རྡོ་རྗེ་རིན་ཆེན།
ཁང་རྡོར་ལགས་ཀྱི་དཔྱད་བརྗོད་བྱིངས་ལ་དེ་དེ་བཞིན་ནོ་ཞུ་རྒྱུ་ལས་དམིགས་བསལ་ལྟ་ཚུལ་མེད། འོན་ཀྱང་གནད་དོན་འགའ་ཤས་ཐད་སྤྲིངས་ཡིག་འདི་བརྒྱུད་བསམ་ཚུལ་བསྡུར་འདོད་ལས་ཐད་ཀར་དགག་བྱ་བྱེད་ཀྱིན་མེད་པའང་ཞོར་ལ་གསལ་འདེབས་ཞུ་རྒྱུ་ཡིན།
དང་ཐོག་བཤད་འདོད་པ་ནི་གནས་ཚུལ་གང་ཡིན་ཡང་རྒྱུ་རྐྱེན་དང་འབྲེལ་ཞིང༌། རྒྱུ་ རྐྱེན་དེ་དག་ལའང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རེ་ཡོད་པ་ལྟར་ལོ་རྒྱུས་ཀྱི་དོན་དངོས་རང་བཞིན་ལ་བལྟས་ཏེ། ད་གཟོད་བླང་དོར་གྱི་གནས་ལ་ཚུལ་བཞིན་དཔྱད་ན་ནི་སྨྲ་བ་བོ་ཚད་མར་འཛིན་པ་ཡིན།
ཁང རྡོར་ལགས་ཀྱིས་ང་ཚོའི་གཞུང་ལ་དད་པ་ཞུ་ཡུལ་གྱི་བླ་ཆེན་བླ་ན་མེད་པ་ཞིག་ཡོད་པ་ལས། གཞན་དམག་དཔུང་དང་སྒྲིག་འཛུགས་ཚགས་ཚུད་པོ་གང་ཡང་མེད། ཅེས་གསུངས་འདུག ངས་བལྟས་ན་ང་ཚོར་དམིགས་བསལ་དམག་དཔུང་མེད་པ་དེ་ཡང་དགོས་དབང་ཞིག་ཡིན་པར་སྙམ།
འགྲོ་མགོན་ཆོས་འཕགས་ལ་ཆེན་པོ་ཧོར་གྱིས་བོད་ཆོལ་ཁ་གསུམ་གྱི་བདག་དབང་ཕུལ་བ་དང༌། ༧གོང་ས་ལྔ་བ་ཆེན་པོར་གོ་ཤྲི་བསྟན་འཛིན་གྱིས་ཤར་དར་རྩེ་མདོ་ནས་ནུབ་ལ་དྭགས་ཚུན་གྱི་ས་སྡེ་མི་གསུམ་ལྷ་འབངས་སུ་ཕུལ་པ། ཆིན་གོང་མ་ཧྲུན་ཀྲི་རྒྱལ་ས་ཅིན་ཁྲིན་ནས་ལེ་དབར་བཞི་བཅུའི་སར་༧གོང་ས་ལྔ་བ་ཆེན་པོར་ཕེབས་བསུར་བཅར་པ་དེ་ཡང་བོད་དམག་གི་སྒྲིག་འཛུགས་དང་སྟོབས་ཤུགས་ལ་བརྟེན་པ་ཞིག་མིན།
གལ་ཏེ་ང་ཚོར་བོད་མིའི་གནས་བབ་ལ་དཔག་པའི་དམག་དཔུང་ཞིག་ཡོད་པའི་དབང་དུ་བཏང་ནའང༌། ལོ་རྒྱུས་ཀྱི་གོད་ཆག་དེའི་ནང་ང་ཚོའི་དམག་མི་ཁྲི་ཁ་ཤས་ཀྱིས་རྒྱ་དམག་འབུམ་ཚོ་མང་པོར་འཐབ་པས་མི་བཏུབ་མ་ཟད། རང་གཞན་གཉིས་ཀར་ཤི་རྨས་ཚབས་ཆེན་ཐེབས་པའི་མཇུག་འབྲས་ད་ལྟའི་རང་བཞིན་འདི་ལྟར་འགྱུར་རྒྱུར་ཡང་ སྔོན་དཔགས་ཐུབ་པ་ཞིག་རེད།
ལར་ནས་ང་ཚོའི་དབུ་ ཁྲིད་དེ་དམག་དཔུང་ལྡན་པའི་སྒྲིག་འཛུགས་ཤིག་གི་མགོ་གཙོ་ཡིན་ན། འཛམ་ གླིང་ནང་ཁོང་གི་མཚན་མཐོང་དེ་ཙམ་རྒྱས་པ་དང་ལྷག་པར་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེ་གཟེངས་རྟགས། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་སོགས་ཀྱང་གནས་ཚུལ་གཞན་ཞིག་ཆགས་སྲིད།
ཡང་གཅིག་བཤད་ན་དུས་རབས་བཅུ་གསུམ་པའི་ནང་སོག་པོའི་དམག་གི་སྟོབས་ཤུགས་རྒྱ་ནག་ཁྱོན་ཡོངས་མ་ཟད། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་མང་ཞིག་སོག་པོའི་དཔུང་ཆེན་གྱི་རྟ་ཕོའི་རྨིག་ སྒྲས་རྫུས་མྱོང་ཡོད། འོན་ཀྱང་ད་ལྟ་འདི་ལྟར་ དྲན་ཡུལ་ཙམ་དུ་གྱུར་པ་ཡང་དམག་དཔུང་གི་ནུས་པས་མ་འདང་པར་ལན་པ་ཞིག་ཀྱང་ག་ལ་ ཡིན།
གསལ་ བོར་བཤད་ན་བོད་ཀྱི་རྒྱ་སྐྱེད་ནི་ཆོས་ཀྱི་རྒྱ་སྐྱེད་དང༌། སོག་པོའི་རྒྱ་སྐྱེད་ནི་དཔའ་ཡི་རྒྱ་སྐྱེད། དབྱིན་ཇིའི་རྒྱ་སྐྱེད་ནི་མུ་གེའི་རྒྱ་སྐྱེད་ཡིན་ཞེས་མཁས་དབང་དགེ་ཆོས་ལགས་ཀྱིས་གསུངས་ཡོད་ལ། དེ་བཞིན་བོད་ཀྱི་ཆོས་ལ་བརྟེན་ནས་སྲིད་དར་ཚུལ་ཡང་ཁོང་གིས་བཞེད་འདུག
རྒྱུ་མཚན་དེར་བརྟེན་བོད་ལ་དམག་དཔུང་གི་ནུས་པ་མེད་ནའང་ཆོས་ཕྱོགས་ཀྱི་དམག་དཔུང་ བརྟན་པོ་ཞིག་སྲུང་སྐྱོབ་ཐུབ་ཅིང༌། ཆོས་ ཕྱོགས་ཀྱི་དཔུང་ཆེན་དེ་དག་ད་ལྟ་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་སར་སྐྱོད་དེ། བོད་ པ་ཟེར་དུས་འཛམ་གླིང་ནང་ཚང་མས་རྒྱུས་མངའ་ཡོད་པ་ཞིག་དང་དེའི་རིག་གཞུང་རྣམས་ད་ ལྟའི་འཛམ་གླིང་གི་གཅེས་ནོར་ཞིག་ཡིན་པར་ངེས་པ་རྙེད་དུ་བཅུག་ཡོད། དེ་ དག་ནི་ང་ཚོས་རང་གི་གནས་བབ་ཐོག་རང་གི་འཇོན་ཐང་ཞིག་མངོན་ཐུབ་འདུག་ལ། དེ་ ཡང་ཕུགས་དེད་ན་དེའི་སྒྲིག་འཛུགས་ཚགས་ཚུད་པོ་ཞིག་ཡིན་པ་དེར་རེག་ལུས་ཡོད།
ཁང་རྡོར་གྱི་འདོད་པ་ལྟར་ང་ཚོའི་གཞུང་ལ་དད་པ་ཞུ་ཡུལ་གྱི་བླ་ཆེན་བླ་ན་མེད་པ་ཞིག་ཡོད་པ་དེས། དམག་དཔུང་གི་སྒྲིག་འཛུགས་ཀྱང་ཚགས་ཚུད་པོ་ཞིག་བཟོས་ཡོད་ན། ད་ལྟ་ནུབ་ཕྱོགས་པའི་ཁྲོད་རི་མོའི་ལམ་ནས་ཟུར་ཟ་ཤུགས་ཆེར་བྱེད་བཞིན་པ་སྟེ་ཁ་ཆེའི་སྟོན་པ་མོ་ཧན་ མོ་དྷེའི་ཕྱག་གཅིག་ལ་ཆོས་ཀྱི་གསུང་རབ་བསྣམས་ཤིང༌། ཕྱག་གཅིག་ལ་རལ་གྲི་འཕྱར་བའི་མཐུན་དཔེ་གཞན་ཞིག་རང་རེའི་དབུ་ཁྲིད་མཆོག་ཀྱང་ཆགས་རྒྱུ་མ་ཡིན་ནམ།
ངས་འདི་ལྟར་བཤད་ན་ཁྱེད་ཀྱིས་ང་རང་ནི་ཇི་མཛད་ལེགས་མཐོང་ཅན་དང་ྋརྒྱལ་བ་རིན་པོ་ཆེའི་ སྲུང་མ། ཡང་ན་རྙིང་ཞེན་ཅན་ཞིག་ཡིན་པའི་ངེས་པ་འདྲོངས་སྲིད་ཅིང་གཞན་ཁག་ཅིག་གིས་སྡིག་ དམོད་ཀྱང་བྱེད་སྲིད། འོན་ཀྱང་ང་རང་ནི་དུས་དང་རྣམ་པ་ཀུན་ཏུ་རང་གི་བློ་གྲོས་ལ་བརྟེན་ནས་དངོས་ཐོག་ བདེན་འཚོལ་བྱེད་མཁན་ཞིག་ཡིན་ཞེས་ཤོད་རྒྱུ་ཡིན།
བོད་སྤྱི་འབངས་བདེ་ཐབས་སུ་ྋགོང་ས་ལྔ་བ་ཆེན་པོ་ཤོད་ཅི་ལ་ དགོས། རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐབས་ནས་ཐུགས་སྣང་ཡོད་ཀྱང་མི་སྲུན་སྡིག་ཏོའི་ཚོགས་ ཀྱི་བསམ་སྦྱོར་ལ་བརྟེན་ཇི་མཛད་ལག་ལེན་དུ་བསྟར་ཐབས་མ་བྱུང་བའི་ཚུལ་རྣམས་ལ་ བསམ་ཚེ་སྙིང་གི་རུས་པའི་གཏིང་ནས་མཆི་མ་དཀུ་རྒྱུ་ཞིག་མི་འདུག་གམ།
ཁྱེད་ཀྱིས་ངས་སྐད་ཆ་རྡོག་རྡོག་ཅིག་བཤད། ྋརྒྱལ་དབང་ལྔ་བ་ཆེན་པོས་འབྲི་དགོས་པ་བཀའ་ཤོག་མང་ཙམ་བྲིས་ཏེ་མདོ་སྟོད་སྨད་ དུ་བཀྲམས་ནས་དེ་ཚོ་དབང་དུ་བསྡུ་ཐབས་མི་བྱེད་པར་འབྲི་མི་དགོས་པ་སྙན་ངག་བྲིས་ ནས་བཞུགས་པ་དེ་སློབ་གྲྭ་འཛུགས་པའི་དུས་ཚོད་མ་བྱུང་ནས་རེད་དུས་ཚོད་བྱུང་ནས་ རེད། དབང་ཆ་སྤྲོད་དགོས་ས་བོད་པ་ཞིག་ལ་དབང་མ་སྤྲད་པར་སྤྲོད་མི་དགོས་ས་སོག་རིགས་ ཤིག་ལ་རྒྱལ་པོའི་དབང་གནང་བ་འདི་ཅི་རེད། ཅེས་ཤོད་འདུག
བརྒྱ་ཕྲག་བཅུ་དྲུག་དང་བཅུ་བདུན་གཉིས་ཀར་བོད་དབུས་གཙང་གི་ སྤྱི་ཚོགས་དེ་དབང་ཆ་དང་གྲུབ་མཐའི་འཐབ་རྩོད་ཁྲོད་དུ་ལྷུང་ཞིང༌། ྋརྒྱལ་མཆོག་ལྔ་བ་ཆེན་པོའི་ཡབ་ཧོར་བདུད་འདུད་རྡོ་རྗེ་ཡང་བཙོན་ནས་སྐུ་གཤེགས་ འདུག སྡེ་གཟིར་གྱི་ཡོ་ལང་ཆེན་པོ་དེའི་ཁྲོད་ྋགོང་ས་ལྔ་བ་ཆེན་པོས་དགུང་གྲངས་ཉེར་ དྲུག་ཐོག་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ཡང་རང་རྣམ་དུ་བོད་འདིར་མགོ་ཆིངས་ཤིག་ ཡོད་ན་དུས་ཀྱང་བདེ་ཞིང༌། ས་དགེ་བཀར་རྙིང་གསུམ་སོགས་གྲུབ་མཐའ་གཞན་རྣམས་དམིགས་པ་མེད་པའི་དབྱིངས་སུ་ རྒྱས་མི་འདེབས་པར་ཕན་ནམ་སྙམ་པ་བྱུང་ཞེས་པར་ཞིབ་འདིང་གསལ་བོ་ཞིག་རྒྱོབས།
ྋགོང་ས་ལྔ་བ་ཆེན་པོས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་ལོ་ ཕྱི་མར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་བྲིས་པ་དང༌། དེ་ནས་ལོ་གཅིག་གི་རྗེས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཕོ་བྲང་པོ་ཏ་ལ་གསར་ བཞེངས་མཛད་པ་དང་འབྲེལ་ལྷ་སའི་ཇོ་ཁང་གི་དཀར་ཆག་བརྩམས་པ་རྣམས་དྲིན་དུ་མི་ ཆེའམ། སྐབས་དེ་དག་ཏུ་བྲོས་ཐོར་དུ་སོང་བའི་གཙང་བའི་དཔུང་དམག་ལྷག་ལུས་དང་དེའི་ ཕྱོགས་གཏོགས་དང་བཅས་པས་ས་གནས་ཁག་སོ་སོ་ནས་ངོ་ལོག་ཟིང་འཁྲུག་རིམ་པ་དང༌། ལྷོ་འབྲུག་བར་ཡང་དམག་ཐབས་ཀྱིས་སྡོད་བཟོད་མི་བདེ་བའི་ཚུལ་དག་ལ་ཞིབ་ཏུ་སོམས།
སྐབས་དེའི་དབུས་གཙང་གི་སྤྱི་ཚོགས་ཁྱོན་ཡོངས་ཡམ་ཡོམ་ཤིན་ཏུ་ཆེ་ཞིང་བདེ་འཇགས་མེད་ཁར། གྲུབ་མཐའི་དབར་གྱི་འགལ་ཟླའི་རྣོ་ངར་དང༌། མཐའ་དམག་གི་ཉེན་ཁ། འབངས་མིའི་ངོ་ལོག ལྷག་པར་དགའ་ལྡན་ཕོ་བྲང་གི་སྲིད་དབང་གསར་བར་སོག་པོའི་རྒྱབ་རོགས་ལ་མ་བརྟེན་ མཐུ་མེད་དུ་གྱུར་པའི་དུས་ཚོད་འདི་འདྲ་ཞིག་ལ། གཞི་རིམ་མང་ཚོགས་ཁྲོད་སློབ་གྲྭ་བཙུགས་མིན་གྱི་སྐད་ཆ་ནི་སྐབས་དེའི་ཡུལ་དུས་གནས་བབ་དང་འཚམས་པ་ཞིག་རེད་དམ།
ཡིན་ནའང་ྋགོང་ས་ལྔ་བ་ཆེན་པོས་དགའ་ལྡན་ཕོ་བྲང་ལ་ངོ་ལོག་ མཁན་མ་གཏོགས་བོན་པོ་ཚུད་པའི་བོད་ཀྱི་ཆོས་ལུགས་ཁག་རིས་མེད་སྒོ་ནས་བསྐྱངས་ ཤིང་སློབ་གཉེར་བྱེད་ས་དགོན་པ་བཅུ་གསུམ་ཙམ་གསར་འདེབས་དང༌། དེ་བཞིན་དཔེ་རྒྱུན་དཀོན་པ་རྣམས་ཁྱབ་བརྡལ་དུ་གཏོང་སླད་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་དཔར་ཁང༌། རྩེ་པོ་ཏ་ལའི་ལྟག་སྒོའི་རྒྱབ་ཀྱི་དཔར་ཁང་གཉིས་གསར་དུ་བཙུགས། འབྲས་སྤུངས་དགའ་ལྡན་ཕོ་བྲང་ནུབ་མར་གསོ་རིག་འགྲོ་ཕན་གླིང་དང༌། དེ་བཞིན་གཞིས་རྩེ་བསམ་འགྲུབ་རྩེར་གསོ་རིག་དྲང་སྲོང་འདུས་པའི་གླིང༌། རྩེ་ལྷ་དབང་ལྕོག་ཏུ་གསོ་རིག་སློབ་གྲྭ་ཁག་ཅིག་འཛུགས་གནང་མཛད་པ་དེ་དག་ཡུལ་ དུས་གནས་བབ་ལ་དཔག་པའི་བྱས་རྗེས་བླ་མེད་ཅིག་ཏུ་མི་ཚོར་རམ།
གཅིག ཁང་རྡོར་ལགས་ཀྱིས་༧རྒྱལ་དབང་ལྔ་བས་སྙན་ངག་བྲིས་ནས་བསྡད་པ་ལས་བཀའ་ཤོག་དེ་ཙམ་ བྲིས་མེད་པའི་རྣམ་པ་་འདུག ྋགོང་ས་ལྔ་བ་ཆེན་པོར་གསུང་འབུམ་པོ་ཏི་སུམ་ཅུ་ལྷག་ཅིག་བཞུགས་པའི་ཁྲོད་པོ་ཏི་ གཅིག་སྟོད་ལ་དྭགས་ནས་སྨད་མདོ་ཁམས་ཨ་མདོའི་སའི་མཐའ་ལ་ཐུག་པའི་དགོན་ཁག་གཙོ་ བོ་གྱུར་པའི་རྒྱ་བལ་ཧོར་གསུམ་གྱི་དགོན་སྡེ་སོགས་ལ་ཆོས་ཁྲིམས་དང༌། སྤྱི་བྱེ་བྲག་ལེགས་ཉེས་འབྱེད་པའི་ནང་་སློབ་གཉེར་བྱ་ཚུལ་སྐོར་གྱི་བཅའ་ཡིག་ དབུས་ཤོག་སྣ་རིང་མ་བརྒྱ་དང་སོ་གཉིས་ཙམ་དང༌། དེ་བཞིན་མཆོག་དམན་བར་བ་རྣམས་ལ་སྤྲིངས་པའི་ལུག་ཟུང་དང་འབྲེལ་བའི་བསླབ་བྱ་ དབུས་ཤོག་སྣ་རིང་མ་བཞི་བཅུ། རྒྱ་བོད་ཧོར་སོག་གི་ཆེན་པོ་རྣམས་ལ་སྤྲིངས་པའི་བཀའ་ཤོག་ལ་དབུས་ཤོག་སྣ་རིང་མ་ ཉིས་བརྒྱ་ཞེ་དགུ་བཞུགས་འདུག་པ་རྣམས་སུ་སྤྱན་རས་ཅུང་ཟད་ཀྱང་གཡོ་བར་མ་མཛད་པ་ ནི་ཡིད་སྐྱོ།
༧གོང་ས་ལྔ་བ་ཆེན་པོས་ཆོས་ཁྲིམས་གཏན་འབེབས་མཛད་པ་དང་འབྲེལ་གྲུབ་འབྲས་མངོན་གསལ་ཅན་རྣམས་ལ་དེ་མཐུན་གྱི་གཟེངས་བསྟོད་ལམ་ལུགས་ འཛུགས་གནང་མཛད་པ་སོགས་ཕྱག་རྗེས་གང་ཆེ་ཁག་ལ་རྗེས་སུ་ཡི་རང་བྱས་ན་འགྲིག ལྷག་པར་སྐབས་དེར་མདོ་སྨད་མཚོ་སྔོན་ཕྱོགས་ཁག་ཐམས་ཅད་སོག་པོའི་དབང་ཤུགས་འོག་ གནས་པ་དང༌། སོག་པོ་དཔོན་ཁག་ནང་ཕན་ཚུན་མ་བདེ་ན། དགའ་ལྡན་ཕོ་བྲང་གི་ཆོས་སྲིད་ལའང་ཤུགས་རྐྱེན་ཐེབས་པར་དགོངས་ནས། དང་ཐོག་ལས་གཤིན་གྱི་རྗེས་གནང་གི་སྒོ་ནས་་འཛིན་དར་ཡན་དང་་འཛིན་དཱ་ལའི་ཁང་གཉིས་དམ་ཚིག་སྦྲེལ་བ་དང་ཆབས་གཅིག མཚོ་ཁར་དོན་གཅོད་པ་བསོད་ནམས་རྒྱ་མཚོ་ཆེད་གཏོང་གིས་སོག་པོའི་དཔོན་ཁག་ཕན་ཚུན་ ནང་འགལ་མི་བྱེད་པར་ཚང་མས་ྋགོང་ས་ལྔ་བ་ཆེན་པོའི་བཀའ་གསུང་སྤྱི་བོར་ལེན་རྒྱུ་ དམ་བཞག་བྱེད་དུ་བཅུག་པ། རྒྱ་ནག་ལ་ཕེབས་ཏེ་བོད་ཀྱི་ས་མཚམས་སུ་ཕྱིར་འཁོར་སྐབས་བོད་ཀྱི་ཡུལ་ལྷ་ཁག་སོ་ སོར་བསངས་མཆོད་ཀྱི་ཡི་གེ་མཛད་དེ། ལྷ་སྡེ་མི་སྡེ་ཀུན་ལ་ྋརྒྱལ་མཆོག་འདིའི་འཕྲིན་ལས་ཀྱིས་ཟིན་པར་བྱས་པ་རྣམས་ལ་ དགའ་བ་སྒོམ་ན་ཅིར་མི་འོས།
ཡང་གཅིག་བཤད་ན་ྋགོང་ས་ལྔ་བ་ཆེན་པོས་སྙན་འགྲེལ་དབྱངས་ དགྱེས་གླུ་དེ་ཆེད་དུ་སྙན་འགྲེལ་སླད་བྲིས་པ་ཞིག་མིན་པར་སྨོན་འགྲོ་ལོ་ཙཱ་བ་ བསྟེན་ཏེ་སྙན་ངག་སྦྱངས་གྲུབ་པའི་དཔེར་བརྗོད་རྩོམ་རྒྱུགས་སུ་ཕུལ་སྐོར་ཡང་ངག་ རྒྱུན་དུ་གནས་ཡོད། གང་ལྟར་སྙན་འགྲེལ་འདིས་མི་ལོ་སུམ་བརྒྱ་དྲུག་བཅུ་ལྷག་གི་རིང་བོད་ཀྱི་སྙན་ངག་ པ་གང་མང་ཞིག་གསོ་སྐྱོང་གནང་ཡོད་ལ། ད་དུང་ཡང་ཅི་ཙམ་ཞིག་འཕེལ་རྒྱས་འགྲོ་རྒྱུ་མ་ཡིན་ནམ།
གཉིས། ཁང་རྡོར་ལགས་ཀྱིས་ྋགོང་ས་ལྔ་བ་ཆེན་པོས་དབང་ཆ་སྤྲོད་དགོས་ས་བོད་པ་ཞིག་ལ་དབང་ མ་སྤྲད་པར་སྤྲོད་མི་དགོས་ས་སོག་རིགས་ཤིག་ལ་རྒྱལ་པོའི་དབང་གནང་བ་འདི་ཅི་རེད། ཅེས་གསུངས་འདུག སྲིད་དོན་རྒྱལ་རབས་ཀློག་མྱོང་མཁན་ཞིག་ཡིན་ན་འདི་ལྟར་ཤོད་ཅི་ལ་སྲིད། ཡིན་ནའང་དེ་སྐོར་སྲིད་དོན་རྒྱལ་རབས་ན་འདི་ལྟར། གུ་ཤྲིར་ཁང་གིས་བེ་རི་དང༌། སྡེ་སྲིད་གཙང་པ་འཆམ་ལ་ཕབ་སྟེ་བོད་ལྗོངས་ཆོལ་ཁ་གསུམ་གྱི་ས་སྡེ་མི་གསུམ་ཏཱ་ ལའི་བླ་མའི་ཞབས་འབྲིང་དུ་དད་འབུལ་ཞུས་པ་ནས་བཟུང་རྒྱལ་པོའི་མཚན་བཞེས་པ་ཙམ་ ལས། བཞུགས་ཁྲི་ཡང་སྡེ་སྲིད་དང་མཐོ་དམའ་འདྲ་མཉམ་དང༌། སྡེ་སྲིད་ནས་སྐབས་རེ་མཐུན་ལམ་གྱི་ཚུལ་དུ་གོ་བསྡུར་འདྲ་གནང་ན་ལས། རྣམ་པ་ཀུན་ཏུ་ཆབ་སྲིད་ལ་བྱུས་འཁྲི་ནམ་ཡང་མི་མཛད་པར་སོག་པོའི་དམག་མི་རྣམས་ ཀྱི་འགོ་འཛིན་མཛད་དེ་བོད་གཞུང་ལ་སོག་དམག་གནམ་དགོས་ཞབས་ཞུར་བཏང་ཆོག་ཨང་སར་ མཛད་བཞིན་དབྱར་དུས་འདམ་དང༌། ཞེས་པ་འདིར་བསམ་བློ་ཞིབ་ཏུ་ཐོངས། རྗེས་སོར་ྋགོང་ས་མཆོག་ཞིང་ལ་གཤེགས་རྗེས་ཀྱི་ལྷ་བཟང་ཁང་གི་མཛད་སྤྱོད་དེ་ལྷ་ བཟང་ཁང་རང་ཉིད་ལན་པ་ཞིག་ལས་ར་མགོ་ལུག་སྦྱོར་བྱས་ན་མི་མཛེས།
དངོས་བྱས་ན་སྐབས་དེའི་སྤྱི་ཚོགས་ཟང་ཟིང་དུ་འགྱུར་གཞི་ གཙོ་བོ་ཞིག་གྲུབ་མཐའི་འཐེན་འཁྱེར་ནས་བྱུང་ཡོད། ྋགོང་ས་ལྔ་བ་ཆེན་པོ་འདིས་གདན་ཞུས་ཀྱང་མ་ཕེབས་པ་མ་གཏོགས་བཀའ་བརྒྱུད་ཀྱི་ འབྲུག་པ་སངས་རྒྱས་རྡོ་རྗེ་སྙན་ངག་གི་སློབ་དཔོན་དུ་སྤྱན་དྲངས། ས་སྐྱའི་ཆོས་སྐོར་གྱི་གསེར་ཆོས་བཅུ་གསུམ་དང༌། རྙིང་མའི་ཆོས་སྐོར་གྱི་རིག་འཛིན་ཞལ་ལུང༌། དགེ་ལུགས་ཀྱི་ལམ་རིམ་འཇམ་དཔལ་ཞལ་ལུང་སོགས་མཛད་དེ་བོད་གངས་ཅན་གྱི་གྲུབ་མཐའ་ ཁག་གི་འཐེན་འཁྱེར་ཞིག་སྟེ་སྤྱི་ཚོགས་ཟང་ཟིང་མེད་པ་དང༌། ཆོས་ལུགས་ཀྱི་འཐེན་འཁྱེར་ཞི་བའི་ཀུན་སྙོམ་ཐབས་མཁས་མཛད་པ་འདི་འདྲ་ཞིག་སོ་སོ་ སྐྱེས་པོ་ང་འདྲ་བ་དག་གིས་བློ་ཡིད་ལའང་འཆར་དཀའ་བར་རིགས།
མཐའ་དོན་ཁང་རྡོར་ལགས་ལ་ཞུ་རྒྱུ་ནི་ྋརྒྱལ་བ་སྐུ་ཕྲེང་ དྲུག་པ་དང་བདུན་པ་བཅུ་གསུམ་པ་རེ་རེའི་ཐད་ཁྱེད་ཀྱི་བསམ་ཚུལ་ལྟར་མིན་པར་ཞིབ་ བརྗོད་བྱ་རྒྱུ་མང་ནའང༌། ཁོམ་མིན་གྱིས་རེ་ཞིག་བཏང་སྙོམས་སུ་འཇོག ཁྱེད་ལ་དུས་ཚོད་རེ་ཡོད་ན་དེ་དག་གིས་རྣམ་ཐར་ཐུན་མོངས་དང་ཐུན་མོངས་མ་ཡིན་པ་ སོ་སོར་ཞིབ་ཀློག་གྱིས། ཁྱེད་ཀྱིས་བཤད་པ་ལྟར་རང་གིས་རང་ལ་མགོ་བསྐོར་བཏང་མེད་ཅེས་པ་དེ་དོན་ལ་གནས་ རོགས། ཧུར་བརྩོན་བྱོས། ཁྱེད་ལ་རེ་བ་འདུག་ཅེས་ཀྱང་སྙིང་ཁོང་རུས་པའི་གཏིང་ནས་ཞུས་པ་དང་ཆབས་ཅིག ཆབ་སྲིད་གླེང་འདོད་ན། ལོ་རྒྱུས་ཤེས་དགོས། ལོ་རྒྱུས་ནི་ཆབ་སྲིད་ཀྱི་མ་རྩ་རེད། དེ་ཡང་ལོ་རྒྱུས་ལ་ཞིབ་གལ་ཆེ། བམ་ཀློག་ཙམ་གྱིས་འདས་དོན་ལ་མཇུག་སྡོམ་རྒྱུག་མི་རུང་ཞེས་ཀྱང་བསམ་པ་དག་པས་ཞུའོ།།
མཆན་བུ་འགོད་མཁན་དང༌། ཁང་གསར་རྡོ་རྗེ་བཅས་ལ་ཞུ་རྒྱུར།
དྲང་མོར་བཤད་ན། ད་ལྟ་ང་གནས་སྡོད་བྱེད་ས་རྡོར་གླིང་ནས་རླངས་འཁོར་དུས་ཚོད་གཉིས་ཙམ་ལ་འགྲོ་དགོས་པའི་ས་ཆ་ཁུག་ཀྱོག་ཅིག་ཡིན། དྲ་ལམ་དུ་ཞུགས་དགོས་ན་ངེས་པར་རྡོར་གླིང་ཁྲོམ་གཞུང་ལ་ཆེད་སྐྱོད་བྱ་རྒྱུ་ལས་ད་ལྟ་ང་སྡོད་སར་དྲ་རྒྱའི་མཐུན་རྐྱེན་མེད། བར་ལམ་ནས་ས་གནས་སུ་གོར་ཥ་ རང་སྐྱོང་རྩོད་ལེན་སོགས་ཆབ་སྲིད་རྙོག་དྲའི་ཁྲོད་གློག་རྒྱུན་ལྡན་མིན་པ་མ་ཟད། འགྲོ་སྐྱོད་ལའང་རང་དབང་དེ་ཙམ་མི་འདུག
དཀའ་ངལ་དེ་དག་སེལ་ཐུབ་ཀྱང་དྲ་ཁང་རེ་འགར་ཀློག་ཀླད་ཀྱི་འཆར་ཤེལ་ངོས་སུ་བོད་ཡིག་མི་ཐོན་པས་ཀློག་ཐུབ་མིན་དང༌། དེ་ནས་རང་གི་བསམ་ཚུལ་བཤད་དགོས་ན་དྲ་ལམ་ཁག་གི་ཡིག་གཟུགས་བཞིན་བོད་ཡིག་གཏགས་ཐབས་མེད་པས་རེ་ཞིག་བསམ་ཚུལ་རྣམས་གྲོགས་དགེ་འདུན་བརྩོན་འགྲུས་ལ་བཏང༌། ཁོང་གིས་ཡིག་གཟུགས་བསྒྱུར་ཏེ་དུས་བབ་གསར་ཁང་ལ་གཏོང་བཞིན་ཡོད་པས་ཁོང་དང་དུས་བབ་གསར་ཁང་ལ་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། ཁང་རྡོར་དང༌། གྲོགས་ཨ་རིག་དགེ་མཐོང༌། གནས་ཚང༌། སྡེ་དགེ་ཡེ་ཤེས་འཇིགས་མེད་རྡོ་རྗེ་བཅས་ལ་ལན་དུས་ཐོག་འབུལ་ཐབས་མ་བྱུང་བར་དགོངས་སེལ་ཞུ་རྒྱུ་ཡིན།
རྡོ་རྗེ་རིན་ཆེན་ལགས་ཀྱི་རྩོམ་ཡིག་ཆ་ཚང་འདིར་བཀོད་ཡོད། ཚན་པ་གསུམ་བར་དུ་འདུག
བདུད་སྡེ་བྱམས་པའི་དཔུངས་ཀྱིས་འཇོམས་པར་ལྟར། །
དགྲ་སྡེ་བྱམས་པའི་དཔུངས་ཀྱིས་འགུགས་དགོས་རེད། །
བཀུར་འོས་སྐུ་ཞབས་ལུང་རིགས་རྒྱལ་ལགས། གུས་པས་ཁ་སང་༼ཁང་རྡོར་ལགས་ལ་གྲོས་འདེབས་སུ་སྤྲིངས་པ།༽ ཞེས་པ་ཚན་པ་དང་པོ་ལས་བསྐུར་མ་ཐུབ་མོད། ཚན་པ་རྗེས་མ་གཉིས་དེའི་རྗེས་སུ་བསྐུར་ཡོད་པས་མཉམ་དུ་བསྐྱར་འགོད་ཅིག་གནང་རོགས་ཞུ།
རྡོ་རྗེ་རིན་ཆེན་ལགས། ཁྱེད་རང་གི་དགོངས་འཆར་དེ་ལ་ངེས་པར་བསམ་གཞིགས་ཀྱིས་ལན་ཞིག་རྗེས་སུ་འབུལ་ཐབས་ཞུ་གི་ཡིན། དེ་རིང་ནས་ཉིན་ཤས་ལས་བྲེལ་ཆེ་ཙམ་ཡོད་པས། ལམ་སེང་འབུལ་ཐུབ་ས་མ་རེད། ལམ་སེང་མ་ཕུལ་བ་དེ་སྣང་མེད་དུ་བཏང་བ་ལྟ་བུ་རྩ་བ་ནས་མིན། ཁྱེད་རང་གིས་བསླངས་པའི་དོན་དག་དེར་བསམ་གཞིགས་ཏོག་ཙམ་བྱེད་དགོས་པ་འདྲ། ལོ་རྒྱུས་ལའང་ཏོག་ཙམ་བལྟ་དགོས་ས་རེད།
སྤྱིར་ན་རྡོ་རྗེ་རིན་ཆེན་ལགས་ནས་བོད་ཡིག་གི་དཔྱད་རྩོམ་སྤེལ་བ་ལ་ངས་སྙིང་ནས་གུས་འདུད་ཞུ། འོན་ཀྱང་ཉིད་ནས་བོད་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གསལ་བོར་མཁྱེན་མི་འདུག་སྟེ།
འགྲོ་མགོན་ཆོས་འཕགས་ལ་ཆེན་པོ་ཧོར་གྱིས་བོད་ཆོལ་ཁ་གསུམ་གྱི་བདག་དབང་ཕུལ་བ་དང༌། ༧གོང་ས་ལྔ་བ་ཆེན་པོར་གོ་ཤྲི་བསྟན་འཛིན་གྱིས་ཤར་དར་རྩེ་མདོ་ནས་ནུབ་ལ་དྭགས་ཚུན་གྱི་ས་སྡེ་མི་གསུམ་ལྷ་འབངས་སུ་ཕུལ་པ། ཞེས་བོད་ཀྱི་བདག་དབང་སོག་པོ་ལ་ཡོད་རབས་བཤད་པ་ནི། ལོ་རྒྱུས་འཁྱོག་བཤད་ལ་བྱང་བའི་རྒྱ་དམར་གྱི་རྗེས་བརྗོད་ཙམ་རེད། དོན་དངོས་སུ་སོག་པོ་ལ་བོད་ཀྱི་བདག་དབང་ཉིན་གཅིག་ལ་་ཐོབ་མྱོང་མེད། གལ་ཏེ་སོག་པོ་ཚོས་ཡིད་སྤྲུལ་གྱི་མཆོད་པ་སོ་སོའི་བླ་མ་ལ་ཕུལ་ཡོད་ན་དགེ་བ་ཡིན་ཆོག ཆིན་གོང་མ་ཧྲུན་ཀྲི་རྒྱལ་ས་ཅིན་ཁྲིན་ནས་ལེ་དབར་བཞི་བཅུའི་སར་༧གོང་ས་ལྔ་བ་ཆེན་པོར་ཕེབས་བསུར་བཅར་པ་དེ་ཡང་རྒྱ་མིའི་ཐབས་ཇུས་གཡོ་འཕྲུལ་ཞིག་ཡིན་པ་ལ་ང་ཚོས་ངོ་མཚར་དུ་འཛིན་པ་ནི་བོད་ཀྱི་བླུན་རྟགས་ཆེ་ཤོས་དེ་ཡིན།
བོད་ལ་དམག་དཔུང་གི་ནུས་པ་མེད་ནའང་དད་པ་ཞུ་ཡུལ་གྱི་བླ་ཆེན་བླ་ན་མེད་པ་ཞིག་ཡོད་པ་དེས་ཆོས་ཕྱོགས་ཀྱི་དམག་དཔུང་བརྟན་པོ་ཞིག་སྲུང་སྐྱོབ་ཐུབ་ནས་དམག་དཔུང་གི་སྒྲིག་འཛུགས་ཀྱང་ཚགས་ཚུད་པོ་ཞིག་བཟོས་ཡོད། ཅེས་བཤད་པ་ནི་རྒྱ་དམར་གྱིས་བོད་ཀྱི་དགོན་སྡེའི་ནང་དུ་རྒྱ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་ཆེ་གྲས་ཞིག་རེད། དེ་བཞིན་ཁྱེད་ཀྱིས་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་དམག་དཔོན་དང་ཁོང་གི་རྗེས་འཇུག་རྣམས་ལ་དམག་མིའི་མིང་བཏགས་པ་འདིས་རྒྱ་དམར་གྱི་དགོངས་དོན་སྒྲུབ་མི་འདུག་གམ། གནས་ཚུལ་གང་ཡིན་ཡང་རྒྱུ་རྐྱེན་དང་འབྲེལ་ཞིང༌། རྒྱུ་རྐྱེན་དེ་དག་ལའང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རེ་ཡོད་པ་ལྟར། འཛམ་གླིང་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་བོད་མིའི་མཚན་མཐོང་དང་སྙན་གྲགས་རྒྱས་པ་ལ་ཕྱི་ནང་གསང་བའི་རྒྱུ་རྐྱེན་མང་པོ་ཞིག་ལོས་ཡོད། ད་ལྟ་ང་ཚོའི་མཚན་མཐོང་སྙན་གྲགས་མ་ཟད་མི་རིགས་ཡོངས་རྫོགས་འདི་ཉེན་ཁའི་གནས་སུ་ཚུད་འདུག་པས། གལ་ཏེ་ཁྱོད་བོད་འབངས་བསམ་ཡོད་ཞིག་ཡིན་ན། སོ་སོའི་བཤད་པའི་ཁེ་ཉེན་ཀྱི་འགན་ཁུར་ཏེ་བོད་སྤྱི་ལ་ཕན་པའི་ལེགས་བཤད་རེ་རྩོམ་པའམ་ལས་འགུལ་་རེ་སྤེལ་ཐུབ་ན་བཟང་ངོ་།
Various views are need for a country.It could be a kind of slave system if withought different views and values in a country.Therefore,please work it out with your view but not only waste pepers and spaces.
གྲོགསས་པོ་རྡོ་རྗེ་རིན་ཆེན་གྱིས་དྲ་ཐོག་ཏུ་རྩོམ་བྲིས་པ་དང་པོ་ཡིན་ས་རེད་སྙམ། དེའི་ཕྱིར་ཡག་པོ་འདུག དྲ་བའི་རིག་གནས་དར་ཁྱབ་འགྲོ་བཞིན་པའི་སྐབས་སོ་སོས་ཀྱང་དེ་དང་བསྟུན་ནས་རྩོམ་འབྲི་རྒྱུ་གལ་ཆེ་བར་མཐོང་ངོ་།
འདི་ལ་ལན་འབུལ་དགོས་གལ་ཡོད་མེད་ཞེ་དྲག་ཤེས་མ་སོང་། རྗེས་སུ་བསམ་གཞིགས་ཀྱིས་བསམ་ཚུལ་ཞུ་འོས་པ་འདུག་ན་ཞུས་ཆོག
ཉིད་ཀྱི་དཔེ་འཇོག་དེ་དག་ཡོད་ཚད་ཧོར་རམ་སོག་པོའི་དམག་དཔུང་ལ་བརྟེན་ནས་འགྲུབ་པ་ཞིག་ཡིན་པར་མ་ཟད། དགའ་ལྡན་ཕོ་བྲང་འདི་ཏཱ་ལའི་བླ་མས་དབུ་ཁྲིད་པའི་བོད་སོག་ཟུང་འབྲེལ་གྱི་གཞུང་ཞིག་ཀྱང་ཡིན། མདོ་དོན་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ཡར་སྔོན་ཏཱ་ལའི་བླ་མ་མཆོག་ནི་ཞི་དྲག་གཉིས་ཀྱི་དབུ་ཁྲིད་ཅིག་ཡིན་པ༼བཙན་རྒོལ་རྒྱལ་སྐྱོབ༽ལ་གཟིགས་དང་ཤེས་ཐུབ་ཀྱི་ཡོད། གལ་སྲིད་དེ་ལས་ལྡོག་ན། བོད་དོན་སླད་རང་སྲོག་ཕུལ་ཟིན་པའི་དཔའ་བོ་དཔའ་མོ་དག་གིས་ཀྱང་ངོས་ལེན་བྱེད་སྲིད་ཀྱི་མ་རེད། དེ་འདྲ་ཞིག་རེད་དམ།