མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁམས་འབའ་ཐང་བོད་མིའི་དཀའ་ངལ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་གཏེར་ཁ་བསྔོགས་འདོན་བྱས་ཏེ་ལོ་ཉི་ཤུ་ལྷག་འདས་ཟིན་ཡང་། ས་གནས་ས་ཐོག་གི་བོད་མི་ཚོར་ཁེ་ཕན་ཅི་ཡང་མེད་ཁར་ད་དུང་གཅར་རྡུང་དང་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ་བཏང་འདུག་ཟེར།

ངྷ་སར་གནས་སྡོད་ཁམས་འབའ་ཐང་ནས་ཡིན་པ་བསོད་ནམས་བསྟན་འཛིན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྔར་ལོའི་ཕྱི་ཟླ་ ༡༠ པའི་ནང་ཁམས་འབའ་ཐང་གླིང་ཁ་གཤིས་ཡ་སོའི་ཚ་ལུ་གྲོང་སྡེའི་ཕ་ར་ལ་དང་མ་བདེ་ཆེན་ལྷ་མོ་གཉིས་ཀྱི་བུ་རང་ལོ་ ༡༨ ཡིན་པའི་རྗེ་དགའ་འབོད་པས། འབའ་ཐང་རྫོང་ཐོག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བཞིན་༧གོང་ས་མཆོག་བོད་ལ་ཕེབས་དགོས་པ་དང་བོད་རང་བཙན་གཙང་མ་ཡིན། ང་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་ནང་གཏེར་ཁ་བསྔོགས་འདོན་མཚམས་འཇོག་བྱ་དགོས་ཞེས་ཞི་བའི་ཁྲོམ་བསྐོར་བྱས་སྟབས། ཉེན་རྟོག་མི་སྣས་འཛིན་བཟུང་གཅར་རྡུང་བྱས་ཏེ་རྗེས་བཙོན་འཇུག་བྱས་ཡོད་པ་དང་། བཙོན་ཁང་དུ་ཚུད་རྗེས་སུའང་ཁོང་གིས་ཉེན་རྟོག་མི་སྣར། ཁོང་གིས་བཤད་པའི་སྐད་ཆ་དེ་དག་བདེན་པ་ཡིན་པ་དང་ཁྱེད་ཚོས་ང་བསད་ཀྱང་ཆོག་ལ། གཏུབ་ཀྱང་རུང་། བདེན་པའི་ཆེད་དུ་ངས་སྐད་འབོད་བྱེད་ངེས་ཡིན་ཞེས་བརྗོད་ཡོད་པ་རེད། ད་ལྟའི་ཆར་ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་ཐུབ་ཀྱིན་མེད་སྟབས། ཁོང་གི་ནང་མི་སེམས་ཁྲལ་གྱི་གནས་སུ་ལྷུང་འདུག་ཅེས་འགྲེལ་བརྗོད་གནང་བྱུང་ལ། དེ་བཞིན། འདི་ལོ་ཕྱི་ཟླ་ ༤ བའི་ཚེས་ ༡༩ ཉིན་ཁམས་འབའ་སྡེ་གླིང་ཁ་གཤིས་ཡ་སོའི་ནེ་བོ་གྲོང་སྡེ་ནས་ཡིན་ཞིང་ཕ་བསོད་ནམས་དབང་ཕྱུག་དང་མ་དགའ་མོ་གཉིས་ཀྱི་བུ་རང་ལོ་ ༢༣ ཡིན་པའི་གྲྭ་པད་ཕྲུག་གིས་ཀྱང་གོང་གསལ་གྱི་འབོད་ཚིག་བསྒྲགས་པ་དང་ཡིག་ཆ་གཏོར་བའི་ནག་ཉེས་འོག་འབའ་ཐང་རྫོང་གི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག

གནས་ཚུལ་འགྲེལ་བརྗོད་པས་བརྗོད་དོན་ལྟར་ན། རྒྱ་གཞུང་གིས་འབའ་སྡེ་མངའ་རིའི་ཞིང་ཁམས་དང་ལྷག་པར་དུ་གླིང་ཁའི་ཡུལ་དུ་གཏེར་ཁ་བསྔོགས་འདོན་བྱས་ཏེ་ལོ་ ༢༠ ལྷག་འགོར་ཡོད་ཀྱང་། དེར་ཡོད་ས་གནས་མི་དམངས་ལ་ཁེ་ཕན་ཅི་ཡང་མེད་པར་མ་ཟད། མི་ཕྱུགས་གཉིས་ཀ་ཉེན་ཁའི་གནས་སུ་བསྐྱལ་ཡོད་པ་དང་། སྔར་ལོར་ཡུལ་མི་དང་གཏེར་ཁ་བསྔོག་མཁན་བར་ལ་རྩོད་པ་ཤོར་རྗེས་ཚུལ་ཁྲིམས་ཆོས་འཕེལ་འབོད་པར་གཅར་རྡུང་བྱས་ཏེ་འདས་གྲོངས་སུ་ཕྱིན་པ་དང་། ཡུལ་མི་ ༢༠ ལྷག་འཛིན་བཟུང་བྱས་ཡོད་སྟབས། ད་ལྟའི་དུས་འདིར་ཡང་རྩོད་རྙོག་མུ་མཐུད་ཤུགས་ཆེ་རུ་སོང་སྟེ། མི་ཕྱུགས་གཉིས་ལ་དཀའ་ངལ་འཕྲད་ཀྱིན་ཡོད་འདུག་ལ། གཏེར་ཁ་བསྔོགས་འདོན་བཀག་འགོག་བྱས་པའི་དབང་གིས་ཡུལ་མི་ཁག་ཅིག་ལ་རྒྱ་གཞུང་གིས་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་འདུག ཅེས་གནས་ཚུལ་འགྲེལ་བརྗོད་གནང་བྱུང།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

ཆུ་ཚོད་ ༤ སྔོན་ལ།
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༢༢ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཆུ་ཚོད་ ༢༣ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

༢༠༢༦/༠༥/༠༦
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦

མཆན། 4

  1. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    བོད་ཀྱི་མཛེས་མ་ལགས།
    གླེང་ཁ་གཤིས་པའི་སྔར་ནས་ད་བར་བོད་བསྟན་སྲིད་ཆེད་དུ་བྱས་རྗེས་བླ་ན་མེད་པ་བཞག་ཡོད། དེ་ལ་རྗེས་སུ་ཡིད་རངས་ཡོད། ཡིན་ན་ཡང་། ཁྱོད་ཀྱི་བྲིས་པའི་འབའ་ཐང་གི་མངའ་ཁོངས་ལ་རྒྱབ་གཤོལ་དང་གཙང་རོང་ཟེར་བ་དེ་ནོར་འདུག། གང་ཡིན་ཟེར་ན། རྒྱབ་གཤོལ་དང་གཙང་རོང་ནི་འབའ་ཐང་གི་ས་འབྲས་ཡིན་པ་ལས་མངའ་ཁོངས་མིན། དགོངས་འགལ་མེད་པ་ཞུ།

    Reply
  2. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    དཀའ་ངལ་འཕྲད་མི་སྲིད་པ་ཞིག་གཏན་ནས་མིན་སྙམ།་་་་་་་ཞེས་བཟོས་བཅོས་གནང་རོགས།

    Reply
  3. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    རྒྱ་གཞུང་གིས་བོད་ཀྱི་སྣོད་བཅུད་ཆ་ལག་དང་བཅས་པ་འཁྱུར་མིད་གཏང་འདོད་ཙམ་ལས་བོད་མི་རིགས་ལ་དོན་དམ་པའི་བརྩེ་སེམས་ཏིལ་འབྲུ་ཙམ་ཡང་མེད།་མི་རིགས་ལྔ་བཅུ་ལྔ་ལྔ་རྣམས་མེ་ཏོག་གཅིག་གི་འདབ་མ་ལྔ་ལྔ་རེད་ཅེས་འུར་བསྒྲགས་བྱས་པ་སྐྱག་རྫུན་སྐྱག་ནག་རེད།
    ཁོ་པ་ཚོས་བོད་བཙན་བཟུང་བྱས་དགོས་དོན་ཡང་བོད་ཡུལ་ལ་ཐུག་པ་ལས་བོད་མི་རིགས་ལ་ཐུག་མེད་པར་གསལ་པོ་ཤེས་དགོས།
    ༡༩༥༩ལོར་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་མདོ་དབུས་ཁམས་གསུམ་དུ་གཏེར་ཁ་བསྔོགས་བཏོན་དང།་ཤིང་ནགས་བཅད་བྲེག་ཚབས་ཆེ་བྱས་པ་མ་ཟད་མདོ་ཁམས་ཕྱོགས་སུ་རང་བྱུང་ཁམས་ལ་གནོད་འཚེ་ཚད་ལས་འདས་པ་བཏང་ཡོད།་ང་ཚོས་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བྱས་ན་མདོ་དབུས་ཁམས་གསུམ་ནང་ནས་ཁམས་ཕྱོགས་སུ་ས་ཡོམ་དང་ཆུ་ལོག་མང་བ་བྱུང་རྐྱེན་གཙོ་བོ་ནི་གོང་དུ་བཤད་པའི་རྒྱ་གཞུང་གི་བྱས་ཉེས་དེ་དག་གི་དབང་གིས་རེད།་
    ད་ལན་ཁམས་ཡུལ་ཤུལ་དུ་ས་ཡོམ་བྱུང་བ་ཡང་རྒྱུ་རྐྱེན་གཙོ་བོར་རྒྱ་གཞུང་བྱེད་ཉེས་ལ་ཐུག་པ་ཡོད་པ་དངོས་ར་འཕྲོད་དགོས་པ་ཡིན།
    ད་དུང་ཁམས་འབའ་ཐང་ཁུལ་དུ་ལོ་ཤས་སྔོན་ནས་རྒྱ་གཞུང་གིས་རང་བྱུང་ཁམས་ལ་གནོད་འཚེ་གཏང་ཚུལ་ལ་གཞིགས་ན་མི་རིང་བར་དེ་ཁུལ་དུ་མི་ཤི་རྐྱེན་ཆག་གི་དཀའ་ངལ་འཕྲད་སྲིད་པ་ཞིག་གཏན་ནས་མིན་སྙམ།
    ངས་ད་དུང་རྒྱུད་ལམ་ཁག་ནས་གོ་གསལ་ལ་འབའ་ཐང་གི་མངའ་ཁོངས་ལ་རྒྱབ་གཤོལ་དང་གཙང་རོང་ཡུལ་སྡེའི་ཁུལ་དུ་གཏེར་ཁ་བསྔོགས་བཏོན་བྱས་དང་བྱེད་བཞིན་པ་མ་ཚད།་འབྲི་ཆུའི་འོག་ཏུ་གསེར་གྱི་གཏེར་ཁ་ཕོན་ཆེ་ཞིག་རྙེད་གསོན་བྱུང་ཡོད་སྟབས་མི་རིང་བ་རྒྱ་གཞུང་གིས་ཁུལ་དེར་གཏེར་ཁ་བསྔོགས་འཁྱེར་གྱི་ལས་གཞི་ཆེན་པོ་ཞིག་སྤེལ་ཉེ་བའི་གནས་ཚུལ་ཡོད་ཚོད་ལ་སོང་ང་ཚོའི་ངོས་ནས་མ་ལེན་མ་འགྱོད་པའི་ཡར་ལན་ཞིག་སྤྲོད་རྒྱུའི་དུས་ལ་བབས་ཡོད་པ་རེད་སྙམ།

    Reply
  4. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    འབའ་ཐང་གླིང་ཁ་གཤིས་ཀྱི་མི་ཚོས་གནའ་ནས་རྒྱ་དང་ཁ་གཏད་མི་རྒྱག་པའི་དུས་ཅིག་མེད། ད་དུང་ཡང་འདི་ལྟ་བུའི་དཔའ་ངར་བསྐྱེད་པར་ཡིད་རངས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese