མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁམས་འབྲི་རུའི་སློབ་ཆུང་ནས་ནུབ་བྱང་མི་རིགས་སློབ་ཆེན་བར། གཡུ་དྲུག་དཀར།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

གཡུ་དྲུག་དཀར། ས་རཱ།

དེ་རིང་༼ཕྱི་ཟླ་༤པའི་ཚེས་༧ཉིན།༽ཡང་ནམ་རྒྱུན་ལྟར་སློབ་གྲྭྭའི་དཔེ་མཛོད་ཁང་གི་རྒན་ལགས་ཀྱི་ཁོམ་ལོང་དང་བསྟུན་ནས་ཁོང་གི་གློག་ཀླད་མདུན་ནས་ཁ་བརྡ་དྲ་ཤོག་གི་ཁ་ཕྱེས་པ་ཡིན། དེ་རུ་རྩོམ་པ་པོ་ཐེའུ་རང་དང་ཞོགས་ལྗང་གཉིས་འཛིན་བཟུང་བྱས་པའི་སྐོར་གྱི་གནས་ཚུལ་ཐུང་ངུ་ཞིག་བཀོད་འདུག ཡིག་འབྲུ་རེ་རེ་བཞིན་འགོ་ནས་མཇུག་བར་བཀླགས་པ་ཡིན་ཏེ། གནས་ཚུལ་མང་པོ་མི་འདུག་པས་ངའི་འདོད་པ་ག་ལ་ཚིམ། སྟབས་ཡག་པ་ཞིག་ལ་གནས་ཚུལ་ཐུང་ངུ་དེའི་མཇུག་ཏུ་གསར་འགྱུར་དེ་འོད་དཀར་དྲ་ཚིགས་ལས་དྲངས་ཚུལ་གསལ་བཤད་བྱས་འདུག་པས། ཡིད་ལ་རེ་བ་གསར་བ་ཞིག་བཅངས་ནས་དྲ་འབྲེལ་ཁྲོད་ཀྱི་དྲ་བྱང་རིམ་པའི་ཁྲོད་ནས་འོད་དཀར་དྲ་ཚིགས་ཀྱི་དྲ་བྱང་སྟེང་ལ་རྡེག་སྣོན་བྱས་ཏེ་སྒུག་དགོས་བྱུང༌། བརྡ་རྟགས་ལྷོད་ཙམ་འདུག་པས་ཅུང་ཙམ་ལ་རེ་ལྟོས་ཀྱི་མིག་ཟུང་སྔོ་ཐིང་ཐིང་གི་ཤེལ་ངོས་སུ་ཅེར་ནས་བསྡད། དུས་ཡུན་རིང་ཐུང་ཅི་ཙམ་ལ་བསྡད་པ་ཚོར་མ་སོང་སྟེ། ངའི་བསམ་པར་འགོར་ཡུན་རིང་དྲགས་པའི་ཉམས་སྣང་ཞིག་བྱུང་བ་དང་སེམས་པ་ཟིང་ཟིང་དུ་གྱུར།

འོད་དཀར་དྲ་ཚིགས་ཀྱི་ཁ་ཕྱེས་མ་ཐག་མྱི་སྟུག་གཉིས་ཀྱི་སྐུ་འདྲ་རེ་ཡང་མཇལ་རྒྱུ་འདུག་པར། ངོ་མ་ལྟ་སྙིང་འདོད་པ་ཞིག་ཅིས་ཀྱང་རེད་ལ། ལྟོས་ཀྱིན་ལྟོས་ཀྱིན་ཚིམ་རྒྱུའང་མི་འདུག རིམ་བཞིན་གསར་འགྱུར་གྱི་འགོ་ནས་མཇུག་བར་སེམས་ཀྱིས་བཀླགས། དེ་རུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་དག་གི་གནས་ཚུལ་དང་དེ་གའི་སློབ་མ་ཞོགས་ལྗང་ལགས་ཀྱི་ཁ་བརྡ་དུམ་བུ་ཞིག་ཀྱང་བཀོད་འདུག་པ་ཡོངས་རྫོགས་བཀླགས། མཐའ་མཇུག་སེམས་ཁྲལ་དང་སྐྲག་སྣང་འདྲེས་མའི་སྦྲིད་ཚོར་ཞིག་གིས་ངའི་སེམས་ཁམས་ཡོངས་སུ་མནན་ཏེ་ཅི་ཡང་དྲན་རྒྱུ་མེད་པ་ལྟར་སྣང༌། འདི་ནི་ནམ་རྒྱུན་གྱི་སྣང་ཚུལ་ཞིག་སྟེ། གསར་འགྱུར་གྱི་མདུན་ངོས་སུ་གཞིས་ཀྱི་འཇིགས་སྣང་མཐོང་བའི་སྐབས་དེ་དག་ཏུ། ངས་ཡིད་ལ་ཅི་ཞིག་དྲན་དགོས་པའང་མི་ཤེས་ལ། སྙིང་ཁམས་མི་བདེ་ཡང་སེམས་འཚབ་བེ་འཚུབ་བེར་སྡོད་ས་གཅིག་ནས་སྡོད་མི་འདོད་པའི་སྣང་བ་ཞིག་འགོག་མེད་དུ་འཆར་བ་ལས། ཡིད་ལ་ད་ནི་འདི་འདྲ་ཞིག་བྱས་ན་དགའ་ཨང་སྙམ་པ་ཞིག་དྲན་རྒྱུ་མི་འདུག་ལ། དེའང་ཕལ་ཆེར་ང་རང་ཉིད་ཀྱིས་ཁོང་ཚོའི་ལུས་སྟེང་གི་བ་སྤུ་ཙམ་ལའང་འགན་ལེན་བྱེད་མི་ཐུབ་པས་ཡིན་པ་འདྲ།

ཅི་ཡང་དྲན་རྒྱུ་མེད་པའི་བར་བཀླགས་དེ་ནས་དབུགས་རིང་ཞིག་འཕངས་རྗེས། ངས་བོད་ཀྱི་དུས་བབ་དྲ་ངོས་སུ་གོ་རྒྱུ་གཞན་པ་འདྲ་ཨེ་ཡོད་སྙམ་ནས་མདའ་རྩེ་དུས་བབ་དྲ་བྱང་སྟེང་ལ་བཞག་སྟེ་ཤུགས་ཀྱིས་རྡེག་སྣོན་བྱས། བློ་ཡུལ་ལས་འདས་པ་ཞིག་ལ་དྲ་ཤོག་གི་ཁ་ཕྱེས་མ་ཐག་ངས་མིག་ལམ་དུ་མངོན་པ་ནི་ཁམས་འབྲི་རུའི་སློབ་ཆུང་སློབ་མ་དག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སློབ་ཕྲུག་ཉི་ཤུ་འཛིན་བཟུང་བྱས་པའི་སྐོར་གྱི་གསར་འགྱུར་དེ་རེད། གསར་འགྱུར་འདི་བཀླགས་གྲུབ་རྗེས། ངའི་སེམས་པ་སྔར་ལས་ཀྱང་ཁ་ཕྱོགས་མེད་པར་གྱུར་སོང་ལ། ངའི་སེམས་ལ་དེ་བས་ཀྱང་ཅི་ཡང་དྲན་རྒྱུ་མི་འདུག དེ་ནི་ཕལ་ཆེར་སློབ་ཆུང་སློབ་མས་སྲིད་གཞུང་གི་ལོག་སྤྱོད་ལ་ངོ་རྒོལ་བྱས་འདུག་ཟེར་བ་ཞིག་ང་རང་གི་མི་ཚེ་ནང་གོ་ཐེངས་དང་པོ་ཡིན་པས་སྲིད།(གཅིག་བྱས་ན་འཛམ་གླིང་སྟེང་གི་ཐོག་མ་ཡིན་ཡང་སྲིད།) གང་ལྟར། ང་ངོ་མ་ཧ་ལས་བ་ལྟ་བུར་གྱུར་སོང༌།

དེ་ནས་ངས་ད་དུང་ཉེ་ཆར་གྱི་རྨ་ཆུའི་སློབ་འབྲིང་སློབ་མའི་ངོ་རྒོལ་དོན་རྐྱེན་དང༌། ཞོན་ཧྭ་བོད་ཡིག་སློབ་འབྲིང་གི་ངོ་རྒོལ་དོན་རྐྱེན། གཙོས་སློབ་འབྲིང་གི་ངོ་རྒོལ་དོན་རྐྱེན། ཉིན་ཤས་སྔོན་གྱི་རྔ་བ་འབར་ཁམས་སློབ་འབྲིང་གི་ངོ་རྒོལ་དོན་རྐྱེན་བཅས་རེ་རེ་ནས་སེམས་ནས་སྣོག་གིན། བྱེས་ཀྱི་རང་དབང་ལུང་པའི་སློབ་ཆུང་སློབ་འབྲིང་དང༌། སློབ་ཆེན་སློབ་མ་ང་ཚོ་ད་དུང་འདི་ལྟར་ཁུ་སིམ་མེར་སྡོད་པ་ནི་ཅི་འདྲའི་ཡ་ང་བ་དང༌། ཅི་འདྲའི་ངོ་གནོངས་བ་དང༌། ཅི་འདྲའི་རྒྱུ་འབྲས་མེད་པ་ཞིག་རེད་ཨང་སྙམ་ནས་རང་སྟེང་ལ་སྙིང་ན་ཞིང༌། རང་ཉིད་ལ་ཡིད་ཆད་པས། ཡུན་ཙམ་ལ་ཀློག་ཀླད་ཀྱི་མདུན་ནས་གྲགས་འགུལ་ཅི་ཡང་མེད་པར་ལྷག སེམས་ཁ་ཕྱིར་འཁོར་མཚམས་ངས་དུས་བབ་དྲ་ཤོག་གི་གཡོན་ངོས་ཀྱི་ཐེའུ་རང་དང་ཞོགས་ལྗང་གཉིས་འཛིན་བཟུང་སྐོར་གྱི་གསར་འགྱུར་དེ་བཀླགས་པ་དང༌། དེ་ནས་གཡས་ཕྱོགས་ཀྱི་ཆེད་རྩོམ་དག་གི་དབུ་རུ་ཞོགས་ལྗང་ལགས་ཀྱི་རྩོམ་ཡིག་<<བྱེས་སྡོད་བོད་མི་དག་ལ་ངེས་བར་དུ་བཤད་དགོས་པ་འགའ་>>ཞེས་པ་བཀོད་འདུག་པ་ནན་ཏན་གྱིས་ཀློག་འགོ་བརྩམས་ཤིང༌། རྩོམ་ཡིག་དེའི་སྐད་ཆ་རེ་རེས་ང་ལ་ཚ་འདྲི་བྱེད་ཀྱིན་མཇུག་ཏུ་སླེབས་དུས། ངའི་ལུས་ལ་ཚ་བ་རྒྱས་འདུག་པ་དང་ངོ་མདངས་དམར་པོར་གྱུར་འདུག་པ་ང་རང་ཉིད་ཀྱིས་ཀྱང་ཚོར་བྱུང༌། རྒྱུ་མཚན་ནི་འདི་ལྟར་དགྲ་ལག་ཏུ་ཤོར་བའི་ཁོང་ཚོ་བསམ་ན། ང་ངོ་མ་སྐྲག་ནི་ཞིག་རེད། ཡག་ཉེས་ང་རང་ཚོས་ཅི་ཞིག་བྱེད་ཀྱིན་ཡོད་མེད་ལ་བསམ་ན། ང་དེ་བས་ཀྱང་ཞེད་ཐག་ཆོད་འགྲོ།

འདི་ལྟར་གློག་ཀླད་ཀྱི་མདུན་ནས་ཞེད་སྣང་དང་སྐྲག་སྣང་གི་ཀློང་དུ་ཕྱི་དྲོའི་དཔེ་མཛོད་ཁང་གི་དུས་ཚོད་ཡོངས་སུ་རྫཽགས་སོང༌། དཔེ་མཛོད་ཁང་ནས་ཕྱི་ལོག་ལ་བུད་དུས་ངའི་སེམས་སུ་ངས་སུ་ཞིག་ལ་ཅི་ཞིག་བཤད་དགོས་སྙམ་འདུག་ལ། འདང་ཞིབ་མོར་བརྒྱབས་དུས་དེ་ནི་དེ་རིང་གི་གསར་འགྱུར་དེ་དག་ལས་ཅི། དེ་བས། སློབ་གྲོགས་མང་པོ་ཞིག་ལ་གསར་འགྱུར་འདི་དག་སྐད་གསེང་མཐོན་པོས་བཤད་མོད། སེམས་པ་ད་དུང་བདེ་ལ་འབབ་མི་ཐུབ་པས། སླར་ཡང་གྲོགས་པོ་ཞིག་གི་གློག་ཀླད་མདུན་ནས་མཚན་གུང་བར་འདི་ལྟར་ཁེར་ལབ་རྒྱག་བཞིན་སྡོད་དགོས་བྱུང༌།། 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 9

  1. ནགས་མེ། says:
    ལོ་ 16 སྔོན།

    རེད། ཁམས་ནགས་ཤོད་འབྲི་རུ་ཟེར་ནའང་འདྲ། ཁམས་འབྲི་རུ་བོས་ཀྱང་རུང་། དེ་ནི་མིང་གི་རྣམ་གྲངས་ཙམ་རེད། སྤྱིར་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཇི་སྙེད་ཀྱི་ནང་དུ་ནགས་ཤོད་ཅེས་པ་འདི་གསལ་ཡོད་པ་ལས་འབྲི་རུ་ཅེས་པ་འཁོད་མེད། དེས་ན་ནགས་ཤོད་ཅེས་པ་འདི་མིང་བརྡ་འདི་རྙིང་པ་ཞིག་དང་། འབྲི་རུ་ཞེས་པ་འདི་རྡ་གསར་ལྟ་བུ་ཞིག་ཡིན་གྱི་ཨེ་རེད་སྙམ་ཡོད། གང་ལྟར་ཀྱང་སྐབས་འདིའི་ཁམས་ཞེས་པ་འདི་མདོ་སྟོད་དམ་ཁམས་ཁུལ་དུ་གོ་དགོས་པ་ཡིན། མི་རྒན་ཚོར་ནགས་ཤོད་ཅེས་པའི་ཐ་སྙད་འདིར་གོམས་པ་མང་བ་དང་། གཞོན་སྐྱེས་ཚོ་འབྲི་རུ་ཞེས་པ་འདིར་བྱང་ཆེ་བ་མཐོང་།

    Reply
  2. ལྷུན་འགྲུབ་། says:
    ལོ་ 16 སྔོན།

    ནགས་མེ་ལགས།གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ།
    འོང་ཀྱང་ད་དུང་དྲི་བ་ཞིག་འདུག་། ཉིས་ཀྱིས་ནགས་ཤོད་འབྲི་རུ་འམ་ཁམས་འབྲི་རུ་ཞེས་བྲིས་འདུག་། མིང་དེ་གཉིས་གང་ཞིག་སྤྱི་ཚོགས་ནང་ལ་ཁྱབ་ཆེ་བ་ཡོད་དམ།
    ཁམས་འབྲི་རུ་ཞེབ་འབོད་དགོས་དོན་གང་ཡིན་ནམ།
    ལར་ནི་འདིར་ཁམས་ཞེས་པ་འདི་ཁམས་པ་ཞེས་པའི་ཁམས་དེའི་ཁོངས་གཏོགས་ཨེ་ཡིན་། མིན་ན་གང་ཡིན་གསུངས་རོགས་ཞུ།

    Reply
  3. ནགས་མེ། says:
    ལོ་ 16 སྔོན།

    ལྷུན་འགྲུབ་ལགས། ད་ཆ་དུས་རབས་འདིར་སླེབས་ཟིན་པ་རེད། གཞན་པ་ཚོས་སའི་གོ་ལའི་གྲོང་ཚོ་ཞེས་པའི་སྐད་ཆ་འདི་ཡོད་པ་རེད། འོ་ནའང་། ང་ཚོས་བོད་ཀྱི་ས་ཆ་ཙམ་ཡང་རྒྱུས་མངའ་མེད་པ་དང་། ས་ཁྲ་བལྟ་མི་ཤེས་པ་འདི་ནི་ཆེས་རྗེས་ལུས་ཀྱི་རྣམ་འགྱུར་ཁོ་ན་རེད། ཡིན་ནའང་། དེ་རིང་ངས་ཁྱོད་ལ་ངོ་སྤྲོད་རོབ་ཙམ་ཞུས་ན། ནགས་ཤོད་འབྲི་རུའམ་ཁམས་འབྲི་རུ་ཞེས་པའི་ས་ཆ་འདི་ནི་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་ཆགས་པའི་ས་མ་འབྲོག་གི་རྫོང་ཞིག་རེད། འདིའི་ཤར་ན་ཁྱུང་པོ་སྟེང་ཆེན་དང་། ལྷོ་རུ་ལྕང་ར་དཔལ་འབར་བཅས་ས་འབྲེལ་ནས་ཡོད། མི་འབོར་ཁྲི་ལྔ་ཡས་མས་ཤིག་དང་། སྤྱིའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྤྱི་ཁྲི་༣༧༠༠ཙམ་ཡོད་པ་བཅས།

    Reply
  4. གཡང་ལགས། says:
    ལོ་ 16 སྔོན།

    སློབ་མ་རྣམས་རང་གི་རྐང་པ་གཉིས་བཙུགས་ནས་ཡར་ལངས་འདོད་པ་རེད། རང་གི་མགོ་བོས་བསམ་མནོ་གཏོང་འདོད་པ་རེད། རྗེས་སུ་ཡི་རང་།

    Reply
  5. མགོ་རུལ། says:
    ལོ་ 16 སྔོན།

    སེང་རྡོར་དྲ་བའི་ཁ་འབྱེད་ཨེ་ཐུབ་ཀི

    Reply
  6. ལྷུན་འགྲུབ་། says:
    ལོ་ 16 སྔོན།

    དྲ་གྲོགས་རྣགས་། ཁམས་འབྲི་རུ་ཞེས་པ་དེ་བོད་ཀྱི་ས་ཕྱོགས་གང་ལ་ཡོད་མེད་
    ངོ་སྤྲོད་ཤིག་གནང་རོགས་ཞུ།

    Reply
  7. བསེ་རུ། says:
    ལོ་ 16 སྔོན།

    གནས་འདི་ནས་མི་ལོ་ལྔ་བཅུའི་རིང་འཕག་འཚག་དྲུག་གསུམ་བཅོ་བརྒྱད་བརྒྱབས་པར་གླེང་ན་ཡང་། མདོར་ན། གཞན་དབང་སྟབས་བསྟུན་གྱི་ལྕགས་སྒྲོག་ལས་ནམ་ཡང་ཐར་ཐབས་མ་མཆིས།

    Reply
  8. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    མཚོ་རླབས་ལྟ་བུའི་བོད་ནང་གི་གྱེན་ལོག་གི་ལས་འགུལ་འདི་དག་གཅིག་རྒྱབ་གཅིག་འདེད་ཀྱིས་འཕྱུར་ཏེ། ད་ནི་ལྦུ་བ་དག་ཀྱང་མཚོ་རླབས་དུ་འགྱུར་བཞིན་འདུག འོན་ཀྱང་གནས་འདི་ནས་ལྦུ་བ་དཀོན་ལ་ཡོད་ཀྱང་མཚཽ་རླབས་དུ་མ་འགྱུར་སྔོན་ནས་ནུབ་ཕྱོགས་ཀྱི་རླུང་བུས་འཁྱེར་འགྲོ།

    Reply
  9. ལྷ་མོ། says:
    ལོ་ 16 སྔོན།

    གཡུ་དྲུག་དཀར་ལགས། བཀྲ་ཤིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese