁྱད་པར་སྤུ་ཙམ་མེད་”ཅེས་བཤད་པ་འདིའི་རྒྱབ་ལྗོངས་ནས་ནམ་ཞིག་བོད་མི་རིགས་ཀྱི་རྒྱ་གཞུང་ལ་ངོ་རྒོལ་བྱ་རྒྱུ་དེ་ཛ་དྲག་རྣོ་ངར་ཅན་དུ་རིམ་པར་སོང་ཚེ། ཁོང་ཚོས་ཀྲུང་གོའི་རྒྱལ་ཁབ་ལ་བོད་མི་རིགས་ཟེར་བ་དེ་ཡོད་དང་མེད་ལ་ཁྱད་པར་སྤུ་ཙམ་ཡང་མེད་ཅེས་ཀྱང་ཤོད་སྲིད་པ་ཞིག་མ་རེད་དམ།

    Reply
  7. བློ་བཟང་། says:
    ལོ་ 16 སྔོན།

    སྲིད་གཞུང་གིས་བཀའ་ལྟར། དཀར་མཛེས་ཁུལ་ཁོང་གཏོགས། རྫོང་ཁུལ་རྣམས་སུ་འབྲོག་པ་སྡད་ས་ཁང་པ་གསར་པ་བཟོ་རྒྱུ་གཏན་འཁེལ་ཡོད་འདུག དེ་ཡང་ལམ་ཆེན་གཡས་གཡོན་མིས་དངོས་སུ་མཐོང་སར་བཟོ་དགོས་པ་ལས། དེ་མིན་ལུང་པ་ཁུག་རྐྱོག་རྣམས་སུ་བཟོ་མི་ཆོག་པའི་བཙན་བཀའ་བཏང་འདུག དེས་གང་མཚོན་འདུག་གམ།

    Reply
  8. བློ་བཟང་། says:
    ལོ་ 16 སྔོན།

    རྒྱ་ནག་གི་ལྟ་སྤྱོད་དང་མི་མཐུན་མཁན་ཚང་མ་གསོད་རྒྱུ་རེད་དམ། པན་ཆེན་ཆུང་སྲིད་རིན་པོ་ཆེ་ལྟར་བྱ་བགྱི་རེད། གང་ལྟར་རྩ་མེད་བཟོ་བའི་སྲིད་ཅུས་ཡིན་ས་རེད།

    Reply
  9. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཞྭ་ནག་ཅན་འདི་རྒྱལ་བ་ཀརྨ་པ་ཡིན་མདོག་སྟོན་པ་ནི་ཡིན་རྒྱུ་མ་རེད་པ། རང་མིང་ཙམ་ཡང་བཤད་མི་ཕོད་པའི་དྲ་གྲོགས་འདི་ཚོ་གང་གིས་ལན་པ་ཡིན་ནམ།

    Reply
  10. གནམ་ལྕགས། says:
    ལོ་ 16 སྔོན།

    ཞྭ་ནག་པ་བློ་གྲོས་ལགས། ཁྱེད་ཀྱིས་ངའི་ཟིན་བྲིས་ཀྱི་ངོ་སྤྲོད་གཤམ་དུ་དབྱིན་ཡིག་གི་ཁ་བྱང་ཞིག་ཡོད་པ་དེ་དཔར་གློག་བྱས་ཏེ་ཁ་བྱང་རྒྱག་སར་རྒྱོབས་དང་གླེང་མོལ་ཁང་རང་བཞིན་གྱིས་སྒོ་ཕྱེས་འོང་།

    Reply
  11. ཞྭ་ནག་བློ་གྲོས། says:
    ལོ་ 16 སྔོན།

    གླེང་མོལ་ཁང་གང་ན་ཡོད་རེད། ངས་དྲ་ཚིགས་འདི་ལས་གཞན་པ་ཤེས་ཀི་མེད།ལམ་སྟོན་ཞིག་གནང་རྒྱུ་མཁྱེན།

