མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་རང་ལ་ཌོ་ལོར་སྣེ་གཅིག་ཀྱང་རག་གི་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་གསར་འགྱུར་བརྒྱུད་ལམ་དུ་ནུབ་ཕྱོགས་ནས་༧གོང་ས་མཆོག་ཚོང་རྫས་ལྟ་བུར་སྤྱོད་བཞིན་པའི་སྐོར་ལ་སྐྱོན་བརྗོད་བསླེབས་ཡོད་ལ། ཉིན་ཤས་གོང་གསུང་བཤད་ཅིག་གི་སྐབས་སུ། ༧གོང་ས་མཆོག་གིས་འདིའི་ཐད་གསལ་བཤད་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་ནེའུ་ཡོག་ཏུ་གསུང་བཤད་རིམ་པ་མང་པོ་ཞིག་གནང་བཞིན་པའི་སྐབས་སུ། ཁོང་གི་གསུང་བཤད་གོ་སྒྲིག་སྐབས་ཀྱི་འཛིན་བྱང་རེ་ལ་ཨ་སྒོར་ ༡༠༠ རེ་གནས་དོན་གང་ཡིན་སྐོར་བཀའ་འདྲི་ཞུས་སྐབས་༧གོང་ས་མཆོག་གིས། དེའི་སྐོར་ཁྱོད་ཀྱིས་གོ་སྒྲིག་གནང་མཁན་ཚོར་འདྲི་དགོས་པ་རེད། ངོས་རང་དེ་ལ་འབྲེལ་བ་མེད། ཅེས་གསུངས་ཡོད་པ་རེད།

གཞན་ཡང་། ཁོང་གི་གསུང་བཤད་གོ་སྒྲིག་གནང་མཁན་མང་པོ་ཞིག་ནི་སྤྱིར་བཏང་གི་ཆ་ནས་ནང་ཆོས་དང་། ཆོས་ཕྱོགས་ལ་འབྲེལ་བ་མེད་ཀྱང་། མ་དངུལ་བསྡུ་འགོད་ཀྱི་ཆེད་དུ་གསུང་ཆོས་སོགས་ཀྱི་མཛད་རིམ་ཁག་གོ་སྒྲིག་བྱེད་ཀྱིན་ཡོད་འདུག

༧གོང་ས་མཆོག་གིས་གསུངས་དོན། ངོས་ནས་ནམ་རྒྱུན་དུ་གོ་སྒྲིག་གནང་མཁན་ཚོར་འཛིན་བྱང་ཁེ་བོ་བྱེད་རོགས་ཅེས་ལབ་གིན་ཡོད། ངོས་རང་ལ་མཚོན་ན། ད་བར་དུ་ཌོ་ལོར་གཅིག་ཀྱང་ལེན་མྱོང་མེད་ལ། རྡ་རམ་ས་ལར་ཡོད་པའི་ངོས་ཀྱི་ཡིག་ཚང་ལའང་ལེན་མྱོང་མེད་ཅེས་གསུངས་པ་དང་མཉམ་དུ། ཁོང་གིས་མ་དངུལ་དེ་དག་གི་འགའ་རེ་ནི་ཐེབས་རྩ་དེ་འདྲ་ལ་འགྲོ་གིན་ཡོད་པའི་ཡིད་ཆེས་གནང་གི་ཡོད་ཚུལ་ཀྱང་གསུངས་འདུག་ལ། མཐའ་མ་དེར་ཁོང་གིས་བཞད་མོ་དང་བཅས། མཚམས་རེར་གོ་སྒྲིག་པ་དེ་དག་ཅུང་ཕྱུག་པོ་དེ་འདྲ་རེད་ཅེས་གསུངས་ཡོད་པ་རེད་ཅེས་བོད་ཀྱི་གྲོགས་པོ་ཚོགས་པས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་དག་གི་འཕྲིན་ལམ་དུ་བཏང་ཡོད་པ་རེད།

༧གོང་ས་མཆོག་ནམ་རྒྱུན་ནུབ་ཕྱོགས་ཁག་ཏུ་ཕེབས་སྐབས་གསུང་ཆོས་དང་གསུང་བཤད་གོ་སྒྲིག་གནང་མཁན་དག་གིས་འཛིན་བྱང་དེ་དག་གོང་མཐོན་པོར་བཙོང་གི་ཡོད་པའི་བསམ་ཚུལ་དང་། ཁོང་གི་མཛད་རིམ་མང་དྲག་པའི་སེམས་འཚབ་ཡོད་མཁན་མང་པོ་ཡོད།

ཉེ་ཆར་ཁོང་ཉིད་ཨ་རིའི་ཨིན་ཌི་ཡ་ནར་ཕེབས་སྐབས་ཀྱང་གོ་སྒྲིག་གནང་མཁན་དག་གིས་ཁོང་ཉིད་ཀྱི་གསུང་བཤད་དང་། ཞལ་ལག་གི་རིམ་པ་ཚུན་ཚད་མ་དངུལ་བསྡུ་འགོད་ཀྱི་ཆེད་དུ་སྤྱད་ཡོད་པ་དང་། ཁོང་གི་སྐུ་ཕྱཱའི་བདེ་འཇགས་ལ་དོ་སྣང་ཆུང་སྐྱོན་བྱུང་བའི་སྐོར་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ཟུར་པ་སྐུ་ཞབས་དགེ་འདུན་རབ་གསལ་ལགས་ཀྱིས་ཆེད་རྩོམ་ཞིག་ཁ་བརྡ་དྲ་རྒྱ་དང་བོད་ཀྱི་དུས་བབ་གསར་ཤོག་དང་དྲ་རྒྱ་བཅས་སུ་བཏོན་ཞིང་། དེའི་ཐད་སེམས་ཁུར་ཡོད་མཁན་ཡང་མང་པོ་བྱུང་ཡོད་པ་རེད།

གསར་འགྱུར་འབྲི་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 17

  1. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ང་ཚོ་བོད་ཁ་བ་གངས་ཅན་པ་རྣམས་ཀྱི་རང་ཡུལ་དགྲ་ལག་ཏུ་ཤོར་ཏེ། གཞིས་ལུས་བོད་མི་རྣམས་རྒྱ་དམར་གྱི་མནར་གཅོད་འོག་ཉིན་མཚན་འཁྱོལ་དཀའ་བ་དང་། ཡུལ་གྱར་བའི་བོད་མི་རྣམས་ཀྱང་རྒྱལ་ཁབ་དེ་དང་དེའི་ལག་ཁྱེར་སོགས་ཀྱི་རྐྱེན་པས་དཀའ་ངལ་མི་ཉུང་པ་ཞིག་ཕྲད་དང་འཕྲད་མུས་རེད། འདི་ལོ་རྒྱ་དམར་གྱི་གཡོ་བྱུས་འོག་ཚུད་པའི་བལ་ཡུལ་གྱི་རྒྱལ་ཁབ་ཆུང་ཆུང་དེ་ཡིས་ཀྱང་ང་ཚོར་མཐོང་ཆུང་དང་ཁྱད་གསོད་མང་དག་ཅིག་བྱས་པ་མཁྱེན་གསལ་རེད།
    དེ་ལྟར་གཞིས་བྱེས་བོད་མི་ཚང་མར་ལུས་སེམས་གཉིས་ཀར་ཇི་ཙམ་སྡུག་བསྔལ་ཕྲད་ཀྱང་ཞུམ་པ་མེད་པའི་སྙིང་སྟོབས་དང་། ལྷག་བསམ། མི་རིགས་ཀྱི་ལ་རྒྱ་སོགས་གནས་ཐུབ་པ་ནི་༸རྒྱལ་མཆོག་ཕྱག་ན་པདྨོའི་བཀའ་དྲིན་ཉག་ཅིག་ཡིན་པ་མིག་ལྡན་ཀུན་གྱིས་ཤེས་ངེས་རེད།

    ཡིན་ན་ཡང་ཀླད་མེད་འགའ་ཞིག་གིས་དངུལ་དང་གཏམ་སྙན་གྲགས་སོགས་ཀྱི་ཆེད་དུ་༸གོང་ས་མཆོག་བེད་སྤྱོད་བྱེད་པ་དང་། སྐུའི་སྲུང་སྐྱོབས་ཆེད་དུ་དེ་ཙམ་དོ་སྣང་མི་བྱེད་པ་སོགས་ནི་ང་ཚོ་བོད་པ་བསོད་ནམས་ཉམ་པའི་ནང་རྟགས་རེད།

    ནོར་བུ་རང་ལ་ཡོད་དུས་ནོར་ཉམ་མ་ཆོད་ན།།
    ནོར་བུ་གཞན་ལ་ཤོར་དུས་འགྱོད་པའི་གནས།།
    ཞེས་འཇིག་རྟེན་ཁ་དཔེར་ཡོད་པ་བཞིན། ད་ལྟའི་དུས་སྐབས་འདིར། ཕྱི་ཡི་ལྕགས་རི་ཟེར་ནའང་འདྲ། ནང་གི་ནོར་བུ་ཟེར་ནའང་འདྲ། གང་ལྟར་ང་ཚོར་ལྷག་ཡོད་པ་ནི་ཁོང་གཅིག་པུ་རེད། ནམ་ཞིག་བློ་ཡུལ་ལས་འདས་པའི་གནས་ཚུལ་འབྱུང་མི་སྲིད་པ་ཞིག་མ་རེད། ང་ཚོས་གཟབ་གཟབ་མ་བྱས་ན་དེ་དུས་ཕྱི་དྲག་པ་རེད། དེ་ཙམ་དུ་མ་ཟད་རྒྱ་མི་ལས་ཀྱང་གནོད་ཚབ་ཆེ་བའི་གདོན་འདྲེ་འགའ་ཞིག་གིས་ཁོང་ལ་མཚན་སྨད་ཞུ་བ་དང་ཟུར་ཟ་བྱེད་པ་རྣམས་ད་གཟོད་མཚམས་འཇོག་བྱས་ན་མ་གཏོགས་ལས་དབང་ལ་སྙིང་རྗེ་དང་ཡ་ང་ཨེ་ཡོད།
    བཀའ་གདམས་པའི་གསུང་རྒྱུན་ལ། སྡིག་ཅན་ཚེ་ཐུང་བ་ཤོག ཅེས་ཐུགས་སྨོན་མཛད་པ་བཞིན། མི་ངན་དེ་ཚོའི་རིགས་མགྱོགས་ཙམ་་་་་་་་་་་་་་་་་་་་་་་?

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེ་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག།

    Reply
  2. བྱང་ཆུབ། says:
    ལོ་ 15 སྔོན།

    There’ll be discuss on spelling of tibetan language tommorow. Most welcome those who wish to perticipate. Ha ha ha I am so soory that there is no tibetan scipt on this computer

    Reply
  3. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ཆུ་ཐིགས་སྔོན་མོ་ལགས། ངས་དག་ཡིག་གསར་བསྒྲིགས་དག་ཡིག་ཡོངས་ཀྱི་ནང་ནས་ཡག་ཤོས་དེ་བརྕི་གིན་ཡོད། འོན་ཀྱང་མཚམས་ལན་རེར་མ་དག་པ་ཡོང་སྲིད་པ་རེད། གོང་གི་ཉིད་ཀྱི་ལུང་དེ་དག་ཡིག་དེ་ལས་ཡིན་མིན་མི་ཤེས་ཀྱང་དེ་ལྟར་ཡིན་ཚེ་ད་དུང་བསམ་གཞིག་བྱེད་དགོས་པ་ལས་ཨུ་ཚུགས་ཀྱིས་རང་གི་འདོད་འདུན་སྒྲུབ་སྤྱད་བྱེད་མི་རུང་། ངས་འདི་ཞིབ་འཇུག་མེད་པར་རྨོངས་མཆར་ཞིག་འུར་སྒྲོག་བྱས་པ་མིན། ཡུན་རིང་ཞིག་ལ་འདིའི་ཕྱོགས་སུ་བལྟས་མྱོང་ལ་མི་གཞན་ལ་སྐད་ཆ་དྲིས་མྱོང་།

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཤ་ཀླན་ལགས་ཞིབ་འཇུག་མེད་པར་ཐག་གཅོད་མ་བྱེད་་་་་དག་ཡིག་ཚད་ཐུབ་དག་ལ་ཞིབ་འཇུག་གྱིས། རེག་ཅེས་པ་རེག་བྱའམ་ཐུག་པ་ལག་པ་འཆང་བའི་དོན་གཅིག་པུས་ག་ལ་ཚད་་་་ལག་ཏུ་རེག་པའམ་ཐོབ་པའི་དོན་ཡིན། དག་ཡིག་གསར་བསྒྲིགས་ནང་༼ཐོབ་པའམ་ཕོག་པའི་དོན་ཏེ་་་་་གྱོང་རེག་ལག་ལ་དཔེ་ཆ་རེག་༽ཞེས་གསུངས་ཡོད་པས་ཉིད་ཀྱིས་དག་ཡིག་འདི་མ་དག་པར་འཛིན་གྱི་ཡིན་ནམ།
    ལུང་རིགས་རྒྱལ་ལགས་་་་་གོང་གི་རག་དང་རེག་གི་ཁྱད་པར་སྔོན་བྱོན་མཁས་པས་ཐག་བཅད་ཟིན་པས་ང་ཚོས་འདི་ནས་བདེ་བར་འདོད་མིན་གྱི་དབང་དུ་གཏོང་རྒྱུ་ག་ལ་ཡོད། སྐུ་ཉིད་ཀྱིས་གཞུང་ཚད་ལྡན་དག་ལས་མཐོང་ཡོད་ན་དེ་དེ་བཞིན་དུ་སྤྱད་ན་རྗེས་སུ་ཡི་རང་ཡོད་་་་་དེ་མིན་དག་ཡིག་ལ་གཞི་བཅོལ་རྒྱུ་རེད།

    Reply
  5. karma dorje says:
    ལོ་ 15 སྔོན།

    ༸སྐུ་ཕྱྭའི་འགན་ལེན་དུས་ནམ་ཡང་ལྷོད་མི་རུང་ངོ་། །

    Reply
  6. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    བླ་མ་ཚོ་ལ་དད་པ་ཡོད་ཀྱང་༧གོང་ས་མཆོག་ཚོང་རྫས་སུ་བྱས་ཡོང་དུས་ད་ཅི་བྱས་པ་ཡིན་ནམ་དྲན་ཡོང་གི་འདུག།དེ་ཡི་ཐད་བླ་མ་དགེ་གཤིས་ཚོས་གཟབ་གཟབ་གནང་དགོས་པ་ཧ་ཅང་གི་གལ་ཆེན་དུ་མཐོང་།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ༸སྐྱབས་གསུམ་རྒྱབ་ཏུ་བསྐྱུར་ནས་སྐྱབས་གཅིག་ཁོ་ན་འཛིན་པའི་ནུབ་ཕྱོགས་སུ་སེམས་པ་ལྟོ་རིས་ལ་ལྷག་པ་རྣམས་ཀྱིས་༸གོང་ས་མཆོག་ཀྱང་འཚོང་རྫས་སུ་སྤྱད་པ་ནི་ཆེས་བློ་ཕམ་གྱི་རང་བཞིན་རེད།

    རེད་ཡ་ཁོང་ཚོའི་སེམས་ནང་ཌོག་ལ་ལས་མེད་པ་བྱ་ཐབས་ཅི་ཡོད་སྙིང་རྗེ་ཨ་ཤུ་

    Reply
  8. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    བཀླགས་ཚར་སོང་

    Reply
  9. ཤེས་རབ། says:
    ལོ་ 15 སྔོན།

    ཚིག་ལ་མི་རྟོན་དོན་ལ་རྟོན།གང་ལྟར་གསར་འགྱུར་འདིའི་ཁ་བྱང་བཀླགས་པ་དང་གསར་འགྱུར་གྱི་སྙིང་དོན་བློ་ངོ་འཆར་ཐུབ་ཀྱི་འདུག དེ་ནི་གསར་འགོད་པའི་ཁྱེད་ཆས་ཤིག་རེད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་པོ་ཞིག་ལ་གོ་རྒྱུ་ཡོད་པའི་བཀའ་ལན་གནང་འདུག་གཱ སྒྲོ་ལོར་རྔམ་པའི་མི་བོ་ཆེ་འདི་དག་གིས་ཡིད་གཟབ་བྱེད་པར་ཤོག རེག་དང་རག་གཉིས་ནས་རྩོམ་སྒྲིག་པས་བཤད་པར་ཤིན་ཏུ་འདོད་དོ།།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཆུ་ཐིགས་སྔོན་མོ་ལགས། དྲན་སྐུལ་གནང་བར་ཐུགས་རྗེ་ཆེ།

    རག་ཅེས་པ་དེ་ཐོབ་པ་དང་རྙེད་པའི་དོན་དུ་བྲི་མཁན་ཡོད་ལ། དག་ཡིག་ཁུངས་ཐུབ་ནའང་ཡོད་སྟབས་མཐའ་གཅིག་ཏུ་ནོར་འདུག་ལབ་ན་དེ་ཡང་ནོར་འཁྲུལ་རེད་འདོད།

    རེག་འདི་ནི་རེག་བྱ་ཡི་རེག་སྟེ། ལག་པས་ཐུག་པ་དང་འཆང་བ་སོགས་ལ་འགྲེང་བུ་ཡོད་པའི་རེག་དང་། ཐོབ་པ་དང་རྙེད་པ་ལ་འགྲེང་བུ་མེད་པའི་རག་བྲིས་ན་བདེ་བར་འདོད་ན། གང་དགའ་ཅི་ལེགས་ཀྱི་བསམ་ཚུལ་རེ་འདོན་རོགས།

    Reply
  11. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ནམ་རྒྱུན་ཆུ་ཐིགས་སྔོན་མོས་ཡིག་ནོར་བཅོས་པ་ལ་བཤད་རྒྱུ་མེད། ཡིན་ཡང་དེ་རིང་ཕལ་ཆེར་ཁྱེད་རང་ནོར་སོང་། རག་ཅེས་འབྲི་དགོས་པ་ལས་རེག་ཅེས་བྲིས་ན་གོ་རྒྱུ་མེད། རེག་ཅེས་པ་ནི་ཐུག་པའམ་ལག་པ་འཆང་བའི་དོན་རེད། རག་ཅེས་པ་དེ་ཏག་ཏག་ལག་ཏུ་ཐོབ་པའི་དོན་རེད། ངས་ཀྱང་སྔོན་ཞིག་ཏུ་རེག་ཅེས་མང་པོ་བྲིས་མྱོང་། ད་ལྟ་བསམ་ན་དེ་ཚོ་ཚང་མ་ཡིག་ནོར་རེད་འདུག ངས་བལྟས་ན་དེ་ཕལ་ཆེར་ཁ་སྐད་ཀྱི་སྐྱོན་རེད་འདུག དཔེར་ན། འཆང་ལ་འཆིང་དང་། བཅངས་ལ་བཅིངས། ཟགས་ལ་ཟེགས། རག་ལ་རེག་བཅས་འབྲི་བ་དེ། དེ་ཚོ་ཀློག་དུས་རྗེས་འཇུག་གི་སྒྲ་དག་པར་བཀླགས་པས་དབྱངས་ཡིག་གི་སྒྲ་ཞིག་ཀྱང་ཟུར་དུ་ཐོན་པ་མིན་ནམ།

    Reply
  12. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    སྤྱིར་ན་གནད་དོན་འདི་རྒྱུན་མར་འབྱུང་གི་ཡོད་ནའང་། ད་ཐེངས་ཀྱི་སྐུར་འདེབས་འདི་ཨ་ཀྱ་བླ་མས་འཛིན་བྱང་གོང་ཆེན་བྱས་པ་དང་། ཕེབས་བསུ་གོ་སྒྲིགས་ཚད་ལྡན་མ་བྱས་པ་གཉིས་ལས་བྱུང་བ་ཡིན་པས་གནད་དོན་དང་ཆག་སྒོ་ཡོངས་རྫོགས་ཨ་ཀྱས་ཁུར་དགོས་པ་རེད།

    Reply
  13. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་ལགས།
    དེང་སྐབས་དུས་བབ་གསར་ཤོག་དང་དྲ་ཚིགས་དག་ལ་ཡིག་ནོར་ཇེ་མང་ཇེ་མང་མང་རེད། རྩོམ་སྒྲིག་པ་ཞིག་ལ་མཚོན་ན་བོད་ཡིག་རང་སྐྱ་འཕེར་བ་ཞིག་ཡོད་པ་གཞིར་བཞག་གི་ཐོག་ནས་ལས་ཀ་བྱེད་དགོས་པ་ལས་ཟླ་ཕོགས་ལེན་བྱེད་ཙམ་ཞིག་ལས་མེད་ན་རང་ཉིད་ཁོ་ན་ལས་གཞན་སུ་ལའང་ཕན་པ་ཞིག་ཕར་ཞོགས་གནོད་པ་ཞིག་ལས་མེད་པས་རྗེས་ཕྱོགས་ཐུགས་གཟབ་ནན་མོ་གནང་རྒྱུ་་ཧ་ཅང་གལ་ཆེན་རེད།
    དེ་རིང་ཁྱེད་ཚོས་བཀོད་པའི་གསར་འགྱུར་འདིའི་ཁ་བྱང་ལ་ལྟོས་དང་་་་་་རག་ཅེས་པ་གསེར་དངུལ་ཟངས་ལྕགས་རག་སོགས་དངོས་རྫས་འདི་དག་གི་གྲས་ཀྱི་གཅིག་གི་མིང་རེད། ལག་ཏུ་རེག་པ་ལ་འདི་བྲིས་ན་དོན་ལོག་ཅི་ཞིག་སྟོན་གྱི་ཡོད་པ་ལོས་ཤེས། དེང་སྐབས་ཁ་བྱང་ཞིག་གི་དག་ཆའང་འབྲི་མི་ཐུབ་པའི་རྩོམ་སྒྲིག་པ་ས་ཕྱོགས་གང་སར་མཐོང་རྒྱུ་འདུག་པས་དངོས་གནས་ཡ་མཚན་རེད།
    ད་དུང་ཆེ་ཆུང་དུ་མ་ཞིག་མཐོང་གི་འདུག་པས་ཞིབ་བཤེར་གནང་རོགས་ཞེས་རེ་བ་ཞུ་བཞིན་ཡོད།

    Reply
  14. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    སྐྱབས་སུ་མཆི་ཁོང་ལ་སྐྱོན་བརྗོད་འདི་ལྟར་བྱུང་བ་དེ་བོད་པ་བླ་མ་ཚོས་བཟོས་ཡིན་པ་ར་སྤྲོད་ཐུབ།

    Reply
  15. མི་ཆུང་། says:
    ལོ་ 15 སྔོན།

    གནས་ཚུལ་འདི་ཚོའི་ཐོག་གཟབ་ནན་མ་བྱས་ན། བོད་མི་རིགས་དང་དེའི་རིག་གཞུང། ལྷག་དོན་༸གོང་ས་མཆོག་གི་མཚན་མཐོང་དང་འབྲེལ་བ་ཡོད། ༸གོང་ས་མཆོག་གི་མཚན་མཐོང་དེ་ང་ཚོའི་མི་རིགས་ཀྱི་ཕུགས་བསམ་དང་གཅིག་ཏུ་སྦྲེལ་ཡོད་སྟབས་ཚང་མས་གཟབ་དགོས།

    ཐད་ཀར་སྐུ་སྒེར་ཡིག་ཚང་དང་བོད་གཞུང་བདེ་སྲུང་ལས་ཁུངས་བཅས་ལ་འབྲེལ་བ་ཡོད་ཀྱང་། ད་ཡིན་ན། ཡོད་ཚད་མདུན་ཕྱོགས་ནས་ངོ་ལྐོག་དང་རུལ་སུངས། ལྡོག་ཕྱོགས་ནས་རྨ་ཁ་དང་ན་ཟུག་རྐྱང་ལས་ཅི་ཡང་ལྷག་མེད་པ་འདྲ།

    Reply
  16. Trinle G. says:
    ལོ་ 15 སྔོན།

    ༧གོང་ས་སྐྱབས་མགོན་ཆེན་པོའི་ཕྱི་རྒྱལ་ཁག་ལ་བཀའ་ཆོས་བཀའ་སློབ་ཁག་གནང་རྒྱུ་ནི་ཤིན་ཏུ་དགེ་མཚན་ཆེ་ཞིང་འདི་རྒྱུད་ནས་ནང་ཆོས་དང་བོད་དོན་གཉིས་ཀ་འཛམ་གླིང་གང་སར་དྲིལ་སྒྲགས་ཤུགས་ཆེ་འགྲོ་བཞིན་པ་དང་བོད་དང་བོད་མི་ལ་དགའ་ཚོར་བསྐྱེ་མཁན་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་པ་རེད། འོན་ཀྱང་བློ་ཕམ་པ་ཞིག་ལ་གོ་སྒྲིགས་གནང་མཁན་ཁག་ནས་མ་དངུལ་ཁྱོན་ཆེ་བསྡུ་རུབ་གནང་བ་དེ་ནི་ཤིན་ཏུ་མ་འོས་པ་ཞིག་ཏུ་མངོན། སྐབས་རེ་སྤྱི་ཚོགས་བདེ་རྩའི་ཆེད་མ་དངུལ་སྡུ་འགོད་བྱེད་དགོས་སྲིད་ཅིང་འཆར་ཅན་༧གོང་ས་མཆོག་གི་བཀའ་ཆོས་རིན་གོང་ཆེན་པོའི་ཐོག་ནས་ཚོང་ལྟ་བུ་གནང་རྒྱུ་ནི་༧གོང་ས་མཆོག་གི་མཚན་བཞེས་ལ་ཤིན་ཏུ་གནོད་ཚབ་ཆེ་བ་འདུག ཕྲན་རང་ལའང་ཕྱི་རྒྱལ་ངོ་ཤེས་མང་པོ་ནས་དེ་སྐོར་སྐད་ཆ་མང་པོ་དྲི་མཁན་ཐུག་སོང་བས་ཕྱི་མི་མང་པོ་དེ་ཐད་བློ་ལ་བབ་ཀྱི་ཡོད་ཚོད་མི་འདུག

    གོང་ས་མཆོག་གི་དེ་སྐོར་མཁྱེན་གི་མེད་ནའང་སྐུ་སྒེར་ཡིག་ཚང་ནས་དེ་ཐད་གཟིགས་རྟོག་གནང་ཚོགས་པ་ཁག་ལ་ལམ་སྟོན་བཀའ་གནང་དགོས་རྒྱུ་ལས་དེ་ལྟར་མ་གནང་བ་ཡིན་ན་རིམ་པས་མི་མང་པོའི་སེམས་ནང་གོང་ས་མཆོག་ལ་དད་པ་དང་མོས་གུས་ཀྱི་ཚབ་ཏུ་༧གོང་ས་མཆོག་མ་དངུལ་བཟོ་བའི་ཡོ་བྱད་ལྟ་བུའི་མཐོང་ཚུལ་སྐྱེ་མི་སྲིད་པ་མིན་ཅིང་། དེ་ཐད་སྐུ་སྒེར་ཡིག་ཚང་ལ་འགན་ཆ་ཚང་ཡོད་ཀྱི་བསམ་གི་འདུག།

    Reply
  17. རྒྱང་རིང་ནས། says:
    ལོ་ 15 སྔོན།

    དེང་དུས་འཛམ་གླིང་འདི་ཚོང་གི་སྲིད་ལུགས་གིས་དབང་བསྒྱུར་བའི་སྐབས་ཡིན་པས་ བོད་པའི་ཆོས་དང་རིགས་གཞུང་ཡང་སྲིད་དབང་དེས་དབང་བསྒྱུར་འགྲོ་གིན་ཡོད་པ་རྟེན་འབྲེལ་གྱིས་རང་བཞིན་ཡིན་པས་ ང་ཚོས་ཀྱང་དེ་ལུགས་ལྟར་གོ་སྒྲིགས་གནང་དགོས་པ་མཐོང་
    ང་ཚོའི་ཆོས་སྲིད་གཟུང་འབྲེལ་ཡིན་ཞེས་པའི་སྲིད་འདི་ནི་དེང་དུས་སྲིད་ལུགས་དང་བསྟུད་ན་རྒན་གཡོ་ཆགས་ཡོད་པ་མི་བུ་ཀུན་གྱིས་ཤེས་ཀྱིན་ཡོད གོང་གི་གསར་འགྱུར་དང་མ་འབྲེལ་ཡང་
    དྲ་གྲོགས་རྣམས་ལ་བསམ་གཞིས་ཀྱི་ཆེད་དུ་འདི་བྲིས་པ་ཡིན། བསམ་ཚུལ་བཤད་རོགས་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese