མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀིརྟི་བྱེས་པ་གྲྭ་ཚང་གིས་ཧིན་སྒོར་ ༡༥༠༠༠༠ གྱི་ཞལ་འདེབས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་། བཞུགས་སྒར་ངྷ་རམ་ས་ལའི་ཀིརྟི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་མདོ་སྔགས་ལགས་དང་། ཀིརྟི་དགེ་རྩ་ཚོགས་པའི་ཚོགས་གཙོ་ཕུན་ཚོགས་སྤྲུལ་སྐུ་ལགས་བཅས་དགེ་འདུན་པ་གསུམ་འདི་གའི་གསར་ཁང་ལ་ཆེད་ཕེབས་ཀྱིས་ཐེངས་འདིར་བོད་ནང་གི་ཡུལ་ཤུལ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད། བློའི་ཡུལ་དུ་ཤོང་དཀའ་བའི་ཤི་རྨས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད། གདོང་སེམས་མཉམ་སྐྱེད་དང་། ཤུལ་ལུས་རྣམས་ལ་འཚོ་བའི་རྒྱབ་རོགས་ཙམ་གྱི་ཆེད། ཀིརྟིའི་དགེ་རྩ་ཚོགས་པ་ནས་ཧིན་སྒོར་ཆིག་འབུམ་ ༡༠༠༠༠༠ དང་། ཀིརྟིའི་བྱེས་པ་གྲྭ་ཚང་ནས་ཧིན་སྒོར་ལྔ་ཁྲི་ ༥༠༠༠༠ བཅས་ཁྱོན་བསྡོམས་ཧིན་སྒོར་ཆིག་འབུམ་ལྔ་ཁྲི་ ༡༥༠༠༠༠ ཙམ་བོད་གཞུང་ནང་སྲིད་ལས་ཁུངས་བརྒྱུད་ཞལ་འདེབས་སུ་འབུལ་ལམ་ཞུ་རྒྱུ་ཡིན་པའི་གནས་ཚུལ་བསྐྱལ་བྱུང་།

 ཞལ་འདེབས་ཕུལ་ཡིག་དེའི་ནང་བཀོད་དོན། ད་ལམ་རྫ་སྐྱེ་རྒུ་མདོར་བོད་རིགས་གནས་སའི་ས་ཁུལ་དུ་འབྱུང་བའི་གནོད་འཚེ་ཚབས་ཆེན་ཕོག་པའི་ས་གནས་དེའི་འདས་གསོན་ཡོངས་ལ་འདི་ཕྱིར་དགེ་བའི་བསྔོ་སྨོན་ཟབ་ནན་ཞུ་བ་དང་། བོད་མིའི་སྐྱིད་སྡུག་མཉམ་མྱོང་གིས་ཐུགས་གཙོ་དང་རོགས་སྐྱོར་ལས་འགུལ་མཚོན་བྱེད་དུ་ཀིརྟི་དགེ་རྩ་ཚོགས་པ་ནས་ཧིན་སྒོར་འབུམ་གཅིག་ ༡༠༠༠༠༠ དང་། ཀིརྟི་བྱེས་པ་གྲྭ་ཚང་ནས་ཧིན་སྒོར་ལྔ་ཁྲི་ ༥༠༠༠༠ བཅས་བོད་གཞུང་ནང་སྲིད་ལས་ཁུངས་བརྒྱུད་ཞལ་འདེབས་སུ་འབུལ་ལམ་ཞུས་པ་ལགས་ན། ས་གནས་མང་ཚོགས་ཀྱི་བདེ་དོན་ཆེད་འབྱོར་ཐུབ་པའི་རོགས་མགོན་སྐྱབས་འཇུག་ཡོང་བ་ཞུ། ཞེས་བཀོད་འདུག

 

ཞལ་འདེབས་ཐད་ཀིརྟི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་མདོ་སྔགས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། སྤྱིར་ཡིན་ན། རང་རིགས་སྤུན་ཟླ་ཚོར་འདི་ལྟ་བུའི་དཀའ་ངལ་འཕྲད་སྐབས། ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་གྱི་གོ་སྐབས་མེད་ན་ཡང་ས་གནས་ས་ཐོག་ལ་དངོས་སུ་བསྐྱོད་དེ། སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གི་ཆ་ཤས་ལེན་དགོས་པ་ཞིག་ཆགས་ཡོད་མོད། འོན་ཀྱང་དུས་ཚོད་དང་བར་ཐག གནས་སྟངས་སོགས་མང་པོ་ཞིག་གི་དབང་གིས་བསམ་བློའི་གཞི་ཆད་ཅང་འོག་རྟའི་བང་ཟད་པ་ལྟར། སེམས་ལ་དྲན་ཡང་ལག་ལེན་འཁྱོལ་དཀའ་བ་ཞིག་ཆགས་ཡོད། དེར་བརྟེན། ང་ཚོའི་དངུལ་འདི་ཙམ་གྱིས་ཕན་ཐོགས་ཆེན་པོ་མེད་ཀྱང་། གཞིས་ལུས་སྤུན་ཟླར་དཀའ་ངལ་བྱུང་ན། བྱེས་འབྱོར་བོད་རིགས་རྒྱ་ཆེའི་མི་མང་གི་སེམས་མཚོན་བྱེད་ཙམ་ཡིན་ལ། ཕྱོགས་གཞན་ཞིག་ནས་བཤད་ན། རྐྱེན་ངན་དགེ་བའི་གྲོགས་སུ་འགྱུར་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། ལས་དབང་ཞིག་གིས་ཐེངས་འདིར་བོད་ནང་ལ་དོན་རྐྱེན་དེ་ལྟ་བུ་བྱུང་བ་རེད་དེ། དཀའ་ངལ་འདི་ལྟ་བའི་གནས་སྐབས་སུ་བོད་གཞིས་བྱེས་གཉིས་དམ་ཚིག་ལྡོག་རྩ་གཅིག་སྒྲིལ་དང་། སྐྱིད་སྡུག་བསམ་པ་གཅིག་མཐུན་འོག བོད་གཞིས་བྱིས་གཉིས་ཀྱི་མཛའ་བརྩེ་མཐུན་ལམ་མཚོན་ཆེད་ཡིན། ཞེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༦ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༡༨ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 42

  1. དོམ་དཀར། says:
    ལོ་ 16 སྔོན།

    ཞལ་འདེབས་གནང་བ་བཟང་ཡང་མི་མང་ལག་དུ་ཁྲལ་མི་བསྡུ་རྒྱུ་དེ་ལས་གལ་ཆེའོཇ

    Reply
  2. Trinle G. says:
    ལོ་ 16 སྔོན།

    ཞལ་འདེབས་གནང་མཁན་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དངོས་འབྲེལ་ང་རང་ཚོའི་དངུལ་ཞལ་འདེབས་ཕུལ་བ་དེ་རང་རེའི་མི་རིགས་ཉམས་ཐག་པའི་སྐབས་ཕན་ངེས་ཡིན།

    Reply
  3. མདོ་ཁམས་འབྲི་མཚོ says:
    ལོ་ 16 སྔོན།

    ཀི་རྟི་བྱེས་པ་གྲྭ་ཚང་ཐུགས་རྗེ་ཆེ་།ཞལ་འདེབས་དེ་ནད་ཐོག་སྨན་ཡིན་པ་རེད་དཔེ་འདི་ལ་གཟིགས་ནས།  གཙན་འགྱུར་གྱི་དགོན་པ་ཁག་དང་བླ་ཆེན་རྣམས་པའི་ངེས་པར་དུ་ཞལ་འདེབས་མུ་ཉུང་བ་ཞིག་ངེས་པར་དུ་གནང་རོག་ཞུ་ཞུ་ཞུ་ཞུ།།

    Reply
  4. བཤད་སྒྲུབ says:
    ལོ་ 16 སྔོན།

    ངོ་མ་ཡིན་ཞལ་འདེབས་ཕུལ་བའི་གནས་ཚུལ་གསལ་བསྒྲགས་བྱེད་པར་མ་འགྲིག་པ་གང་ཡང་མེད་པ་མ་ཚད་ཞལ་འདེབས་དེ་བཞིན་ད་ཡོད་བོད་ཀྱི་གདན་ས་གསུམ་དང་དགོན་སྡེ་གྲ་ཚང་ཁག་ནས་ངེས་པ་ཏུ་རོགས་སྐྱོར་ཞལ་འདེབས་གནང་དགོས་པ་གལ་ཆེན་པོ་རེད་སྙམ། ཡིན་ཡང་རོགས་སྐྱོར་ཞལ་འདེབས་དེ་སྐྱེ་དགུ་མདོའི་མི་མང་གི་ལག་ཏུ་སླད་མ་ཐུབ་པར་བོད་གཞུང་ཆོས་རིགས་ལས་ཁུང་ནང་བཞག་པ་ཡིན་ན་ཡང་འགྲིག་ཐབ་མེད་པར་གསལ་པོ་རེད་།

    Reply
  5. བོད་ཀྱི་དྲང་བདེན། says:
    ལོ་ 16 སྔོན།

    དམ་ཅན་ཟེར་བ་དང་། བོད་ཀྱི་མཛེས་མ་ཟེར་བ། ལྷག་པར་དུ་བློ་བཟང་ཟེར་བའི་དབྱིན་མིང་པ་ཁྱོད་ཀྱིས་འདི་ལྟར་མིང་རྫུས་སྣ་ཚོགས་ཀྱི་འོག་ནས་རྫུན་གཏམ་སྣ་ཚོགས་སྒྲོག་པ་འོས་བབ་འདུག་གམ། རང་ཉིད་རང་ལ་ངོ་ཚ་གི་མི་འདུག་གམ། ཁྱོད་ཀྱིས་བྱེད་ཕྱོགས་ཀྱི་ཐོག་ནས་ཁྱོད་ལྷང་ལ་བུད་མི་འདུག་གམ། མིང་གཅིག་ཁུར་ནས་བསྟོད་ཁུལ་བྱས། མིང་གཅིག་ཁུར་ནས་སྐྱོན་བརྗོད་བྱས། ཐང་ཆད་ཀྱི་མི་འདུག་གམ། ཞལ་འདེབས་ཕུལ་བའི་གནས་ཚུལ་གསར་ཁང་ལ་སྤྲད་པ་ཀུན་སློང་སྡུག་ཅག་ག་འདྲ་བྱས་ནས་རེད། རྗེ་རིན་པོ་ཆེས་ལམ་རིམ་བསྡུས་དོན་མཛད་པ་ལ་ཀུན་སློང་མ་དག་པ་ཞིག་ཡོད་པ་རེད་ཟེར་ཐུབ་ཀྱི་ཨེ་འདུག ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟི་གྲྭ་ཚང་གིས་ཁམས་སྐྱེ་དགུ་མདོ་ལ་ཞལ་འདེབས་ཕུལ་བ་བཙན་བྱོལ་ནང་གི་དགོན་པ་དང་ཚོགས་སྡེ་ཀུན་གྱི་ནང་གི་དང་པོ་ཡིན་ལ། ལས་དོན་བཟང་པོ་འདི་ཕྱིར་སྒྲོག་བྱས་པས་བཙན་བྱོལ་ནང་གི་བླ་དགོན་མང་པོ་ཞིག་ལ་སྒུལ་བསྐྱོད་བཏང་མ་བྱུང་ངམ། གསར་ཁང་ལ་སྤྲད་པའི་གསར་འགྱུར་ཡོངས་རྫོགས་ཀྱི་རྒྱབ་ལོགས་ལ་ཀུན་སློང་ངན་པ་ཡོད་པ་རེད་བསམ་པ་བླུན་གཏམ་དང་། རང་དཔེ་གཞན་ལ་བཀབ་པ་ཞིག་མ་རེད་དམ།

    Reply
  6. བོད་ཀྱི་དྲང་བདེན། says:
    ལོ་ 16 སྔོན།

    བོད་ཀྱི་བུ་ཟེར་བའི་མིང་ཅན་ལགས། སྐྱེས་སར་ཀླུ་སྒྲུབ་ཟེར་བས་ཀིརྟི་གྲྭ་ཚང་ལ་ངོ་བསྟོད་བྱས་འདུག་ཟེར་བ་ཁྱོད་ནོར་བ་རེད། ཁོས་རྟག་ཏུ་ཀིརྟི་གྲྭ་ཚང་གི་སྐྱོན་འཚོལ་ཞིང་ཁོ་རང་གིས་སྐྱོན་དུ་བཟོས་པའི་གནས་ཚུལ་འགའ་དྲ་ཐོག་ནས་མིང་རྫུན་མ་འདྲ་མིན་གྱི་ཐོག་ནས་བརྗོད་པ་ལས། ཁོ་ལ་ཀིརྟི་བླ་མ་དང་ཀིརྟི་གྲྭ་ཚང་གི་ཡོན་ཏན་མཐོང་བའི་མིག་མེད་ལ། མཐོང་བའི་དབང་དུ་བྱས་ཀྱང་བརྗོད་ཐུབ་པའི་ལྕེ་ཡོད་མི་སྲིད། ཁོ་རང་གིས་ཀ་ངོ་ཁ་ངོ་ཟིན་པ་འདི་ཡང་ཀིརྟི་བླ་མ་དང་ཀིརྟི་གྲྭ་ཚང་གི་བཀའ་དྲིན་ཡིན་པ་རྨི་ལམ་ནང་དུ་འཁོར་མྱོང་མེད།
    ཁོ་ཚོགས་སྡེ་མི་སྡེ་གང་དུ་ཡང་གནས་མ་ཐུབ་པར་བར་མ་དོར་གྱི་ཁྱིམ་ལྡོམ་ཞིག་ཏུ་གྱུར་པའི་ལོ་རྒྱུས་མི་སྔོགས་པར་ད་དུང་ཀིརྟི་གྲྭ་ཚང་ལ་སྦས་པའི་སྐྱོན་མཚང་མང་པོ་ཞིག་སྔོག་རྒྱུ་ཡོད་མདོག་བྱས་འདུག ངོ་ཚ་རྒྱུ་མེད་པའི་ཁྱི་རྒན་འདིའི་ལྕེ་ལེ་ལ་མི་སྐད་བཤད་པའི་འོས་བབ་མེད་པར་མ་ཟད་རྐུབ་ལྡག་སྤྱད་ཀྱང་ཉན་ནི་མ་རེད།

    Reply
  7. གངས་བུ། says:
    ལོ་ 16 སྔོན།

    ད་ལྟ་བཞུགས་གནས་ཀྱང་མེད་པའི་དཔལ་རྒྱལ་བ་ཀ་རྨ་པས་ཞལ་འདེབས་འདི་ལྟར་གནང་འདུག ཞལ་འདེབས་བྱེད་ཚུལ་འདི་འདྲ་རེད། དགོངས་པ་མ་འཚོམས།

    ༸རྒྱལ་དབང་ཀརྨ་པ་མཆོག་ནས་ཨ་སྒོར་འབུམ་གཉིས་ཀྱི་ཞལ་འདེབས་གནང་བ།
    རྒྱལ་དབང་ཀརྨ་པ་མཆོག་གི་གསུང་འཕྲིན་ཐེངས་ག་ཉིས་པ་དེ་འདི་ཟླའི་ཚེས་བཅུ་བདུན་ཉིན་གནང་བ་གཤམ་གསལ།

    ༄༅། །མཚོ་སྔོན་ཡུལ་ཤུལ་ཁུལ་སྐྱེ་དགུ་མདོར་ས་ཡོམ་གྱི་འཇིགས་པ་མི་བཟད་པ་བྱུང་སྟེ། ད་བར་འདས་གྲོངས་སུ་གྱུར་པའི་མི་གྲངས་ཆིག་ སྟོང་ལྷག་ཟིན་པ་དང་། གནོད་སྐྱོན་ཚབས་ཆེན་བྱུང་བའམ་སྟོང་ཕྲག་ཟིན་ཅིང་། སྐྱེ་བོ་ཁྲི་ཕྲག་བརྒལ་བ་རྨས་པ་སོགས་བཀྲ་མི་ཤིས་པའི་གནས་ཚུལ་དེ་ དག་གོ་རིམ་གྱིས་ཁོ་བོའི་ཡིད་ལ་སྐྱོ་གདུང་ཚད་མེད་བྱུང་བ་དང་ཆབས་ ཅིག གཤིན་རྗེ་ཁ་གདངས་པ་ལྟ་བུའི་འཇིགས་པ་འདིའི་ནང་གྲི་ཤིར་གྱུར་པའི་ གཤིན་པོ་ཚེ་ལས་འདས་པ་རྣམས་སྐྱེ་འཆི་བར་དོའི་འཇིགས་སྐྲག་མཐའ་དག་ ལས་གྲོལཏེ་བདེ་འགྲོའི་རྟེན་དང་བདེ་ལྡན་གྱི་ཞིང་སོགས་སུ་འཕོ་བར་ འགྱུར་བའི་བསྔོ་སྨོན་དང་དགེ་རྩ་ཁོ་བོ་ནམ་འཚོའི་བར་དུ་ཉམས་ལེན་ཞུ་ བ་ཡིན།

    དེ་བཞིན་ཤུལ་ལུས་རྣམས་སྡུག་པའིགཉེན་དང་། མཛའ་བའི་གྲོགས་དག་ཤི་བྲལ་དུ་ཕྱིན་པའི་མྱ་ངན་དང་། གནས་ལུས་ལོངས་སྤྱོད་རྣམས་འགྱུར་བའི་གདུང་བ་བཟོད་པར་དཀའ་བ་རྣམས་མྱུར་ དུ་ཡང་བར་འགྱུར་བ་དང་། མྱུར་སྐྱོབ་ཀྱི་དཔུང་གཉེན་དང་བཅས་ཏེ་ཞི་འཇམ་དང་ ལྡན་པའི་འཚོ་བ་གསར་པར་ལོངས་སུ་སྤྱོད་པ་དང་། ཐག་ཉེ་རིང་དུ་གནས་པའི་རིས་མེད་ཀྱི་དགོན་སྡེ་དང་དད་ལྡན་མི་དམངས་ རྣམས་དང་། ལྷག་པར་འབྲེལ་ཡོད་སྡེ་དགོན་རྣམས་ནས་ཀྱང་འདས་གསོན་ཀྱི་སྐྱེ་ བོ་རྣམས་ཀྱི་དོན་དུ་གུ་རུའི་གསོལ་འདེབས་བར་བསམ་མྱུར་ གསུམ་དང་། དབང་སྡུད་གསོལ་འདེབས། སྤྱན་རས་གཟིགས་ཞི་དྲག་གི་གཟུངས་སྔགས། སྨན་ཆོག་དང་འོད་ཆོག །མི་འཁྲུགས་པའི་ཆོ་ག།།སྒྲོལ་མ་མཚན་འདོན། མ་མོའི་འཁྲུགས་བསྐང་སོགས་སྐུ་རིམ་དགེ་བའི་རྩ་བ་ཅི་འགྲུབ་དང་། དངོས་དང་བརྒྱུད་ནས་འཇིགས་པས་ཉེན་པ་རྣམས་ལ་སྨན་དང་ཟས་གོས་སོགས་མཐུན་ འགྱུར་གྱི་བྱ་བ་ལག་ལེན་དུ་བསྟར་གནང་ མཛད་གལ་ཆེ་ཞེས་ཞུ་རྒྱུ་དང་། ཁོ་བོ་རང་ཉིད་ནས་ཀྱང་ཨ་རིའི་ཀརྨ་པའི་ཐེབས་རྩ་ཚོགས་པ་ནས་མྱུར་སྐྱ ོབ་ཀྱི་མཐུན་རྐྱེན་དུ་དམིགས་ཏེ་ཨ་སྒོར་ཉིས་འབུམ་ཞལ་འདེབས་འབུལ་ རྒྱུའི་བཀོད་མངགས་བྱས་ཡོད།

    དེ་དང་དུས་མཚུངས་འཛམ་གླིང་གི་ས་ཕྱོགས་གང་སར་བཞུགས་པའི་དད་ལྡན་པ་ དང་སྐྱེ་བོ་དགེ་སེམས་ཅན་རྣམས་ནས་ཀྱང་ས་ཡོམ་གྱི་འཇིགས་པས་ཉེན་པའི་ སྐྱེ་བོ་རྣམས་ལ་བསམ་པ་ཐག་པའི་སྒོ་ནས་སྨོན་ལམ་གནང་སྟེ། སོ་སོའི་ནུས་པས་གང་ཁྱོག་གིས་འཇིགས་སྐྱོབ་ཀྱི་བྱ་བར་མཉམ་ཞུགས་དང་ ལས་འགུལ་སྣ་ཚོགས་སྤེལ་བའི་འབོད་བསྐུལ་ཞུ་རྒྱུ་ཡིན། འདུས་བྱས་ཀྱི་ཆོས་རྣམས་མི་རྟག་ཅིང་། གློ་བུར་དུ་མི་བཟད་པའིི་འཇིགས་པ་ མདུན་དུ་སླེབ་པའི་དུས་འདིར། རང་རེའི་ལྷན་སྐྱེས་ཀྱི་དགེ་བའི་ནུས་པ་ བསྐྱེད་དེ། འཇིགས་པས་ཉེན་པའི་འགྲོ་བ་རྣམས་ཀྱི་ལུས་སེམས་ལ་བདེ་བ་སྦྱིན་ ཅིང་། མི་འཇིགས་པའི་དབུགས་འབྱིན་པའི་སྙིང་སྟོབས་ཆེས་ཆེར་བསྐྱེད་པའི་རེ་ འདུན་བཅས་སྨོན་པ།

    སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །

    སྡུག་ན་ཀུན་གྱི་སྡུག་བསྔལ་ཁུར། །སྡུག་བསྔལ་རྒྱ་མཚོ་སྐེམས་པར་ཤོག །

    ཀརྨ་པར་འབོད་པ་ཨོ་རྒྱན་འཕྲིན་ལས་པས་སྤྱི་ལོ་༢༠༡༠ ཟླ་༤ ཚེས་༡༧ལ་ཕུལ། །

    Reply
  8. གངས་བུ། says:
    ལོ་ 16 སྔོན།

    དེ་ཡང་འདྲ་བོ་འདུག

    Reply
  9. བོད་ཀྱི་བུ། says:
    ལོ་ 16 སྔོན།

    སྐྱེས་ཀླུ་སྙིང་རྗེ་། གནད་འགག་གི་བརྗོད་གཞི་གང་ཞིག་གི་ཐོག་ལ་ཡང་བསམ་ཚུལ་འདོན་རྒྱུ་མེད་པར་ཉལ་བསྡད་འདུག་མཁན་ཞིག་གིས། ད་ཐེངས་ཀི་རྟིའི་གྲྭ་ཚང་གི་ཞལ་འདེབས་ཆུང་ཆུང་ཞིག་བརྒྱབ་པའི་ཐད་དུ་ངོ་སྟོད་ཀྱི་མཆན་ཞིག་རྒྱག་ཁུལ་བྱས་འདུག ཁྱེད་ལ་ཅིག་སྤྲད་ཡོད་རྒྱུ་རེད། དཀོན་མཆོག་གསུམ། མ་གཞི་ཁྱེད་རྩ་དོན་མེད་པའི་མི་ངན་ཞིག་ཡིན་པ་གོ་སོང་། ད་ནས་བཟུང་ཁྱེད་ཀྱི་ལྕེ་དེ་རྐུབ་ལྡག་སྤྱད་ལས་མི་སྐད་བཤད་སྤྱད་མིན་པ་ཤེས་སོང་།

    Reply
  10. སྐྱེས་སར་ཀླུ་སྒྲུབ། says:
    ལོ་ 16 སྔོན།

    རང་བྱུང་གནོད་འཚེ་ལས་མི་རིགས་ཀྱི་བརྩེ་སེམས་འཁྱིལ་བ།

    སྐྱེས་སར་ཀླུ་སྒྲུབ།

    ཐེངས་འདིའི་ཁམས་སྐྱེ་དགུ་མདོའི་རང་བྱུང་གནོད་འཚེའི་ཐད་གཞིས་བྱེས་གཉིས་ནས་གདོང་སེམས་ཉམས་བསྐྱེད་ཀྱི་རྣམ་འགྱུར་གང་ལེགས་སྟོན་བཞིན་པར་གུས་པས་དགའ་གུས་ཡི་རངས་ཞུ་བཞིན་ཡོད་ལ། མུ་མཐུད་བོད་རིགས་ཚང་མས་རང་ནུས་གང་ཡོད་ཀྱིས་རོགས་རམ་གནང་རྒྱུ་ནི་སུས་ཀྱང་རེ་སྐུལ་ཞུ་མ་དགོས་པར་རང་འཁྲིའི་འོས་འགན་ཞིག་ཏུ་བརྩི་དགོས་པར་མཐོང་། དེང་གི་ཆར་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་གཙོས་གཞིས་ཀྱི་གསར་ལམ་ཁག་ཏུ་ས་ཡོམ་གེགས་སེལ་ཐད་རོགས་རམ་གནང་མཁན་དང། རོགས་སྐྱོར་རྣམ་གྲངས་སྐོར་གྱི་གནས་ཚུལ་ཤིན་ཏུ་མང་མོད། འོན་ཀྱང་རང་རེ་བཙན་བྱོལ་སྤྱི་ཚོགས་ནས་བསྔོ་བ་སྨོན་ལམ་གྱི་བྱེད་སྒོ་ཙམ་ལས། དམིགས་བསལ་གྱིས་དཔལ་འབྱོར་རོགས་རམ་ཞུ་མཁན་དེ་ཙམ་བྱུང་མི་འདུག བསྔོ་བ་སྨོན་ལམ་ཟེར་བ་དེ་དོན་དངོས་སུ་ཕན་ཐོགས་ཡོད་མེད་ནི་སུས་ཀྱང་ཤོད་དཀའ་ལ། ལྷ་པར་ད་ལྟའི་གནས་བབ་འདིར་ཤི་ཟིན་པ་ཚོའི་ཚེ་སྲོག་ལ་ཕྱིར་ཡོང་མེད་སྟབས། ཁ་ཚ་དགོས་གཏུགས་ཀྱིས་འབད་བརྩོན་གནང་དགོས་ས་དེ། ཤུལ་ལུས་ཀྱི་རྨས་མ་རྣམས་འཆི་ས་ལས་སྐྱོབ་རྒྱུ་དང། ཟས་གོས་ཀྱིས་དཀའ་ངལ་ཅན་ཚོར་དེ་མཐུན་གྱི་རོགས་རམ་གནང་རྒྱུ་ནི་དུས་ཐུང་ནང་བསྒྲུབ་དགོས་པའི་ལས་འགན་ཞིག་རེད།
    དེ་འདྲའི་དུས་སྐབས་འདིར་ཀིརྟིའི་དགེ་རྩ་ཚོགས་པ་དང། ཀིརྟིའི་བྱེས་པ་གྲྭ་ཚང་གཉིས་ནས་ཧིན་སྒོར་ཆིག་འབུམ་ལྔ་ཁྲིའི་ ༡༥༠༠༠༠ ཞལ་འདེབས་གནང་བ་དེ་ནི། དངུལ་འབོར་ཆེན་པོ་ཡིན་མིན་ལ་མ་ལྟོས་པར་བཙན་བྱོལ་སྤྱི་ཚོགས་ཀྱི་མིག་ལྟོས་བྱེད་ཡུལ་བཟང་པོ་ཞིག་ཡིན་པར་ཐེ་ཚོམ་མེད་སྟབས་དེར་རྗེས་སུ་ཡི་རངས་བྱེད་(ཀིརྟིའི་དགེ་རྩ་ཚོགས་པ་དང། ཀིརྟིའི་བྱེས་པ་གྲྭ་ཚང་གི་ཐེངས་འདིའི་ཞལ་འདེབས་བྱེད་སྒོ་འདི་ལ་ང་ཚོ་ཚང་མས་གུས་ཞབས་དང་བསྔགས་བརྗོད་ཞུ་དགོས་པར་མཐོང་ཞེས་ཤོད་རྒྱུ་ལས། གཞན་ཁོང་ཚོའི་ཕྱག་ལས་གནང་ཚད་ཚང་མ་ཡང་དག་པ་ཡིན་ཚུལ་བརྙད་པ་ནི་མིན་ནོ།།)རྒྱུ་དང། ལྷག་པར་དེ་མཚུངས་ཀྱི་ཞལ་འདེབས་གནང་མཁན་གང་མང་ཐོན་དགོས་པ་ནི་ང་ཚོ་གཞིས་ལུས་མི་མང་ལ་བརྩེ་དུང་ཅི་ཙམ་ཡོད་མེད་ལ་འགྲེལ་བཤད་རྒྱག་བྱེད་ཅིག་ཆགས་ཡོད། ད་ལྟའི་དུས་ཚོད་འདིར་རང་ཉིད་མི་སྒེར་རམ། ཡང་ན་ཚོགས་སྡེ་གང་ཞིག་ཁྱབ་བསྒྲགས་བྱས་ཀྱང་རུང། མཐར་གཏུགས་ན་ཁམས་སྐྱེ་དགུ་མདོའི་དཀའ་ངལ་ཅན་གྱི་མི་སེར་ཚོར་ཕན་ཐོགས་ཅུང་ཙམ་བྱུང་ན། དེ་ནི་ང་ཚོའི་རླབས་ཆེན་གྱི་ཚོགས་གསོག་བྱས་པར་ངོས་འཛིན་བྱས་ཆོག དེ་མིན་ཛ་དྲག་གི་དུས་ཚོད་འདི་འདྲའི་སྐབས་མི་སྒེར་ཕན་ཚུན་དང་ཚོགས་སྡེ་ཕན་ཚུན་བར་དོགས་སློང་གནང་ནས་བཞུགས་པ་ནི་གནས་སྐབས་འདིར་མཚོན་ན་འོས་ཤིང་འཚམས་པ་ཞིག་མ་རེད་སྙམ།
    གལ་ཏེ་ད་ལྟའི་དུས་ཚོད་འདི་ཀིརྟིའི་དགེ་རྩ་ཚོགས་པ་དང། ཀིརྟིའི་བྱེས་པ་གྲྭ་ཚང་གཉིས་དག་ཐེར་བྱེད་བཞིན་པའི་དུས་ཚོད་ཅིག་ཡིན་ན་གནས་ཚུལ་གཞན་རེད་མ་གཏོགས། དེ་མིན་ཚོགས་པའི་ལས་འགུལ་རེ་རེ་དང་མཉམ་དུ་དེའི་རྒྱབ་ལྗོངས་རྒྱུ་མཚན་སྔོག་དགོས་པའི་གནས་སྟངས་ཡོད་མི་སྲིད་ལ། གཞན་སྤྱི་ཚོགས་ཀྱི་ཚོགས་སྡེ་གང་ལའང་རང་གི་ནུས་ཚོད་དང་མཐུན་པའི་དམིགས་ཡུལ་རེ་ཡོད་ངེས་པས་དག་ཐེར་བྱེད་དགོས་ཅི་ཡོད། ལར་ནས་དུས་སྐབས་འདིར་བོད་མི་ཀུན་ཀྱིས་རྣག་ཐོག་གཙག་ཁེལ་གྱི་ཚུལ་དུ། རང་ནུས་གང་ཡོད་ཀྱི་ཞལ་འདེབས་དང་རོགས་རམ་གནང་རྒྱུའི་ཐད་འབད་བརྩོན་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ལ། ཞལ་འདེབས་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། དེ་མཚུངས་ཞལ་འདེབས་འབུལ་འདོད་ཡོད་མཁན་ཚོས་རང་ནུས་གང་ཡོད་ཀྱིས་ཞལ་འདེབས་བརྒྱུད་སྤྲོད་ཐུབ་ཐབས་ལ་འབད་དགོས་པའི་སྐུལ་སློང་བྱེད་གལ་ཤིན་ཏུ་ཆེ། ལྷག་པར་དུ་ཞལ་འདེབས་འབུལ་མཁན་ཚོས་ལྐོག་ལྐོག་སུབ་སུབ་མེད་པར་ཡོངས་གྲགས་རང་བཞིན་བྱས་ཏེ་འབུལ་ཐུབ་ན་རང་གཞན་ཚང་མར་དགེ་མཚན་ཆེན་པོ་ཡོད།
    དཔེར་ན། གཅིག་ནས་ཕྱོགས་འདུས་རང་བཞིན་གྱི་ཤུགས་རྐྱེན་གྱིས་ཚང་མས་ཤུགས་རྒྱག་རྒྱུའི་ཐད་ནུས་པ་ཐོན་པ་དང། གཉིས་ནས་དཀའ་ངལ་དང་ཛ་དྲག་གི་དུས་སྐབས་སུ་མདུན་མཆོང་དང་ལག་ལེན་བསྟར་མཁན་སུ་ཡིན་དང། ཁ་བཤད་ལས་ལག་ལེན་མེད་མཁན་སུ་ཡིན་བཅས་གསལ་རྟོགས་ཡོང་བར་ཕན་ཐོགས་ཆེན་པོ་ཡོད། གསུམ་ནས་བོད་རིགས་ནང་ཁུལ་ལྡོག་རྩ་ཆིག་སྒྲིལ་ཡོང་བར་ཚང་མས་དཀའ་ལས་བརྒྱབ་དང་རྒྱག་བཞིན་པའི་གནས་ཚུལ་ཕན་ཚུན་ཚང་མས་ཤེས་དགོས་པ་དེ་གལ་ཆེན་པོ་ཡིན། བཞི་ནས་ཞལ་འདེབས་གནང་རིགས་འདི་ལྟ་བུ་གསར་བསྒྲགས་བྱས་ཚེ་བར་ནས་ལྐོག་ཟ་རུལ་སུང་གི་དོན་རྐྱེན་མི་ཡོང་བའི་དགེ་མཚན་ཡོད། ལྔ་ནས་གསར་བསྒྲགས་བྱས་པ་དེས་སྤྱི་ཚོགས་ཀྱི་ཆེད་དུ་ཤུགས་རྒྱག་མཁན་ཚོའི་འབྱུང་འགྱུར་གྱི་ལས་དོན་ལེགས་འགྲུབ་ཡོང་བར་ཕན་ཐོགས་ཡོད་པས་ངེས་པར་དུ་རང་གཞན་གྱི་དོན་ཅི་ཞིག་བསྒྲུབ་རུང་གསར་བསྒྲགས་བྱས་ཏེ་བཟང་པོའི་ཤུགས་རྐྱེན་ཐེབས་ཐབས་དང། རང་ཉིད་ཀྱི་ལས་དོན་ཅི་ཞིག་བྱེད་ཀྱི་ཡོད་མིན་སྤྱི་ཚོགས་ལ་ཤེས་སུ་འཇུག་པ་དེ་ནི་དུས་རབས་དང་མཐུན་པའི་བྱེད་སྒོ་བཟང་པོ་ཞིག་ཡིན་ལ། གལ་ཆེན་ཞིག་ཀྱང་ཡིན་པ་ཤོད་ཅི་དགོས།
    བོད་ནང་ནས་ཀྱང་རེབ་གོང་དགོན་གྲོང་དང། ཨ་མདོ་རྔ་པའི་དགོན་གྲོང་སོགས་བོད་ཡུལ་གྱི་དགོན་སྡེ་དང། ས་ཁུལ་སྣ་ཚོགས་ནས་དངུལ་དང། སྨན་རྫས། ཟས་རིགས། མལ་གོས་སོགས་ཀྱི་མཐུན་རྐྱེན་བསྒྲུབས་དང་སྒྲུབ་མུས་ཀྱི་གནས་ཚུལ་གང་མང་ཡོང་བཞིན་པ་འདི་ཆ་ཚང་མཐར་གཏུགས་ན། སྐྱིད་སྡུག་མཉམ་མྱོང་དང། ལྡོག་རྩ་ཆིག་སྒྲིལ་གྱི་ལམ་དུ་བསྐྱོད་པ་ཞིག་ཡིན་སྟབས། ང་ཚོས་ནམ་ཡང་དགའ་བསུ་བྱེད་དགོས་པར་མཐོང།
    གཞན་ད་ལྟའི་རང་བྱུང་གནོད་འཚེ་འདིའི་ཐད་གུས་པས་རྡ་རམ་ས་ལའི་བོད་མི་འགར་ང་ཚོས་བོད་ནང་གི་ས་ཡོམ་གྱི་གནོན་སྐྱོན་ཕོགས་ཁུལ་གྱི་མི་མང་ལ་རོགས་རེམ་ག་རེ་བྱེད་ཐུབ་མིན་ཐད་གླེང་མོལ་བྱས་པར། ཁོང་རྣམ་པས་གསུངས་རྒྱུར་ང་ཚོའི་འཁྲིས་སུ་ཞལ་འདེབས་བསྡུ་མཁན་ཞིག་སླེབས་ཚེ་ང་ཚོས་རང་གི་མ་དངུལ་གྱི་གནས་བབ་ལ་བལྟས་ནས་ཞལ་འདེབས་འབུལ་གྱི་རེད་ལ། དེ་མིན་ཕ་མ་དང་ནང་མིའི་གཙོ་འགན་ཁུར་མཁན་གྲོངས་ཟིན་པའི་དྭ་ཕྲུག་རིགས་འདི་གར་སྐྱེལ་ཐབས་ཡོད་ཚེ་ང་ཚོས་ངེས་པར་དུ་ཁོང་ཚོའི་ཕ་མའི་ཚབ་ལྟ་བུ་བྱས་ནས་མི་ཚེའི་འགྲོ་སྟངས་ཐད་འགན་ཁུར་གཙང་མ་འཁུར་གྱི་ཡིན་གསུངས་མཁན་ཡང་ཁ་ཤས་བྱུང། དེར་བརྟེན་ངས་སླར་ཡང་སྤྱི་ཚོགས་ལ་སེམས་གཏིང་ནས་རེ་སྐུལ་ཞུ་རྒྱུར། རང་རེའི་ཚོགས་སྡེ་འདྲ་མིན་དང། བླ་སྤྲུལ་དང་མི་སྐྱ་འབྱོར་ལྡན་ཚང་མས་ད་ལྟའི་གནོད་ཐེབས་ས་ཁུལ་དེར་རོགས་རམ་ཅི་ནུས་བྱེད་གལ་ཆེ་སྟབས། དེའི་ཐད་ཐབས་བརྒྱ་འཇུས་སྟོང་གི་ཕྱག་ཟུང་རིང་དུ་གཏོང་རོགས་ཞུ་འདོད་བྱུང་། དེས་ན་འཛམ་གླིང་ནས་ཡུའུ་ཧྲུའུ་ལ་ས་ཡོམ་བརྒྱབ་པ་དེར། ང་ཚོས་སླར་ཡང་འཛམ་གླིང་ནས་ཡུའུ་ཧྲུའུ་ལ་མཐུན་རྐྱེན་ཞིག་སྐྲུན་དགོས་སྟབས། རང་རེའི་ཚོགས་སྡེ་ཁག་གིས་གནོད་ཐེབས་ས་གནས་སུ་དཔལ་འབྱོར་གྱི་མཐུན་རྐྱེན་སྐྲུན་མ་ཐུབ་རུང། ཕ་ཡུལ་གྱི་དྭ་ཕྲུག་གང་མང་འདི་ཕྱོགས་སུ་ལེན་ཐབས་ལ་ཧུར་བརྩོན་བྱེད་དགོས་པར་མཐོང་ཞེས་བསྐྱར་ནན་གྱིས་ཞུ་འདོད་བྱུང་ངོ།།

    Reply
  11. འཁྲུངས་སྐར། says:
    ལོ་ 16 སྔོན།

    འཇམ་རྣོན་ལགས་་བློ་ཟུར་བོར་གནས་ནས་བཀའ་མོལ་གསུང་རོགས་ཞུ།། གཞི་བཞུགས་རྣམས་ཀྱི་ཆོས་ཐོག་ནས་༧གོང་ས་མཆོག་ཕེབས་རོགས་ཞུ་ཡོད་རེད་ཡག

    Reply
  12. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    བཙན་བྱོལ་ནང་་དུ་ཞལ་འདེབས་ཅི་འབྱོར་བསྡུས་ནས་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་བརྒྱུད་ནས་གཏོནགནང་མཛད་ན་ཡག་པོ་ཡོད་རེད། ཡང་ན་རྒྱ་རི་རིན་པོ་ཆེ་༸གོང་ས་མཆོག་གི་སྐུ་ཚབ་ཡིན་ཙང་༌༸་གོང་ས་མཆོག་ཕེབས་མ་ཐུབ་ཚེ་རྒྱ་རི་ཚང་ངེས་པར་ཕེབས་དགོས་པ་རེད། ཁོང་གིས་༸་གོང་ས་མཆོག་དང་བཙན་བྱོལ་བོད་མའི་སྐུ་ཚབ་བྱེད་ཐུབ་ཀི་རེད། ཁོང་རྒྱ་ནག་གི་དཔོན་རིག་རྣམས་དང་སྔར་ནས་འབྲེལ་བ་ཡོད་པར་བརྟེན་ལན་པོ་ཞེ་དྲག་ཡོད་རེད་ལ་རྒྱ་མིས་ཀྱང་ཁ་བྲལ་བ་ཟེར་ནས་གཤེ་གཤེ་གཏོང་མ་རེད།

    Reply
  13. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ཀིརྟི་གྲྭ་ཚང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་གྲྭ་ཚ་འདི་ལས་ལྷག་པའི་རྒྱུ་སྟོབས་ཆེ་བ་དང་བླ་མ་བླ་གྲགས་མི་རྐྱ་འབྱོར་ལྡན་རྣམས་ཀྱི་ད་རེས་ངོ་མའི་སྟོབས་འབྱོར་ངོམས་ས་སླེབས་སོང་།ད་རེས་མ་བྱེད་ན་ཁྱོད་ཚོས་མགོ་སེར་ཡུལ་དུ་ཆོས་ཚོགས་བརྒྱ་སྟོང་ཡོད་ཀྱང་ཕན་མ་སོང་ལ་མི་རྐྱ་རྣམས་ཀྱི་ཐོག་རྩེག་ཁང་པ་ཡོད་ཀྱང་ཕན་མ་སོང་།མ་འཆུག།མ་འཆུག་སྤུན་ཟླ་ཚོར།ད་རེས་མ་ེད་ལ་མེད་ལེ་རེད།

    Reply
  14. རྨོངས་བུ་སྨྱུག་འཛིན། says:
    ལོ་ 16 སྔོན།

    ཡུལ་གྱི་ཁ་ཐག་བྲལ་བའི་རང་དབང་ཞིག་མེད་ལ།།

    ཁྱིམ་མཚེས་རྒན་མོས་བཏུད་དབང་དེ་བས་ཀྱང་མི་གཏེར།།

    གདུང་སེམས་མཉམ་བསྐྱེད་མཚོན་པའི་ལྷག་བསམ་ཀྱི་དྭངས་མར།།

    ས་མཐའི་བུ་ངར་མིག་ཟུང་མཆི་མ་ལས་མི་འདུག།

    Reply
  15. བོད་ཀྱི་བུ། says:
    ལོ་ 16 སྔོན།

    ཀི་རྟིའི་བྱེས་པ་གྲྭ་ཚང་གིས་བོད་ནང་གི་གནས་ཚུལ་འདི་དག་ཡང་བསྐྱར་ཕྱོགས་བསྡོམས་དང་ཉམས་ཞིབ་བྱེད་ཐུབ་ན་བཟང་གི

    Reply
  16. བོད་ཀྱི་བུ། says:
    ལོ་ 16 སྔོན།

    སྨན་བླ་སྐྱབས་ཀྱིས་བོད་དམངས་ཁྲོད་ནས་ཞལ་འདེབས་གནང་མཁན་རྣམས་ལ་གསལ་འདེབས་ཞུ་རྒྱུར།
    tbyouth

    བོད་དམངས་ཁྲོད་ནས་ཞལ་འདེབས་གནང་མཁན་རྣམས་ལ་གསལ་འདེབས་ཞུ་རྒྱུར། ཆག་སྒོ་བྱུང་ཡུལ་གྱི་སྤུན་ཟླ་རྣམས་ལ་དུས་ཐོག་ཏུ་མཁོ་བ་དང་དུས་ཐོག་ཏུ་ལག་སོན་ཐུབ་པ་ནི་སྨན་རྫས་དང་ཁ་ཟས་ཀྱི་རིགས་ཡིན་སྲིད་སྙམ། དེ་བས་ལུང་པ་སོ་སོའི་དགོན་པས་ཁག་འཁུར་གྱིས་རང་རང་གི་ལྷ་སྡེ་ནས་མར་ཆུར་དང་རྩམ་པ་བསྡུས་ཏེ་སྐྱེལ་བ་དང་། ཕུལ་པའི་སྒོར་མོས་ཀྱང་སྨན་རྫས་མཁོ་རིགས་ཉོས་ཏེ་དགོན་པའི་མིང་ཐོག་ནས་མི་སྣ་ཚགས་བཙུགས་ཀྱིས་བསྐྱལ་ཐུབ་ཅི་མ་རུང་བསམ་གྱིན་ཡོད།

    ཨོཾ་མ་ཎི་པདྨེ་ཧཱུྃ། ་་་ ་་་

    སྨན་བླ་སྐྱབས་ཀྱིས།
    གོང་ངོས། 《མུ་ཁྲི་བཙན་པོ》སྤྱིའི་འདོན་ཐེངས་བཞི་བ་ཉིན་འགའ་ནས་དངོས་སུ་འགྲེམས་སྤེལ་བྱ་རྒྱུ་རེད།འོག་ངོས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཟུང་གིས་ཆོལ་གསུམ་གྱི་གླུ་བ་གླུ་མ་རྣམས་ལ་བཏང་བའི་འབོད་སྐུལ།
    [ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 10-04-16] [ཀློག་གྲངས། 159]
    དཔྱད་བརྗོད།
    1

    #6རྒྱབ་སྐྱོར།(0)ངོ་རྒོལ།(0) Guest@04-17 11:16ལན་འདེབས་པ།
    བོད་རིགས་སྤུན་ཟླ་ཚོས་རང་རང་གི་འཛོམས་ཚོད་དང་ནུས་ཚོད་ཀྱིས་ཆག་སྒོ་བྱུང་ཡུལ་གྱི་སྤུན་ཟླ་རྣམས་ལ་ཞལ་འདེབས་གནང་དུས་ངེས་པར་དུ་དངོས་པོའི་ལམ་ནས་སྨན་རྫས་དང་ཁ་ཟས་ཀྱི་རིགས་དུས་ཐོག་ཏུ་མཁོ་བ་དག་སྦྱིན་ཐུབ་ན་བཟང་། དེ་མིན་སྒོར་མོས་ཞལ་འདེབས་གནང་བ་དེ་དཀའ་སྡུག་མང་ཚོགས་གི་ལག་ལ་འབྱོར་མིན་གྱི་ཉེན་ཁ་ཡོད་ཀྱང་སྲིད་པས། སྦྱིན་གཏོང་བ་དག་གི་ཐུགས་ལ་འཇགས་པར་འཚལ། རེབ་གོང་པས།

    #5རྒྱབ་སྐྱོར།(0)ངོ་རྒོལ།(0) Guest@04-17 09:44ལན་འདེབས་པ།
    དེ་རིང་ནས་གཤིན་ཆོས་འགོ་ཚུགས་རྒྱུ་རེད་ཟེར། མ་ནི་དང་མཆོད་མེ་མ་བརྗེད། འབུལ་བ་མ་བྱིན་ན་མི་འདོན་མ་ཟེར།

    #4རྒྱབ་སྐྱོར།(0)ངོ་རྒོལ།(0) Guest@04-17 07:22ལན་འདེབས་པ།
    སྨན་བླ་སྐྱབས་ནས་གསུང་པ་ལྟར་ད་ལྟ་ང་ཚོར་ཁ་ཚ་དགོས་གཏུགས་ནི་སྨན་པ་དང་ཟས་གོས་གནས་མལ་རེད་ཡ། རང་རང་སོ་སོའི་ས་ནས་ནུས་པ་རེ་འདོན་རོགས་སྤུན་ཟླ་ཚོ། ཡར་ཁམས་ཁྲི་རྒྱལ་ནས།

    #3རྒྱབ་སྐྱོར།(0)ངོ་རྒོལ།(0) Guest@04-16 23:53ལན་འདེབས་པ།
    འུ་ཅག་གིས་རང་རང་ས་ནས་ཟས་རིགས་ཀྱི་དགོས་མཁོ་ཡོད་ཚུལ་དེ་གྲོགས་པོ་དང་སྤུན་ཟླ་ནང་མི་བཅས་ལ་ཁ་པར་དང་ངག་འཕྲིན་གང་རུང་གིས་བརྡ་གཏོང་རྒྱུ་བྱེད། མང་ཚོགས་ལ་མཚོན་ན་ཡང་དེ་སྟབས་བདེ་ལ། གནོད་ཐེབས་ས་ཁུལ་ལ་མཚོན་ན་ཡང་དེ་དགོས་མཁོ་ཆེ་བས། འགན་འཁྲི་དང་ལེན་བྱ་ངེས་ཡིན། ལྷམ་ཀོག་གིས།

    #2རྒྱབ་སྐྱོར།(0)ངོ་རྒོལ།(0) Guest@04-16 22:17ལན་འདེབས་པ།
    འུ་ཅག་གིས་རང་རང་ས་ནས་ཟས་རིགས་ཀྱི་དགོས་མཁོ་ཡོད་ཚུལ་དེ་གྲོགས་པོ་དང་སྤུན་ཟླ་ནང་མི་བཅས་ལ་ཁ་པར་དང་ངག་འཕྲིན་གང་རུང་གིས་བརྡ་གཏོང་རྒྱུ་བྱེད། མང་ཚོགས་ལ་མཚོན་ན་ཡང་དེ་སྟབས་བདེ་ལ། གནོད་ཐེབས་ས་ཁུལ་ལ་མཚོན་ན་ཡང་དེ་དགོས་མཁོ་ཆེ་བས། འགན་འཁྲི་དང་ལེན་བཡ་ངེས་ཡིན།

    #1རྒྱབ་སྐྱོར།(0)ངོ་རྒོལ།(0) Guest@04-16 22:08ལན་འདེབས་པ།
    རེད་རེད། རེབ་གོང་ན་སྡེ་མི་དག་གིས་ཁྱིམ་ཚང་རེ་རེ་ཡིས་གོ་རེ་བསྲེག་དགོས་པའི་སྐུལ་སློང་བྱེད་པ་དང་མི་མང་པོ་ཞིག་གིས་ཀྱང་དེ་ཐབས་ཡགས་པོ་ཞིག་ལ་བརྩི་གིན་འདུག ལག་ཏུ་འབབ་ངེས་པའི་དོན་བཟང་ཞིག་ཀྱང་ཡིན་སྙམ་པས། རེབ་གོང་དང་གཅན་ཚ། དེ་མིན་མཚོ་ལྷོ་ཁུལ་གྱི་ཞིང་འབྲོག་མང་ཚོགས བ་ཡན་ནམ་ཧ་ལུང་སོགས་ཀྱིས་མཚོན་པའི་བོད་རིགས་མང་ཚོགས་གཙོས་གྱུར་བ་དག་གིས་ཟས་རིགས་གང་འཛོམ་རེ་ཡིས་རྒྱབ་སྐྱོར་འོང་རྒྱུར་རེ་འབོད་ཞུ། ལྷམ་ཀོག་གིས།

    Reply
  17. བོད་ཀྱི་བུ། says:
    ལོ་ 16 སྔོན།

    དྲང་མོ་བཤད་ན་བོད་ཀྱི་དཀའ་ངལ་དངོས་་འགན་ཁུར་མཁན་དང་། དེ་འབྲེལ་གྱི་ལས་དོན་བསྒྲུབ་མཁན་དགོན་སྡེ་དང་དགེ་འདུན་པ་ལས་ལྷག་པ་མི་འདུག
    བོད་ཕྱི་ནང་གི་དགོན་སྡེ་དང་བླ་སྤྲུལ་རྣམ་པས་ལས་དོན་འདི་ལྟར་བསྒྲུབ་དང་བསྒྲུབ་བཞིན་པར་རྗེས་སུ་ཡི་རིང་གི་བསྔགས་བརྗོད་ཡོད། འོན་ཀྱང་ལས་དོན་ཆུང་ཆུང་ཞིག་བསྒྲུབ་ནས་རྒྱ་ནག་གི་བྱེད་ཚུལ་ལྟར་དྲིལ་བསྒྲགས་བྱེད་དགོས་དོན་ཡོད་པ་མ་རེད། དེ་ལས་དོན་དངོས་ལ་ཕན་པའི་ལས་དོན་བསྒྲུབ་དགོས་པ་རེད།

    Reply
  18. བོད་ཀྱི་བུ། says:
    ལོ་ 16 སྔོན།

    དགོན་སྡེ་དག་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཡུས་ཧྲུའུ་ལ་རོགས་སྐྱོར་དངོས་རྫས་བསྐྱལ་བ།

    ——————————————————————————–

    དུས་ཚོད་། 2010-04-17 17:02:19.0 རྡེབ་ཚད། 22 ཡི་གེའི་ཆེ་ཆུང་། ༼ ཆེ། འབྲིང་། ཆུང་། ༽

    ཉིན་འདི་འགར་ཀུན་གྱིས་གླེང་བཞིན་པ་ནི་ཡུས་ཧྲུའུ་རེད། ཀུན་གྱིས་བསམ་བློ་གཏོང་བཞིན་པའང་ས་འགུལ་གྱི་གནོད་འཚེ་ལས་ཤི་རྨས་ཐེབས་པའི་ཡུས་ཧྲུའུ་མི་དམངས་ཀྱི་བདེ་སྡུག་རེད། དེའི་དབང་གིས་རང་ཞིང་གི་དགོན་སྡེ་ཁག་ནའང་གནོད་ཐེབས་མང་ཚོགས་ལ་ཕྱོགས་གང་ཅིའི་ཐད་དུ་རྒྱབ་སྐྱོར་བྱེད་པའི་བྱ་འགུལ་སྤེལ་ནས། གནོད་ཐེབས་མང་ཚོགས་ལ་མཁོ་གལ་ཆེ་བའི་གྱོན་པ་དང་མལ་ཐུལ། བཟའ་བཏུང་སོགས་ཞལ་འདེབས་ཕུལ་དང་འབུལ་བཞིན་ཡོད། ཚང་མས་ཉིན་མཚན་དབྱེར་མེད་དུ་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བར་བྲེལ་ཚུབ་ཀྱིས་ཞུགས་བཞིན་ཡོད། ཁོ་ཚོ་ཟླ4པའི་ཚེས16ཉིན་གྱི་དགོང་མོ་ལམ་ལ་མཆིས་དེ་ས་འགུལ་བརྒྱུགས་སའི་ཐེབས་སའི་ཡུས་ཧྲུའུ་སྐྱེ་རྒུ་ལ་བསྐྱོད་པ་རེད།

    Reply
  19. གནམ་ལྩགས། says:
    ལོ་ 16 སྔོན།

    བླ་མ་ཀིརྟི་རིན་པོ་ཆེའི་རླབས་ཆེ་བའི་ཐུགས་དགོངས་ཀྱིས་བཀོས་བཀོད་རྒྱུད་འཛིན་ལྟ་བུའི་བླ་བྲང་གི་ལམ་ལུགས་དེ་དགེ་རྩ་ཚོགས་པར་བསྒྱུར་བ་དང་། དགེ་རྩ་ཚོགས་པ་དེས་སྔ་གཞུག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་། ལྷག་པར་དུ་མ་འོངས་པའི་བོད་ཀྱི་མི་རིགས་དང་རྒྱལ་ཁབ་ལ་སྨན་པའི་ལས་ཀ་མང་བོ་བྱས་པ་ལ་ྔ་ཚོའི་ཕྱི་རབས་པ་རྣམས་ཀྱིས་ངེས་པར་དུ་ཤེས་པའི་སྒོས། ཆེ་བ་ནས་འབྲིང་བ་དང་འབྲིང་བ་ནས་ཆུང་བ་མཐའ་དག་གིས་རིན་པོ་ཆེ་ཁོང་གི་ཐུགས་དགོངས་ལ་སློབ་སྦྱོང་དང་ཡི་རངས་བྱེད་དགོས།

    Reply
  20. དམ་ཅན། says:
    ལོ་ 16 སྔོན།

    བོད་མདོ་ཁམས་སྐྱེ་དགུ་མདོའི་གནས་ཚུལ་ལ་ཞལ་འདེབས་བྱས་པ་གཅིག་བུས་ཕན་གྱི་མི་འདུག འདི་ལ་ཉམས་ཞིབ་ཚོགས་ཆུང་ཞིག་འཛུགས་དགོས་ཀྱི་འདུག
    འདི་ཕྱཽགས་ལ་འབད་པ་བྱས་ན་བསམ་ཡོད། དང་པོ་བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཉམས་ཞིབ་བྱེད་པ། གཉིས་པ་རྒྱ་གཞུང་གིས་མྱུར་སྐྱོབས་ལས་དོན་ལ་ཉམས་ཞིབ་བྱེད་པ་། གསུམ་པ། རྒྱལ་སྤྱིའི་གསར་ལམ་གྱི་གནས་ཚུལ་ཉམས་ཞིབ་བྱེད་པ། བཞི་བ། རྒྱལ་སྤྱིའི་རོགས་རམ་ལ་ཉམས་ཞིབ་བྱེད་པ། ལྔ་བ། བོད་ནང་གི་བོད་མིས་གདུང་སེམས་ཉམས་བསྐྱེད་ལ་ཉམས་ཞིབ་བྱེད་པ། དྲུག་པ། འབྱུང་འགྱུར་གྱི་ལས་དོན་བྱེད་ཕྱོགས་ལ་ཚོད་དཔག་ཉམས་ཞིབ་བྱེད་པ་སོགས་ལས་དོན་བསྒྲུབ་དགོས་ཀྱི་འདུག བདེ་སྲུང་བོད་གནས་ཉམས་ཞིབ་ཁང་སོགས་གཉིད་ཉལ་ཡོད་པ་ཡིན་ནམ། འདི་ཚོ་དོ་སྣང་ཙམ་ཡང་བྱེད་ཀྱི་མི་འདུག དེ་མིན་ད་དུང་ལས་དོན་མང་པོ་བསྒྲུབ་དགོས་པ་འདུག

    Reply
  21. དམ་ཅན། says:
    ལོ་ 16 སྔོན།

    མྱི་འདི་ཚོས་ད་ལྟའི་གནས་སྟངས་ལ་བལྟས་ཏེ་བྱ་བ་བསྒྲུབ་བཞིན་པ་རེད།

    Reply
  22. སྒྲོལ་མ། says:
    ལོ་ 16 སྔོན།

    ཀིརྟི་ལྷ་འབངས་དང་བཅས་པར་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། འདི་ཙམ་མིན་པར་སྔར་ཡང་བྱེས་ཀྱི་གསར་ལམ་ཁག་ནས་ཁྱེད་ཚང་གིས་ལས་དོན་རླབས་ཆེན་དོན་ལ་གནས་པ་མང་པོ་ཞིག་ཡང་ཡང་བསྒྲུབས་པ་མཇལ་བྱུང་། བོད་ཕྱི་ནང་གཉིས་སུ་ཀིརྟི་ལྷ་འབངས་དང་བཅས་པས་བོད་མི་རིགས་ཀྱི་ལས་དོན་སྤྱི་དང་། ལྷག་པར་དུ་བོད་ཀྱི་རིག་གནས་བྱ་བཞག་ཐད་འོད་སྟོང་འཕྲོ་བའི་ཕྱག་རྗེས་བཞག་དང་འཇོག་བཞིན་ཡོད་པ་ཆུ་བུར་མིག་གིས་ཡང་ཡང་མཐོང་ལ། རྩ་འདུས་ལག་པས་ཡང་ཡང་རེག་མྱོང་།

    Reply
  23. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    ཞལ་འདེབས་ཁ་ལ་ཁྱེར་ནས་གསལ་བསྒྲགས་ཆེན་མོ་བྱེད་པར་ཧ་ཅང་ངོ་ཚ་དགོས་པ་ཞིག་རེད།་ངས་ཁྱེད་ཚང་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་འོས་ཀྱང་གོམ་པ་གཉིས་པ་ཞིག་བརྒྱབ་དུས་ཡག་རྟགས་ཤིག་གཏན་ནས་རེད་མི་འདུག་སྙམ།

    ཞལ་འདེབས་གནམ་མཁར་འཕྱར་ནས་གསལ་བསྒྲགས་ཆེན་མོ་ཞིག་བྱེད་པར་ཏན་ཏན་རྒྱབ་ལྗོངས་ཀུན་སློང་ངན་པ་ཞིག་བཟུང་ཡོད་པ་ཐག་ཆོད་ཆོག་་དེ་ལྟར་མིན་ན་ཞལ་འདེབས་ཕུལ་བ་ཙམ་ལས་གསལ་བསྒྲགས་བྱེད་དགོས་དོན་མེད།
    དུས་ངན་འདི་འདྲའི་སྐབས་སྐྱིད་ལ་ཁའི་རྩ་ལ་མཉམ་ཟ་དང།་སྡུག་སྔོན་མོའི་ཆུ་དེ་མཉམ་འཐུང་བྱེད་དགོས་པ་ལས་རང་གི་བྱེད་ཡུས་ཁྲོམ་བསྒྲགས་བྱེད་རྒྱུ་དང་ཕར་ཆུང་ཚུར་ཆེན་ཞིག་ཡོང་རེ་བྱེད་པ་བློ་ཕམ་འདི་ལས་ཆེ་བ་མི་འདུག
    ཁྱེད་ཚང་གི་གསལ་བྱེད་ཅིག་ངེས་པར་གནོང་རོགས།

    Reply
  24. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    ཀིརྟི་བྱས་པ་ཚང་གིས་སྒ་སྐྱེ་རྒུ་མདོའི་ས་་ཡོམ་གྱི་གོད་ཆག་ཁྲོད་ཚེ་སྲོག་ཤོར་མཁན་དང་ཤུལ་ལུས་མི་སེར་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ཞལ་འདེབས་ཧིན་སྒོར་༡༥༠༠༠༠ཞིག་ཕུལ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱ་དང་རྗེས་སུ་ཡི་རངས་ཀྱང་ཡོད།

    འོན་ཀྱང་རྒྱབ་ལྗོངས་དང་དམིགས་ཡུལ་ཅིག་ཞིག་བཟུང་ཡོད་མེད་མི་ཤེས་མོད།་ལམ་སང་དུས་བབ་ཚང་ལ་རྒྱུགས་ཏེ་ཞལ་འདེབས་འདི་ཙམ་ཕུལ་སྐོར་རྒྱ་བསྒྲགས་བོད་བསྒྲགས་བྱེད་པར་་ངོ་རྒོལ་མཐའ་གཅིག་ཏུ་ཡོད།་རང་ཉིད་ཀྱིས་ཡག་པ་བྱེད་ན་གཞན་གྱིས་བསྟོད་ཡོང་གི་རེད་ལ།་བོད་གཞུང་ནང་སྲིད་ལས་ཁུངས་ནས་ཀྱང་སྦས་གསང་བྱེད་ཀྱིན་མ་རེད།ཁྱེད་ཚོས་ཡུས་དང་ངོ་སོ་ཁྱེར་བ་ཧ་ཅང་མ་རུང་བ་ཞིག་རེད།མི་རེ་ཟུང་གི་བྱེད་བབ་དབང་གིས་ཀིརྟི་བྱེས་པ་ཚང་གི་མཚན་སྙན་ཆུར་མ་བསྐྱུར་རོགས་གནོང།
    ངས་ཚོད་དཔག་བྱེད་པ་ནོར་མེདན།་ཁྱེད་ཚོས་ཕར་རྔ་ཆུང་ཆུང་ཞིག་བརྡུང་ནས་ཚུར་སྒྲ་ཆེན་མོ་ཞིག་ཡོང་རེ་བཟུང་ཡོད་ཤག་རེད།་
    ང་ཚོ་དུས་ཚོད་འདི་འདྲའི་ནང་གཅིག་ཕན་གཅིག་རོགས་དང་སྡུག་གི་ཁུར་པོ་མཉམ་འཁུར་བྱེད་དགོས་པ་ལས་རང་དོན་ཁུག་བསྒྲུབ་དང་བསམ་ངན་ཁོག་བསྐྱངས་གཏན་ནས་བྱེད་མི་རུང།

    Reply
  25. གངས says:
    ལོ་ 16 སྔོན།

    ངོ་མ་ཡག་པོ་རེད་་་་ཨ་དྲིན་ཆེན་ཚང་་་་་་་་་་་་་་་་ད་དུང་ར་གཞན་ཡོད་ངས་སྙིང་ནས་ཐུགས་རྗེ་ཆེ་ཞུ

    Reply
  26. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    ཀིརྟི་གྲྭ་ཚང་ནས་དུས་རྣམ་པ་ཀུན་ཏུ་
    བོད་སྤྱི་ལ་དམིག་ཏེ་རྒྱབ་སྐྱོར་དང་ཐུགས་ཁཱུར་གནང་བཞིན་པ་ལ་་
    བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་།

    Reply
  27. GYAMTSO says:
    ལོ་ 16 སྔོན།

    ཀིརྟི་རིན་པོ་ཆེ་མཆོག་དང་ཀིརྟིའི་དགེ་རྩ་ཚོགས་པ། བྱེས་པ་གྲྭ་ཚང་བཅས་ལ་ཐུགས་རྗེ་ཆེ་ཞུ། བོད་ནང་དུ་རང་རིགས་སྤུན་ཟླ་མང་པོར་བསམ་ཡུལ་ནས་འདས་པའི་དཀའ་ངལ་བྱུང་སྐབས་བྱེས་འབྱོར་བོད་མི་རྣམས་ནས་རང་ནུས་གང་ཡོད་ཀྱིས་རོགས་མགོན་བསྔོ་སྨོན་གང་ཐུབ་གནང་རྒྱུ་ཤིན་ཏུ་གལ་ཆེ། དེ་ལྟར་མ་ཐུབ་ན་ཡང་སྒེར་མཁོན་ཅན་དམ་ཉམས་དམ་ཅན་ལྟ་བའི་ནང་དཀྲུག་མི་བྱེད་པར་ཞུ།

    Reply
  28. གནམ་ལྕགས། says:
    ལོ་ 16 སྔོན།

    བླ་མ་ཀིརྟི་རིན་པོ་ཆེའི་རླབས་ཆེ་བའི་ཐུགས་དགོངས་ཀྱིས་བཀོས་བཀོད་རྒྱུད་འཛིན་ལྟ་བུའི་བླ་བྲང་གི་ལམ་ལུགས་དེ་དགེ་རྩ་ཚོགས་པར་བསྒྱུར་བ་དང་། དགེ་རྩ་ཚོགས་པ་དེས་སྔ་གཞུག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་། ལྷག་པར་དུ་མ་འོངས་པའི་བོད་ཀྱི་མི་རིགས་དང་རྒྱལ་ཁབ་ལ་སྨན་པའི་ལས་ཀ་མང་བོ་བྱས་པ་ལ་ྔ་ཚོའི་ཕྱི་རབས་པ་རྣམས་ཀྱིས་ངེས་པར་དུ་ཤེས་པའི་སྒོས། ཆེ་བ་ནས་འབྲིང་བ་དང་འབྲིང་བ་ནས་ཆུང་བ་མཐའ་དག་གིས་རིན་པོ་ཆེ་ཁོང་གི་ཐུགས་དགོངས་ལ་སློབ་སྦྱོང་དང་ཡི་རངས་བྱེད་དགོས།

    Reply
  29. ཀ་ཉག་ཚེ་རིང་། says:
    ལོ་ 16 སྔོན།

    ཕྱི་ཚེས་་༡༧་དང་༡༨་ཉིན་གཉིས་རིང་ཀིརྟིའི་བྱེས་པ་གྲྭ་ཚང་དུ་མཁས་པ་གདན་འདྲེན་གྱིས་རིག་གཞུང་བགྲོ་གླེང་གནང་གི་ཡོད་མོད། འདིར་དངོས་སུ་མཉམ་ཞུགས་གནང་རང་གྲྭ་ཁག་ཅིག་དང་བཅས་མི་བརྒྱ་ལྷག་མ་གཏོགས་མེད་པས་ན། ཕ་ཡུལ་དྲ་ཚིགས་བརྒྱུད་ནས་འདི་གའི་བགྲོ་གླེང་གི་སྒྲ་ཐད་གཏོང་ཞུ་བཞིན་ཡོད་པས་གསན་འདོད་ཡོད་རིགས་ཀྱིས་www.phayul.comཞེས་པ་འདི་ནས་གསན་རོགས་ཞུ། ད་བགྲོ་གནང་བཞིན་པའི་སྐབས་སུ་ kanyagtsering10@gmail.com, འདིར་དྲི་བ་སྐུར་ན་དེ་ལུགས་ཀྱིས་བགྲོ་གླེང་གནང་མཁན་ལ་ཕུལ་རྒྱུ་བཅས་དགོངས་འཇགས། དེ་རིང་གི་བགྲོ་གླེང་དུས་ཚོད་ནི། ཉིན་རྒྱབ་ཆུ་ཚོད་་ ༢་་་་་་༣།༣༠་བར་དང་། དེ་རྗེས་ཆུ་ཚོད་ ༣།༤༥་་་་་་་་༥།༡༥་བར་དང། དགོང་མོ་ཆུ་ཚོད་་༧་་་་་་༩་བར་ཡིན་པས་དེ་ལུགས་དགོངས་འཇགས་ཞུ།

    Reply
  30. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    ཀིརྟི་གྲྭ་ཚང་དང་ཀིརྟི་དགེ་རྩ་རིན་པོ་ཆེ་བཅས་གསུམ་ལ་བཀའ་དྲིན་བླ་ན་མེད་པ་ཞུ་རྒྱུ་ཡིན།

    Reply
  31. lobsngk says:
    ལོ་ 16 སྔོན།

    ཤི་ཟིན་པའི་སྤུན་ཟླ་དང་སྙིང་རྗེ། སྤུན་ཟླ་དག་གི་རྣམ་ཤེས་དང་དཀའ་སྡུག་བེད་སྤྱོད་བྱས་ཏེ་རང་གི་ཆེ་བ་ངོམས་འདོད་བྱེད་པའི་ངོ་ལྤགས་མཐུག་པོ་ཅན་དག་དང་། བོད་ནང་དུ་སྐྱག་རྫུན་སྣ་ཚོགས་ཀྱི་ཐོག་ནས་ཞལ་འདེབས་བསླངས་ཏེ་རང་ཉིད་རྫུག་པོར་བཟོ་བའི་བླ་སྤྲུལ་དང་ཚོགས་ཚང་མའི་ངོ་རྫོགས། ཁོང་ཚོར་མི་མང་གིས་ཕུལ་བ་དག་ག་རེ་རེད། ཁོང་ཚོས་མི་མང་ལ་ཅུང་ཙམ་སྦྱིན་པའང་ཁྱབ་བསྒྲགས་བྱེད་པར་ཆེད་དུ་བཅར་འདུག དམ་ཅན་གྱི་བཤད་པ་དོན་ལ་གནས་འདུག ཁྱི་སྐྱག་ཚོ།

    Reply
  32. རྒྱང་རིང་ནས། says:
    ལོ་ 16 སྔོན།

    ཞལ་འདེབས་འདི་རྣམས་མི་མང་རང་གི་ལག་ལ་སོན་ཐོབ་ཀྱི་རེད་དམ། སོན་ཐོབ་ན་ང་ཚོས་ངེས་པ་དུ་ཞལ་འདེབས་སྤྲོད་དགོས་པ་རེད།

    Reply
  33. དམ་ཅན། says:
    ལོ་ 16 སྔོན།

    ཀིརྟི་གྲྭ་ཚང་ལ་ང་ཚོས་སྤྱི་ཚོགས་ཀྱི་མིག་དཔེ་བལྟས་ཚེ་ང་ཚོ་སྤྱི་ཚོགས་ལ་རེ་བ་དང་མདུན་ལམ་ཡོད་པ་མ་རེད། དེང་སང་གི་ཀི་རྟི་གྲ་ཚང་ལ་གཅིག་ལྟོས་དང་། རེ་བ་ཞིག་འདུག་གམ།

    མར་ལ་ཞལ་འདེབས་ཉུང་ཉུང་ཙམ་བྱིན་པའང་ཆེད་དུ་གསར་ཁང་ལ་དྲིལ་བསྒྲགས་བྱེད་དུ་ཡོང་འདུག་ག ཡར་ལ་ལོ་རེའི་ནང་རྒྱ་སྒོར་ཁྲི་ཚོ་བརྒྱ་ཕྲག་ལེན་བཞིན་པ་དེ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་མ་རེད། འདི་ཚང་གི་བྱེད་ཚུལ་དེ་རྒྱ་ནག་གི་བྱེད་ཚུལ་དང་འདྲ་བོ་ཡོད། ཅི་ཙམ་ཤེས་ན་དེ་ཙམ་གྱིས་སྐྱུག་མེར་ལང་ངེས་པ་ཞིག་ཡིན།

    Reply
  34. ཨརྱ། says:
    ལོ་ 16 སྔོན།

    ནོར་བཅོས ༼༧གོང་ས་མཆོ་ཕེབ་མ་ཐུབ་ཀྱང་༽༧གོང་ས་མཆོག་ཕེབས་མ་ཐུབ་ཀྱང་ཞེས་བཅོལ་རོགས་ཞུ།

    Reply
  35. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    གསེར་རྟ་བླ་རུང་དགོན་རྒྱ་ནག་སྒོར་མོ་ཁྲི་ཉིས་བརྒྱ་ལྷག་གི་ཅིག་རེད་་་ནོར་བཅོས་།

    Reply
  36. ཨརྱ། says:
    ལོ་ 16 སྔོན།

    ང་ཚོ་ཞལ་འདེབས་སློང་རྒྱུར་དགའ་བ་འདྲ། འདི་ཡང་དགོས་ངེས་ཡིན་ནའང་དེ་ལས་གལ་ཆེ་བ་ནི་བོད་ནང་གི་ཕྱོགས་སོ་སོའི་བོད་རིགས་སྤུན་ཟླ་རྣམས་སྐྱེ་དགུ་མདོ་རང་དུ་མར་རྩམ་པ། ཤ་དང་ཕྱུར་བ། གྲོ་བྱེ་དང་ནས། འབྲས་སོགས་ཟ་བཅའི་རིགས་དང་། གྱོན་གོས་ཀྱི་རིགས་གང་ཐུབ་རེ་འཁྱེར་ཏེ་རྟ་ཞོན་གཡག་ཞོན་བོང་ཞོན་དྲེལ་ཞོན་ཁྱུ་དང་ཁྱུ་བྱས་ཏེ་གཅར་ཐུབ་ན་ཅི་མ་རུང་། ད་དུང་༧གོང་ས་མཆོ་ཕེབ་མ་ཐུབ་ཀྱང་སྐུ་ཚབ་ཀྱི་བླ་ཆེན་ཞིག་ཅིས་ཀྱང་ཕེབས་ཐབས་བྱེད་རྒྱུ་ནི་སྐྱེ་དགུ་མདོའི་མི་མང་གིས་ཧ་ཅང་ཧ་ཅང་གིས་རེ་བ་བྱེད་ས་དེ་དང་སེམས་གསོ་བྱེད་ཁྱད་པར་ཁྱད་པར་བ་དེ་ཡིན་ངེས་རེད།

    Reply
  37. དམ་ཅན། says:
    ལོ་ 16 སྔོན།

    Ao

    Reply
  38. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    སྙན་ཞིག་པ་དེ་སྙམ་ཞིག་པར་ནོར་བཅོས་ཡོང་བར་ཞུ།

    Reply
  39. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ཧིན་སྒོར་འབུམ་གཅིག་དང་ཁྲི་ལྔ་ཞལ་འདེབས་གནང་བར་སྙིང་ནས་ཐུགས་རྗེ་ཆེ། དོན་ཆེན་པོ་མིན་ནའང་གཞིས་བྱིས་གཉིས་དང་སྤུན་ཟླ་བོད་རིགས་ཚང་མ་སྐྱིད་སྡུག་མཉམ་གནས་མཚོན་བྱེད་གལ་ཆེ་ཞིག་ཆགས་འདུག་པ་མ་ཟད་ད་དུང་ཚོགས་སྡེ་ཁག་དང་འབྱོར་ལྡན་ཅན་རྣམས་ཀྱིས་ཁ་མིག་ཡར་ལྟར་བྱེད་སའི་མིག་དཔེར་བཟང་པོ་ཞིག་ཏུ་འགྱུར་འདུག་སྙན།

    Reply
  40. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    གསེར་རྟ་བླ་རུང་དགོན་པ་ནས་རྒྱ་ནག་སྒོར་མོ་ ༢༠༠༠༠ ཉིས་ཁྲི་ལྷག་ཅིག་གི་ཞལ་འདེབས་དང་། དེ་བཞིན་དགེ་འདུན་ཉིས་་སྟོང་ཙམ་སྐྱེ་དགུ་མདོར་ལས་རོགས་སུ་ཕེབས་ཡོད་ཚུལ་ཨེ་ཤེ་ཡ་རློང་འཕྲིན་ཁང་གིས་གསུང་སོང་། ཡི་ན་ན་ཡང་ས་ཐག་རིང་བ་དང་ལམ་ཁ་ཡག་པོ་ཡོད་མིན་མྱུར་དུ་སླེབས་ཡ་ལ་དཀའ་ལས་ཡོད་ཚུལ་བཤད་སོང་།

    Reply
  41. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཡག་པོ་ཞེ་དྲག་འདུག ཀིརྟི་དགེ་རྩ་དང་གྲྭ་ཚང་། རིན་པོ་ཆེ་གསུམ་ནི་བཙན་བྱོལ་ནང་གི་མིག་དཔེར་འོས་ཞིག་ཏུ་སྤྱི་ཚོགས་ཁྲོད་ངོས་འཛིན་ཞུ་བཞིན་པ་དོན་ལ་གནས་པ་འདུག
    དེ་མིན་ཆོས་བརྒྱུད་གཞན་དང་གྲྭ་ཚང་་ བླ་གྲྭ་རེ་ཟུང་གི་བྱེད་སྟངས་ནི་སེམས་པ་སྐྱོ་དགོས་པ་དང་ཞེ་མེར་ལངས་དགོས་པའང་འདུག

    Reply
  42. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    ཀིརྟི་དགོན་པ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ད་རུང་བླ་ཆེན་ཁག་དང་དགོན་སྡེ་ཁག་ནས་ཞལ་འདེབས་གང་མང་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese