དཔལ་ལྡན་རྒྱལ་གྱིས་བཅར་འདྲི་བྱས།
ཚེས་ ༢༣ ཉིན་རྩོམ་པ་པོ་ཞོགས་དུང་ངམ། བཀྲ་རྒྱ། རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག ཁོང་གི་བཟའ་ཟླ་ལྷ་མཚོས་ཡིས་ “ཚེས་ ༡༢ ཉིན་ངེད་ཚང་གི་དཔེ་ཚོང་ཁང་ (༡+༡ དཔེ་ཚོང་ཁང) སྒོ་རྒྱག་དགོས་པའི་བཀའ་རྒྱ་བཏང་བ་དང་འབྲེལ། ངའི་བཟའ་ཟླས་བརྩམས་པའི་དཔེ་དེབ་ཚང་མ་འཁྱེར་སོང༌།” ཞེས་གསར་འགོད་པར་ཁ་པར་བརྒྱུད་ནས་བཤད་བྱུང༌། ཡང་ཁོང་གིས་མུ་མཐུད་དུ། “ཚེས་ ༢༣ ཉིན་ཉེན་རྟོག་པ་ཁ་ཤས་ཁོང་གི་གཞུང་ལས་ཁང་ལ་སོང་ནས་ཁོང་ཁྲིད་དེ། དགོང་མོ་ཆུ་ཚོད་ ༦ ཡས་མས་སུ་ང་ཚོའི་ཁྱིམ་ལ་སླེབས་ནས་བསྔོག་བཤེར་བྱས་རྗེས་ཁོང་ཁྲིད་སོང་། བོད་རིགས་གཉིས་ཐེ་བའི་ཉེན་རྟོག་པ་ལྔ་འདུག”ཟེར།
ཡང་ཁོང་གི་བུ་མོས། “ཉེན་རྟོག་པས་ངའི་ཨ་ཕ་འཛིན་བཟུང་གི་ཉེན་བརྡའི་ཡི་གེ་ཞིག་བསྟན་བྱུང་། དེའི་ནང་དུ། རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པ།” ཞེས་བཀོད་འདུག་ཟེར།
ད་ལྟའི་ཆར་ཞོགས་དུང་ངམ། བཀྲ་རྒྱ་ཟི་ལིང་ནས་ཏ་ཐོང་ཕྱོགས་ལ་འགྲོ་སའི་ལམ་ཁར་ཡོད་པའི་བཀག་ཉར་ཁང་ཞིག་སྟེ། རྒྱ་སྐད་དུ་ “ཨེར་ཧྲི་ལིག་པུའུ་” ཞེས་པའི་ནང་བཀག་ཉར་བྱས་ཡོད་འདུག ཁོང་གིས་བཟའ་ཟླས། “དེ་རིང་ ཚེས་ ༢༦ ཉིན་ང་ཚོས་ཟ་མ་འཁྱེར་ནས་ཁོང་ལ་བལྟ་རུ་ཕྱིན་པ་ཡིན། ཁོང་ལ་ཐུག་ཏུ་མི་འཇུག་པ་མ་ཟད༌། སྲུང་དམག་གིས་ཟ་མ་ཡར་ལེན་ཀྱང་བྱས་མ་སོང་།” ཟེར།
བཅར་འདྲི་ཧྲིལ་བོ་ ལྷ་མོ་ལགས་ཀྱི་སྐད་ཆར་ འདི་ནས་གསན་རོགས།
གང་ལྟར་ཡང་ང་ཚོའི་ཐོད་བརྒལ་ཅན་གྱི་རྒྱང་བསྐྱོད་པ་ཁོང་བཟུང་ཟིན་པ་རེད། ཕྱོགས་གང་ནས་བལྟས་ཀྱང་རྒྱ་ནག་གཞུང་འདིས་ང་ཚོའི་གྲལ་ན་མིག་ཡོད་པ་ཞིག་ཡོད་ན་ལམ་སང་མེད་བརླག་ཏུ་གཏོང་གི་འདུག་གོ།
བོད་རིགས་དཔའ་བོ་སྐུ་ཞབས་ཞོགས་དུང་མཆོག་ལ། ང་ཚོ་བོད་རིགས་ཡོངས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། འོན་ཀྱང་ཁོང་གིས་སྐྱོ་སེམས་ཀྱིས་བརྩམས་པའི་དེབ་འགའི་ནང་དུ། སངས་རྒྱས་ཆོས་ལ་ལོག་པར་ལྟ་བའི་དམར་ཕྱོགས་ཀྱི་ལྟ་ངན་ཀླ་ཀློའི་རིང་ལུགས་ལ་རྒྱུ་མཚན་མེད་པར་འུར་བསྟོད་བྱས་འདུག་པས། དེ་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཚམས་འཇོག་མི་རུང་།
བོད་རིགས་དཔའ་བོ་སྐུ་ཞབས་ཞོགས་དུང་མཆོག་མྱུར་དུ་རང་དབང་ཐོབ་པར་བྱེད་དགོས
རོང་རྒན་སྙིང་རྗེ།
འདི་ལ་བཙན་བྱོལ་ནང་གི་ཤེས་ཡོན་པ་དང་ཚོགས་སྡེ་ཁག་ནས་ལས་འགུལ་ཞིག་སྤེལ་དགོས་འདུག
ཀླུ་མཁར་བྱམས་ལགས། ཁྱེད་ཀྱིས་ད་ལྟའི་བར་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་ཤེས་ཡོན་དང་གསུང་བཤད་ཀྱི་རམ་འདེགས་བྱས་ཏེ་རྒྱལ་སྤྱིའི་ལྡིངས་ཆ་གང་མང་སྟེང་དུ་ཐོན་སོང་། ད་ནི་ཁྱེད་ཀྱིས་ཚོགས་སྡེ་དེ་དག་བེད་སྤྱོད་ཀྱིས་བཀྲ་རྒྱལ་ཀློད་བཀྲོལ་ཡོངས་བར་ལས་འགུལ་སྤེལ་རན་རེད། དེ་ནི་ཁྱེད་ལ་འཇོན་ཐང་ཡོད་མེད་སྟོན་པའི་གོ་སྐབས་ཡག་ཤོས་ཤིག་ཀྱང་ཡིན།
འདི་བོད་ཀྱི་དུས་བབ་དྲ་རྒྱ་རེད། ང་ཚོ་ནི་བོད་རིག་ཀྱང་ཀྱངཡིན།
བོད་པ་ཚོ་།སྐབས་རེ་བསྟོད་པ་བྱས་།སྐབས་རེ་སྨད་པ་རེ་བྱས་ནས་ཅི་ཡང་ཡོང་གིན་མ་རེད་།དེ་བས་དངོས་ཡོད་ལག་ཡོད་ཀྱི་ལས་ཀ་ཤིག་བྱེད་པ་ལ་འབད་་།
༼༡༽ཞོགས་དུང་འཛིན་པར་ཡོང་མཁན་གྱི་བོད་མི་དེ་གཉིས་སུ་རེད་།མིང་དང་ལས་ཀ་སོགས་གསལ་བོ་བཀོད་།ཁོ་ཚོ་ལ་རྒྱ་མི་ལ་ལས་ཀ་བྱེད་པའི་དབང་ཆ་ཡོད་ན་།ང་ཚོ་ལ་ཁོ་ཚོ་མིང་ཤེས་བའི་དབང་ཆ་ལོས་ཡོད་།
༼༢༽རྗེས་སུ་དོན་དག་འདི་ཚོ་བྱུང་རིམ་ལ་།ཐོག་མར་བོད་ཀྱི་ལས་བྱེད་པ་ཚོའི་མིང་དང་།ལོ་རྒྱུས་སོགས་གསལ་བོ་བཀོད་།དེ་ནས་རྒྱ་མིའི་ཚོ་ལོ་རྒྱུས་གསལ་བོ་བཀོད་།ཁ་པར་སོགས་རྙེད་ན་།དེ་ཡང་ཐོག་ཏུ་བཀོད་།དེང་དུས་ཕྱི་རྒྱལ་ན་ཁ་པར་གོང་ལས་སླ་མོ་འདུག་།ཁ་པར་རྒྱག་མི་ཐུབ་པ་ཞིག་གང་ན་ཡོད་།
གྲོགས་པོ་ཚོ།རང་གི་རྒྱལ་ཁ་ཐུབ་དགོས་ན་དང་པོ་ཕྱི་དགྲ་བཞག་ནས་ནང་དགྲ་གདུལ་ཟེར་བ་ལྟར།ང་ཚོ་ལ་ད་ལྟ་བར་དུ་བོད་མི་ལ་རྒྱ་ཅན་དང་ཤེས་ཡོན་ཅན་ཕངས་དང་ཕངས་བཞིན་པ་འདིར།ཐུག་ས་ང་རང་ཚོ་བོད་མི་མི་རིགས་ཀྱི་བརླ་བཙོངས་བ་སྒོར་མོ་ཏོག་ཙམ་གྱི་རྒྱ་ལ་རྐུབ་གཡོག་རྒྱུག་མཁན་དེ་ཚོས་རྒྱ་གཞུང་ལ་མི་འདི་ཡིས་ལས་ཀ་འདི་དང་འདི་ཞེས་ངོ་སྤྲོད་བྱེད་ཀྱི་ཡོད་པའི་ལས་རེད་མ་གཏོག་རྒྱ་རིགས་ནང་བོད་ཡིག་བོད་སྐད་ཤེས་མཁན་དང་གོ་མཁན་ཧ་ཅང་ཉུང་བའི་དེ་ཙམ་གྱི་ལས་ཀ་བྱེད་མི་ཐུབ།སོང་ཙང་རྒྱ་རྒན་ཚོ་སྡུག་ཏུ་གསུངས་ནས་བལྟས་སྡོད་ན་མི་ཕན་དེ་ལས་ནང་གི་དགྲ་བོ་དེ་ཚོ་མེད་པ་བཟོ་ཡག་གི་ཐབས་ཤེས་ཤིག་བྱ་ན་མི་བཟང་ངམ།དེ་ལྟར་བྱ་ན་ང་ཚོའི་གཞི་ནས་རྒྱལ་ཁ་ཐུབ་སྲིད།ལག་ལེན་དེ་སྟར་མ་ཐུབ་ན་མ་འོངས་པ་ཡང་ང་རང་ཚོ་ངུ་ནས་སྡོད་རྒྱུ་ལས་མེད།གྲོགས་པོ་ཚོ།བརླ་བཙོང་བ་དེ་ཚོ་བོད་མི་རེད་དྲན་ནས་ཕར་སྙིང་རྗེ་བྱེད་སྡོད་ན་མི་ངན་དེ་ཚོའི་སྙིང་སྟོབས་ཆེ་རེ་འགྲོ་བ་དང་།སོ་སོ་མི་རིགས་ཤིག་གི་བརླ་འཚོང་ཡིན་པ་ནམ་ཡང་དྲན་མི་ཐུབ་བའི་གསར་བརྗེ་ཞིག་བྱ་དགོས་བྱུང་ནའང་འགྱོད་པ་ཡོད་མ་རེད་དྲན།
ད་ཡག་མ་ཐལ་ཨ་རོ་ཚོ། ཡང་རྒྱ་འདྲེ་དམར་པོ་ཚང་གིས་བོད་ཀྱི་དཔྲ་ཐོད་དུ་ཡོད་པའི་མིག་ཡ་གཅིག་འཁྱེར་སོང་ངོ་མ་མི་བཟང་གི། ཨ་ཤི་རེ་ད་ནི་ལས་འབྲས་ལ་ཁ་གཡར་ན་མ་གཏོགས་ཅི་ཞིག་བྱེད་དགོས་ན། ཞེས་པའི་དྲི་བ་འདི་རང་བབས་སུ་བློ་ཟུར་ལ་སླེབས་སོང་།
སྐུ་ཞབས་ཞོགས་དུང་ལགས་གི་བརྙན་པ་ཐེབས་དང་པོ་མཐོང་བ་འདི་གནས་ཚུལ་འདི་འདྲ་ཞིག་གི་དྲ་ངོས་ནས་མཐོང་བ་དེ་ཤིན་ཏུ་ཕམ་པ་ལ།
སྐུ་ཞབས་ཞོགས་དུངས་ལགས་་ཀྱང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བཙོན་ཁངདུ་་ཕྱིན་ཟིན་འདུག
དཀོན་མཆོག་མཁྱེན། ཞོགས་དུང་རང་ཉིད་ལ་རྒྱ་དམར་གྱིས་མནར་གཅོད་དྲག་པོ་བཏང་པ་མ་ཟད། ཁོང་གི་བཟའ་ཟླ་དང་བུ་མོར་སེམས་སྡུག་ཚད་མེད་མྱོང་བཞིན་ཡོད་པ་སྨོས་མེད་རེད། དྲང་བདེན་ལ་དགའ་བའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཉེས་མེད་ཀྱི་སྤུན་ཟླ་རྣམས་མྱུར་དུ་བཙོན་ལས་ཐར་བའི་ནུས་ཤུགས་གཅིག་སྒྲིལ་གྱིས་སྲུང་སྐྱོབས་གཡེལ་བ་མེད་པ་གནང་རོགས།
རང་སྐྱོན་འགེབས་མ་འདུག་པར་་་་
ཕྱོགས་ཡོངས་ནས་ཕན་ཚུན་དཀྱེལ་ཡངས་ཅི་ཐུབ་གང་ཐུབ་གནང་རོག་
ཐིག་ལགས་
ཆུ་ཤུར་མིག་དམར་གཉིས་ལགས་
ཁྱེད་གཉིས་ཕག་པ་ནག་པོ་དང་ཁྭ་ཏ་གཉིས་འཕྲད་པ་དང་ཆ་རེད་ཧཧ་་
གཅིག་གིས་ཁྱེད་ནག་པོ་རེད་འདུག་ཞེས་བཤད་
གཞན་དེས་ཀྱང་ང་ལས་ཁྱེད་ནག་པོ་འདུག་ཟེར་བ་ལྟ་བུ་ཞིག་མཐོང་སོང་།
ད་ཡིན་དཱ
གངས་ཁྲོད་ཀྱི་བྱིས་པ་ལགས་
ཐུགས་རྗེ་ཆེ་ཁྱེད་ཀྱིས་དགོངས་ཚུལ་དང་བསླབ་བྱ་གནང་བ་གུས་བསུ་ཞུ
རེད་དེ། དྲྭ་ཚུགས་ཞིག་ཏུ་འགྲོ་སྐབས་བོད་ཡིག་མེད་ན་
རང་གི་སེམས་ཚོར་མ་བཟོད་ནས་དེ་ལྟར་འབྲི་དགོས་བྱུང་སོང་ཡང་
རྗེས་ཕྱོགས་སུ་བོད་ཡིག་འབྲི་སར་ཕྱི་ཡིག་མི་འབྲི་རྒྱུའང་གང་ཐུབ་ཅི་ཐུབ་ཀྱིས་མཚམས་ལོས་འཇོག
ད་ལྟ་ང་དྲྭ་ཁང་གཞན་ཞིག་ཏུ་སྐྱོད་ནས་ཁྱེད་ལ་བོད་ཡིག་གཙང་མས་མཆོད་འབུལ་ཞུ་བཞིན་ཡོད།
བོད་འབངས་ཀྱི་གོད་ཆག་ནི་བསམ་བརྗོད་ལས་འདས་པར་ཚོར་ཞིང་།
རྒྱུན་དུ་ང་ཚོ་བཙམ་དམག་གིས་བརྡུང་བ་ལ་གྲངས་ཀ་མེད་ཀྱང་
ད་ཐེངས་སའི་མནན་པ་འདི་ནི་དེ་ལས་ཀྱང་ཡིད་སྐྱོ་གནས་སུ་གྱུར།
ཁྱད་པར་དུ་བོད་ནང་རྩོམ་པ་པོ་ཞོགས་དུང་འཇུ་བཟུང་གི་གནས་ཚུལ་ཐོས་རྗེས་ལྷག་ཏུ་སྡུག་བསྔལ་རེ་སྐྱེས་བྱུང་། དེའི་ཕྱིར་ངས་ངུ་ངག་འདོན་བཞིན་ཡོད།
ལགས་ོས་སོས་ལགས་སོ་ལགསལོས་ོསོསལསོས་སོ་སོས་སོ་སོས
ཆུ་ཤུར་མིག་དམར་ལགས། ཁྱེད་ཀྱིས་གསུངས་པར་ལྟར་ན། ཕན་ཚུན་བསམ་ཚུལ་བརྗེ་རས་བྱེད་པར་བོད་ཡིག་མ་གཏོགས་བེད་སྤྱོད་གཏོང་མི་ཆོག་པ་འདྲ་བོར་སྣང་བས། དེ་ནི་དངོས་གནས་ཀླད་རྙིང་མཁྲེགས་བཟུང་ཅན་གྱི་ལྟ་ལོག་པ་ཞིག་གིས་བྱེད་ཕྱོགས་ཡིན་པས་ན། དངོས་གནས་བློ་ཕམ་བྱུང་། བོད་པས་བོད་སྐད་ཤེས་པ་ནི་ཧང་སངས་དགོས་པ་དེ་འདྲ་མ་རེད་སེམས། དེ་ནི་སོ་སོའི་ཕ་སྐད་ཡིན་པས་རེད། འོན་ཀྱང་བོད་པས་གཞན་གྱི་སྐད་ཡིག་ཤེས་པ་དང་དེའི་ཐོག་མི་གཞན་ལ་གོ་བརྡར་སྤྲད་ཐུབ་པ་སོགས་ནི་གཟི་བརྗིད་རེད་བསམ་གྱིས་འདུག། ཁྱེད་ཀྱིས་དེ་ལ་སྟོད་བསྔགས་གཏང་མ་ཐུབ་ནའང་དེ་ལ་སྐྱོན་བརྗོད་དང་ཟུར་ཟ་བྱས་པ་ཙམ་གྱིས་ཁྱེད་ཀྱི་ཤེས་མེད་འཇོན་མེད་ཐོག མི་གཞན་ལ་སྐྱོན་འདོགས་ལ་མཁས་པའི་ཐ་ཤལ་གྱི་གཟུགས་བརྙེན་སྐྱུག་བྲོ་པ་དེ་མཐོང་ཐུབ། འཇོན་ཐང་ཡོད་ན་རྩོམ་ཡིག་ཀློག་རན་ཡོད་པ་དང་བསམ་ཚུལ་ཉོན་རན་ཡོད་པ་ཁ་ཤས་སྤེལ་ཤོག དེ་དུས་ངས་ཁྱེད་ལ་ཕོ་རྒོད་ཅེས་འབོད་ཆོག འོ་རེད ཁྱེད་ཀྱི་བོད་ཡིག་ཆུ་ཚད་ཀྱང་ང་རྒྱལ་བྱེད་འོས་པ་དེ་འདྲ་མེད་པས་ང་གཉིས་ཀྱིས་ཁྱེད་དགེ་རྒན་ལ་བརྟེན་ན་བོད་ཡིད་ཉམས་དམན་ཏུ་འགྲོ་པ་ལས་ཕན་པ་ཏུ་འབྲི་ཙམ་ཡང་མ་མཐོང་། དེ་འདྲ་ཡིན་དུས་ཁྱེད་ཀྱིས་དེའི་ཐད་སེམས་འཚབ་གནང་དགོས་མདོག་མི་འདུག
བྲག་འགོ་དཀོན་མཆོག་དར་རྒྱས་ལགས། ཁྱེད་ཀྱི་བོད་ཡིག་མཁྱེན་རྒྱུ་མེད་དམ། བོད་ཀྱི་མི་ཞིག་ཡིན་ན་བོད་ཡིག་སྤྱོང་རྒྱུ་གལ་ཆེ་རེད། ད་དུང་བོད་པ་ཞིག་གི་བོད་སྐད་དང་བོད་ཡིག་མེད་ན་བོད་པའི་སྤྱི་ཚོགས་ནང་འགྲོ་ཡ་ངོ་གནང་དགོས་པའི་བྱ་བ་ཞིག་རེད། དུས་བབས་འདི་ནི་ང་ཚོའི་ཕ་སྐད་བརྗོད་སའི་གླེང་སྟེགས་ཤིག་རེད། གནས་སྐབས་ཤིག་མཆན་འགོད་བྱེད་རྒྱུ་འཚམས་འཇོག་གནང་རོགས།
very very very sad sad sad what to do ?
what happened our Tibetan situation>????????
more more problem my land and sister and bro ..
འོ་ཙི།་ཁྱོད་གཉིས་དབྱིན་ཡིག་དང་རྒྱ་ཡིག་ཧ་ཅང་ཡག་པོ་འདུག
ཝེ་རྒྱ་མི་ལགས་དང་དབྱིན་ཇི་ལགས་ཁྱོད་གཉིས་བོད་ཡིག་ཤེས་ཀྱི་མེད་ན་ངས་བསླབ་ཆོག་སློབ་ཡོན་མི་དགོས།
又是一位优秀的藏汉被遭受无辜的折磨
hi all tibetan brother and sisters, i just call tibet to my friend and he told me that, all tibetan children (every day)are sending to china to study, they will brain wash to our tibetan children.. our tibetan Government can do something for them….. we don’t wanna lose our tibetan brother and sister.