མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མངའ་སྡེའི་དཔོན་རིགས་ཚོར་ཐུག་འཕྲད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་དཔོན་རིགས་ཚོས་༧གོང་ས་མཆོག་གི་འཚེ་མེད་ཞི་བའི་ལངས་ཕྱོགས་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད་པར་མ་ཟད། ལྷོ་ཕྱོགས་བོད་མིའི་དཀལ་ངལ་ཐད་ལའང་རོགས་རམ་གནང་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མས་མགོ་ཁྲིད་པའི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཁག་ཅིག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེར་ཕེབས་ཏེ་མངའ་སྡེ་དཔོན་རིགས་ཚོར་ཐུག་འཕྲད་ཀྱིས་གནད་དོན་ཁག་ཅིག་གི་ཐད་བཀའ་བསྡུར་གནང་ཡོད་ལ། ལས་འཆར་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༦ ཉིན་སྐུ་ཚབ་རྣམས་་ཕྱིར་ངྷ་སར་འབྱོར་ཡོད་པ་རེད། ཐེངས་འདིའི་གཟིགས་སྐོར་སྐབས་བོད་ཀྱི་སྐུ་ཚབ་ཚོས་སྐྱེས་ཆེན་སོ་ཌར་ཤན་རྗེ་ Sudarshanji མཆོག་གིས་ཁོང་གི་ RSS ཚོགས་པའི་མགོ་གཙོའི་ལས་ཁུར་སྐབས་༧གོང་ས་སྐྱབས་མགོན་ཆེན་པོའི་ལངས་ཕྱོགས་ལ་རོགས་རམ་གང་ལེགས་གནང་བར་བསྟོད་བསྔགས་ཞུས་ཡོད་ཅིང་།  སྐབས་དེར་ཁོང་ཚོས་མངའ་སྡེའི་སྲིད་སྐྱོང་བ་ B S Yeddyurappa ཡེ་ཌི་ཡོར་རཱ་བྷ་མཆོག་དང་། མངའ་སྡེའི་ཕྱི་སྲིད་བློན་ཆེན་ཟུར་པ།  ཁ་གཏད་ཚོགས་པའི་ཚོགས་གཙོ། ཀོང་རི་སི་ཚོགས་པའི་ཚོགས་གཙོ། བློན་ཆེན་ཟུར་པ་སོཊ་དཔོན་རིགས་གང་མང་ཞིག་ལ་མཇལ་འཕྲད་གནང་ཡོད་ལ། མཇལ་འཕྲད་སྐབས་རྒྱ་གར་དཔོན་རིགས་ཚོས་༧གོང་ས་མཆོག་གི་འཚེ་མེད་ཞི་བའི་ལངས་ཕྱོགས་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད་འདུག ཐེངས་འདིར་སྤྱི་འཐུས་ཀྱི་སྐུ་ཚབ་མཉམ་དུ་བཙན་བྱོལ་བོད་གཞུང་གི་ལྷོ་སྤྱི་དང་གཞིས་ཆགས་ཁག་ལྔའི་གཞིས་མགོ། དེ་བཞིན་མཉམ་ལས་ཚོགས་པའི་མགོ་བ་སོགས་ཆེད་ཕེབས་གནང་ཡོད་འདུག སྐབས་དེར་བོད་མིའི་སྐུ་ཚབ་ནས་མངའ་སྡེ་དེའི་བོད་མིའི་དཀའ་ངལ་གླེང་སྐབས་མངའ་སྡེའི་དཔོན་རིགས་ཚོས་རྒྱབ་སྐྱོར་གཙང་མ་གནང་རྒྱུའི་ཁས་ལེན་གནང་ཡོད། ཉིན་མཐའ་མར་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་གཉིས་ཀྱིས་ལྷོ་གཞིས་ལུགས་བསམ་གླིང་དང་བདེ་སླར་གཞིས་ཆགས་ལས་ཁུངས་གཉིས་ཀྱི་མཐུན་འགྱུར་འོག་འདི་ལོའི་ཟླ་ ༨ པའི་ཚེས་ ༢༦ ནས་ ༣༡ བར་བྷེལ་ཀོབ་ཏུ་འཚོགས་འཆར་ཡོད་པའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་། ༧གོང་ས་མཆོག་ལ་བརྟན་བཞུགས། སྐྱབས་བཅོལ་ནང་གི་མང་གཙོའི་ལོ་འཁོར་ ༥༠ སོཊ་འཚོགས་རྒྱུའི་གྲ་སྒྲིག་ཐད་ལ་རྟོགས་ཞིབ་ཀྱང་གནང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 5

  1. རྟ་མགྲིན། says:
    ལོ་ 16 སྔོན།

    ཕྲག་དོག་མ་རེད་སྙམ།སྤྱི་འཐུས་ཀརྨ་ཆོས་འཕེལ་འདས་པའི་ལོ་མང་རིང་བོད་མི་དམངས་སྤྱི་འཐུས་བྱས་མྱོང་ཡོད་པ་རེད།ཡིན་ནའང་མི་འདི་ཅན་ནས་ལོ་སྔོན་མ་སྤྱི་འཐུས་གྲོས་ཚོགས་མཇུག་བསྡོམས་རྒྱག་མ་ཐུབ་པའི་སྐབས།ཁོ་བ་དབུས་གཙང་གི་མིང་ཐོག་ནས་སྤྱི་འཐུས་སུ་སླེབས་མཁན་ཞིག་གིས་མདོ་སྟོད་མི་དམངས་ལ་བྱུས་འཁྲིས་ཀྱིས་མདོ་སྟོད་མི་དམངས་ནས་སྐབས་བཅོ་ལྔ་དང་བཅུ་དྲུག་ལའང་བསོད་ནམས་སྟོབས་རྒྱལ་ལ་འོས་བླུགས་ཤོག་་ཨ།དུས་དེ་བོད་གཞུང་གིས་འགྲོ་གཏོང་མིན་ང་ཚོས་བལྟ་ཞེས་བོད་གཞུང་ལ་འཇིགས་སྐུལ་བྱས་པ་མ་ཟད།དོ་བདག་རང་ཉིད་དང་བོད་གཞུང་སོ་སོ་ཡིན་པའི་རྣམ་འགྱུར་མངོན་བཅུག་པ་རེད།དེ་བཞིན་དབུས་གཙང་གི་མིང་འཁྱེར་ནས་མདོ་སྟོད་ཀྱི་མིའི་ཞེན་ཁོག་བཟུང་བ་རེད།མི་འདི་དང་གཡུང་དྲུང་རྒྱལ་མཚན།སྨོན་ལམ་མཐར་ཕྱིན་ལ་སོགས་པ་རྣམས་ལ་ལས་རྒྱུ་འབྲས་ཀྱིས་ཀྱང་སྔ་ཕྱི་ཞིག་མ་གཏོགས་ལ་ཡོགས་ཅི་ལ་མི་ཡོང་།

    Reply
  2. རྡོབ་རྡོབ། says:
    ལོ་ 16 སྔོན།

    ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་ལ་མི་དགའ་བྱས་མཁན་ཚོ་ཕྲག་དོགས་རེད། བྱས་ན་དན་དའི་ཚོགས་གཙོ་དེས་ག་རེ་འབྱོན་སོང་། ཟམ་སྟོང་བླ་མ་ག་རེ་བཤད་ན་དེ་ལ་ཤར་སྤྱོད་བྱས་ཡ་མ་ཏོག་གཞན་གང་ཤེས་བཟོ་མི་འདུག་ག

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    སྤྱི་མཐུས་ཀརྨ་ཆོས་འཕེལ་ལགས་ཀྱི་ད་རེས་གཅིག་པུ་ཕན་དོགས་ཅུང་ཟད་སྒྲུབ་ཡོད་པ་ཧ་ལས་བྱུང༌། ད་ནི་ཁོང་ལ་སྦ་སྦེས་གཏོང་རན་ཡོད།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ད་ལྟ་རྒྱ་གར་བ་ཚོས་སེམས་གཏིང་ནས་༸གོང་ས་མཆོག་ལ་ཞུ་ཞུ་ལེགས་ལེགས་བྱ་ན་བཟང་ད་བཟང་གི
    ཡིན་ན་ཚིག་གཅིག་གིས་རང་གཞན་གཉིས་ཀ་བརླགས་ཚར་བས་་་་་་་་་་་་་ཤུ་་་་་་་ད་ཡིན་ན།

    Reply
  5. སྟོབས ། says:
    ལོ་ 16 སྔོན།

    སྐབས་དེར་ཧུན་རྟུ་བླ་ཆེན་དེས་སྔོན་གྱི་ལུང་བསྟན་དང་སྤྲགས་ནས་གཏམ་བཤད་བྱེད་སྐབས ་ སྔོན་རྒྱ་གར་གྱི་བླ་ཆེན་ཞིག་ཡོད ། ཁོང་གིས་རྒྱུད་དུ་ལུང་བསྟན་མང་པོ་གསུངས་ཀི་ཡོད་གང་གསུངས་པ་དེ་ཡང་དོན་ཐོག་ལ་བབས་ཡོད ། ལོ་བརྒྱའི་སྔོན་ཞིག་ལ་ཁོང་གིས་རྒྱ་གར་ལ་སྐྱིད་པའི་ཉི་མ་ཤར་གི་རེད་ཡོད་གསུངས་་མྱོང་། སྐབས་དེ་དུས་ནས་བརྩིས་པའི་ཉིས་སྟོང་བཅུ་གཅིག་ལ་ལོ་བརྒྱ་ཏག་ཏག་ཁེལ་ཡོད་དེ་ནི་བོད་ལ་སྐྱིད་པའི་ཉི་མ་བའི་དུས་ཚོད་རེད་ཅེས་གསུང་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese