མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མི་གསར་འགོད་པ་ཞིག་ནས་འོད་ཟེར་ལ་སྤྲིངས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

འོད་ཟེར་པོད་ཁུག་ལས་བསྒྱུར།  ནགས་ཤོད་སད་མི།    
   
   ཐོག་མའི་བསམ་ཚུལ་ལྟར་ན། རྩོམ་པ་པོ་དང་། གསར་འགོད་པ་ཙི་ཁྲུན་ཡ་ནས་ཡུལ་ཤུལ་གནོད་ཁུལ་དུ་བཅར་འདྲི་ཞུས་པའི་སྐོར་གྱི་རྩོམ་ཡིག་ཞིག་《 ཀྲུང་གོའི་བདུན་རེའི་ཚགས་པར  》དུ་འགོད་རྒྱུ་རེད་མོད། ཡིན་ནའང་། རྩ་བ་ནས་འགོད་ཐུབ་མེད། དེ་ནི་ཁོང་གིས་དགེ་འདུན་པ་དང་བོད་ཀྱི་མི་སེར་ཚོའི་སྐོར་བཀོད་ཡོད་པས་རེད།
 
          དཔེར་ན།“ཉིན་དེ་རང་གི་ཆུ་ཚོད་ ༡༢ ཡོལ་ཙམ་ཞིག་ནས།   དགེ་འདུན་པ་ ༩༠༠ ཙམ་གནོད་ཐེབས་ས་གནས་སུ་འབྱོར་སོང་། བཀྲ་ཤིས་རྟ་རྒྱུག་ཐང་ཉེ་འཁྲིས་ཀྱི་ས་རོ་རྡོ་རོའི་ཁྲོད་ནས་དགེ་འདུན་པ་ཚོས་མི་ ༧༠༠ ལྷག་ས་འོག་ནས་བསློགས་སོང་། གཉིད་ལམ་ནང་གོད་ཆག་ཕོག་པའི་མི་འདི་ཚོ་དགེ་འདུན་པ་ཚོས་ཀམ་པ་ལི་དང་རས་ཆ་སོགས་ཀྱིས་འཐུམ་གྱིན་རེ་རེ་བྱས་ནས་བཀྲ་ཤིས་རྟ་རྒྱུག་ཐང་དུ་བསྐྱལ་སོང་། མི་མགོ་དྲུག་བརྒྱ་ལྷག་རྨས་ཕོག་ཡོད་ན་ཡང་། འཆི་སྐྱོན་ལས་ཐར་ཡོད་པ་རེད།”
 
“རི་ཁུག་འདིའི་ཁ་སྤྲོད་ཀྱི་རི་སྡེབ་ན། དགོན་པ་ ༡༠༠ ལྷག་ནས་འབྱོར་བའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་མོ་བཞི་སྟེ། རྙིང་མ་པ་དང་། ས་སྐྱ་པ། བཀའ་བརྒྱུད་པ། དགེ་ལུགས་པ་བཅས་ཀྱི་སེར་མོ་བ་ ༧༠༠༠ ལྷག་དམར་སྨུག་གི་ཆོས་གོས་མནབས་ཏེ། གྲལ་འགྲིག་པོའི་སྒོ་ནས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་དང་། བྱང་ཆུབ་སྙིང་པོ། བཟང་སྤྱོད་སོགས་འུར་འདོན་བྱས། ཕུང་པོ་ཞུགས་འབུལ་བྱ་སའི་རི་སྡེབ་ཀྱི་ཐོད་དུ་སྐྱེ་རྒུ་དགོན་པའི་བསྟན་པ་རིན་པོ་ཆེས་དབུ་ཁྲིད་དེ་དགེ་འདུན་པ་བདུན་གྱིས་མེ་མཆོད་གྱི་ཆོ་ག་ཕྱག་ལེན་མཛད། དེ་སྔོན་ལྷའི་དཀྱིལ་འཁོར་བཞེངས་གནང་སྐབས་གསོག་ཉར་བྱས་པའི་རྡུལ་མཚོན་དག་ཀྱང་དགེ་འདུན་པ་ཚོས་མེ་ལྕེ་འུར་འུར་དུ་འབར་ཞིང་། དུ་ལོང་ནམ་མཁར་འཕྱུར་བའི་ཁོག་གསེང་དུ་གཏོར། ”
 
  ཁོང་གིས་ང་ལ་རྩོམ་ཡིག་མཁོ་འདོན་གནང་བ་ཐུགས་རྗེ་ཆེ། དེ་དང་མཉམ་དུ་ཁྱེད་རྣམ་པས་ཀྱང་རྒྱུ་ཆ་འདི་ཚོ་བརྒྱུད་འགོད་དང་།  ཁྱབ་བསྒྲགས་བྱ་རོགས་གྱིས། དེ་ལྟར་མ་བྱས་ཚེ།“དགེ་འདུན་པ་འདི་ཚོ་ལ་ཧ་ཅང་གིས་འདྲ་མཉམ་མ་བྱས་པ་རེད། བརྒྱུད་ལམ་འདི་ཚོས་བོད་མིའི་སེམས་ནང་གི་ཚོར་བ་ངོ་མར་སྣང་ཆུང་བྱེད་རྐྱང་བྱེད་ཀྱི་འདུག་ལ། སྲིད་གཞུང་གིས་ནི་གཅིག་མིན་གཉིས་མིན་གྱིས་རང་ཉིད་མཛེས་བཟོ་ལ་རེམ་གྱིན་འདུག་ཟེར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༢ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 14

  1. ནགས་མེ། says:
    ལོ་ 16 སྔོན།

    རྒྱ་ཡི cctv དོ་ཡ་ལ། འོད་ཟེར་ལགས་ཀྱི་ཟིན་བྲིས་འདི་ཚོ་ལས་གཞུང་སྒེར་སུའི་དྲ་རྒྱས་ཀྱང་ནུས་པ་ཐོན་མེད།

    Reply
  2. ལུང་རྟོགས། says:
    ལོ་ 16 སྔོན།

    བོད་མི་རིག་ལ་ལྷག་བསམ་རྣམས་དག་བྱེད་མཁན་ནི་དགེ་འདུན་རྣམས་པ་རེད་
    བོད་ལ་བསྡུག་གྱོང་མནར་བཅོད་བཏང་མཁན་ནི་རྒྱ་ནག་གཞུང་རེད་
    དེས་ན་བཟང་ངན་མ་ནོར་བ་གྱིས་ཤིག་རྩམ་པ་ཟ་མཁན་ཚོ།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ནམ་ཀུན་གྲྭ་བར་བོད་ཕྱི་ནང་གཉིས་ཀས་སྡང་ས་ཞིག་ཡིན་ཀྱང༌། ད་རེས་ཀྱི་དོན་རྐྱེན་འདིའི་བོད་ཕྱི་ནང་གཉིས་སུ་དད་པའི་ས་བོན་ཅུང་ཟད་སྐྱེ་བའི་དགེ་བ་ཡང་ཡུལ་ཤུལ་གྱི་སྤུན་ཟླ་འདས་སོན་རྣམས་ལ་བསྔོ་བ་བྱའོ།

    Reply
  4. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    དུས་སུ་བབ་པའི་ཆར་དང་སྐབས་སུ་བབ་པའི་གཏམ་གྱི་དཔེ་ལྟར་ནགས་ཤོད་སད་མི་མཆོག་ནས་དུས་ཐོག་ཏུ་བསྒྱུར་བར་བཀའ་དྲིན་ཆེ་ཞུ།

    Reply
  5. བློ་བཟང་། says:
    ལོ་ 16 སྔོན།

    ང་ཚོ་བོད་པར་འུ་ཐུག་དུས་བླ་མ་དང་། གྲྭ་པ་གཉིས་ལས་རེ་ས་སུ་ཡང་མི་འདུག ཁོང་རྣམས་ལ་རྗེས་སུ་ཡིད་རང་ཡོད། སྔོན་ཆད་ཚིག་ངན་ཤོར་བར་སྙིང་ནས་བཟོད་པར་གསོལ།

    Reply
  6. བློ་བཟང་། says:
    ལོ་ 16 སྔོན།

    སྐྱོན་ངན་མང་པོ་ཞིག་ནི་ཡོང་ཚར། དེ་ལ་བཟོ་བཅོས་བཏང་རྒྱུ་གང་ཡང་ལྷག་མེད། བོད་ཀྱི་དྭ་ཕྲུག་རྣམས་ལ་སྤྱི་སྒེར་མང་པོས་ཐུགས་བསམ་བཞེས་ཏེ། བོད་པའི་སློབ་གྲྭ་ཞིག་ནང་དུ་བསྐྱེལ་ཐུབ་ན་ཡག་པོ་རེད།

    Reply
  7. གནམ་ལྕགས། says:
    ལོ་ 16 སྔོན།

    བྱས་ཙང་། ངས་དགྱ་ནག་གིས་ད་རེར་གོ་སྐབས་ཤིག་དམ་འཛིན་བྱེད་ཀྱི་འདུག་ཅེས་བཤད་པ་ཡིན།

    Reply
  8. སྟག་སྨྱོན། says:
    ལོ་ 16 སྔོན།

    བོད་མིར་ཕན་ཐོགས་མཁན་ཚང་མ་དགྲ་དམར་གཞུང་གིས་དགྲ་བོར་བརྩི་གི་རེད། བོད་མི་རིགས་དགའ་ས་ཡོད་ཚད་རྒྱ་དམར་གཞུང་གིས་དུག་ནང་བཞིན་བརྩི་གི་རེད། རྒྱ་ནག་གི་བྱེད་སྤྱོད་མ་རབས་འདིས་བོད་མི་རིགས་ལ་མནར་གཅོད་ཚད་མེད་ཕོགས་ཀྱིན་ཡོད་པ་མ་ཟད། རྒྱ་ནག་གཞུང་དང་རྒྱ་མི་རིགས་ལ་ཡང་རྒྱལ་སྤྱིའི་ཐོག་མཛེ་ནད་ཅན་ནང་བཞིན་ལྟ་ཚུལ་ངན་པ་བསྐྲུན་ཡོད།

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ངས་ཚེས་ ༢༠ ཉིན་སྐྱེ་རྒུ་མདོ་ས་ཁུལ་ལ་ཉིན་རེར་ཐེངས་ཉི་ཤུ་ནས་སུམ་བཅུ་བར་འབྲེལ་བ་བྱེད་མཁན་ཞིག་ལ་བཅར་འདྲི་ཞིག་བྱས་པ་ཡིན། སྐབས་དེར་བཅར་འདྲི་བྱེད་ཡུལ་དེས་བརྗོད་དོན་ལ། སྐྱེ་རྒུ་མདོ་ས་ཁུལ་གྱི་དྭ་ཕྲུག་སྟོང་ཕྲག་གཅིག་པེ་ཅིང་གི་སློབ་གྲྭ་གྲགས་ཆེ་བ་ཞིག་གིས་ལེན་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་འདུག་ལ། མགྱོགས་མྱུར་དྭ་ཕྲུག་དེ་དག་བསྡུ་བར་ཡོང་གི་ཡོད་འདུག་པའི་གླེང་གི་འདུག དྭ་ཕྲུག་ཚོ་ལ་སློབ་སྦྱོང་སྤྲོད་རྒྱུའི་བསམ་བློ་གཏོང་བར་ཡག་པོ་ཡིན་པའི་ངོས་འཛིན་བྱེད་བཞིན་འདུག་ཀྱང་། སྐྱེ་རྒུ་མདོ་ས་ཁུལ་གྱི་བོད་མི་ཚོའི་སེམས་ཁྲལ་ཆེ་ཤོས་ནི་བོད་ཕྲུག་དེ་དག་མ་འོངས་པར་སོ་སོ་བོད་མི་ཡིན་པ་མི་ཤེས་མཁན་ཞིག་དང་། བོད་ཀྱི་ཐུན་མིན་རིག་གཞུང་གི་དྲི་མ་མེད་པའི་མི་རབས་ཤིག་ཏུ་འགྱུར་བར་སེམས་ཁྲལ་བྱེད་བཞིན་འདུག དེར་བརྟེན་སྐྱེ་རྒུ་མདོ་ས་ཁུལ་རང་དུ་སློབ་གྲྭ་རྒྱག་ཐབས་སམ་ཡང་ན་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་གི་སློབ་གྲྭར་གཏོང་བའི་རེ་བ་བྱེད་བཞིན་འདུག འདིའི་སྐོར་ཚེས་ ༢༠ ཉིན་གྱི་ཨ་རིའི་རླུང་འཕྲིན་དུ་བཏང་ཡོད་པས་དེ་ནས་ཆ་ཚང་གསན་ཐུབ།

    Reply
  10. རྒྱང་རིང་ནས། says:
    ལོ་ 16 སྔོན།

    ཆོས་བྱེད་མི་ཡིན་ཁ་ལ།།
    སངས་རྒྱས་སྟོང་རྩ་ཡོད་ཀྱང་།།
    འགག་རྩ་སྡུག་ལ་ཐུག་དུས་།།
    འདེ་འདུན་པ་ལས་མི་འདུག།

    Reply
  11. གཡུ་སྒྲ། says:
    ལོ་ 16 སྔོན།

    དེ་ད་ལོས་ཡིན། སེམས་ཅན་གྱི་དོན་དུ་འཁོར་བར་བསམ་བཞིན་དུ་སྐྱེས་པ་བཞེས་པ་རེད།

    Reply
  12. རྒྱང་རིང་ནས། says:
    ལོ་ 16 སྔོན།

    ང་ཚོའི་བོད་པའི་གྲྭ་པ་དེ་ཚོས་དངོས་གནས་ཕན་ཐཽག་ཀྱིན་འདུག་ག་
    དགེ་འདུན་པ་ལ་ཕྱག་འཚལ་ལོ།

    Reply
  13. གཡུ་སྒྲ། says:
    ལོ་ 16 སྔོན།

    ང་ཚོ་སྒང་བ་ཚང་སྡུག་ཐུག་དུས་དགེ་འདུན་པ་མ་གཏོགས་སྐྱོབ་མཁན་མེད་པ་ཤེས་པར་གྱུར་ཅིག།

    Reply
  14. གཡུ་སྒྲ། says:
    ལོ་ 16 སྔོན།

    བླ་མ་ལ་སྐྱབས་སུ་མི་འཆི། ཆོས་ལ་སྐྱབས་སུ་མི་འཆི།
    དགེ་འདུན་ལ་སྐྱབས་སུ་འཆིའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese