སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད་ཤི་རྨས་བྱུང་བ་རྣམས་ཀྱི་དོན་དུ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དམིགས་བསལ་གྱི་སྨོན་ལམ་ཞིག་འཚོགས་ཡོད་པ་རེད།
༧གོང་ས་མཆོག་གི་གསུང་འཕྲིན་དེ་ནི་ད་ནངས་ཞོགས་པར་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་པའི་སྐོར་ཡལ་ཡིན་ཞིང་། དེའི་ནང་ཁོང་གིས། ད་ནངས་ཞོགས་པར་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་པར་བརྟེན་མིའི་ཚེ་སྲོག་དང་རྒྱུ་ནོར་ལོངས་སྤྱོད་ལ་གྱོང་གུན་ཚབས་ཆེ་བྱུང་བའི་ངོས་རང་བློ་འཚབ་ཆེན་པོ་བྱུང་ཅེས་དང་། ང་ཚོས་གོད་ཆད་འདིའི་ཁྲོད་ཚེ་སྲོག་ཤོར་མཁན་རྣམས་དང་ཁོང་ཚོའི་ཤུལ་ལུས་ནང་མི་རྣམས། ད་དུང་ཤུགས་རྐྱེན་ཐེབས་མཁན་རྣམས་ཀྱི་ཆེད་དུ་སྨོན་ལམ་འདེབས་བཞིན་ཡོད། བཞུགས་སྒར་གྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དེ་དག་གི་ཆེད་དུ་དམིགས་བསལ་གྱི་སྨོན་ལམ་ཞིག་འཚོགས་བཞིན་ཡོད་ཅེས་གསུངས་འདུག
བསམ་ཆུ༹ལ།
འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་བྱུང་ཆེ༹། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བོད་འབངས་ཡོངས་ཀྱི་ཆ༹བ་གནང་ནས་གསོལ་རས་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་ཉེ་ལམ་ཧ་ཏེ་རྒྱལ་ཁབ་ལ་རོགས་སྐྱོར་སུད་སྒོར་འབུམ་གཅིག་གནང་ཟིན་པ་རེད།
རོགས་རམ་གནང་བ།
ད་ལམ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་ཡ་ང་བའི་གོད་ཆག་བྱུང་མ་ཐག་ཏུ་བོད་ཕྱི་ནང་གཉིས་ཀས་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་ ཡར་དཀོན་མཆོག་ལ་མཆོད་འབུལ་དང་མར་ཤུལ་ལུས་རྣམས་ཀྱི་ཆེད་དུ་རོགས་རམ་རྒྱ་ཆེར་གནང་བ་གསར་ལམ་ཁག་ནས་རྟོགས་པ་ངེས་སོ།
སྣང་མེད་བཏང་བ།
འོན་ཀྱང་དེང་དུས་སྤྱི་ཆོ༹གས་ཁྲོད་མི་ཆོ༹སབཤད་པ་ལྟར་ན། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བ་ལས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་གསོལ་རས་གནང་མེད་ལུགས་དང་ མ་ཟད་བོད་འབངས་ཡོངས་ཀྱི་སྐུ་ཆ༹བ་རྡ་སའི་མཇ༹ད་གཅོ༹་རྣམ་པས་དེ་ལས་སྣང་མེད་དུ་བཏང་འདུག་ཟེར།
རྗེས་ལུས་ཐེབས་སོང།
ཨོ་ཧོ་ད་དུང་དེ་ཡིས་ག་པར་ཆ༹ད་ ཕ་རོལ་པོ་རྒྱ་དམར་གིས་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་ཡིན་ཟེར་ནས་མྱ་ངན་བྱས་འདུག་པ་མ་ཆ༹ད་ད་ལྟའི་འཇ༹མ་གླིང་ཡོངས་སུ་གྲགས། ང་ཆོ༹ས་མཇ༹ད་གཅོ༹་རྣམ་པས་ཅུང་ཟད་དྲན་པ་བརྗེད་རྗེས་ སླར་ཡང་ནམ་ལངས་ནས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་བྱས་ཡིན་པར་འདྲ།།
རོགས་སྐྱོར་གནང་བ།
༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག། འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་སྒུ་གྲོང་སྡེ་དང། རོང་པོ་ སྐར་མདའ་ འབྲོག་མདའ་ ཁྲི་འདུ་ ནང་ཆེན་བཅས། ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན། དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག། ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས། དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད། ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག། ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད། སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན། ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད། འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ། ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན། གྲོ་འབྲས་རྒྱ་མ་༡༢༠༠༠ ཅ༹མ་པ་རྒྱ་མ་༡༥༠༠ མར་རྒྱ་མ་༡༠༠༠ ཐུག་པ་ཤོག་སྒམ་༡༠༠༠ ཉལ་ཆས་༣༠༠༠ གྱོན་ཆས་༢༥༠༠ རས་གུར་༡༠༠ དེ་མིན་ཟས་རིགས་འདྲ་མིནདང་ ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠ གནང་ཡོད། བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག། དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད། ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར། གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན། སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན། རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད། ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།
ཁ་སང་གནས་ཚུལ་འདི་ཐོས་འཕྲལ་ང་རང་ཧ་ཅང་བློ་ཕམ་དང་སེམས་སྐྱོ་པོ་བྱུང།
དེ་རིང་ཞོགས་པར་དྲ་རྒྱའི་ནང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གསོའི་གསུང་འཕྲིན་ཕེབས་པ་མཇལ་དུས་ང་རང་ཏོག་ཙམ་སེམས་ལྷོད་པོ་བྱུང།་འོན་ཀྱང་ང་ཚོ་གཞིས་བྱེས་བོད་རིགས་ཚང་མས་རིག་པ་བསྒྲིམ་སྟེ་བསྔོ་སྨོན་དང།་ཕྱག་མཆོད་འབུལ།མཎི་སོགས་གང་ཐུབ་ཐུབ་གསོག་དགོས།
ད་དུང་བོད་གཞུང་དམངས་གཉིས་ནས་ཁ་ཚ་དགོས་གཏུགས་ཀྱིས་ཞལ་འདེབས་བསྡུ་རུབ་དང་ཕྱི་ནང་གི་འབྱོར་ལྡན་ཁག་ལ་རོགས་སྐྱོར་དུས་ཐོག་ཞུ་བཙལ་དགོས་གལ་མཐོང།
སྐྱེ་རྒུ་མདོ་ཡི་ས་ཡོམ་གོད་ཆགས་ཁྲོད།
བོད་མི་བརྒྱ་ཕྲག་དྲུག་གི་སྲོག་ཤོར་དང།
སྟོང་ཕྲག་མང་པོར་རྨས་སྐྱོན་སྡུག་མྱོང་བ།
ཡ་ངའི་གོད་འཇིགས་འདི་ལ་སེམས་པ་སྐྱོ།
ཤཱཀྱའི་སྲས་དང་འཕགས་མཆོག་སྤྱན་རས་གཟིགས།
ཡི་དམ་ལྷ་ཚོགས་ཆོས་སྐྱོང་སྲུང་མ་རྣམས།
ཐུགས་སེམས་མ་གཡེམ་ཉམ་ཐག་བོད་མི་ཚོ།
མྱུར་ཏུ་སྐྱོབ་པའི་འཕྲིན་ལས་གདུང་གྲོགས་མཛོད།
ས་ཡོམ་གོད་ཆགས་ཁྲོད་ནས།
རྨས་དང་འདས་པོ་ཐམས་ཅད་ཀྱི།
རང་བསགས་སྡིག་ལྟུང་ཀུན་ཟད་དེ།
བདེ་བ་ཅན་དེར་སྐྱེ་བར་ཤོག
ཨོོ་མཎི་པདྨེ་ཧོོ།
北京時間2010年4月14日7時49分許,青海省玉樹藏族自治州玉樹縣(北緯33.1,東經96.7)发生7.1級地震,震源深度33千米。据青海省民政廳4月15日凌晨2時13分報告:截至目前,玉樹州M7.1級地震已造成589人死亡,8,000余人受傷;1.5万戶房屋倒塌,約10万名受災群眾需要轉移安置。目前,地震傷亡及損失情況仍在統計調查中。
Please donate money and pray more indivitually.
These are two ways what we can do.
ངའི་གོ་ཐོས་བཤད་ན་སུད་སི་ཚན་རིག་པའི་ལྟ་ན་བོད་ཀྱི་ས་ཐོག་ཏུ་མེ་འཁོར་ལྕགས་ལམ་རྒྱག་མི་ཐུབ་པར་བཤད་ཡོད་པར་རེད།
རྒྱུ་མཚན་ནི། བོད་ཀྱི་སའི་འོག་ཨུ་ཁུང་མང་བ་དང་ས་སྲ་མོ་དེ་ཙམ་མི་འདུག་ཞེས་བཤད་མྱོང་ཡོད་པར་རེད།
ས་ཡོམ་སྐོར་རུ་ཚན་རིག་པའི་བཤད་སྲོལ་ལྟ་ན་སའི་སྟེང་དུ་སྔར་མེད་ཀྱི་ལྕི་ཚད་གསར་དུ་སླེབས་ན་སའི་འོག་ཏུ་ཡོད་པའི་སའི་ཨུ་ཁུང་མར་རྡོལ་འགྲོ་དུས་ས་ཡོམ་རྒྱག་པར་བཤད།
རྒྱུ་རྐྱེན་དེར་འདྲ་བརྟེན་ནས་ས་ཡོམ་རྒྱག་གིན་ཡོད་པར་ཡིན་ན། བོད་ཀྱི་གཙང་བོ་ཆེན་པོ་རྣམས་འགྲོ་སར་མ་གཏོང་བ་བཀག་ཡོད་པས་བོད་ཀྱི་ས་ཐོག་ཏུ་སྔར་མེད་ཀྱི་ལྕི་ཚོད་རྒྱ་མ་དུང་ཕྱུར་མང་པོ་གསར་དུ་སླེབས་པས་ས་ཡོམ་རྒྱག་པར་མིན་ནམ་སྙམ།
འདི་ག་འབྲས་སྤུངས་སུ་ཡང་སྨོན་ལམ་འཚོགས་ཏེ་ད་ལྟ་རང་གྲོལ་སོང་། གནས་ཚུལ་འདི་འདྲ་བྱུང་དུས་ངོ་མས་ཁོག་གི་སྙིང་ཆུང་ཁ་ནང་དུ་ཐོན་གྲབས་བྱེད། བོད་མི་ཚོའི་ལས་འདི་ཨང་།
༄༅། །དེ་རིང་སྔ་དྲོ་བོད་མདོ་ཁམས་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་ཤུགས་ཆེ་བརྒྱབ་སྟེ་ མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེ་ཕོག་པ་ཧ་ཅང་ཡིད་སྐྱོའི་རང་བཞིན་ཡིན། ས་ཡོམ་གྱི་ཁྲོད་དུ་རྐྱེན་འདས་སོང་བ་དང་ཤུལ་ལུས་ནང་མི་སོགས་ལ་ངོས་ནས་འཚམས་ འདྲི་སེམས་གསོ་དང་། སྨོན་ལམ་འདེབས་བཞིན་ཡོད་པར་མ་ཟད། འདི་ག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྐྱེན་འདས་སོང་བ་རྣམས་ཀྱི་ཆེད་ དུ་དམིགས་བསལ་མཆོད་འབུལ་སྨོན་ལམ་ཞིག་ཀྱང་ཚུགས་རྒྱུ་ཡིན།
ངོས་ཀྱི་རེ་བར་རྐྱེན་ངན་བྱུང་བའི་ས་ཁུལ་གྱི་མི་མང་རྣམས་ལ་དགོས་ངེས་ཀྱི་ངལ་ སེལ་རོགས་རམ་འབྱོར་པ་རྣམས་དུས་ཐོག་མང་ཚོགས་ཀྱི་ལག་ཏུ་འཕྲོད་པ་ཞིག་ཡོང་བ་ དང་། ང་རང་གི་ངོས་ནས་ཀྱང་ཕན་གྲོགས་ཇི་ལྟར་བྱ་རྒྱུ་ཡོད་པ་རྣམས་གང་ཐུབ་ཐབས་ཤེས་ འབད་བརྩོན་བྱ་རྒྱུ་ཡིན། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ལ༎
http://www.gyalwarinpoche.com/newsdetail.php?recordID=24
དེ་རིང་བོད་མདོ་ཁམས་སྐྱེ་རྒུ་མདོ་ཕྱོགས་སུ་ས་ཡོམ་བརྒྱབ་སྐབས་རྐྱེན་འདས་སུ་ཕྱིན་པ་དང་། ལྟོས་བཅས་ཤུལ་ལུས་རྣམས་ལ་༸གོང་ས་མཆོག་གིས་གསུང་འཕྲིན་བསྩལ་བ་ནོར་ཝེ་བོད་སྐད་རླུང་འཕྲིན་དུ་ཆ་ཚང་ཉན་རྒྱུ་འདུག
http://www.vot.org/player.html?snd=http://www.vot.org/votwedtib.mp3
འདས་པའི་ལོ་ངོ་ཁ་ཤས་ནང་དུ་འཛམ་གླིང་ཡུལ་གྲུ་གང་སར་ས་ཡོམ་དང་ཆུ་འཇིགས། རླུང་འཚུབ། ནད་ཡབ་སོགས་ཀྱི་རྐྱེན་པས་མང་ཚོགས་ལ་དཀའ་ངལ་ཧ་ཅང་འཕྲད་བཞིན་པ་དང་། འོན་ཀྱང་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནས་ས་ཡོམ་གོད་ཆགས་ཀྱི་རྒུད་སྐྱོབ་ཕྱོགས་ལ་དངོས་མཐོང་གི་རོགས་རམ་གང་ཡང་བྱ་ཐབས་བྲལ་ན་ཡང་། ང་ཚོས་འདི་ནས་གོད་ཆགས་ཁྲོད་ཀྱི་འདས་སོང་བའི་བོད་རིགས་སྤུན་ཟླ་རྣམས་དང་ཚང་མར་སྨོན་ཚིག་གསོལ་འདེབས་རེ་བྱས་ཏེ། ཐེག་ཆེན་གཙུག་ལག་ཁང་དུ་སོང་ནས་མཆོད་འབུལ་བྱེད་རྒྱུ་གལ་ཆེན་རེད། དེ་མ་གཏོགས་ཕན་ཐོགས་པའི་ལས་ཀ་ཞིག་ངོས་ནས་དཀའ་མོ་རེད། ངོ་མ་སེམས་གཏིང་ནས་བཟོད་སྲན་ཅིག་མི་འདུག
ཨོྃ་མ་ཎི་པདྨེ་ཧྰུཾ།
ཤི་བའི་མིག་གིས་ཅེར་རེ་ཁྱེད་ལ་བལྟས།།
གསོན་པོའི་སེམས་ཀྱིས་ལྷེམ་མེ་ཁྱེད་ལ་གཏད།།
ཤི་གསོན་གཉིས་ཀྱི་སེམས་ཀྱི་དྲོད་ཐིག་ཁྱོད།།
ང་ཚོ་ཉམས་ཐག་འབངས་མི་ཐུགས་རྗེས་ཟུངས།།
ད་ནི་དངོས་ཉིད་༧གོང་ས་མཆོག་ལ་སྙན་གསན་ཞུས་གྲུབ་པ་དེ་ལས་དོན་ཆེན་པོ་ཞིག་འགྲུབ་འདུག
དོན་རྐྱེན་འདིར་མང་བོ་ལབ་ནས་ཡོང་ཡ་མི་འདུག མདོ་དོན་བརྗོད་ན། ས་ཡོམ་ཡོང་མིན་དང་སྔོན་བརྡ་གཏོང་རྒྱུ་ནི་འཛམ་གླིང་ཤར་ནུབ་སྲིད་གཞུང་མཐའ་དག་གི་འོས་འགན་རེད་ལ། འོས་འགན་དེ་མ་འགྲུབ་ན་སྲིད་གཞུང་ཞིག་གི་ལས་ཀ་འཐུས་ཤོར་ཕྱིན་ཟིན་པ་མཚོན་བཞིན་པའི་ཁར། དམག་དཔུང་མངགས་ནས་རོགས་རམ་བྱེད་རྒྱུའང་སྲིད་གཞུང་རང་གིས་མ་འཇོན་མ་ནུས་པའི་ཁ་གསབ་ཙམ་ཡིན། དེ་བས། ཕྱི་ནང་གི་གནས་ཚུལ་མི་ཤེས་མཁན་ཞིག་ཡིན་ན་མ་གཏོགས་དམག་མིའི་རོགས་བསྐྱོར་ལ་ཡིད་འགུལ་ཐེབས་དགོས་པ་ཞིག་མིན། དེ་ལས་ཀྱང་མི་མང་གིས་རོགས་དངུལ་ཕུལ་བཞིན་པ་དེའང་འོས་འགན་མ་འགྲུབ་པའི་སྲིད་གཞུང་དེའི་སྒྲིབ་གཡོགས་ལྟ་བུར་མི་འགྱུར་བའི་ངེས་པའང་མེད། ཡིན་ནའང་། བཙན་བྱོལ་བོད་གཞུང་གི་ངོས་ནས་རོགས་དངུལ་སྤྲད་དུ་འཇོག་མིན་ལ་མ་ལྟོས་པར་གྲངས་ཚད་མཐོན་པོ་ཞིག་གི་རོགས་དངུལ་སྤྲོད་འདུན་པ་ཕྱི་བསྒྲགས་དང་འབྲེལ་ཕྱི་རྒྱལ་དུ་གནས་འཁོད་བོད་མི་ཚོའང་རོགས་དངུལ་ཕུལ་བར་འབོད་བསྐུལ་ཞུ་འོས་བསམ། དེ་ལྟར་བྱས་ན་ད་གཟོད་འབྲས་བུ་པཱ་ལེ་འདྲ་བ་རེ་ལེན་ཐུབ་ཤག་ཡིན།
བཞུགས་སྒར་གྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དུས་ཐོག་ཏུ་དམིགས་བསལ་གྱི་སྨོན་ལམ་ཞིག་འཚོགས་ཐུབ་ཡོད་པ་དང་ ༧གོང་ས་མཆོག་གི་གསུང་འཕྲིན་བཅས་གནང་བར་བློ་བདེ་ཙམ་བྱུང་།
སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད་ཤི་རྨས་བྱུང་བ་རྣམས་འཕགས་མཆོག་སྙིང་རྗེ་ཆེན་པོས་གཟིགས་སུ་གསོལ།