    Reply
  12. ཞྭ་ནག་བློ་གྲོས། says:
    ལོ་ 16 སྔོན།

    ང་རྩོམ་པ་པོ་ལོ་ཆུང་ཞིག་ཡིན། སློབ་ཕྲུག་ཅིག་ཡིན། འཛྀན་གྲྭ་བཅུ་པ་ཐོན་པ་ཞིག་ཡིན།ད་ལྟ་གུང་སེང་ཡིན། ང་སྙན་ངག་འབྲི་རྒྱུར་དགའ་པོ་ཡོད། ཡིན་ནའང། ན་ནིང་ནས་མ་དགའ་བ་ཞིག་ཆགས་སོང་། རྒྱུ་མཚན་ནི། ངའི་དགེ་རྒན་གྱིས་སྙན་ངག་བྲིས་ནས་ཆོ་ག་རེ་ཡོད་རེད། དེ་སུས་ཀྱང་འ
    བྲི་ཤེས་ཀྱིརེད། དེ་ལས་རྩོམ་བྲིས་ན་ཡག་པོ་ཡོད་པ་རེད་ལབ་སོང་། དེ་ནས་བཟུང་ང་སྙན་ངག་ལ་མོི་དགའ་བ་ཞྀག་བྱས་སོང་། ཡིན་ནའང། ང་སྙན་ངག་པ་ཞིག་ལ་ཐུབ་མ་མྱོང་། དེ་རིང་ཁྱེད་རང་ལ་དེའི་སྐོར་ནས་སྐད་ཆ་ཞིག་བཤད་རྒྱུ་ཡོད་ན་གསུང་རོགས། ཟླ་བ་གཅིག་གི་གུང་སེང་ལ་ངས་སྙན་ངག་སྦྱོང་གི་ཡོད། ཆོ་ཡོད་ན་མེད་ན་ཅིག་སྦྱོང་བསམ་པ་ཡིན།

    Reply
  13. གནམ་ལྕགས། says:
    ལོ་ 16 སྔོན།

    ཞྭ་ནག་བློ་གྲོས་ལགས། གླེང་མོལ་ཁང་དུ་ཞོག་དང་།་དེ་ནས་ཐུག་ཆོག

    Reply
  14. གནམ་ལྕགས། says:
    ལོ་ 16 སྔོན།

    ཡོད། ང་དྲ་ཐོག་ན་ཡོད། ཁྱོད་ལ་ག་རེ་ཡོད་ན་ཤོད་དང་།

    Reply
  15. ཞྭ་ནག་བློ་གྲོས། says:
    ལོ་ 16 སྔོན།

    གནམ་ལྕགས་ལགས།

    དྲ་ཐོག་ན་ཡོད་དམ། ཡོད་ནས་ཁོམ་པ་ཡོད་དམ། ཅིག་ཞུ་རྒྱུ་ཡོད།

    Reply
  16. ཞྭ་ནག་བློ་གྲོས། says:
    ལོ་ 16 སྔོན།

    ཉིས་སྟོང་བརྒྱད་ལོའི་རྗེས་དེར། རྒྱ་ནག་གི་མཁས་པ་དང་ཁྲིམས་རྩོད་པ་ཁག་ཅིག་གིས་སྙན་ཐོ་ཞིག་བཏོན་པ་དེའི་ནང་། ངོ་རྒོལ་ནང་ཞུགས་མཁན་མང་ཆེ་བ་གཞོན་སྐྱེས་རེད། གཞོན་སྐྱེས་དེ་ཚོས་བརྒྱ་ཆ་བརྒྱད་ཅུ་ཟིན་འདུག་ཅེས་བྲིས་འདུག ད་དུང་གཞོན་སྐྱེས་དེ་ཚོར་རང་ཉིད་རྒྱ་ནག་གི་སྤྱི་འབངས་ཡིན་པའི་ཚོར་སེམས་མི་འདུག་ཅེས་བྲིས་འདུག ངོ་མ་ཛ་དྲག་རེད་ཡ། ཡིན་ནའང། ཏང་གིས་དེ་ཁས་ལེན་གྱི་ཡོད་པ་མ་རེད།

    Reply
  17. གནམ་ལྕགས། says:
    ལོ་ 16 སྔོན།

    བྷིན་ལ་ཌིན་གྱིས་བཤད་པ་བཞིན། བྷིན་ལ་ཌིན་གཅིག་བུ་གཅིག་བསད་མ་བསད་མེད། ཨེ་རག་གི་ལུང་བ་ཚང་མ་བྷིན་ལ་ཌིན་གྱིས་ཁེངས་ཡོད་ཟེར་བ་ལྟར་བོད་པའི་ཕྲུ་གུ་ཚོ་བཙོན་དུ་བཅུག་སྟེ་ཁ་བྲལ་བའི་སྟོབས་ཤུགས་ཉམ་དམས་སུ་གཏོང་བ་ནི་འུ་ཐུག་པའི་རྟགས་རེད། བཅུ་ཁྲིམས་ཁང་དུ་བཅུག་ན་སང་ཉིན་ཉི་ཤུ་ཡོང་གི་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese