མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་ཆ་ཚབས་ཆེན་ཞིག ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཆབ་བྲག་ལྷ་མོ་སྐྱབས།

སྤྱི་མི་ཡིན་པས་སྤྱི་དོན་གླེང་གིན་ཡོད། ཕྱོགས་སུ་ལྷུང་བ་འགའ་རེར་གནོད་ན་ཐང།
སྤྱི་ལ་ཕན་ན་སྒེར་ལ་གནོད་ཀྱང་བླ། མཚང་ལ་ཕོག་གིན་ཡོད་ན་དེ་བས་དགའ།

    དེང་སང་བོད་མི་ལ་ལས”མི་ཚོང་རྒྱག་པ”ཟེར་བ་ཞིག་ཤོད་ཀྱིན་པ་འདི་སྐད་ཆ་ཚབས་ཆེན་ཞིག་རེད། དེ་ནི་བྲན་གཡོག་སྤྱི་ཚོགས་སྐབས་ཀྱི་ཉོ་ཚོང་ཞིག་གི་མིང་རེད།  དེ་ནི་མཐོང་ཆུང་དང་བཙན་དབང་། མགོ་སྐོར་ཅི་རིགས་པའི་བྱ་ངན་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བའི་ཆེས་ཉེས་ཆེན་གྱི་ནག་ཚོང་ཞིག་རེད།

    དེང་སང་བོད་མི་སོགས་ཕྱི་རྒྱལ་དུ་འགྲོ་བ་འདི་ཁོ་ཚོའི་རེ་སྨོན་ཞིག་ཡིན་ལ་རང་དབང་ཡང་ཡིན། དེ་ལྟར་འགྲོ་ཐུབ་པ་དེས་ཁོ་ཚོའི་འཚོ་བར་ཡང་ཕན་ཆེན་པོ་ཐོགས་ཀྱིན་ཡོད། དེ་བས་དེ་དག་གཏོང་སྟངས་དེ་ནི་དོན་ངོ་མ་རོགས་རམ་ཞིག་ཡིན། དེ་ནི་སུ་ལའང་བཙོང་བ་ཞིག་མིན་ལ། སུས་ཀྱང་ཉོས་པ་ཞིག་གཏན་ནས་མིན། གལ་ཏེ་ཡིན་པའི་དབང་དུ་བཏང་ནའང། དེ་ནི་ཁོ་རང་གིས་ཁོ་རང་ཉིད་བཙོང་བ་ཞིག་ལས་མ་འདས་པས། དེ་ལ་ཉེས་ཁྲིམས་ཅི་ཞིག་འབབ་ཀྱང་ཐོག་མར་འགྲོ་མཁན་ཁོ་རང་ཚོར་འབབ་ངེས།

བཙོང་མཁན་ཉོ་མཁན་གང་ཡང་མེད་པ་ལ། ཉོ་ཚོང་ཞེས་པའི་ཐ་སྙད་ཇི་ལྟར་འཐད།
རང་དང་སྤྱི་ཚོགས་གཉི་གར་ཕན་པ་ཞིག  གལ་ཏེ་ཁྲིམས་དང་འགལ་ཡང་ཅིས་མི་རིགས།

    རྒྱ་བལ་གྱི་བོད་མི་ག་ཚོད་ཅིག་ཐབས་ཤེས་སྣ་ཚོགས་ཀྱིས་ཕྱིར་སྐྱོད་བྱས་དང་བྱེད་ཀྱིན་པ་དང་། གལ་ཏེ་ཕྱི་རྒྱལ་ཞིག་ནས་སྡེབ་གཅིག་ལེན་མཁན་ཞིག་བྱུང་ན་ཕལ་ཆེ་བས་འཚང་ཁ་རྒྱག་ངེས་པ་དང་། ད་བར་ཕྱིན་ཟིན་པ་ཚོས་ཀྱང་ཕྱིར་རང་གི་ནང་མི་དང་བོད་དོན་ཐད་ལའང་དགེ་མཚན་ཐོན་གྱིན་པའི་དངོས་ཡོད་གནས་ཚུལ་འདི་རིགས་ཚང་མས་གསལ་བོ་ལོས་ཤེས། དེས་ན་ང་ཚོ་ལ་ཁེ་ཕན་ཡོད་པའི་རོགས་ཕན་འདི་རིགས་ལ་མ་དགའ་བ་བྱེད་དོན་ཅི་ཡིན་ནམ། འདི་ཡང་ང་ཚོས་ས་མཐའི་བདེ་བ་འཚོལ་ཐབས་ཤིག་མ་ཡིན་ནམ། བསམ་བློ་ཡག་པོ་ཐོངས།

    གལ་ཏེ་སུ་ཞིག་གིས་ཁྲིམས་འགལ་གྱི་བྱ་བ་ཚབས་ཆེན་དང། བོད་མི་དམངས་ལ་གནོད་པ། སྤྱི་ཚོགས་ལ་གནོད་པའི་ཉེས་དོན་གསོག་གིན་ཡོད་པ་ཤེས་ན། བདེན་པ་ཁུངས་སྐྱེལ་གྱི་གནས་ཚུལ་ཞིབ་གསལ་དུ་འབྲི་དགོས་ལ། བོད་ཀྱི་ཁྲིམས་ཞིབ་ཁང་དང། རྒྱ་གར་ཁྲིམས་ཁང་ལའང་གཏུགས་བཤེར་བྱ་འོས། དེ་འདྲའི་གདེང་ཚོད་མེད་ན་ཁྱོད་ཀྱི་སྐད་ཆ་དེ་དག་ནི་ཉོག་གཏམ་དང་དཀྲུག་ཤིང་ལས་མ་འདས་པས་ཅིས་ཀྱང་གཟབ་ན་འོས།

    དོན་ངོ་མ་བོད་དོན་བསམ་མཁན་ཞིག་ཡིན་ན་ཉེས་མེད་ལ་ཉེས་འདོགས་དང་། སྐྱོན་ཆུང་ཆེ་སྒྱུར། སྒེར་སྐྱོན་སྤྱི་སྐྱོན་དུ་མ་བརྗོད་རོགས། གནས་ཚུལ་གང་ཡིན་ཡང་དེའི་དགེ་སྐྱོན་གསལ་རྟོགས་ཐུབ་པའི་སྒོ་ནས་བསམ་ཤེས་དང་ཕན་སེམས་ཀྱི་སྐད་ཆ་རེ་བཤད་ན་ཅིས་མི་དགའ།

རང་སེམས་ན་ཉེས་པ་མེད་ན། གཤིན་ཡུལ་ན་འཇིགས་པ་མེད་པས།
ཅི་ཙམ་གྱིས་སྨད་ར་ཐོངས་དང། དེ་ཙམ་གྱིས་གུ་ཡངས་གཏོང་ཆོག
“བདག་ལ་གཞན་གྱིས་ཕྲག་དོག་གིས། གཤེ་སྐུར་ལ་སོགས་མི་རིགས་པས།
གྱོང་ཁ་རང་གིས་ལེན་པ་དང་། རྒྱལ་ཁ་གཞན་ལ་འབུལ་བར་ཤོག །”

འབྲེལ་ཡོད་གསར་འགྱུར།

The people involved in the brawl received administrative penalties on Friday. Photo: Handout (SCMP)
Mobile App

རང་བཙན་ནམ་འཇིགས་སྐུལ་བའི་དོགས་གཞིའི་འོག་མི་ ༣༡ འཛིན་བཟུང་བྱས།

ཆུ་ཚོད་ ༦ སྔོན་ལ།
The Ministry of Civil Affairs of the People’s Republic of China (PRC) released the 5th list of names geolocating locations in the Indian state of Arunachal Pradesh, 11th May 2025.
Mobile App

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ ༨༩ ལ་མིང་གསར་པ་བཏགས།

ཆུ་ཚོད་ ༧ སྔོན་ལ།
བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་བཅུ་གཉིས་དང་བཅུ་བའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༡༥
Mobile App

བོད་ཕྲུག་ཁྱིམ་སྡེའི་སློབ་མ་ ༣༠ ཡིས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༠ ཡན་བླངས།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ནོར་གླིང་མཐོ་སློབ་ཏུ་སྐབས་བཅུ་གཅིག་པའི་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༡༡ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

༢༠༢༥/༠༥/༡༤
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

༢༠༢༥/༠༥/༡༤

མཆན། 47

  1. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རུ་གསར་ཚང་ལ་ཁག་མེད་ཡ་་་་ཁོ་རང་ཕྱི་རྒྱལ་འགྲོ་ཨེ་ཐུབ་ལྟ་དགོས་དུས་ལྷ་མོ་སྐྱབས་ཀྱི་སྐྱག་པ་ལ་དྲི་ངན་ཁ་ནི་མ་རེད།

    རི་བོང་འདི་དུར་འགྲོ་ཡིན་ནའང་ཧ་གོ་འདུག་་་་་རི་བོང་བློ་ལྡན་ཤེས་རབ་ཟེར་སྲོལ་ཡོད་པ་འདིར་དངོས་གནས་དོན་དང་ལྡན་ས་རེད་ད་་་ཧཧཧཧཧཧཧཧཧཧ

    Reply
  2. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འབྲེལ་ཐག་འདིར་གཟིགས་ནས་ཕྱག་ལས་གནང་ན་དགའ།

    http://www.google.ch/search?hl=en&rls=com.microsoft:en-US:&rlz=1I7ACEW&q=People+smuggling+Immigration+Law+of+in+france&meta=&aq=f&aqi=&aql=&oq=&gs_rfai=

    Reply
  3. དབྱངས་བུ། says:
    ལོ་ 15 སྔོན།

    དྲ་གྲོགས་བཙན་པོ་ལགས་ཀྱིས་གནས་ཚུལ་སྙིང་རྗེ་པོ་དཔེ་གསར་ཞིག་བྲིས་འདུག ཁོང་གིས་བྲིས་པ་བཞིན་སྒོར་འབུམ་དྲུག་བདུན་ལེན་ནས་རྩོམ་པ་པོ་མཐུན་ཚོགས་ཀྱི་མིང་ཐོག་ནས་ཁེ་ན་ཌར་གཏོང་རྒྱུ་ཡིན་པ་དེ་ལ་བརྟགས་རྒྱུ་འདུག་གོ།།།

    Reply
  4. ལྷ་མོ། says:
    ལོ་ 15 སྔོན།

    གྲོངས་ཟིན་པ་ཞིག་ཇི་ལྟར་བྱས་ནས་ལེགས་རྩོམ་འགྲན་བསྡུར་གྱི་གྲས་སུ་ཞུགས་དགོས་རེད། དེ་བས་འགྲན་བསྡུར་ནང་མ་བཅུག་ན་ལེགས།

    གཟེངས་རྟགས་རྩོམ་ཡིག་འདེམས་མཁན་ནི་ལེགས་རྩོམ་ཕྱོགས་བསྒྲིགས་ནང་ལ་ཚུད་པའི་རྩོམ་པ་པོ་རྣམ་པ་བྱས་ན་ལེགས་སྙམ་མོད། ཟེར་བ་བཞིན་བྱས་ན་དྲང་བདེན་ཞིག་རྩ་བ་ནས་ཡོང་གི་མ་རེད།
    ༡ རྩོམ་ཡིག་འདེམས་མཁན་དེ་རྩོམ་ཡིག་བསྐུར་མཁན་ནང་ཡོད་ན་དྲང་པོ་རྩ་བ་ནས་ཡོང་གི་མ་རེད།
    ༢ རྩོམ་ཡིག་འདེམས་མཁན་དེ་ཚོས་རྩོམ་ཡིག་བྲི་མཁན་སུ་ཡིན་མི་ཤེས་པ་བྱེད་དགོས།
    ༣ རྩོམ་དེབ་མ་བཏོན་གོང་ལ་ལེགས་འདེམས་བྱས་ཟིན་པ་བྱེད་དགོས།
    ༤ རྩོམ་ཡིག་གི་སྡེ་ཚན་སོ་སོ་ལ་མཁས་པའི་ལེགས་འདེམས་ཚོགས་ཆུང་འཛུགས་དགོས།
    ༥ རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་བྱེད་སུ་རུང་ལེགས་འདེམས་ཚོགས་ཆུང་ཁག་ནང་ཡོད་མི་རུང་།
    ༦ ལེགས་འདེམས་རྩོམ་ཡིག་ཕྱོགས་བསྒྲིགས་བསྡུ་རུབ་བྱེད་ཀྱི་ཡོད་པ་ཆོལ་གསུམ་བོད་ཀྱི་ཕྱི་སྡོད་རྩོམ་པ་པོ་གྲགས་ཆེ་བ་ཚང་མས་མ་གོ་མ་ཐོས་མེད་པ་བཟོ་དགོས།

    Reply
  5. རི་བོང། says:
    ལོ་ 15 སྔོན།

    འགའ་ཤས་ལ་རང་ཉིད་དགའ་སའི་མི་དེའི་སྐྱག་པ་ལ་ཡང་དྲི་ངན་ཁ་བར་ལབ་མི་ཆོག་པའི་ཕྱོགས་ཞེན་གྱི་སྐྱག་དྲི་ཐི་ལི་ལི་བྱེད་ཀྱིན་འདུག དངུལ་དངོས་རེག་ན་ཁེ་བཟང་ཡོད་པ་སུས་མི་ཤེས། ནག་ཚོང་བརྒྱབ་ནའང་དངུལ་དངོས་རེག་གི་རེད། ས་ཡར་ལུང་ནས་བསྡད་ན་ཡར་ལུང་མཁན་པོ་བསྟེན་དགོས་པ་རེད། ལུང་བའི་ཁྲིམས་དང་དངུལ་དངོས་ཀྱི་ཁེ་བཟང་གཉིས་གང་གལ་ཆེ་བ་དེར་དགོངས་པ་བཞེས་རོགས། མཐའ་དོན་རྒན་ལྷ་སྐྱབས་ལགས་ཤེས་ཡོན་གྱི་ཕྱོགས་ནས་བཙན་བྱོལ་ནང་བྱས་རྗེས་ཆེ་བ་མ་ཤེས་པ་མིན་ཀྱང་། ཁང་སར་ལགས་ཀྱི་དགོངས་ཚུལ་ལྗིད་ཏིག་ཏིག་དེའི་ཡིད་དབང་འཕྲོག་སོང་བས་རྒན་ལགས་ཀྱིས་ཀྱང་དགོངས་པ་བཞེས་དགོས་ས་རེད།

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    དངུལ་བླངས་ནས་མི་ཕྱི་རྒྱལ་དུ་གཏོང་བ་དེ་ལ་དབྱིན་ཡིག་གི་ནང་དུ་people smuggler ཟེར་གྱིན་འདུག ཡར་རྒྱས་ཅན་གྱི་ལུང་པ་ཚོར་འདིས་དཀའ་ངལ་སྤྲོད་ཀྱིན་ཡོད་སྟབས་ཁྲིམས་འགལ་ནག་ཉེས་སྡུག་ཤོས་ཤིག་ཏུ་རྩི་བ་རེད། མི་ནག་ཚོང་རྒྱག་མཁན་ཟེར་བའི་དོན་རེད། བོད་མིའི་ཚོགས་པ་ཁག་གིནང་དུ་མིའི་ནག་ཚོང་རྒྱག་མཁན་ཡོད་ངེས་རེད།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧཧཧཧ་སྤུན་གྲོགས་བྱམས་ལགས་་་་་་ལྷ་མོ་སྐྱབས་ཟེར་འདིས་ཕུང་བསམ་དེ་འདྲ་གཏོང་མཁན་ཞིག་ཡིན་ན་་་་་སྔར་ས་ནས་གྲོས་ཚོགས་ནང་དུ་གླེང་ཡོད་ཀྱིན་རེད།་

    ཡིན་ནའང་དེའི་སྐོར་གླེང་མཁན་ཀརྨ་ཆོས་འཕེལ་མ་གཏོགས་ཅང་མཐོང་ཡ་མི་གོ་་་་་་་་་་་་་མི་འདི་འདྲ་ལ་བོད་མི་ཉམ་ཐག་ཚོས་སྐྱབས་བཅོལ་རིན་འདུག་གམ

    དེ་ལས་ངའི་ཁྱེད་ལ་སྙན་རྩོམ་ཞིག་བྲིས་པ་ཡིན་སྟེ་་་་ཁྱེད་རང་ངའི་ཟིན་ནང་དུ་མ་སོང་་་་་ཁྱེད་ཚར་གཅིག་མ་ཕེབས་ན་ང་ལ་བློ་ཕམ་ཡོང་བ།

    Reply
  8. བྱམས་རྒྱལ། says:
    ལོ་ 15 སྔོན།

    བལ་ཡུལ་ནང་བོད་པ་ཚོ་ནི་སྡོད་མི་ཤེས་པ་ཆགས་ཚར་སོང་། རྒྱ་གར་ནང་ལའང་ཅི་ཡོང་ཆ་མི་འཚལ་ དེ་ལས་རྒན་ལགས་ཀྱིས་རྐྱེན་ངན་གྲོགས་ཤར་ལ་དགོངས་ཏེ་ གྲོས་ཚོགས་ལ་གྲོས་འཆར་བཏོན་ཏེ་ བོད་མི་རྣམས་ཕྱི་རྒྱལ་ལ་ཐར་ཐབས་གནང་ན་ཅི་འདྲ་འདུག་།

    Reply
  9. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    ཚོང་མ་ཚོང་མི་ཤེས། མཐུན་ཚོགས་ཚགས་ཚུད་ཅིག་བྱུང་བ་ཡིན་ན་དེས་འགྲིག སུས་དཔལ་འབྱོར་གསོག་ཐུབ་ན་དེས་འགྲིག སྤྱི་ཚོགས་ཀྱི་ཁ་ཆོད་པ་ཚོགས་པ་སུས་ཀྱང་དཀའ།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བདེན་ནོ་བདེན་ནོ་འཁྲུངས་སྐའི་ལེགས་སྐྱེས་སུ།
    བོད་མི་ཉམ་ཆུང་བརྒྱ་ཡི་ལ་རྒྱ་འབུལ།
    མི་ངན་བསྟན་པ་སྲུང་བའི་དེང་རབས་འདིར།
    ཉམ་ཆུང་བོད་མིའི་སྐྱིད་སྡུག་ལྟ་མཁན་མེད།
    ཉམ་ཆུང་དྲང་པོའི་གཏམ་ལ་བརྩི་མཁན་མེད།
    བོད་ལ་ཕྱིན་ན་དགྲ་བོས་བཙན་ནོན་བྱས།
    བྱེས་ལ་སྡོད་ན་འཚོ་བའི་དམིགས་རྟེན་མེད།
    ཉམ་ཆུང་བོད་མི་རྣམས་ཀྱི་སྐྱིད་སྡུག་འདིར།
    འཛམ་གླིང་མི་དམངས་དཀྱུལ་གྱི་སྒེར་སྡུག་རེད།

    Reply
  11. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    གོང་གི་དྲ་གྲོགས་ཁང་གསར་ལགས་ཀྱི་སྐད་ཆ་དག་བདེན་པ་རེད། སྤྱིར་བོད་པའི་སྤྱི་ཚོགས་ནང་ཕྱི་རྒྱལ་ལ་ལག་འཁྱེར་ཉོས་ནས་འགྲོ་མཁན་ཕོ་མོ་གཉིས་ཀ་ཡོད་སྟབས་མཐའ་གཅིག་ཏུ་humen traffickingཆགས་ཀྱི་མེད་ནའང་བུ་མོ་འགར་འདི་འདྲའི་གནས་ཚུལ་ཡང་ཐེངས་མང་པོ་བྱུང་བཞིན་ཡོད་ཀྱང། བོད་པ་ལ་ངན་ཞིག་བྱུང་ན་གསང་ཐབས་བྱེད་པའི་གོམས་གཤིས་འདི་ད་དུང་ཡལ་མེད་སྟབས་གནས་ཚུལ་འདིའི་རིགས་ད་དུང་ས་ཐོག་དུ་འབུད་རྒྱུར་དུས་ཚོད་ངེས་ཅན་ཞིག་དགོས་རྒྱུ་རེད། འོན་ཀྱང་སྤྱི་ལོ་ཉིས་སྟོང་གསུམ་ཡས་མས་ནས་ལག་དེབ་སེར་པོའི་སྒང་གི་པར་མགོ་བརྗེས་བའི་ཚོང་བ་འགའ་བྱུང་བ་ནས་ལྡི་ལི་རུ་ཨ་རི་གཙོས་བའི་གཞུང་ཚབ་ཁང་འགའི་སྒོ་འགྲམ་དུ་ཉིན་ལྟར་ཕྱིར་བསྐྱོད་ལག་འཁྱེར་ཞུ་མཁན་གྲ་བ་དང་ཨ་ནེ། སྤྲུལ་སྐུ་རྫུན་མའི་ལྭ་བ་གྱོན་མཁན་མང་བོ་པང་སྒྲིག་སྟབས། སྐབས་རེར་གཞུང་འབྲེལ་ཕྱིར་བསྐྱོད་བྱེད་མཁན་ལ་ཡང་དོགས་འདྲི་དང་ཐོངས་མཆན་དུས་ལྟར་མ་རེགས་པའི་དཀའ་ངལ་བྱུང་བས། སྐབས་དེར་ལྡི་ལིའི་བསམ་ཡས་གླིང་གི་གཞིས་སྒར་དུ་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་ཀྱིས་གཏམ་བཤད་ཅིག་ཏུ་དེང་སང་ལག་དེབ་རྫུན་མའི་དཀའ་ངལ་འདིས་མཚམས་རེར་བོད་མི་དམངས་ཀྱི་བཀའ་ཁྲི་མཆོག་ལ་གནམ་ཐང་ནས་ལག་དེབ་ཞིབ་བཤེར་གྱིས་དུས་ཚོད་འགོར་འགྱང་གི་དཀའ་ངལ་ཕྲད་བཞིན་འདུག་ཅེས་འབྲེལ་བརྗོད་གནང་སོང་། གཞན་དངུལ་བླངས་ནས་མི་ཕྱིར་གཏོང་བྱེད་པ་འདི་རྒྱལ་ཁབ་གང་དུའངillegal emigration་ཆགས་ཀྱི་ཡོད་སྟབས་འདི་གནས་ཡོད་རྒྱལ་ཁབ་ཀྱི་གཞུང་ལ་དེབ་བསྐྱེལ་བྱས་ཟིན་པའི་ཚོགས་པ་སྒྲིག་འཛུགས་ཞིག་ཡིན་ཕྱིན་ལས་ཀ་འདི་འདྲ་བྱས་ན་ཚབས་ཆེན་རེད།

    Reply
  12. འཁྲུངས་སྐར། says:
    ལོ་ 15 སྔོན།

    ལེགས་སོ་ཅོ་ཉི་གསུང་ལ་མངོན་པར་བསྟོད།
    འོན་ཏེ་བོད་ཀྱི་ལས་དབང་འདི་བཞིན་ལ།
    མང་གཙོ་དེ་ནི་ཁ་ཙམ་ཡིན་རྒྱུ་གཅིག
    བོད་གཞུང་འདི་ནི་སྒེར་བདག་ཡིན་རྒྱུ་གཉིས།
    རེས་མེད་དེ་ནི་མིང་ཙམ་ཡིན་དུས་སུ།
    དེ་ལས་སྒོར་མོ་ཇི་ཙམ་སྤྲོད་དགོས་ཀྱང་།
    ཐབས་བརྒྱ་ཇུས་སྟོང་བྱས་ནས་ཕེབས་ན་བཟང་།
    སྤྱི་མཐུས་སྤྱི་སེམས་མེད་པའི་དུས་ངན་དང་།
    བཀའ་བློན་དབང་ཆ་མེད་པའི་དུས་ངན་གཉིས།
    ད་ནས་རྩིས་ན་བགྲང་བྱ་ཉེར་ལྔ་རྗེས།
    གཙན་བྱོལ་ཡོད་མེད་འབྱེད་པའི་དུས་ཞིག་འོང་།
    དེ་དུས་ཨ་ཁ་ཟེར་ཡང་ཕྱི་བ་ཡིན།
    དེ་དུས་འགྲིག་འདུག་ཟེར་ན་མགོ་སྟོང་གཏམ།
    ཟབ་པ་དེ་ནི་ཕྱོགས་ཞེན་ལ་དོགས་དགོས།
    བསྒྲུབ་དགོས་དེ་ནི་རང་བཙན་ཁོ་ན་ཡིན།
    ཨེ་རེད་མ་རེད་དཔྱད་གཞི་རྟེན་ནས་མིན།
    དེ་མཚུངས་མ་འོང་ལུང་བསྟན་ག་ལ་ཡིན།
    མིག་མཐོང་ལག་ཟིན་ཡིན་པའི་ཡིད་ཆེས་མཛོད།

    Reply
  13. བཙན་པོ། says:
    ལོ་ 15 སྔོན།

    མི་ཚོང་རྒྱག་པ་ནི་ནག་ཉེས་རེད། བོད་ཀྱི་ཚོགས་པ་དང་སྐྱིད་སྡུག་གི་མིང་ཐོག་ལ་ཕྱི་རྒྱལ་ལ་སོང་ནས་བསྡད་་བཞག་པ་མང་ནི་རེད། དེ་དག་གི་སྐོར་མོ་ལེན་གི་ཡོད་པ་གོ་མ་མྱོང་། དེ་འགྲོ་སའི་རྒྱལ་ཁབ་ཀྱི་ཡང་ནག་ཉེས་ཆེན་པོ་ཞིག་ལ་བརྩི་གི་མ་རེད། ཚོགས་པ་ངོས་ནས་སྒོར་མོ་ལེན་གི་ཡོད་པ་དེ་ནག་ཉེས་ཆེན་པོ་རེད། དེ་བོད་ལ་ཕན་པ་ཞིག་དང་ནག་ཉེས་མིན་ན་༧་གོང་ས་མཆོག་ཕྱི་རྒྱལ་ལ་ཕེབས་སྐབས་ཞབས་ཞུ་བ་མང་ཙམ་རེ་ཁྲིད་ནས་བཞགས་ནས་ཡོང་ན་ཡག་ས་རེད། རྩོམ་པ་པོའི་མཐུན་ཚོགས་ཚང་གིས་ནག་ཚོང་རྒྱག་གི་ཡོད་པ་ནམ་ལངས་ལངས་ཉི་མ་ཤར་ཤར། ཡིད་མི་ཆོས་ན་ཟླ་ཤས་རྗེས་སུ་མི་སྐོར་ཁག་ཅིག་ཁ་ན་ཌར་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་རིག་པའི་འཚོགས་འདུའི་ཐོག་གཏོང་རྒྱུ་རེད། སྒོར་འབུམ་དྲུག་བདུན་རེ་ལེན་དང་ལེན་བཞིན་པའི་སྐབས་རེད། མི་རེ་གི་མིང་བཤད་དགོས་ཡ་མི་འདུག་ག

    Reply
  14. བཙན་པོ། says:
    ལོ་ 15 སྔོན།

    མི་ཚོང་རྒྱག་པ་ནི་ནག་ཉེས་རེད། བོད་ཀྱི་ཚོགས་པ་དང་སྐྱིད་སྡུག་གི་མིང་ཐོག་ལ་ཕྱི་རྒྱལ་ལ་སོང་ནས་བསྡད་་བཞག་པ་མང་ནི་རེད། དེ་དག་གི་སྐོར་མོ་ལེན་གི་ཡོད་པ་གོ་མ་མྱོང་། དེ་འགྲོ་སའི་རྒྱལ་ཁབ་ཀྱི་ཡང་ནག་ཉེས་ཆེན་པོ་ཞིག་ལ་བརྩི་གི་མ་རེད། ཚོགས་པ་ངོས་ནས་སྒོར་མོ་ལེན་གི་ཡོད་པ་དེ་ནག་ཉེས་ཆེན་པོ་རེད། དེ་བོད་ལ་ཕན་པ་ཞིག་དང་ནག་ཉེས་མིན་ན་༧་གོང་ས་མཆོག་ཕྱི་རྒྱལ་ལ་ཕེབས་སྐབས་ཞབས་ཞུ་བ་མང་ཙམ་རེ་ཁྲིད་ནས་བཞགས་ནས་ཡོང་ན་ཡག་ས་རེད། རྩོམ་པ་པོའི་མཐུན་ཚོགས་ཚང་གིས་ནག་ཚོང་རྒྱག་གི་ཡོད་པ་ནམ་ལངས་ལངས་ཉི་མ་ཤར་ཤར། ཡིད་མི་ཆོས་ན་ཟླ་ཤས་རྗེས་སུ་མི་སྐོར་ཁག་ཅིག་ཁ་ན་ཌར་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་རིག་པའི་འཚོགས་འདུའི་ཐོག་གཏོང་རྒྱུ་རེད། སྒོར་འབུམ་དྲུག་བདུན་རེ་ལེན་དང་ལེན་བཞིན་པའི་སྐབས་རེད། མི་རེ་གི་མིང་བཤད་དགོས་ཡ་མི་འདུག་ག

    Reply
  15. མགོ་རུལ། says:
    ལོ་ 15 སྔོན།

    སྐབས་འདི་དང་འབྲེལ་བ་དེ་ཙམ་མེད་པ་ཞིག་སྟེ། བོད་པའི་གཞས་པ་གྲགས་ཅན་བཀྲས་ཆུང་ལགས་ནས་གཙོ་ཁྲིད་བྱས་པའི་བོད་པའི་ལོ་རྒྱུས་སྟེང་གི་བོད་རིགས་བྱིས་པའི་གླུ་གཞས་ཆེད་བསྒྲིགས་འོད་སྡེར་སེམས་གཞས་ཞེས་པ་དེ་མི་འགྱངས་པར་བྱང་ཨ་རིའི་བོད་རིགས་འདུས་སྡོད་ས་ཁུལ་གྱིས་གཙོས་པའི་སྤྱི་ཚོགས་སྟེང་འགྲེམ་སྤེལ་དང་སྐོར་སྐྱོད་བྱེད་རྒྱུ་རེད། གནས་ཚུལ་གསལ་བོ་གཤམ་གྱི་དྲ་རྒྱ་ལས་ཤེས་ཐུབ།
    http://www.semshae.org

    Reply
  16. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་འཁྲུངས་སྐར་ལགས།
    བོད་མི་ཉམ་ཆུ་ཚོས་དངུལ་སྤྲོད་མི་དགོས་པར་སྤྱི་འཐུས་ཚོ་འགྲོ་འགྲོ་ཞིག་འགྲོ་སའི་མདུན་ལམ་སྟོན་རོགས།

    བོད་མི་རིགས་ཀྱི་དཀྱུལ་ནས་ཕུལ་དུ་བྱུང་བའི་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་གིས་སྙན་ངག་འདིར་གཅིག་དྲངས་སོ།
    ཨ་མ་དང་མནའ་མ་ནོར་བ་ཆབ་སྲིད་བཙོན་པ་དང་སྤྱི་འཐུས་ནོར་ནས་་རྩྭ་ལྗངས་ས་ཞིག་དང་རྒྱག་ས་ཞིག་སོ་སོར་འགྲོ་བཞིན་ཡོད་པར་མིག་གི་དངོས་སུ་མཐོང་བ་འདིས་ཀརྨ་ཆོས་འཕེལ་མཆོག་ལ་ཡིད་ཆེས་མང་རེ་འགྲོ་སོང།

    Reply
  17. འཁྲུངས་སྐར། says:
    ལོ་ 15 སྔོན།

    ཡ་དྲ་གྲོགས་ཚོ་ཡང་བསྐུལ་འདེབས་ཞིག་གནང་ན་བཟང་གི།
    ད་རིང་ཟིན་བྲིས་འདི་ནི་གུས་གི་བྲིས་དགོས་བསམ་ནས་བསྡོད་ཡོད།
    གང་ལ་ཞེ་ན་མི་འཚོང་གི་ལས་ཀ་དེ་ཚབ་ཆེན་ཡིན་མིན་ང་ཡི་ཤེས། དེ་ནི་ཚབ་ཆེན་མིན་ལ་སྐྱབས་བཅོལ་བོད་མི་ཡོངས་ཀྱི་མདུན་ལམ་བླ་ན་མེད་དེ་ཡིན། ལྟོས་དང་གཞུང་ཞབས་ཆ་ཚང་དང་དགེ་བཤིག་རྣམས་པ། རིན་པོ་ཆེ་རྣམས་པ་བཅས་ཚང་ཀ་རྒྱབ་ནས་ཕེབས་གི་འདུག་ག དེ་ནི་ཡག་པོ་ཞིག་ཡིན་པའི་རྟགས་ཡིན། སོང་རྒན་ལགས་ཀྱི་སྔོན་ལ་ཕྱག་ལས་འདི་རིགས་གནང་མྱོང་མེད་ན་ད་ནས་གནང་རོགས་ཞུ། སྔོན་ནས་གནང་བཞིན་ཡོད་ན་ཡང་བསྐྱར་ཡར་རྒྱསབཏང་རོགས་ཞུ། བོད་མི་ཡིས་རྩ་དོན་ཡང་དེ་ཡིན་ལ་གཅིག་ཕན་གཅིག་གྲོགས་ཡང་དེ་ཡིན། རྒྱལ་བའི་དགོངས་པ་ཡང་དེ་ཡིན་ཟེར་ན་མི་ཆོག་པ་མེད་ཁོ་ཐག་ཡིན།།

    Reply
  18. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་ཆེན་ཧོར་ལ་འགྲོ་འགྲོ་དེ།
    ཁྲ་མོའི་གླིང་ལ་འགྲོ་ལེ་མེད།
    རྒྱ་གའི་ཁྲིམས་ལ་འགྲོ་འགྲོ་དེ།
    ཡུང་རོ་ཁྲིམས་ལ་འགྲོ་ལེ་མེད།

    སྐུ་དྲག་རྡ་སར་བཙན་བཙན་དེ།
    པ་རིན་སི་ལ་བཙན་ས་མེད།
    གསར་འབྱོར་མཐོང་ཆུང་བྱས་བྱས་དེ།
    མགོ་སེར་མི་ལ་བྱས་ས་མེད།

    སྔར་འདང་ཕྱི་འདང་རྒྱག་ན་ལེགས།
    ཞགས་པ་སྐུ་ལ་མེད་ན་སྐྱིད།
    ཟ་རྒྱུ་འཐུང་རྒྱུ་མང་ན་ལེགས།
    གྱོད་དང་ཁ་མཆུ་ཉུང་ན་བདེ།

    Reply
  19. རི་བོང། says:
    ལོ་ 15 སྔོན།

    འགའ་ཤས་ལ་རང་ཉིད་དགའ་སའི་མི་དེའི་སྐྱག་པ་ལ་ཡང་དྲི་ངན་ཁ་བར་ལབ་མི་ཆོག་པའི་ཕྱོགས་ཞེན་གྱི་སྐྱག་དྲི་ཐི་ལི་ལི་བྱེད་ཀྱིན་འདུག དངུལ་དངོས་རེག་ན་ཁེ་བཟང་ཡོད་པ་སུས་མི་ཤེས

    Reply
  20. རི་བོང། says:
    ལོ་ 15 སྔོན།

    འགའ་ཤས་ལ་རང་ཉིད་དགའ་སའི་མི་དེའི་སྐྱག་པ་ལ་ཡང་དྲི་ངན་ཁ་བར་ལབ་མི་ཆོག་པའི་ཕྱོགས་ཞེན་གྱི་སྐྱག་དྲི་ཐི་ལི་ལི་བྱེད་ཀྱིན་འདུག དངུལ་དངོས་རེག་ན་ཁེ་བཟང་ཡོད་པ་སུས་མི་ཤེས

    Reply
  21. དབྱངས་བུ། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱི་དགོངས་འཆར་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། དེ་ནི་རིག་པ་དང་རྒྱུ་མཚན་ཡང་དག་ལྡན་པས་སོ།།

    Reply
  22. སྨྱུག་རྒོད། says:
    ལོ་ 15 སྔོན།

    བོད་ཡིག་གི་ཐོག་ཤེས་ཡོན་ཡོད་མཁན་མང་པོ་ཞིག་དུས་བབ་ཆ༹ང་ལ་ཐོ་འགོད་བྱོས་མེད་པའི་རྒྱུ་མཆ༹ན་འོག་གི་དྲ་འབུ་ཡིན་མིན་གཉིས་ཀྱི་བྱེད་སྟངས་འདི་དག་ལ་ལྟོས་ནས་མ་ཡོང་བ་རེད།འདི་ཆོ༹འི་རིགས་འདིས་ནམ་རྒྱུན་གོ་སྐབས་དང་བསྟུན་ནས་མི་དཀར་པོ་ནག་པོ་བཟོ་རྒྱུ་ལས་རང་ཉིད་ཀྱི་ཅི་ཞིག་བྱེད་ཀི་ཡོད་པ་ཤེས་ཀི་མེད།རྒན་ལྷ་མོ་སྐྱབས་ལགས་ཁུང་ལུངས་མེད་པའི་སྐད་ཆ་འདི་དག་སྣང་མེད་དུ་བསྐྱུར་ནས་མ་མཐུད་དུ་དུས་བབ་ཟིན་བྲིས་སུ་ཕེབས་རོགས།

    Reply
  23. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ས་སྐྱ་ཚང་གིས་་་་
    རང་དང་གཞན་གྱི་དོན་འགྲུབ་ན།།
    འཇམ་རྩུབ་ཇི་ལྟར་བྱས་ཀྱང་རུང་།།
    ཐབས་ལ་མཁས་པའི་སྤྱོད་པ་ལ།།
    གཡོ་སྒྱུར་ཐུབ་པས་མ་གསུངས་སོ།།

    Reply
  24. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    འདི་རྒན་ལྷ་མོ་སྐྱབས་ལགས་སུ་སྙིང་གཏམ་ཡིན།
    ངས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཕྱི་རྒྱལ་ལ་མི་ཇི་ལྟར་གཏོང་གི་ཡོད་མེད་ཤེས་ཀི་མེད། འོན་ཀྱང་རྩོམ་འདིའི་ནང་སྐུ་ཉིད་ཀྱིས་གཏོང་གི་ཡོད་པ་ཞལ་བཞེས་གནང་འདུག་པས། དེ་གཞི་བཟུང་ཞུས་ན།
    ༡༽ མི་ཚོང་ཞེས་པ་དེ། དབྱིན་སྐད་ཀྱི་ Human traffickingཞེས་པ་དེ་རེད། དེ་ནི་བཙན་ཐབས་དང་གཡོ་ཐབས་ལ་བརྟེན་ནས་མི་ཡུལ་གཞན་ལ་འཁྲིད་དེ་གཞང་ཚོང་དང་སྡུག་ལས་ལ་བཀོལ་བར་ཟེར་བ་རེད། རྩོམ་པ་པོའི་མཐུན་ཚོགས་ཀྱིས་འདི་གནང་གི་མེད་པ་གསལ་པོ་རེད། འདི་ནི་རྒྱལ་ཁབ་ཡོངས་ཀྱིས་ནག་ཉེས་ཚབས་ཆེན་དུ་བརྩི་བཞིན་ཡོིད།
    ༢༽ ཡང་དབྱིན་སྐད་དུ་ People smuggling ཞེས་པ་ཞིག་ཡོད། དེ་ནི་འགྲོ་མཁན་ལ་འགྲོ་འདོད་ཡོད་རེད། གཏོང་མཁན་ལ་ཐབས་ཤེས་ཡོད་རེད། བཏང་བ་ལ་བཏང་གླ་མཐོན་པོ་ལེན་གྱི་རེད། རྣམ་པ་ཚོས་གནང་གི་ཡོད་པ་དེ་འདི་ཆགས་ཀྱི་མེད་དམ་དྲན། འདི་ཡང་ཁྲིམས་འགལ་གྱི་བྱ་བར་བརྩི་གི་ཡོད། རྒྱ་གར་པན་ཇབ་ཀྱི་གཞས་པ་གྲགས་ཅན་གཉིས་གསུམ་ཞིག་གིས། འཁྲབ་སྟོན་རུ་ཁག་ནང་མི་འཁྲིད། གླ་ཆ་མཐོན་པོ་བླངས། ཕྱི་རྒྱལ་ལ་བཞག་གི་ཡོད་སྟབས། གཞས་པ་དེ་ཚོར་ལོ་ཤས་ནང་ཁྲིམས་ཐོག་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་ཡོངས་གྲགས་རེད།
    དེ་ནས་ང་རང་ཚོ་བོད་མིའི་ནང་ནས། གཞས་ཀྱི་འོད་སྡེར་མང་པོ་འདོན་མཁན་མགོན་པོ་ལགས་ཀྱིས་ཀྱང་། ཕྱི་རྒྱལ་ལ་འཁྲབ་སྟོན་བྱེད་པར་འགྲོ་དུས་མི་འཁྲིད་དེ་ཕྱི་རྒྱལ་བཞག་པ་སོགས་ཀྱིས་ད་ལྟ་ཁོ་རང་ལ་དཀའ་ངལ་འཕྲད་དེ་ག་པར་གབ་ཡོད་མེད་ཙམ་ཡང་ཤེས་དཀའ་བར་གྱུར་ཡོད། གང་ལྟར་ལས་ཀ་འདི་ཁྲིམས་འགལ་ལ་བརྩི་གི་ཡོད་པ་ཙམ་མ་ཟད། རྒྱལ་སྤྱིའི་ནང་ནག་ཉེས་བསགས་པར་བརྩི་གི་ཡོད་རེད། སྐུ་ཉིད་ལྟ་བུས་འདི་ལྟར་གཏོང་གི་ཡོད་པ་ཡིག་ཐོག་ལ་ཞལ་བཞེས་གནང་ན་ཉེན་ཁ་ཆེན་པོ་རེད།
    འདིའི་སྐོར་ཞིབ་ཕྲ་དྲྭ་ཐག་འདི་ལ་གཟིགས། http://www.wisegeek.com/what-is-people-smuggling.htm

    ༣༽ ལྷག་པར་དུ། མི་དེ་ཚོ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོིགས་ཀྱི་མིང་ཐོག་ནས་གཏོང་གིོ་ཡོད་ན། དེ་ཚབས་ཆེན་པོ་རེད། དེས་བོད་སྤྱིའི་རྩོམ་པ་པོའི་མཚན་སྙན་གྲགས་ལ་གནོད་ཀྱི་ཡོད། ཕྱི་རྒྱལ་དུ་མགྲོན་འབོད་གནང་དུས། མགྲོིན་འབོད་གནང་མཁན་དེས་བོད་ཀྱི་རྩོམ་པ་པོ་ཞེས་ཆེ་མཐོང་དང་གུས་ཞབས་ཀྱིས་མགྲོན་འབོད་གནང་བ་རེད། རྣམ་པ་ཚོས་རྩོམ་པ་པོ་རྫུན་མའམ་ངོ་མ་སུ་ཞིག་བཏང་རུང་། ཕྱི་རྒྱལ་བ་དེ་ཚོའི་མིག་ནང་ལ་ཁོང་ཚོ་བོད་ཀྱི་རྩོམ་པ་པོའི་སྐུ་ཚབ་རེད། བྱས་ཙང་ཁོང་ཚོས་ཕྱི་རྒྱལ་ལ་ཁྲིམས་འགལ་གྱིས་སྡོད་དུས། རང་བཞིན་གྱིས་བོད་ཀྱི་རྩོམ་པ་པོ་ཡོངས་ཀྱི་མཚན་སྙན་གྲགས་དང་ལ་རྒྱ་ལ་གནོད་བསྐྱལ་གྱི་ཡོད།

    ༤༽ སྐུ་ཉིད་ཀྱིས་གསུངས་པ་བཞིན་བོད་མི་ཕྱི་རྒྱལ་ལ་བཏང་ན་ཕན་ཐོགས་ཆེན་པོ་ཡོད་སྲིད་པ་རེད། གནོད་སྐྱོན་ཡང་ཡོད་སྲིད་པ་རེད། དེ་ད་ལྟ་གཞུང་དང་མང་ཚོགས་གཉིས་ཀའི་ནང་ལ་རྩོད་གཞི་ཞིག་རེད། ཕྱོགས་གཅིག་ནས་གཞིས་ཆགས་སྲ་བརྟན་ལ་བསམ་བློ་གཏོང་དགོས་བཤད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ཕྱི་རྒྱལ་ལ་གཏོང་དགོས་བཤད་ཀྱི་ཡོད། འདི་གཉིས་འགལ་ཟླ་རེད། ད་ལྟ་ཐག་ཆོད་མེད། གལ་སྲིད་གཏོང་རྒྱུ་གལ་ཆེན་ཡིན་ཡང་། ཕྱི་རྒྱལ་ལ་བོད་མི་གཏོང་རྒྱུའི་ལས་འགན་དེ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་འཁྲི་བ་ཞིག་རྩ་བ་ནས་མ་རེད། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གནང་དགོས་པ་གཞན་དག་མང་པོ་ཡོད། དེ་ཚོ་གནང་དགོས་རེད།
    སྐུ་ཉིད་ཀྱིས་ཕྱི་རྒྱལ་ལ་བོད་མི་གཏོང་རྒྱུ་དེ་གལ་ཆེན་ཡིན་པར་དངོས་གནས་གཟིགས་ཀྱི་ཡོད་ན། སྤྱི་འཐུས་གྲོས་ཚོགས་ནང་གྲོས་འཆར་བཏོན་ཏེ། ཕྱི་རྒྱལ་ལ་བོད་མི་གཏོང་རྒྱུ་དེ་གཞུང་གི་ལས་རིམ་ཞིག་ཏུ་བསྒྱུར་དགོས་སྙམ།

    འདི་དག་ནི་ལྷག་བསམ་རྣམ་དག་གིས་ཞུས་པ་ཡིན་མ་གཏོགས་སྐྱོན་བརྗོད་བྱས་པ་རྩ་བ་ནས་མིན།

    Reply
  25. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཉོ་ཚོང་གི་བྱ་ཞིག་མ་རེད་ཅེས་པར་ཁོ་བོས་ལྡོག་ཕྱོགས་ཀྱི་ལྟ་བ་འཛིན་གྱི་ཡོད་མོད་འདིར་གླེང་རྒྱུ་མིན། བོད་དོན་ལ་ཕན་ཐོག་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ལ་ཐོང་མཆན་ཉོ་མཁན་དང་བཙོང་མཁན་ལ་ཕན་ཐོག་བྱུང་ཡོད་པའང་དངོས་ཡོད་གནས་ཚུལ་རེད། ཐ་སྙད་འདི་དངོས་གནས་སེམས་ལ་འབབ་དཀའ་བའམ་མི་བདེ་བ་ཞིག་འདུག་ལ་དོན་ལའང་མི་འབྱོར།

    Reply
  26. གནམ་ལྕགས། says:
    ལོ་ 15 སྔོན།

    ཨོ་ཟིན་བྲིས་མདུན་ངོས་ཀྱི་དྲ་བའི་ཁ་བྱང་མང་བོ་བཞག་ཡོད་པའི་གཤམ་གྱི་གླེང་མོལ་ཁང་ཞེས་པའི་ཁ་བྱང་དེར་རྡེག་གནོན་ཞིག་བྱོས་དང་གླེང་མོལ་ཁང་ཤར་ཡོང་།

    Reply
  27. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧཧཧཧཧ་ཐུགས་རྗེ་ཆེ་ལགས་་་རུ་གསར་ཚང།

    Reply
  28. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ང་ཡོང་བ་ཡིན་ཀྱང་ག་ཡིན་མ་ཤེས་ནས་ཁྱེད་ཀྱི་ཟིན་བྲིས་ནང་དུ་མཆན་ཞིག་འདེབས་ནས་སོང་བ་ཡིན་། ལམ་སྟོན་་་་་་ག་པ།

    Reply
  29. གནམ་ལྕགས། says:
    ལོ་ 15 སྔོན།

    དྲ་བ་དོ་དམ་པས་ཚད་བཀག་གི་བསྒྲགས་གཏམ་སྤེལ་བར་ཐུགས་རྗེ་ཆེ་ཞུ།

    ཁོ་རེ་ཅོ་རི་ཉི་མ་ལགས། ཁྱོད་ལ་ཁོམ་པ་ཡོད་ན། གླེང་མོལ་ཁང་དུ་ཞོག་ཅེས་བོས་ཀྱང་མ་ཡོང་བ་ཅི་རེད། ད་ལྟ་ཁྱོད་རང་ཁོམ་ན་གླེང་མོལ་ཁང་དུ་འཛུལ་དང་ངས་ཁྱོད་ལ་གླེང་མོལ་ཞིག་བྱེད་འདོད་འདུག

    Reply
  30. རུ་གསར་ཚང་། says:
    ལོ་ 15 སྔོན།

    བཀུར་འོས་སྤྱི་འཐུས་ལྷ་མོ་སྐྱབས་ལགས། དེང་སྐབས་དུས་བབ་ཀྱི་ཟིན་བྲིས་འདིར་རང་ཉིད་ཀྱིས་རང་ཉིད་ཀྱང་ངོས་ཟིན་གྱི་མེད་པའི་དྲ་འབུ་མང་དྲགས་ནས་སུན་སྣང་སྐྱེ་བ་ཞིག་ཡིན། སོ་སོའི་རྐུབ་ལ་སྐྱག་དྲི་བྲོ་བ་མ་ཚོར་བར་གཞན་གྱི་རྐུབ་ལ་སྐྱག་དྲི་བྲོ་ཡི་འདུག་ཟེར་བ་དང་། རང་ཉིད་སྤྲང་པོ་ཡིན་པ་མ་ཤེས་པར་གཞན་ལ་སྤྲང་པོ་རེད་ཟེར་བ་སོགས་རང་གཤིས་རྭ་ལས་གྱོང་བ། རང་སྣང་དགོང་ལས་མཐོ་བ་དེ་འདྲ་མང་པོ་ཡོད་པ་རེད། དེ་ཚོར་ཁ་ཡ་བྱེད་རན་ཡོད་མ་རེད། ཙི་གུ་རྒྱུགས་ནས་བྱང་ལམ་ཆོད་ཀྱི་མ་རེད། ར་མ་འཐག་ནས་རྫ་མ་ཆོག་གི་མ་རེད། ཐ་ན་དེ་ཚོས་བོད་ཀྱི་སྤྱི་ཚོགས་ལ་ཁབ་སྐུད་པ་ཞིག་གི་ཞབས་འདེགས་ཀྱང་ཞུས་མྱོང་ཡོད་མ་རེད་དེ་ད་དུང་ཞེ་བོ་ཞིག་ཡིན་བསམ་པ་ཡོད། མ་མཐའ་འདི་རིགས་ཀྱིས་ཉིད་ཀྱིས་མི་ལོ་བཅོ་ལྔའི་རིང་ལ་བོད་ཀྱི་སྤྱི་ཚོགས་ལ་ཞབས་ཕྱི་ཞུས་ཏེ་ཤེས་རིག་གི་ལེགས་སྐྱེས་གཟེངས་སུ་མཐོ་བ་བསྐྲུན་ཡོད་པ་ཤེས་ན་བཟང་མོད། འདི་དག་ཚང་མ་འུག་པ་རྐྱང་རྐྱང་ཡིན་པས་མཐོང་མི་སྲིད།
    སྤྱིར་རང་རེའི་སྤྱི་ཚོགས་འདིས་སྐྱོན་མ་གཏོགས་ཡོན་ཏན་ལ་ལྟ་བའི་མིག་གདོད་མ་ནས་ལྡོང་ཡོད་པ་འདྲ། མི་འདི་རིགས་ཀྱིས་གོ་སྐབས་བྱུང་ན་༸སྐྱབས་མགོན་རིན་པོ་ཆེས་ཀྱང་ཅིག་འགྲིག་གི་མེད་སྐོར་བཤད་ཡོང་གི་འདུག་ག ཉིད་ཀྱིས་ཐུགས་བསམ་བཞེས་དང་། འདིའི་རིགས་ལ་ཁ་ཡ་བྱེད་རན་འདུག་གམ།
    བདག་གི་རེ་བར་མུ་མཐུད་ནས་བོད་སྤྱི་ལ་སྨན་པའི་ཕྱག་རྩོམ་གང་མང་གནང་རོགས་ཞུ། ཕྲག་དོག་ཅན་འདི་དག་ལ་ཕོག་ནས་མ་བཟོད་ན་སྡུག་གྱོང་བྱོས་ལབ་ཡག་ཡིན།

    Reply
  31. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མི་ཚོང་དང་མི་ཚོང་ཟེར་བ་འདི་ཅི་ཞིག་ལ་ཟེར་བ་ཡིན་ཧ་མ་གོ་མདོག་མདོག་མ་བྱས་ན་དགའ།

    བཙན་བྱོལ་གཞུང་གི་མཛད་གཙོ་རྣམ་པས་བཙན་བྱོལ་བོད་མི་ཉམ་ཐག་བ་བཙན་བྱོལ་གཞུང་གི་ལས་གནས་དང་གོ་གནས་མེད་པ་ཨ་ཁུ་དང་ཨ་ནེ་བཀའ་བློན་སྤྱི་འཐུས་མིན་པའི་བོད་མི་ཉམ་ཆུང་ཚོའི་ནི། ཕྱི་རྒྱལ་ལ་འགྲོ་དུས་རང་གི་དངུལ་དངོས་སྤྲོད་ནས་འགྲོ་བ་མ་གཏོགས་སུ་གང་ཡང་གཏོང་རོགས་བྱེད་མཁན་མེད་པས་བོད་མི་ཉམ་ཆུང་ཚོ་ནུབ་ཕྱོགས་སུ་སླེབས་སྐབས་སུ་ཉུང་མཐར་ཡང་མི་གཏོང་མཁན་ཚོར་བུ་ལོན་སོད་པར་ལོ་གཅིག་ལས་ཀ་བྱས་དགོས།
    མ་ཟད་ང་ཚོང་སི་སུད་བོད་མི་་ལ་ཆགས་བཞག་ན་བོད་མི་གསར་པ་༡༠༠༠་ལྷག་བརྒལ་ཕེབས་ཡོད་མི་རེའི་མི་གཏོང་མཁན་ཚོ་ལ་ཉུང་མཐར་ཧན་སྒོར་༤༠༠༠༠༠རེ་མ་སྤྲོད་པར་སུ་ཡང་ཕྱི་རྒྱལ་ལ་ཡོང་ཐུབ་ཐབས་མེད། སྡོམ་རྩིས་བྱས་ན་འབུམ་ག་ཚོད་འགྲོ་འདུག་ཨ་ལྷ་མོ་སྐྱབས་་་་་་་འདི་ཚོ་ཚང་མ་བཟོ་མཁན་སུ་རེད་ཨ།་་་་་་་་་བཀའ་སྤྱི་གཉིས་ཀྱིས་ངོས་ནས་བོད་མི་ཉམ་ཆུང་ཚོའི་འབུམ་དང་འབུམ་མི་གཏོང་མཁན་རྣམས་ལ་སྤྲད་དགོས་ཐུག་གིན་ཡོད་པར་ཤེས་མ་སོང་ངམ། གལ་སྲིད་དངུལ་དེ་བཙན་བྱོལ་གཞུང་ལ་བབ་ཐུབ་པ་བྱས་མི་དགོས་པས་རྒྱུ་མཚན་ཅི་ཡིན་ནམ།

    ཁྱེད་ཚོ་མི་ངན་དང་དཔོན་ངན་ཟ་ངོམས་ཅན་ཚོས་བཙན་བྱོལ་བོད་མི་ཉམ་ཐག་ཚོ་ལ་དཔལ་འབྱོར་གྱི་ཞེ་བཞོགས་སྤྲད་པའི་ཐམས་ལམ་ཡིན་ནམ། ཨ་མེ་རི་ཀའི་སྲིད་གཞུང་གིས་ཀློ་ཆུ་བཞི་སྒང་དྲུག་གི་ནང་མི་རྣམས་དང་བལ་ཡུལ་རྒྱལ་ཁབ་ཀྱི་སྐྱབས་བཅོལ་ཐོབ་ཐང་མེད་པའི་བོད་མི་ཚོ་ཨ་རིའི་ལེན་གྱི་ཡིན་ཟེར་དུས་ཁྱེད་ཚོ་སྤྱི་འཐུས་གྲོས་ཚོགས་ཀྱི་ངོས་ནས་ཟ་ཡིག་བསྡུ་རུག་གི་བྱ་བ་གྲུབ་འདེབས་བྱས་མི་དགོས་པ་ཅི་ཡིན་ནམ།

    མི་ཁྱེད་ཀྱི་རྩ་ཚང་བའི་སྐད་ཆ་གཅིག་ཁུ་རེ་ཞིག་ཡོད་རྒྱུ་དེ་བཙན་བྱོལ་བོད་མི་ཉམ་ཐག་ཚོ་ལྟ་གོས་ཡག་ས་ཞིག་དང་རྒྱལ་ཁབ་ཚད་ལྡན་ཞིག་འགྲོ་ཐུབ་ན་ཡག་པོ་འདུག་གསུངས་པ་འདི་གཅིག་པོ་རེད་ད། ཡིན་ཡང་འདིའི་སྐད་ཆ་འདི་ཡང་ཁྱེད་ཀྱིས་ཁ་ཞེ་གཉིས་མེད་ཡིན་མིན་ཁ་ཚོན་བཅད་དཀར་བ་ཞིག་རེད།
    བསམ་བློ་གཏོང་ནས་སྐད་ཆ་བཤད་དགོས་པར་ལས་ཕོ་ཁྲམ་པའི་ཁ་ནང་ཁྲམ་གཏམ་ཤར་ར་ར་བཤད་ན་ང་ཚོང་བོད་མི་ཉམ་ཆུང་ཚོས་དུས་ནམ་ངོས་ལེན་བྱས་ཀྱིན་མ་རེད།
    ཐུགས་རྗེ་གཟིགས།

    Reply
  32. དྲ་རྒྱའི་དོ་དམ་པ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། བསམ་ཚུལ་དང་སྐྱོན་བརྗོད་བྱེད་ནའང་གནད་དོན་རང་གི་སྟེང་ནས་བཟུང་སྟེ། ཁུངས་ལུང་ཡོད་ན་རྒྱུ་མཚན་གཅིག་གཅིག་གཉིས་གཉིས་དང་བཅས་བཤད་དགོས་པ་ལས། དོགས་པ་ཙམ་ལ་བསྟེན་ནས་ཕ་རོལ་བོར་སྡིག་ནས་ཡོང་རྒྱུ་ཡོད་པ་མ་རེད། སྐད་ཆ་བཤད་སྟངས་ལའང་ཅུང་ཙམ་གཟབ་རོགས། ཐ་སྙད་འགའ་རེ་ནི་རྣམ་ཀུན་དུས་བབ་གསར་ཁང་གི་དྲ་ངོས་དང་ཚགས་ཤོག་གི་ངོས་གང་དུའང་འགོད་གི་མེད་པ་དང་། འགོད་ཐབས་མེད་པའི་རིགས་ཡིན་སྟབས་དེའི་རིགས་མཆན་གྱི་ནང་དུ་མ་འགོད་རོགས།

    Reply
  33. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཚོགས་པ་ཁག་དང་མི་སྒེར་སུས་འཇོན་ན་ཕྱི་རྒྱལ་ཁག་དུ་བོད་རིགས་མང་པོ་གཏོང་རོགས་གནང་ དེ་ང་ཚོའི་ཁེ་བཟང་རེད་ དཔལ་འབྱོར་དང་ཆབ་སྲིད་གཉིས་ཀ་ཐོག་ནས་ཕན་ཐོགས་འདུག་། ཞིབ་ཕྲ་ཤོད་ཁོམས་མི་འདུག་ ཕྱི་རྒྱལ་ཁག་ཏུ་མི་རྒྱ་ཆ་༩༥ མི་ གཏོང་མཁན་ལ་བརྟེན་ནས་ཡོང་གི་ཡོད་རེད་། བཀའ་དྲིན་ཆེན་པོ་རེད་། ཕྱི་ལ་མི་འགྲོ་བསམ་པ་ཧ་ལམ་མེད་། དེ་ནས་དགོས་པ་དང་རྒྱུ་མཚན་མང་པོ་ལ་བརྟེན་ནས་ཡོང་གི་ཡོད་། དེར་བརྟེན་མི་འཚོང་རྒྱག་མཁན་ཟེར་ན་འཇིག་སུ་རུང་བ་ཞིག་འདུག་། རང་གི་མིག་ལ་ཐལ་བ་བླུག་པ་དང་ཁྱད་མི་འདུག་། དྲ་གྲོགས་ཚོ་དགོངས་པ་བཞེས་ནས་སྐད་ཆ་ལ་ཏོག་ཙམ་གཟབ་རོགས་ གནད་འགགས་ངོ་མ་ནི་ མི་ཞིག་ཚོགས་པ་ཞིག་གི་བཏང་ཡོད་ན་ བརླ་ཆ་དེ་ཚོགས་པ་ཡར་རྒྱས་ཁོ་ནར་གཏོང་དགོས་པ་ལས་སྒེར་བདག་གནང་ན་ ནག་ཅན་ངོ་མ་དེ་རེད།

    རྒན་ལགས་ཀྱིས་གསུངས་༼དེང་སང་བོད་མི་སོགས་ཕྱི་རྒྱལ་དུ་འགྲོ་བ་འདི་ཁོ་ཚོའི་རེ་སྨོན་ཞིག་ཡིན་ལ་རང་དབང་ཡང་ཡིན། དེ་ལྟར་འགྲོ་ཐུབ་པ་དེས་ཁོ་ཚོའི་འཚོ་བར་ཡང་ཕན་ཆེན་པོ་ཐོགས་ཀྱིན་ཡོད། དེ་བས་དེ་དག་གཏོང་སྟངས་དེ་ནི་དོན་ངོ་མ་རོགས་རམ་ཞིག་ཡིནཞེས་དང་ ཡང་ད་བར་ཕྱིན་ཟིན་པ་ཚོས་ཀྱང་ཕྱིར་རང་གི་ནང་མི་དང་བོད་དོན་ཐད་ལའང་དགེ་མཚན་ཐོན་གྱིན་པའི་དངོས་ཡོད་གནས་ཚུལ་འདི་རིགས་ཚང་མས་གསལ་བོ་ལོས་ཤེས། དེས་ན་ང་ཚོ་ལ་ཁེ་ཕན་ཡོད་པའི་རོགས་ཕན་འདི་རིགས་ལ་མ་དགའ་བ་བྱེད་དོན་ཅི་ཡིན་ནམ། འདི་ཡང་ང་ཚོས་ས་མཐའི་བདེ་བ་འཚོལ་ཐབས་ཤིག་མ་ཡིན་ནམ། བསམ་བློ་ཡག་པོ་ཐོངས་༽ཞེས་པའི་གསུངས་འདི་ལ་རྒྱབ་སྐྱོར་ཆ་ཚང་ཡོད་།

    རྒན་ལགས་ལ་ཞན་པའི་ཆའང་ལུས་ཡོད་དེ་ནི་ གུས་པས་ ཡུལ་གྱར་བོད་མི་ཚོར་ཕུལ་བའི་སེམས་གཏམ་ཞེས་པའི་རྒན་ལགས་ཀྱི་གསུངས་དེ་ནང་ལ་མཆན་བཞག་ཡོད་

    Reply
  34. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཚོགས་པ་ཁག་དང་མི་སྒེར་སུས་འཇོན་ན་ཕྱི་རྒྱལ་ཁག་དུ་བོད་རིགས་མང་པོ་གཏོང་རོགས་གནང་ དེ་ང་ཚོའི་ཁེ་བཟང་རེད་ དཔལ་འབྱོར་དང་ཆབ་སྲིད་གཉིས་ཀ་ཐོག་ནས་ཕན་ཐོགས་འདུག་། ཞིབ་ཕྲ་ཤོད་ཁོམས་མི་འདུག་ ཕྱི་རྒྱལ་ཁག་ཏུ་མི་རྒྱ་ཆ་༩༥ མི་ གཏོང་མཁན་ལ་བརྟེན་ནས་ཡོང་གི་ཡོད་རེད་། བཀའ་དྲིན་ཆེན་པོ་རེད་། ཕྱི་ལ་མི་འགྲོ་བསམ་པ་ཧ་ལམ་མེད་། དེ་ནས་དགོས་པ་དང་རྒྱུ་མཚན་མང་པོ་ལ་བརྟེན་ནས་ཡོང་གི་ཡོད་། དེར་བརྟེན་མི་འཚོང་རྒྱག་མཁན་ཟེར་ན་འཇིག་སུ་རུང་བ་ཞིག་འདུག་། རང་གི་མིག་ལ་ཐལ་བ་བླུག་པ་དང་ཁྱད་མི་འདུག་། དྲ་གྲོགས་ཚོ་དགོངས་པ་བཞེས་ནས་སྐད་ཆ་ལ་ཏོག་ཙམ་གཟབ་རོགས་ གནད་འགགས་ངོ་མ་ནི་ མི་ཞིག་ཚོགས་པ་ཞིག་གི་བཏང་ཡོད་ན་ བརླ་ཆ་དེ་ཚོགས་པ་ཡར་རྒྱས་ཁོ་ནར་གཏོང་དགོས་པ་ལས་སྒེར་བདག་གནང་ན་ ནག་ཅན་ངོ་མ་དེ་རེད།

    རྒན་ལགས་ཀྱིས་གསུངས་༼དེང་སང་བོད་མི་སོགས་ཕྱི་རྒྱལ་དུ་འགྲོ་བ་འདི་ཁོ་ཚོའི་རེ་སྨོན་ཞིག་ཡིན་ལ་རང་དབང་ཡང་ཡིན། དེ་ལྟར་འགྲོ་ཐུབ་པ་དེས་ཁོ་ཚོའི་འཚོ་བར་ཡང་ཕན་ཆེན་པོ་ཐོགས་ཀྱིན་ཡོད། དེ་བས་དེ་དག་གཏོང་སྟངས་དེ་ནི་དོན་ངོ་མ་རོགས་རམ་ཞིག་ཡིནཞེས་དང་ ཡང་ད་བར་ཕྱིན་ཟིན་པ་ཚོས་ཀྱང་ཕྱིར་རང་གི་ནང་མི་དང་བོད་དོན་ཐད་ལའང་དགེ་མཚན་ཐོན་གྱིན་པའི་དངོས་ཡོད་གནས་ཚུལ་འདི་རིགས་ཚང་མས་གསལ་བོ་ལོས་ཤེས། དེས་ན་ང་ཚོ་ལ་ཁེ་ཕན་ཡོད་པའི་རོགས་ཕན་འདི་རིགས་ལ་མ་དགའ་བ་བྱེད་དོན་ཅི་ཡིན་ནམ། འདི་ཡང་ང་ཚོས་ས་མཐའི་བདེ་བ་འཚོལ་ཐབས་ཤིག་མ་ཡིན་ནམ། བསམ་བློ་ཡག་པོ་ཐོངས་ཞེས་པའི་གསུངས་འདི་ལ་རྒྱབ་སྐྱོར་ཆ་ཚང་ཡོད་།

    རྒན་ལགས་ལ་ཞན་པའི་ཆའང་ལུས་ཡོད་དེ་ནི་ གུས་པས་ ཡུལ་གྱར་བོད་མི་ཚོར་ཕུལ་བའི་སེམས་གཏམ་ཞེས་པའི་རྒན་ལགས་ཀྱི་གསུངས་དེ་ནང་ལ་མཆན་བཞག་ཡོད་

    Reply
  35. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    ང་ཚོ་ནི་འདི་ལྟ་བུ་ཞིག་རེད། གླེང་གཞི་མེད་ལ་གླེང་ཡང་མི་ཤེས་པས། སུ་ཞིག་གིས་གང་ཞིག་བྲིས་ཡོད་ན་དེ་ལ་དོན་ཐོག་སྤྱི་ཕན་གྱིས་རྒྱུས་ལོན་དང་ཞིབ་དཔྱོད་མི་བྱེད་པར། དོན་མེད་ཕྲག་དོག་ཞིག་གིས་དམའ་འབེབས་ཀྱི་ཚིག་ཤི་རོ་ཞེད་གཅིག་ཁུར་ཡོང་ནས་དྲ་ཐོག་ལ་སྤེལ་བཞིན་པ་ནི་ཤེས་ཡོན་པའི་སྡེ་ཞེས་འབོད་མི་རུང་བར་སེམས། ནང་ཁུལ་དོན་མེད་སྨྲ་བ་ནི་དགྲ་ལ་དཔུང་རོགས་ལས་ཇི་ཡང་མེད། དེ་བས་ང་ཚོས་ཚད་འཛིན་བྱེད་རུང་བ་ཞིག་ཚད་འཛིན་དང་རོགས་འདེགས་བྱས་ནས་ཡར་བསྐྱེད་གཏོང་བ་ལས། ནམ་ཞིག་སྤྱི་ཚོགས་ལ་ཕན་པའི་མི་ཞིག་མེད་པར་ཆགས་དུས་གཞི་ནས་དྲན་གསོ་དང་། བསྟོད་ངག འཕང་སེམས་བཅས་བྱེད་པ་ནི་ང་ཚོའི་གཤིས་ཡིན། དེ་བས་དགྲ་དགའ་གཉེན་སྡུག་གི་བྱེད་བབ་འདི་ང་ཚོའི་དོར་དགོས་པའི་དུས་ཚོད་ཞིག་ལ་སྤེབས་ཡོད།

    Reply
  36. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    དྲང་མོ་བཤད་ན་མང་བོ་ཞིག་གིས་མདའ་འཕེན་ས་ནོར་ཁུ་གི རྩོམ་པ་པོ་རྒན་རབས་པ་ཚོ་དྲ་ཐོག་ཏུ་ཡོང་དུས་ལམ་སེང་ཕར་འདེད་རྒྱུའི་བསམ་བློ་ངན་པ་མ་འཆང་རོགས། དེའི་སྐོར་རྩོམ་ཐུང་ཞིག་ཕྲན་གྱི་ཟིན་བྲིས་སུ་འགོད་ཁུལ་བྱས་ཡོད།
    རྒན་ལྷ་མོ་སྐྱབས་ལགས་སེམས་ཤུགས་མི་ཆགས་པར་རྩོམ་གང་མང་སྤེལ་བར་རེ་བ་ཆེ།

    Reply
  37. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    དེང་སང་རྒན་ལྷ་མོ་སྐྱབས་ལགས་ཀྱིས་དུས་བབ་ཚང་གི་དྲྭ་རྒྱ་ཉོས་ཚ་འདུག
    ཉིན་འདི་དག་རིང་ལ་ལྷ་མོ་སྐྱབས་རྩོམ་མ་གཏོགས་མཐོང་རྒྱུ་མི་འདུག་ཁོང་ལ་གསལ་བཤད་ཀྱི་མཆན་བུ་བཞག་ཀྱང་བསུབ་འགྲོ་ཡི་འདུག
    གཅིག་བྱས་ན་དུས་བབ་ཚང་དང་འཁྲུངས་ཡུལ་གཅིག་ཡིན་པའི་རྒྱུ་མཚན་ཡང་ཡིན་པར་མངོན།
    ་

    Reply
  38. གནམ་ལྕགས། says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་བ་ལགས། ཁྱོད་ཀྱིས་འཐབ་གྲོགས་ཞེས་པའི་མིང་ཚིག་འདིའི་གོ་བ་གཏིང་ཟབ་མོ་ཞིག་ལོན་གྱི་མེད་པ་འདྲ།

    གཞན་ཁྱོད་ཅོ་རི་བ་མི་དྲང་མོ་ཞིག་ཡིན་པ་འདྲ། ཡིན་ནའང་གནས་ལུགས་ལ་དཔྱོད་ཤེས་མཁན་ཞིག་ཁྱོན་ནས་མ་རེད། དེས་མི་ཚད་ད་དུང་ཧོལ་རྒྱུག་ལ་ཧ་ཅང་དགའ་མཁན་ཞིག་རེད།

    ཨོ། ཅོ་རི་བ་ལགས། ཁྱོད་ལ་ཁོམ་པ་ཡོད་ན་གླེང་མོལ་ཁང་དུ་ཤོག་དང་ཨུ་གཉིས་ཀྱིས་དེ་ནས་གླེང་མོལ་ཡ།

    Reply
  39. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འཐབ་གྲོགས་གནམ་ལྕགས་ལགས།
    དྲང་པོ་བཤད་བཞིན་ཡོད་་་་ང་ཅོ་རི་མི་ཆེན་དང་མི་ཆུང་བརྩི་མཁན་ཞིག་མིན་་་་་་ཉམ་ཆུང་ལ་མཐོང་ཆུང་བྱས་མྱོང་མེད་ལ་་་་་སྐུ་དྲག་ལ་ཁ་ཡག་བཤད་མི་ཐུབ་་་་སྤྱི་དོན་གླེང་དུས་སུ་དང་ཐུག་ན་ཐུག་བསམ་ཁུ་ལྭོ།
    འཐབ་གྲོགས་ཡིན་པས་རྒྱུ་མཚན་གྱིས་གསལ་བཤད་ཡིན།

    Reply
  40. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    མི་ཚོང་རྒྱག་ཟེར་བའི་ཐ་སྙད་དེ་འཇིགས་ཡེར་ཡེར་བ་ཞིག་འདུག ངས་དེའི་སྐོར་སྙན་ངག་ཅིག་འབྲི་ཁུལ་བྱས་ཡོད། བྲིས་ནས་ཉིན་མང་ཕྱིན་ཟིན་ཡང་དྲ་བར་བཀོད་མ་ཐུབ་པར་ལྷག་སོང་།

    Reply
  41. གནམ་ལྕགས། says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་བ་ལགས། དྲང་མོར་ཤོད་དང་། ཁྱོད་ལ་ཆབ་བྲག་ལ་ཅིག་བཤད་རྒྱུ་ཨེ་མཛའ་གི་ཨ།

    Reply
  42. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མགོ་རུལ་སྣ་ཡིས་མ་ཤེས་པར།
    འགོ་ཁྲིད་ཡིན་མདོག་མ་བྱས་ལྭོ།

    རྐུབ་ལ་སྐྱག་དྲི་ཁ་བཞིན་དུ།
    ལུས་ལ་དྲི་བཟང་མ་འབྱུག་ལྭོ།

    རང་ཉིད་དཀར་འདོན་མི་ཐུབ་པར།
    གཞན་ལ་བསླབ་བྱ་མ་རྒྱག་ལྭོ།

    དགྲ་ཚིག་རང་ཚིག་མི་ཤེས་པར།
    མཁས་དབང་ཡིན་མདོག་མ་བྱས་ལྭོ།

    ཁྲི་གདུགས་གསལ་ཆེན་ཉི་མ་ལ།
    མར་མེ་རོགས་སྐྱོབ་མི་དགོས་ལྭོ།

    ས་མཐའི་བུ་སྡུག་ཅོ་རི་ལ།
    སྤྲང་ཕྲུག་བསླབ་བྱ་མི་དགོས་ལྭོ།

    ལྭོ་ལྭོ་དྲུག་གཉིས་བཅུ་གཉིས་འདིར།
    ཨ་མའི་ལྭོ་ལྭོ་སྙན་དུ་ཕུལ།

    གོ་ན་རྣ་བའི་དཀྱུལ་ལ་ཞོགས།
    མ་གོ་གླུ་ལ་ཡང་ཞུ་མེད།་་་་་་་་་་་ཆབ་བྲག་པ་ཡིས་ཡིད་ལ་ཞོགས།

    Reply
  43. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    རྒན་ལྷ་མོ་སྐྱབས་ལ་ཁག་མི་འདུག ཁོང་ལ་དྲ་ཐོག་གི་ཉམས་མྱོང་མི་འདུག་པ་མ་ཟད་དྲ་ཐོག་ནས་དྲ་འབུ་འགས་རྙོད་དྲ་བསླངས་ན་དེའི་ལན་ལ་རྩོམ་འབྲི་གི་འདུག
    དྲ་ཐོག་ནས་ཁྱེད་རང་རྐུན་མ་མིན་ན་རྐུན་མ་རེད་ཟེར་གི་རེད་ལ་ཁྱེད་རང་ཇག་པ་མིན་ན་ཇག་པ་རེད་ཟེར་གི་རེད། ཟེར་མཁན་དེ་ཚོ་ཚང་མ་ཡང་མིང་རྫུན་མའི་འོག་ན་ཡིབ་ནས་ཡོད་པ་མ་ཟད་ཁོང་ཚོའི་བསམ་ཚུལ་ཡང་རྫུན་མ་རེད།

    Reply
  44. ཀུན་དགའ་བདེ་ཆེན། says:
    ལོ་ 15 སྔོན།

    མི་ཚོང་ཡིན་དང་མིན་གྱི་ས་མཚམས་དེ་གསལ་པོ་བཟོ་ཐུབ་ན་ལེགས། དངུལ་མང་པོ་བླངས་ཏེ་ལྡི་ལི་ནས་ཕྱི་རྒྱལ་ལ་བོད་མི་གཏོང་མཁན་དེ་ཚོར་ཡང་། སྤྱི་ཚོགས་ནང་མི་ཚོང་རྒྱག་མཁན་རེད་ཟེར། དེར་བརྟེན་སྔོན་ལ། མི་ཚོང་ཟེར་བ་དེའི་གོ་དོན་གསལ་པོ་བཟོ་དགོས་ས་རེད། བྲན་གཡོག་བཙོང་པ་ལྟ་བུ་ནི་དེང་སང་བྱེད་བསམས་ནའང་བྱེད་ས་ཧ་ལམ་ཡོད་མ་རེད།

    Reply
  45. བྲ་རྡོར says:
    ལོ་ 15 སྔོན།

    མིན་གྱི་མི་འདུག

    Reply
  46. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    ཁ་སང་སྔོན་མར་ངས་ཆབ་བྲག་གི་ལྷུག་རྩོམ་དེའི་སྒང་ལ་བསམ་ཚུལ་བཤད་དུས། ལུང་རིགས་རྒྱལ་ནས་བསྟུད་མར་ངའི་མཆན་གསུམ་གསུབ་ཚར་སོང་། དེ་ལ་བསམ་ཚུལ་རྐང་གཅིག་ཀྱང་བཤད་མེད་ལ་བཤད་དགོས་དོན་ཡང་མེད། འོན་ཀྱང་། ཆབ་བྲག་ལྷ་མོ་སྐྱབས་ཀྱི་རྩོམ་ཡིག་ཡུལ་གྱར་བོད་མི་ཚོར་ཕུལ་བའི་སེམས་གཏམ་ཟེར་བ་དེར་མཆན་བུ་ལྔ་བཅུ་བརྒལ་བ་སླེབས་འདུག་པ་དང་མཆན་བུའི་བརྒྱ་ཆ་༨༠ཁུངས་མེད་དཀྲུགས་ཤིང་གི་སྐད་ཆ་ཁོ་ན་རེད། འོན་ཀྱང་། ལུང་རིགས་རྒྱལ་སོགས་ཀྱིས་དེ་ཚོ་གསུབ་མི་འདུག་ལ་བཀག་ཀྱང་མ་སོང་།
    ངའི་མིག་ཀྱང་ཞ་ར་མིན། དོན་མེད་དཀྲུགས་ཤིང་གི་མཆན་བུ་དེ་ཚོ་མ་གསུབ་པའི་རྒྱུ་རྐྱེན་ལ་བརྟེན་དེ་རིང་གི་རྩོམ་འདི་བསྐྱར་དུ་འབྲི་དགོས་བྱུང་བ་རེད།

    Reply
  47. གནམ་ལྕགས། says:
    ལོ་ 15 སྔོན།

    རྒན་ལགས་ཀྱིས་གསལ་བཤད་གནང་བ་འདི་བརྒྱ་ཁ་གཅིག་གཅོད་ཀྱི་གཏམ་བཤའ་མ་ཞིག་ཏུམཐོང་སོང་། ཡིན་ནའང་དེའི་བར་མཚམས་དག་ཏུ་ཚིགས་སུ་བཅད་པ་འགའ་ཡོད་པར་ཉིས་ཤད་མ་བཞག་པ་འདིའི་རིང་ལུགས་འདི་ག་དུས་ནས་རྒྱུན་འཁྱོངས་གནང་བ་ཡིན།

    མུ་མཐུད་ནས་ཀུན་གྱི་མིག་དཔེར་འོས་པའི་རྩོམ་ཡིག་འདི་འདྲ་སྤེལ་བའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese