མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐོངས་མཆན་ཕུལ་མི་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཨུ་རུ་སུའི་གཞུང་གིས་༧གོང་ས་མཆོག་ཡུལ་དེར་ཕེབས་རྒྱུར་ཐོངས་མཆན་ཕུལ་མི་འདུག

ཕྱི་ཚེས་ ༢༦ ཉིན་ Interfax དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཨུ་རུ་སུའི་ཁལ་མིག་ནང་པའི་མཐུན་ཚོགས་ཀྱིས་༧གོང་ས་མཆོག་ཡུལ་དེར་ཕེབས་རྒྱུར་ཨུ་རུ་སུའི་གཞུང་ལ་སྙན་ཞུ་ཞིག་ཕུལ་ཡོད་ཀྱང་། ཡུལ་དེའི་དཔོན་རིགས་ཚོས་ཁས་ལེན་བྱས་མ་སོང་ཞེས་ཡུལ་དེར་གནས་བཞུགས་སྤྲུལ་སྐུ་ཏེ་ལོ་རིན་པོ་ཆེ་མཆོག་གིས་གསར་འགོད་པར་གསུངས་ཡོད་འདུག ཨུ་རུ་སུའི་གཞུང་ཕྱོགས་ནས་སྤྲད་པའི་ཡིག་ལན་དེའི་ནང་བཀོད་དོན། འདི་ལོ་ནི་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀས་མཉམ་འབྲེལ་གྱི་ཐོག་ནས་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁ་བླངས་ཏེ་ལོ་ ༦༥ འཁོར་བའི་དུས་དྲན་ཡིན་སྟབས། ཏཱ་ལའི་བླ་མ་མཆོག་ཨུ་རུ་སུར་ཕེབས་པ་ཡིན་ན་རྒྱ་ནག་གི་ཕྱོགས་ནས་མོས་མཐུན་དགོས་པ་རེད་ཅེས་དང་། ཡང་མུ་མཐུད་དོན་རྒྱ་ནག་དང་ཨུ་རུ་སུའི་དཀལ་ངལ་དེ་ཉུང་དུ་སོང་བ་ཡིན་ན་སྲིད་གཞུང་གིས་ཏཱ་ལའི་བླ་མ་མཆོག་འཚམས་གཟིགས་སུ་ཕེབས་རྒྱུར་བསམ་བློ་གཏོང་ངེས་རེད་ཅེས་ཡིག་ཐོག་ནས་ལན་འདེབས་བྱས་ཡོད་འདུག འདིའི་ཐད་ཏི་ལོ་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་གི་ཆིབས་སྒྱུར་ལ་ངོས་ལེན་མ་བྱས་པ་དེར་བློ་ཕམ་བྱུང་སོང་ཡང་། ང་ཚོས་མུ་མཐུད་ནས་འབད་བརྩོན་བྱས་ཏེ་གང་ཉིད་ཡུལ་དེར་གདན་འདྲེན་ཞུ་རྒྱུ་ཡིན་ཚུལ་གསར་ལམ་དུ་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 4

  1. getse ngodup from .be says:
    ལོ་ 16 སྔོན།

               ( རོགས་སྐྱོར་གནང་བ་ )

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་ར་ཉག་དགོན་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ར་ཤི་ཡ་ལ་ཕེབས་མ་བཅུག་ན་མ་བཅུག བོད་དུ་ཕེབས་མི་ཕེབས་ཀྱི་སྐད་ཆ་འདྲ་མི་འདུག་གམ།

    Reply
  3. མགོ་རུལ། says:
    ལོ་ 16 སྔོན།

    ར་ཤི་ཡས་སོག་པོར་སྤྲད་པའི་རང་སྲིད་རང་སྐྱོང་འདིས་གོང་ས་མཆོག་ཡུལ་དེར་ཡོང་གི་མི་འཇུག་པ་འདི་ལས། ང་ཚོས་རྒྱ་ནག་གིས་ང་ཚོར་སྤྲོད་པར་རེ་བ་རྒྱག་བཞིན་པའི་རང་སྲིད་རང་སྐྱོང་དེའི་སྐབས་སུ་ཡང་རྒྱ་ནག་གིས་གོང་ས་མཆོག་རང་ས་ནས་མཐོ་གང་ཡང་ཕྱིར་ཕེབས་རྒྱུར་དཀའ་ངལ་སྤྲོད་རྒྱུ་ཡིན་པ་དེ་མཐོང་གི་མི་འདུག་གམ། རྩོད་ན་ནི་རང་བཙན་རྩོད་ཀྱི་མ་རེད་དམ། རང་སྲིད་རང་སྐྱོང་ནི་མི་ཞིག་གི་རྐང་ལག་བཞི་ཁོའི་དགྲ་བོའི་འོག་ནས་ཐར་ཀྱང་མགོ་ད་དུང་ཐར་མེད་པ་དང་གཅིག་པ་རེད། མགོ་མ་ཐར་ན་རྐང་ལག་ཐར་བས་སྲོག་མགོ་ཐོན་ཁག་པོ་རེད་ཡ། བོད་པ་ཚོ། ད་གཉིད་ལས་སད་རན་རེད་ཡ།

    Reply
  4. ཆོས་འཕེལ། says:
    ལོ་ 16 སྔོན།

    གནམ་རལ་ཀྱང་སེམས་མི་ཆགས། ས་ཆགས་ཀྱང་དཔའ་མི་ཞུམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese