མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་ཁྲོད་ནོར་ཕྱུཊ་ཀྱི་གོད་ཆག

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིའི་ཡུལ་ཤུལ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད། སྐྱེ་རྒུ་མདོ་གཙོས་པའི་ཉེ་ཁོར་གྲོང་སྡེ་ཁག་དགུ་ཙམ་གྱི་ས་གནས་མང་ཚོགས་ཀྱི་ནོར་ཕྱུགས་ཧ་ཅང་མང་པོ་ཞིག་ཤི་རྨས་བྱུང་ཡོད་པ་དང་། ཕྱི་ཚེས་ ༢༣ ཉིན་བརྡིབས་སྐྱོན་དང་ཞིག་རལ་དུ་གྱུར་བའི་གད་སྙིགས་གཙང་བཟོ་དང་དུག་སེལ་གྱི་ལས་དོན་བསྒྲུབས་པའི་ཁྲོད། ནོར་ལུག་ཆིག་ཁྲི་བཞི་སྟོང་སུམ་བརྒྱ་བཞི་བཅུ་ ༡༤༣༤༠ ཙམ་གྱི་ཤི་རོ་བཏོན་ཡོད་འདུག

གཞན་ཉིན་འདི་འགར་སྐྱེ་རྒུ་མདོ་ས་ཁུལ་དུ་གནམ་གཤིས་ཇེ་འཁྱག་ཏུ་ཕྱིན་ཡོད་པ་ཟད། ནུབ་བྱང་གི་རླུང་འཚུབ་ཆེན་པོ་གཡུག་པ་དང་བྱེ་རླུང་འཚུབ་ཅིང་། ཕྱི་ཚེས་ ༢༡ ཉིན་གྱི་མཚན་མོ་ནས་བསྟུར་མུར་ཁ་བ་མཚམས་མ་ཆད་པར་བབས་ཏེ། རྒུད་སྐྱོབ་ཀྱི་ལས་དོན་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། ཁྱིམ་གཞིས་རྩ་མེད་དུ་གྱུར་བའི་མང་ཚོགས་ཁྲི་ཕྲག་མང་པོ་སྦྲ་གུར་ནང་བསྡད་ཡོད་སྟབས། རྒན་མགོ་དང་བྱིས་པ་ཚོས་གྲང་ངར་གྱི་དཀའ་སྡུག་ཚད་མེད་མྱོང་གིན་ཡོད་འདུག སྐྱེ་རྒུ་མདོ་ས་ཁུལ་གྱི་དྲོད་གྲང་ཉིན་མོ་གོར་ཐིག་ཡན་གྱི་ཨང་ ༧ ནས་ ༨ བར་དང་། མཚན་མོ་གོར་ཐིག་མན་གྱི་ཨང་ ༥ ནས་ ༦ བར་ཆགས་ཀྱིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༥ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 8

  1. getse ngodup from .be says:
    ལོ་ 16 སྔོན།

                        རོགས་སྐྱོར་གནང་བ།

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  2. getse ngodup from .be says:
    ལོ་ 16 སྔོན།

    ༄༄།། ད་ལམ་ཉེར་བའི་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ཡ་ང་བ་ས་ཡོམ་གྱི་གནད་སྐྱོན་ཆ༹བ་ཆེན་བྱུང་བ་བརྟེན། རང་རིགས་སྤུན་ཟླ་འདས་པོ་རྣམས་ཀྱི་ཆེད་དུ་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་གྱི་བླ་སྤྲུལ་རྒྱལ་སྲས་རྣམས་དང། ཆོས་བརྒྱུད་ཁག་སོ་སོ་གདན་ས་ཡོངས་ལ་མཆོད་འབུལ་རྒྱ་ཆེར་འབུལ་རྒྱུ། ཁོང་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་སྟེ། གུས་པས་ལག་ཉིས་ཐལ་མོ་སྦྱར་ནས་འབོད་བསྐུལ་དང་བོད་རིགས་སྤུན་ཟླ་རྣམས་ཀྱི་ཐུགས་བརྩེ་བ་ཆེན་པོ་སྒོ་ནས་རོགས་རིམ་གང་ཐུབ་གནང་སྐྱོང་ཡོང་བ་བཀའ་དྲིན་རྗེས་དྲན་བཅས།།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    གྲོང་གསར་ཨར་འདམ་ཁང་པར།
    ད་ནས་ཡིད་སྨོན་མི་ཤོར།
    སྒོ་ཕྱུག་གཡག་གི་རྩིད་པས།
    སྦྲ་གུར་ཡིད་ནས་སྨོན་བྱུང༌།

    གུར་རྒྱུག་མགོ་བོར་འཁེལ་ཀྱང༌།
    འདི་ཕྱིའི་མཚམས་སུ་མི་སླེབ།
    ད་ནི་མི་མཐོང་རྒུ་མཐོང༌།
    རིགས་རྒྱུད་གཙང་ཕྱག་བཏང་སོང༌།

    ཚན་རྩལ་རིག་པ་བཤད་ནས།
    འབྲོག་པའི་གཟིམ་ཆུང་གྲུབ་བཞི།
    སྲོལ་རྒྱུན་རྒྱབ་ཏུ་སྐྱུར་བས།
    ངན་འབྲས་མིན་ན་ཅི་ཡིན།

    Reply
  4. karma dorje says:
    ལོ་ 16 སྔོན།

    འགྲོ་ཆོག་ཆོག་ཡིན།
    རྐང་པ་མེད་ཀྱང་།
    པུས་པོ་བཙུགས་ནས།
    འགྲོ་བགྱི་ཡིན་ནོ།

    Reply
  5. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    ད་རྒྱ་མིས་ཤོག་ལབ་ཀྱི་འདུག་ད་་་་་་་་་འགྲོ་ཆོག་ཆོག་ཡིན་ནམ།

    Reply
  6. འཁྲུངས་སྐར། says:
    ལོ་ 16 སྔོན།

    རང་བྱུང་གནོད་འཚེ་འོག་ནས།
    བོད་མི་ལ་རྒྱ་འཁྲུངས་སོང་།
    བོད་གཞུང་ཕྱོགས་ཞེན་ཡོད་པ།
    དེ་ཡང་གསལ་རུ་ཕྱིན་སོང་།

    རྒྱ་གཞུང་འཁྲབ་མཁས་ཡིན་པ།
    རྒྱ་དམངས་ཡོངས་གྱི་ཤེས་སོང་།
    གཞི་བཞུགས་དད་པ་ཡོད་པ།
    འཛམ་གླིང་མི་དམངས་ཤེས་སོང་།

    Reply
  7. getse ngodup from .be says:
    ལོ་ 16 སྔོན།

    ༄༄།། སྐྱབས་ཀུན་འདུས་སྐུ་༧གོང་ས་རྒྱལ་དབང་མཆོག།
    མ་རྣམས་དོན་དུ་འགྲོ་བའི་མགོན་མཛད་པ།
    ལྷག་པའི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས།
    རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།

    Reply
  8. karma dorje says:
    ལོ་ 16 སྔོན།

    ས་ཡོམ་ཁྲོད་འདས་འབྲི་གཡག་ནོར། །
    རྟ་བོང་ར་ལུག་ཕྱུགས་གཞན་རྣམས། །
    ལྷ་མིའི་བདེ་འགྲོའི་རྟེན་བཟང་བརྒྱུད། །
    བདེ་ནས་བདེ་བར་བགྲོད་ནུས་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese