མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྟགས་དང་རྟེན་འབྲེལ་གྱི་ཁྱད་པར་ཡོད་འདོག་ཁ་པོ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

སྡུག་བསྔལ་ནང་ཚུད་པའི་མང་ཚོགས་ཀྱིས་༧གོང་ས་མཆོག་ཞབས་བཅག་ཐུབ་པའི་རེ་བ་འཆང་གི་ཡོད་པ་ལྟར། ང་ཚོས་གསོལ་བ་སྨོན་ལམ་བཏབ་པ་ཡིན་ན་རྟགས་དང་རྟེན་འབྲེལ་གྱི་ཁྱད་པར་ཏན་ཏན་ཡོད་འདོག་ཁ་པོ་རེད་ཅེས་བཀའ་ཁྲི་མཆོག་གིས་གསུངས་ཡོད།

 

ཕྱི་ཚེས་ ༡༦ཉིན་གྱི་ཞོགས་པར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གིས་བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུའི་དུས་དྲན་དང་འབྲེལ་རྩོམ་དེབ་ ༡༠༠ ལོངས་པའི་དམིགས་བསལ་མཛད་སྒོ་ཞིག་ཚོགས་ཡོད་ལ། སྐུ་མགྲོན་གཙོ་བོར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་དམངས་སྤྱི་འཐུས་ཚོགས་གཙོས་དབུས། བཀའ་བློན་དང་སྤྱི་འཐུས། དེ་བཞིན་བཞུགས་སྒར་ཁུལ་གྱི་དགོན་སྡེ་ཁག་གི་སྐུ་ཚབ་དང་སློབ་གྲྭ་ཁག་གི་སྐུ་ཚབ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་ལྷན་ཞུགས་ཐོག བཀའ་ཁྲི་མཆོག་གིས་སྐྱེ་རྒུ་མདོའི་ས་ཡོམ་གྱི་དོན་རྐྱེན་ཐད་དམིགས་བསལ་གསུང་བཤད་གནང་དོན། ཉིན་གཉིས་ཀྱི་སྔོན་འདིར་བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་སྟེ། ས་ཡོམ་གྱི་འཇིགས་པའི་དབང་གིས་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པ། འདུག་གནས་བྲལ་བ། རང་གི་ཕ་མ་སྤུན་ཉེ་འདས་གྲོངས་སུ་ཕྱིན་པ་སོགས་བོད་མི་དང་། གཞན་མི་གྲངས་འབུམ་ཕྲག་ལྷག་ལ་སྡུག་བསྔལ་སྣ་ཚོགས་འབྱུང་གིན་ཡོད་སྟབས། ༧གོང་ས་མཆོག་གིས་དེ་འཕྲལ་དམིགས་གསལ་ཐུགས་སྨོན་གནང་བ་མ་ཟད། ཆོས་རིགས་ལས་ཁུངས་ཀྱིས་སྨོན་ལམ་ཚོགས་པ་སོགས་ང་ཚོས་བྱེད་ཐུབ་པའི་ཆོས་ཕྱོགས་ཀྱི་ལས་དོན་ཞིག་རེད་ལ། དེ་རིང་འདིར་འཛོམས་པ་ཚོ་ཡང་བོད་མི་རིགས་དང་འབྲེལ་བ་ཤ་སྟག་ཡིན་པས། ང་ཚོ་ཚང་མས་མཉམ་རུབ་དང་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་པའི་ཐོག་འདས་པོ་ཚོར་སྨོན་ལམ་རྒྱག་པ་དང་། ཤུལ་ལུས་ཚོ་དཀའ་ངལ་ལས་གྲོལ་བའི་སྨོན་ལམ་དང་སེམས་ཤུགས་ཀྱི་རྒྱབ་སྐྱོར་བྱས་པ་ཡིན་ན། མིའི་མགྲིན་པའི་ནུས་པ་དང་སྨོན་ལམ་གྱི་ནུས་པ་ལ་བརྟེན་ཏེ། ཏན་ཏན་ཕན་ཐོགས་ཡོང་གི་རེད་བསམ་གྱི་ཡོད། ༧གོང་ས་མཆོག་གིས་ཀྱང་ཐུགས་འཚབ་ཆེན་པོས་གོ་སྐབས་བྱུང་བ་ཡིན་ན་བཙན་བྱོལ་སྤྱི་ཚོགས་ནས་རོགས་པ་བྱེད་མཁན་གྱི་མི་དངོས་སུ་འགྲོ་དགོས་པ་དང་། དཔལ་འབྱོར་དང་མཐུན་རྐྱེན་གྱི་རྒྱབ་སྐྱོར་གང་ཐུབ་ཐུབ་གནང་དགོས་པའི་གནས་ཚུལ་གཟིགས་ཀྱི་ཡོད་ཀྱང་། ད་ལྟའི་གནས་བབ་ལ་བལྟས་འོང་དུས་བསམ་བློའི་ནང་ཡོད་ཀྱང་དངོས་དོན་ལག་ལེན་འཁེལ་བར་ཧ་ཅང་ཁག་པོ་ཆགས་ཡོད་པ་རེད། ༧གོང་ས་མཆོག་གིས་ཀྱང་ག་རེ་ཐུབ་ཀྱི་ཡོད་ན་ཉམས་ཞིབ་གནང་གི་ཡིན་ཞེས་གསུངས་པ་མ་གཏོགས་འདི་འདྲ་ཞིག་གནང་གི་ཡིན་གསུངས་ཐུབ་མེད་པ་རེད། ཅེས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་གསུངས་དོན། ཁ་སང་དགོང་མོ་དང་དེ་རིང་སྔ་དྲོའི་རྒྱལ་སྤྱིའི་བརྒྱུད་ལམ་དུ། རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པ་དང་བརྒྱུད་ལམ་ཁག་གི་མི་སྣ་ས་གནས་ས་ཐོག་ཏུ་སླེབས་ཁག་པའི་གནས་ཚུལ་སླེབས་ཡོང་གི་འདུག གལ་སྲིད། གནས་ཚུལ་དེ་དག་བདེན་པ་ཡིན་ན། འགྲོ་བ་མིའི་བྱེད་ཕྱོགས་དང་མི་མཐུན་པ་ཞིག་ཆགས་ཀྱི་ཡོད་པར་བརྟེན། རྒྱལ་སྤྱིའི་རོགས་སྐྱོར་མི་སྣ་དང་གསར་འགྱུར་བརྒྱུད་ལམ་གྱི་མི་དེ་དག་ངེས་པར་དུ་ས་གནས་ས་ཐོག་ཏུ་སླེབས་ཐུབ་པ་དང་ཕན་ཐོགས་ཡོང་བའི་ཐད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་ང་ཚོས་རེ་སྐུལ་དང་རེ་བ་བྱེད་ཀྱིིན་ཡོད། ལོ་གཉིས་ཀྱི་སྔོན་ལ་སི་ཁྲོན་ཞིང་ཆེན་དུ་ས་ཡོམ་བྱུང་བའི་སྐབས། ༧གོང་ས་མཆོག་གིས་ས་གནས་ས་ཐོག་ལ་ཞབས་བཅག་ཐུབ་པའི་ཐུགས་རེ་དང་འདུན་པ་ཆེན་པོ་གནང་ཡང་། དངོས་ཡོད་གནས་ཚུལ་ཐོག་ལག་ལེན་འཁེལ་ཐུབ་ཡོད་པ་མ་རེད། ད་ལྟའི་གནས་སྐབས་ལའང་དགོངས་པ་དེ་འདྲ་བཞེད་ཀྱིན་ཡོད་པ་རེད། བརྒྱུད་ལམ་ཁག་ཏུ་གོ་བ་ལྟར་ན། ས་གནས་སུ་༧གོང་ས་མཆོག་ཆིབས་བསྒྱུར་གནང་གི་ཡོད་པའི་གནས་ཚུལ་བརྒྱུད་སྒྲོག་གནང་གི་ཡོད་ཚོད་འདུག སྡུག་བསྔལ་ནང་ཚུད་པའི་མང་ཚོགས་ཀྱིས་ག་དུས་ཡིན་ཡང་༧རྒྱལ་བ་ཡིད་བཞིན་ནོར་བུ་མཁྱེན་ཞེས་གསོལ་བ་སྨོན་ལམ་བཏབ་བསྡད་པའི་གནས་ཚུལ་གོ་དུས། དངོས་ནས་སྙིང་གི་སྟེང་ལ་ཚེར་མ་ཟུག་པ་ལྟ་བུའི་འགུལ་དཀྱོག་ཐེབས་ཀྱིན་འདུག ཕྱིའི་གནས་བབ་ཀྱི་ཐོག་ནས་གྲ་འགྲིག་པ་ཞིག་བྱུང་ཞིང་། ༧གོང་ས་མཆོག་གི་དགོངས་པར་ཏན་ཏན་གང་མྱུར་ས་གནས་ས་ཐོག་ལ་ཞབས་བཅག་ཐུབ་ན་བསམ་ཡོད་པ་རེད། སྡུག་བསྔལ་ནང་ཚུད་བསྡད་པའི་མང་ཚོགས་ཀྱི་༧གོང་ས་མཆོག་ཞབས་བཅག་ཐུབ་པའི་རེ་འདོད་བཞིན། ང་ཚོས་གསོལ་བ་སྨོན་ལམ་བཏབ་པ་ཡིན་ན་རྟགས་དང་རྟེན་འབྲེལ་གྱི་ཁྱད་པར་ཏན་ཏན་ཡོད་འདོག་ཁ་པོར་རེད་བསམ་གྱི་ཡོད། ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 7

  1. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    ༼རྟགས་དང་རྟེན་འབྲེལ་གྱི་ཁྱད་པར་ཏན་ཏན་ཡོད་འདོག་ཁ་པོར་རེད་བསམ་གྱི་ཡོད།༽འདི་རེ་བ་ཡོད་པའི་མི་ཞིག་གི་བཤད་སྟངས་རེད། བཀའ་ཁྲིའི་གསུང་ཚིག་རེ་ཟུང་ལ་འཇུས་ནས་ལས་ཡུན་ལོ་བཅུ་ཕྱོགས་སྡོམ་བྱེད་པ་ནི་རང་ཉིད་ཀྱི་སྐུལ་སློང་གསལ་བཤད་བྱས་པ་ཙམ་རེད།
    དཀོན་མཆོག་ལ་སྨོན། རེ། ཞུ་བ་འཐེན། མཐེ་བོང་སློང་། མཐར་རང་དོན་མ་འགྲུབ་དུས་དཀོན་མཆོག་ལ་མཆིལ་ཞགས་འཕེན། ཡིད་ཆེས་བརླག སྡུག་ཡུས་བགྲང་། འདི་དུས་བབ་དང་ཁ་བརྡ་ཟིན་བྲིས་པ་སྐོར་ཞིག་གི་བྱེད་སྟངས་རེད། མ་གཞི་ཁོ་ཚོ་དཀོན་མཆོག་གསུམ་ལ་ཡིད་ཆེས་ཡོད་མ་མྱོང་། དྲང་པོ་ཡིན། སུ་ཞིག་མ་འཐད་ཀྱང་ཆོག

    Reply
  2. འཁྲུངས་སྐར། says:
    ལོ་ 16 སྔོན།

    དྲ་གྲོགས་བོད་ཀྱི་མཛེས་མ་མིང་ཅན་གྱིས་གསུང་པ་བཞིན་༼གལ་སྲིད་༸གོང་ས་མཆོག་ས་གནས་ས་ཐོག་ཏུ་ཆིབས་བསྒྱུར་གནང་མ་ཐུབ་ཚེ་བོད་ཀྱི་བླ་ཆེན་ཞིག་གིས་སྣེ་ཁྲིད་འོག་སྐུ་ཚབ་ཚོགས་པ་ཞིག་ས་གནས་ས་ཐོག་ཏུ་ཆེད་གཏོང་གནང་སྟེ་ཤུལ་ལུས་མི་སེར་རྣམས་ལ་ཐུགས་གསོའི་འཚམས་གཟིགས་དང།་ས་ཡོམ་གྱི་གོད་ཆག་བྱུང་ས་རང་དུ་ཕྱི་སྡོད་བོད་མི་རྣམས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་ཐོག་ནས་གཞི་རྒྱ་ཆེ་བའི་མཆོད་འབུལ་བསྔོ་སྨོན་ཞུ་དགོས།དེ་ལྟར་བྱུང་ན་ཤུལ་ལུས་བོད་མིའི་རེ་བ་ཅུང་ཙམ་བསྐང་ཐུབ་པ་རེད་ལ།ང་ཚོ་བྱེས་འབྱོར་རྣམས་ཀྱིས་མ་ལེན་མ་འགྱོད་པའི་དུས་ཐོག་ཆར་པའི་བྱ་བ་་རླབས་ཆེན་གྱི་བསྒྲུབ་ཐུབ་པ་རེད།༽ཞིག་གསུང་འདུག་པའི་དེ་ནི་བློ་ཟུར་བོར་གནས་པའི་བཀའ་མོལ་རེད་སྙམ།།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    སྐུ་ངོ་ཟམ་གདོང་གིས་བཀའ་ཁྲིའི་ལས་ཡུན་ལོ་བཅུའི་རིང་འདིར་རྟགས་དང་རྟེན་འབྲེལ་འདྲ་བོ་མང་པོ་བསྒྲིགས་སོང་།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    སྨོན་ལམ་བཏབ་བཞིན་ལོ་ངོ་མང་པོ་ཞེ་དྲགས་ཕྱིན་སོང་ཡིན་ཡང་དགྲ་དང་འབྱུང་བས་སྡང་བ་ཇེ་མང་རེད།ད་ནི་དཀོན་མཆོག་ཟེར་བ་དེ་ལ་ཡང་ཡིད་ཆེས་མེད་པ་ལྟ་བུ་ཆགས་ཡོང་གིན།

    Reply
  5. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    གལ་སྲིད་༸གོང་ས་མཆོག་ས་གནས་ས་ཐོག་ཏུ་ཆིབས་བསྒྱུར་གནང་མ་ཐུབ་ཚེ་བོད་ཀྱི་བླ་ཆེན་ཞིག་གིས་སྣེ་ཁྲིད་འོག་སྐུ་ཚབ་ཚོགས་པ་ཞིག་ས་གནས་ས་ཐོག་ཏུ་ཆེད་གཏོང་གནང་སྟེ་ཤུལ་ལུས་མི་སེར་རྣམས་ལ་ཐུགས་གསོའི་འཚམས་གཟིགས་དང།་ས་ཡོམ་གྱི་གོད་ཆག་བྱུང་ས་རང་དུ་ཕྱི་སྡོད་བོད་མི་རྣམས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་ཐོག་ནས་གཞི་རྒྱ་ཆེ་བའི་མཆོད་འབུལ་བསྔོ་སྨོན་ཞུ་དགོས།དེ་ལྟར་བྱུང་ན་ཤུལ་ལུས་བོད་མིའི་རེ་བ་ཅུང་ཙམ་བསྐང་ཐུབ་པ་རེད་ལ།ང་ཚོ་བྱེས་འབྱོར་རྣམས་ཀྱིས་མ་ལེན་མ་འགྱོད་པའི་དུས་ཐོག་ཆར་པའི་བྱ་བ་་རླབས་ཆེན་གྱི་བསྒྲུབ་ཐུབ་པ་རེད།་མདོར་ན་གོ་སྐབས་རྒྱ་གཞུང་ལ་མ་སྤྲོད་པར་ང་ཚོས་ངོ་ནས་གོ་སྐབས་སྟངས་འཛིན་བྱེད་ཐུབ་པ་དགོས་ཀྱི་འདུག

    Reply
  6. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    ཏན་ཏན་རྟགས་དང་རྟེན་འབྲེལ་གྱི་ཁྱད་པར་ཡོད་པ་མ་ཟད་རྒྱལ་སྤྱིའི་རྒྱབ་སྐྱོར་དང་བོད་མིའི་ཞུ་གཏུག་བཅས་ལ་རག་ལས་ཀྱི་ཡོད།
    ང་ཚོས་ངེས་པར་དུ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཞུ་གཏུག་བྱས་ཏེ་༸གོང་ས་མཆོག་ས་ཡོམ་གྱི་གོད་ཆག་བྱུང་སའི་ས་གནས་ས་ཐོག་ཏུ་ཕེབས་ཐུབ་པ་ཞིག་ངེས་པར་བཟོ་དགོས།་འདི་ནི་གོ་སྐབས་ཤིག་རེད་སྙམ།
    འདི་ནི་ཆབ་སྲིད་ལ་འབྲེལ་བ་མེད་པར་རིགས་མཐུན་མི་རིགས་གཅིག་གི་ཆག་སྒོའི་དཀའ་ཁག་ལ་ཐུག་ཡོད་སྟབས་རྒྱ་གཞུང་གིས་ཀྱས་ཁས་མ་ལེན་རང་ལེན་རེད།
    བཀའ་ཁྲི་མཆོག་གིས་དབུ་ཁྲིད་དེ་ད་ལེན་གོ་སྐབས་མ་ཤོར་བ་གནོང་རོགས་ཞུ་རྒྱུ་ཡིན།

    Reply
  7. karma dorje says:
    ལོ་ 16 སྔོན།

    ཏན་ཏན་རྟགས་དང་རྟེན་འབྲེལ་གྱི་ཁྱད་པར་ཡོད་འདོག་ཁ་པོ་རེད། དེར་བརྟེན་བོད་གཞིས་བྱེས་ཡོངས་ནས་ཕྱི་དངོས་པོའི་རོགས་རམ་དང་། ནང་ཕྱོགས་མཐའི་བོད་རིགས་གང་མང་ས་ཡོམ་ས་ཐོག་ཏུ་བསླེབས་ཐབས་བརྩོན་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese