ང་ཚོས་བསྡུ་སློང་བྱ་རྒྱུའི་མ་དངུལ་དེ་ས་གནས་ས་ཐོག་གི་མི་མང་ལ་འཕྲོད་པར་བྱ་ཐུབ་པའི་གདེང་ཚོད་དང་ཡིད་ཆེས་ཡོད་ཅེས་ ༤༌༡༤ གསར་དུ་བཙུགས་པའི་ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་གིས་གསར་འགོད་པར་འགྲེལ་བརྗོད་གནང་བྱུང་།
ས་ཡོམ་གྱི་གོད་ཆག་བྱུང་སྟེ་ཉིན་ ༥འགོར་བའི་རིང་བྱེས་སྡོད་ཡུལ་ཤུལ་ས་ཁུལ་གྱི་བོད་མི་ཚོས་རང་ངོས་ནས་བསྔོ་སྨོན་དང་ཞབས་རྟེན་ཕུལ་ཡོད་པར་མ་ཟད། དེ་རིང་ཞོགས་པར་ཡུལ་ཤུལ་ས་ཡོམ་གྱི་གོད་ཆགས་ཀྱི་ཛ་དྲག་གི་སྐབས་འདི་དང་སྟབས་བསྟུན་གྱིས། ཡུལ་ཤུལ་ཁུལ་གྱི་བྱེས་སྡོད་བོད་མི་ ༢༠༠ ལྷག་གིས་ ༤༌༡༤ ཞེས་པའི་ཡུལ་ཤུལ་ས་ཡོམ་གདུང་སེམས་ཚོགས་ཆུང་ཞིག་གསར་འཛུགས་གནང་སྟེ། ཞབས་འདེབས་བསྡུ་སློང་བྱ་ཆེད་གསར་འགོད་གསར་བསྒྲགས་གནང་སོང་ལ། སྐབས་དེར། ཚོགས་པ་འདིའི་སྣེ་འཁྲིད་པ་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཉི་མ་ཚེ་རིང་ལགས་ཀྱིས། ཟླ་འདིའི་ཚེས་ ༡༤ ཉིན་མདོ་ཁམས་ཡུལ་ཤུལ་ས་ཁུལ་ཏུ་ཚད་རིམ་ ༦་༩ ཅན་གྱི་ས་ཡོམ་བྱུང་སྟེ། བོད་མི་སྟོང་ཕྲག་དུ་མའི་ཚེ་སྲོག་ཤོར་བ་དང་། སྡོད་ཁང་སོགས་བརྒྱ་ཆ་དགུ་བཅུ་ལྷག་ཞིག་རོལ་ཏུ་གྱུར་ནས་འཚོ་གནས་སོགས་ཧ་ཅང་གི་དཀའ་བསྔལ་གྱི་གནས་སུ་ལྷུང་ཡོད་པར་མ་ཟད། རྨས་སྐྱོན་ཕོག་པ་དང་ནང་མི་རྩ་མེད་དུ་ཕྱིན་པ། ཕ་མ་གྲོངས་ནས་དྭ་ཕྲུག་ཏུ་ལུས་པ་སོགས་ཡིད་སྐྱོ་བའི་གནས་ཚུལ་འཐོན་བཞིན་ཡོད་སྟབས། ད་ལམ་བཞུགས་སྒར་ཁུལ་ཏུ་གནས་སྡོད་ཡུལ་ཤུལ་ས་གནས་རང་ནས་ཡིན་པའི་སེར་སྐྱ་མི་གྲངས་ ༢༠༠ ལྷག་གིས་མ་སྐུལ་དང་བླང་གིས་ཚེ་སྲོག་ཤོར་བའི་ཚེ་འདས་རྣམས་ལ་ཡིད་གདུང་བའི་མྱ་ངན་སྐྱབས་ཞུའི་བསྔོ་སྨོན་བདུན་ཚིག་རེ་རེ་བཞིན་མཆོད་འབུལ་ཟབ་རྒྱས་ཞུ་རྒྱུ་དང་། ཤུལ་ལུས་སྤུན་ཟླ་རྣམས་ཀྱི་སྨན་བཅོས་དང་སྡོད་ཁང་བསྐྱར་བསྐྲུན། འཚོ་གནས་སོགས་ཀྱི་ཆེད་རང་རིགས་སྤུན་ཟླ་རྣམས་དང་། དེ་བཞིན། ལ་ཞེན་ཅན་གྱི་མི་སྣ་སོགས་ལ་སྐྱིད་སྡུག་མཉམ་མྱོང་གི་མཐུན་འགྱུར་རྒྱབ་སྐྱོར་གྱི་ཞལ་འདེབས་རྒྱ་མི་ཆུང་བ་ཞིག་གནང་རྒྱུ་ཡིན་ལ། ཐེངས་འདིར་ང་ཚོས་ངྷ་ས་གཅིག་པུ་མ་ཡིན་པར་ཨ་རི་དང་ཡུ་རོབ་གཙོས་ཡུལ་ཤུལ་ཁུལ་གྱི་བྱེས་འབྱོར་བོད་མི་ཡོད་སའི་འཛམ་གླིང་རྒྱལ་ཁབ་ཡོངས་སུ་སང་ཉིན་ནས་བཟུང་ཞབས་འདེབས་བསྡུ་འཆར་ཡོད་ལ། གང་བྱུང་བའི་ཞབས་འདེབས་རྣམས་ང་ཚོས་ས་གནས་ས་ཐོག་གོད་ཆགས་བྱུང་བ་ཚོའི་ཆེད་དུ་སྨིན་གཏོང་ཐུབ་པ་བྱ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་སྟབས། སེར་སྐྱ་མི་མང་ཡོངས་ཀྱིས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་གནང་བྱུང་།
ཁོང་ཚོའི་འབྲེལ་གཏུགས་གློག་འཕྲིན་ཁ་བྱང་ནི། yushu_4_14@yahoo.com ཡིན་འདུག་ལ། སང་ཉིན་ནས་བཟུང་བཞུགས་སྒར་ཁུལ་གྱི་རླངས་འཁོར་ས་ཚིགས་དང་གཙུག་ལག་ཁང་གི་ཉེ་འགྲམ་ནས་ཞལ་འདེབས་བསྡུ་རྒྱུ་ཡིན་འདུག་ལ། དེ་བཞིན་ལྡི་ལི་དང་ལྷོ་ཕྱོགས་བོད་མིའི་འདུས་སྡོད་ཀྱི་ས་གནས་ཡོངས་སུ་བསྡུ་འཆར་ཡོད་འདུག
དེ་རིང་ནི་འཁྲུངས་སྐར་ཡིན་དུས་ཟམ་གདོང་ཉལ་ལས་སད་བའི་རེ་བ་ཆེན་པོ་ཡོད། གང་ཡིན་ཞེ་ན་དགེ་དགེ་དགེ་དགེ་དགེ་དགེ་ཡིན་པའི་ཕྱིར་རོ།།
བོད་པའི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་བྱུང་འདུག་པ་ནི་སོ་སོའི་ལུང་པར་ས་ཡོམ་གྱིས་གོད་ཆག་འོག་མི་རྒྱུ་གཉིས་ཀ་རྩ་མེད་དུ་འགྲོ་ལ་ཉེ་བ་ཞིག་བྱུང་ནས་ཉིན་བཅུ་པའམ་ཚེས་༢༤དགོངས་མོ་དེར་སོ་སོའི་མ་དངུལ་བཟོ་ཆེད་མཚན་ཚོགས་ཀྱི་ཐུགས་སྤྲོ་ཞིག་མིང་འདོན་འདོད་མེད་པ་ཁག་གཅིག་ནས་བོད་མདོ་ཁམས་སྐྱེ་དགུ་མདོ་རུ་མི་ཤི་རྒྱུ་ཤོར་བྱུང་བ་ལ་ཁ་གཡར་ནས་གོ་བསྒྲིགས་བྱས་ཏེ་འཚོག་འདུག མཚན་ཚོགས་དེ་མ་ཚོགས་གོང་བོད་མི་རྣམས་ནས་སྐྱིད་སྡུག་མཉམ་མྱོང་དང་སྡུག་སེམས་མཉམ་སྐྱེལ་གྱི་ཆེད་མྱ་ངན་མཆོད་མེ་ཆུ་ཚོད་གཉིས་རིང་སྦར་གྲུབ་རྗེས་ གསལ་བསྒྲགས་སུ་དོ་དགོངས་མཚན་ཚོགས་ཞིག་ཡོད་ཚོད་འདུག་པའི་དེ་མེད་པ་བྱས་ན་ཡག་པོ་ཡོད་རེད་ལ་དེར་མ་ཕེབས་ན་ཡག་པོ་ཡོད་རེད་ཞེས་ཞུ་སྐབས་མཐའ་ཞེན་པ་ཞིག་གིས་ དམངས་གཙོ་ཡིན། འགྲོ་གི་ཡིན་ཞེས་མི་མང་ནང་ལབ་ནས་ཕྱིན་པ་སོགས་ལ་མི་མང་ནས་བློ་ཕམ་ཆེན་ཡོད་བྱུང་འདུག ཡིད་སྐྱོ་དགོས་པ་དེ་དག་ཕྱོགས་གཞན་ལ་ཡོང་མི་སྲིད་པ་མིན་དུས་ཕྱོགས་སོ་སོར་བཞུགས་པའི་སྤུན་ཟླ་རྣམས་ནས་ཐུགས་སྣང་རྒྱ་མ་ཆུང་བ་གནང་རོགས་གནང་ཞུ།།
ད་བར་ཕྱོགས་སོ་སོ་ནས་སྐྱེ་སྒུ་མདོར་ས་ཡོམ་གྱི་གོ་ཆག་བྱུང་བ་རྣམས་ལ་ཞལ་འདེབས་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མུ་མཐུད་གནང་རོགས་གནང་།
བྱེས་སྡོད་བོད་མི་ཚོས་དེ་རིང་ཞལ་འདེབས་གནང་སྟངས་དེ་མཐོང་དུས་ངོ་མ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་འགག་ལ་ཐུག་དུས་འདུག་ཨ་བསམ་པ་ཞིག་ཤར་སོང། མདང་དགོང་ལས་ཁུངས་གྲོལ་ནས་མིག་ལོར་སྲང་ལམ་དུ་འབྱོར་སྐབས་སྐྱེ་རྒུའི་ས་ཡོམ་གོ་ཆག་བྱུང་བར་ཞལ་འདེབས་བསྡུ་བཞིན་འདུག་ལ་མི་ཚོགས་ཚང་ཀ་ཤིག་ཤིག་གིས་ཞལ་འདེབས་ཧིན་སྒོར་གཅིག་སྟོང་དང་ལྔ་བརྒྱ་ཤས་གཅིག་སྤྲོད་ཀྱིས་འདུག ད་དུང་གཞིས་བཞུགས་བོད་རིགས་རྣམས་ཀྱིས་ས་ཡོམ་ཕོག་ཤུལ་དུ་དངོས་ཟོག་འོར་འདྲེན་བྱེད་སྟངས་དེ་མཐོང་དུས་ས་ཡོམ་ཐེབས་པ་དེ་སྡུག་སོང་ཡང་བོད་རིགས་ཚང་མ་སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་ཇེ་གསལ་དུ་མཐོང་ཡོང་དུས་དགའ་དགོས་པ་ཞིག་རེད། འདི་ལྟར་ང་ཚོ་འགག་རྩ་ལ་ཐུག་དུས་རང་བཞིན་གྱིས་རྡོག་རྩ་གཅིག་སྒྲིལ་ཡོང་བཞིན་པ་འདིས་ང་ཚོར་སེམས་ཤུགས་འཕར་མ་ཞིག་སྟེར་བཞིན་འདུག
ཞྭ་ནག་བློ་གྲོས་ཟེར་མཁན་འདི་དཀྲུག་ཤིག་མཁན་དང། བོད་པར་ལྟས་ངན་ཤིག་རེད་འདུག བོད་པར་ས་ཡོམ་གྱིས་དཀའ་ངལ་ལས་བརྒལ་ཐུབ་མེད། དེ་བར་དུ་དཀྲུག་ཤིག་མ་རྒྱབ། ཀརྨ་པ་ལ་བརྙས་བཅོས་མ་བྱེད། ཁྱོད་འདྲ་བ་ཞིག་ནས་རང་མགོ་འཐཽན་ན་ལྷ་རབས་རེད།
ཞལ་འདེབས་འདི་ངེས་པར་དུ་མི་དམངས་རང་ལ་འཕྲོད་པ་གནང་རོག།། སྐྱེན་ངན་འདི་འདྲ་བ་ཞིག་གངས་ཅན་པ་ལ་སླར་ཡང་མི་ཡོངས་ཤོག་ དཀོན་མཆོག་མཁྱེན་
དུས་བབ་ལ་འབོད་སྐུལ་ཞུ་རྒྱུ་འདི་ཡོད།
ཁྱེད་ཚོས་གསར་འགྱུར་འདིའི་ནང་ལ་༼ཚེ་སྲོག་ཤོར་བའི་ཚེ་འདས་རྣམས་ལ་ཡིད་གདུང་བའི་མྱ་ངན་སྐྱབས་ཞུའི་བསྔོ་སྨོན་བདུན་ཚིག་རེ་རེ་བཞིན་མཆོད་འབུལ་ཟབ་རྒྱས་ཞུ་རྒྱུ་དང་། ཤུལ་ལུས་སྤུན་ཟླ་རྣམས་ཀྱི་སྨན་བཅོས་དང་སྡོད་ཁང་བསྐྱར་བསྐྲུན། འཚོ་གནས་སོགས་ཀྱི་ཆེད་རང་རིགས་སྤུན་ཟླ་རྣམས་དང་། དེ་བཞིན། ལ་ཞེན་ཅན་གྱི་མི་སྣ་སོགས་ལ་སྐྱིད་སྡུག་མཉམ་མྱོང་གི་མཐུན་འགྱུར་རྒྱབ་སྐྱོར་གྱི་ཞལ་འདེབས་རྒྱ་མི་ཆུང་བ་ཞིག་གནང་རྒྱུ་ཡིན༽ཞེས་བཀོད་འདུག་པ་འདི་ཅི་ཞིག་ཡིན། ཞལ་འདེབས་རྒྱ་མི་ཆུང་བ་གནང་རྒྱུ་ཡིན་ཞེས་པ་འདི་ལ་བལྟས་ན། ཁོང་ཚོས་དགེ་བ་གསོག་ཕྱིར་མར་ལའང་ཅིག་གནང་གི་ཡོད་པ་རེད་དམ། ང་གོ་བ་ལོག་ཡོད་ན་དགོངས་དག་ཞུ་ཡག་ཡིན། གསལ་བཤད་ཅིག་གནང་རོགས། ཁ་སྔོན་རྒྱལ་བ་ཀརྨ་པ་ཡུ་རོབ་ཁུལ་ལ་ཆིབས་བསྒྱུར་གྱི་ཐོངས་མཆན་སྐོར་ལ་དོན་འགྲུབ་བཀྲ་ཤིས་ལགས་ནས་མཆན་ཡ་མཚན་ཞིག་བཏབས་པ་དེ་སེམས་ནང་བདེ་བོ་ཞིག་མ་ཆགས་ནས། གསལ་བཤད་ཅིག་ཡོང་བའི་རེ་བ་ཞུས་ཡོད། ལན་ཚིག་གཅིག་གནང་མ་སོང་། དེའི་ལན་ལའང་ད་དུང་རེ་བ་བརྒྱབ་ནས་སྒུག་བསྡད་ཡོད་ལགས། དེ་རིང་གསར་གནས་འདིའི་ནང་ཡིག་ནོར་མང་པོ་འདུག་པ་འདི། ཤུལ་ཡུལ་མི་མང་འདས་གསོན་ཡོངས་ལ་མཐོང་ཆུང་རེད་དམ། ཡང་ན་ཁྱད་གསོད་རེད། འདི་འདྲ་མ་གནང་རོགས། ཐུགས་རྗེས་གཟིགས།
ཡག་པོ་རེད།
སྐྱེ་རྒུ་མདོ་ས་ཡོམ་གྱི་གོད་ཆག་ཕོག་ཡུལ་དུ་ཕྱོགས་སོ་སོ་ནས་རོགས་སྐྱོར་རག་ཡོད་པ་རྣམས་གནོད་འཚེ་ཐེབས་པའི་ཤུལ་ལུས་དག་གི་ལག་ཏུ་འཕྲོད་ཡོད་མེད་རྩིས་ཕྲལ་ཚད་ལྡན་བྱ་དགོས།
དེའང་རྨས་མ་རྣམས་ལ་སྨན་རིན་ག་ཚད་སོང་ཡོད་པ་དང་། ཤུལ་ལུས་དག་ལ་སྡོད་ཁང་དང་འཚོ་གནས་སླར་གསོ་ལ་རྒྱུ་ནོར་གྱི་འགྲོ་གྲངས་ག་ཚད་སོང་ཡོད་པ། རོགས་དངུལ་དེ་དག་ས་གནས་ས་ཐོག་ཏུ་འབྱོར་ཡོད་མེད་བརྟག་དཔྱད་ཞིབ་མོར་བྱ་དགོས།
རོགས་དངུལ་དེ་དག་བར་ཟ་བར་ལས་བྱས་ཏེ་གནོད་འཚེ་ཕོག་པའི་ཉམ་ཐག་དེ་དག་གི་ལག་ཏུ་མ་འབྱོར་བའི་དོགས་གཞི་འདུག་ན། དེ་དག་ལག་ཏུ་འབྱོར་ཐབས་ལ་ཕྱོགས་ཕྱོགས་སུ་འབོད་སྐུལ་ཤུགས་དྲག་བྱེད་པ་སོགས་ཐབས་གང་དྲག་ལ་་ཧུར་བརྩོན་བྱེད་དགོས།
༸ གོང་ས་རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་པའི་བྱེས་སྡོད་བོད་གཞུང་དམངས་གཉིས་མཉམ་འབྲེལ་གྱི་ཐོག་ནས་ཞལ་འདེབས་བསྡུས་ཏེ་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོར་བྱ་ཐུབ་ན་ནུས་པ་ཆེ་ཞིང་། གནོད་འཚེ་ཕོག་ཁུལ་དུ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཀྱང་དེ་ཆེ་སྙམ།
འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་འཁོད་པའི་རང་རིགས་ལྷག་བསམ་ཅན་རྣམས་ལ་ཞལ་འདེབས་སློང་དགོས། ཞལ་འདེབས་དེ་ག་ཁ་འཐོར་དུ་མ་སོང་བར་ལྷན་ཅིག་དུ་བསྡུས་ནས་དཀའ་ངལ་གྱི་འོག་ཏུ་ལྷུངས་པའི་བོད་མི་རྣམས་ཀྱི་ལག་པར་འཕྲོད་ཐབས་བྱེད་དགོས། དེ་ངའི་རེ་བ་ཡིན།
འདི་ཚོ་རླབས་ཆེན་གྱི་ལས་ཀ་བྱེད་སྟངས་རེད།
ཡོམ་འགོག་བགེགས་སེལ་ཆེད་དུ།
ཞལ་འདེབས་འབུལ་འདོད་ཡོད་ན།
ས་ཡོམ་གདུང་སེལ་ཚོགས་པར།
མྱུར་ཏུ་འབུལ་བར་ཕེབས་རོགས།
ཞལ་འདེབས་བསྡུ་མཁན་མང་ཡང།
ཡག་རྟགས་ཡིན་ལེ་ཨེ་ཡིན།
ནད་ཐོག་སྨན་འཁེལ་ཐུབ་ཕྱིར།
ཚང་མས་ཡིད་གཟབ་གནོངས་རོགས།
བཙན་བྱོལ་བོད་མིའི་ཞལ་འདེབས།
གཅིག་ཏུ་སྤུངས་འཇོག་ཐུབ་ཕྱིར།
ཞལ་འདེབས་ཚོགས་ཆུང་འདི་ལ།
རྩ་འཛིན་ཐུབ་པ་གནོངས་རོགས།
བོད་ཀྱི་མཛེས་མས་བཤད་པ་འདི་བདེན་པ་རེད། ཞལ་འདེབས་བསྡུ་མཁན་རིགས་མང་པོ་བྱུང་ན་གང་ས་ཅི་ཐད་ནས་བདེ་བོ་མེད་པས་ཞལ་འདེབས་བསྡུ་མཁན་གཅིག་བསྒྱུར་བྱ་རྒྱུ་ནི་ཧ་ཅང་གལ་ཆེ།
ང་ཚོ་ཚང་མས་ལས་རིམ་འདི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། དེ་རིང་ངས་ཕ་ཡུལ་ལ་ཁ་པར་བཏང་ཡིན། ཁོ་ཚོས་གཞུང་གི་རོགས་སྐྱོར་ནི་གོ་རིམ་མང་པོ་བརྒྱུད་མཐར་མི་མང་སྤྱི་སྙོམས་ལ་ཡག་པོ་ཐོབ་ཀྱི་མི་འདུག་ཟེར། ད་ཆ་གཙོ་བོ་དགོན་པ་རྣམས་ཀྱི་རོགས་སྐྱོར་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་ཟེར། དགེ་འདུན་པ་རྣམས་ཀྱིས་གང་ས་ཅི་ཐད་ནས་རོགས་སྐྱོར་རྒྱ་ཆེན་པོ་གནང་སོང་ཟེར།
བྱེས་སྡོད་ཡུལ་ཤུལ་མི་དམངས་ལྷན་རྒྱས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན།
སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང།་་
སྡུག་གི་ཁུར་པོ་མཉམ་འཁུར་ཡིན།
ང་ཚོ་གངས་ཅན་པ་ཡོད་དོ་ཅོག་ཁྱེད་ཅག་གི་ཕྱོགས་སུ་ལངས་ནས་ཡོད།
འདིར་ཞུ་འདོད་ཡོད་པ་གཅིག་ནི་ད་རེས་ཡོམ་འགོག་བགེགས་སེལ་ཆེད་ཞལ་འདེབས་བསྡུ་རུབ་བྱེད་མཁན་ཁྲོད་ནས་བོད་ཀྱི་གཞོན་ལྷན་དང།་གངས་ལྗོངས་རང་དབང་རྩོད་ལེན་ཚོགས་པ།་དེ་བཞིན་ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་བཅས་གང་མང་ཐོན་བཞིན་པ་ལས་ད་རེས་ཚོགས་འདི་ཉིད་ཞལ་འདེབས་བསྡུ་རུབ་བྱེད་མཁན་འོས་ཤོས་སུ་མཐོང་བཞིན་འདུག་་་་དེར་བརྟེན།་བོད་མི་ཚང་མས་ཞལ་འདེབས་ཁ་ཐོར་དུ་མི་འགྲོ་བར་ཕྱོགས་གཅིག་ཏུ་སྤུངས་འཇོག་ཐུབ་ཕྱིར་ཞལ་འདེབས་རྣམས་ཚོགས་པ་འདི་ཉིད་རང་ལ་འབུལ་ན་བརྟན་པ་དང་ས་གནས་ས་ཐོག་རང་དུ་སླེབས་ཐུབ་པའི་རེ་བ་ཆེ་བ་འདུག་སྙམ།་་་དེ་མིན་ཞལ་འདེབས་བསྡུ་མཁན་མང་བས་ནད་ཐོག་སྨན་འཁེལ་ཡོང་མིན་ཐེ་ཚོམ་དང་མང་ཚོགས་མགོ་འཐོམས་རྒྱུ་ཉག་ཅིག་རེད།་་་་ཚང་མས་ཡིད་གཟབ་གནང་གལ་ཆེ།
བོད་ཡིག་བྲིས་གནང་རོགས་་་་་་་་ངའི་དབྱིན་ཡིག་ཡག་པོ་ཤེས་ཀྱི་མེད།
གྲོགས་པོ་ཚོ་ཤི་བོ་ཚོའི་མཚན་ག་ཚོད་རག་ན་ངའི་་་་་་་་་གློག་འཕྲིན་ཁ་སྦྱངས་འདི་སྒང་་་་་་་་་་་བསྐུར་ཡོངས་རོགས་་་་་་་སང་ཉིན་ནས་བཟུང་ཉིན་ཁ་ཤས་རིང་ས་སྐྱ་པའི་བླ་ཆེན་རྣམས་ཀྱི་ཀུན་རིག་གི་ཆོ་གའི་སྒོ་ནས་བྱང་ཆོག་གསུང་ཡ་རེད་འདུག ། m_sanggye@yahoo.com
སྤུན་ཟླ་འདས་པོ་རྣམས་ལ་སྔོ་སྨོན་དང་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་སྨན་གཅོས་དང་འཚོ་རྟེན་གྱི་ཆེད་དུ་ང་ཚོའི་ངེས་པར་དུ་ཞལ་འདེབས་འབུལ་དགོས་ལ་བསྡུ་ཡང་དགོས། ཡིན་ན་ཡང་དེ་ང་ཚོ་ཕྱི་སྡོད་བོད་མི་ཐུན་མོང་གི་རྩ་འཛུགས་ཤིག་བྱེད་ཐུབ་ན་དགེ་མཚན་ཆེ་བ་སེམས། བྱུང་ན་༧གོང་ས་མཆོག་གི་མཚན་ཐོག་ནས་
སྤེལ་ཐུབ་དགོས། དེ་ལྟ་མ་བྱུང་ན་ཡང་བྱེས་སྡོད་བོད་མི་མཚོན་ཐོབ་པའི་ཚོགས་པ་ཞིག་རྩ་འཛུགས་བྱེད་ནས་ཞལ་འདེབས་རྣམས་ས་གནས་ས་ཐོག་ཏུ་འབྱོར་ངེས་པར་ཞིག་དགོས་པ་དང་། ཞལ་འདེབས་བསྡུ་སའི་ཤོ་བུ་དང་ལས་རྟགས་ཡང་རྟེན་ཁེལ་ཞིག་བཟོ་གལ་ཆེ་བ་མཐོང་།། ལས་འགུལ་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ།།
ཕ་ཡུལ་མཚོ་སྔོན་ཡུལ་ཤུལ་ནས་ཡིན་པའི་བཙན་བྱོལ་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད། ད་ཐེངས་ཀྱི་ཆག་འཇིག་འདི་ཁྱེད་ཚོ་གཅིག་པའི་དཀའ་ངལ་མིན་པར་བོད་སྤྱི་པའི་དཀའ་ངལ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཐེངས་འདིའི་གཞིས་ལུས་སྤུན་ཟླ་རྣམས་ཀྱི་གདུང་སེམས་མཉམ་དང་བོད་རིགས་གཅིག་པ་ཡིན་པའི་འདུ་ཤེས་ལ་གཟིགས་དང་དངོས་གནས་ཧ་ལས་དགོས་པ་ཞིག་མི་འདུག་གམ། ང་ཚོ་བཙན་བྱོལ་བ་རྣམས་མི་ངན་རེ་ཟུང་གིས་དུག་གིས་ས་བོན་བཏབ་པའི་ཉེར་ལེན་ལས་ཁ་ཡར་གྲགས་ལ་ཆོལ་ཁ་དང་། ཁ་མར་གྲགས་ལ་ཆོས་ལུགས་ཞེས་མི་རྣམས་འཕྲོ་བརླག་ཏུ་བཏང་ཚར་འདུག ལྷ་རབ་བྱུང་ན་བཙན་བྱོལ་བོད་མི་ཡོངས་ནས་རང་ནུས་གང་ཡོད་ཀྱིས་ཞལ་འདེབས་རྒྱ་མི་ཆུང་བ་ཕུལ་ནས་བཙན་བྱོལ་བོད་མིའི་སྤྱིའི་མཚན་ཐོག་ནས་གནོད་འཚེ་ཐེབས་ཁུལ་ལ་ཕུལ་ཐུབ་ན་ཡག་པོ་འདུག མ་འབྱོར་བའི་དཀའ་ངལ་ཕལ་ཆེར་ཡོང་གི་མ་རེད།
ཞལ་འདེབས་བསྡུ་དགོས་པ་དང་། འབུལ་དགོས། འོན་ཀྱང་ང་ཚོའི་ཞལ་འདེབས་འདི་ཕྱི་ཡུལ་དུ་འཚོ་བའི་བོད་མི་ཐུན་མོང་གི་རྩ་འཛུགས་ཤིག་གམ། ཡང་ན༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་ཐོག་ནས་སྤེལ་དགོས་པ་དང་། དེ་བཞིན་རྒྱལ་སྤྱིའི་བརྒྱུད་ལམ་ག་གེ་མོ་ཞིག་བརྒྱུད་ནས་ངེས་པར་འཕྲོད་ཐུབ་པ་དགོས་སྙམ།
དྷ་སར་ཙམ་མ་ཟད་བོད་མི་ཡོད་སར་ཡོངས་རྫོགས་སུ་ཕེབས་ཐུབ་ན་ཡག་པོ་འདུག ཁ་ཤས་ནས་ཞལ་འདེབས་ཕུལ་ས་མ་ཐུབ་ནས་སྡད་ཡོད་རྒྱུ་རེད།