མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུང་སྲིད་རིན་པོ་ཆེའི་སྐོར་གྱི་གྲོས་གླེང༌། གནམ་ལྕགས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

བདག་གིས་སྔོན་མར་བཤད་པ་བཞིན། ཆུང་སྲིད་རིན་པོ་ཆེའི་སྐོར་ལ་སྐད་འབོད་བྱས་ཏེ་ལས་འགུལ་སྤེལ་སྟངས་འདི་དག་ནི་གཉིད་མ་སད་ཀྱི་ངང་ཚུལ་ཞིག་རེད། ང་ཚོའི་ངོས་ནས་འདི་ལྟར་འགྲོ་སྟངས་ཤིག་གི་ཚུལ་དང༌། ཡང་ན་རིམ་གྲོ་ཞིག་གི་ཚུལ་དུ་གསེར་ལྟ་བུའི་དུས་ཚོད་འདི་འཕྲོ་ལྷག་ཏུ་བཏང་ན་ཡོང་གི་མ་རེད། དེ་མི་ཡོང་བའི་ཐད་ནས་བདག་ལ་རྨོངས་འཆར་འགའ་ཞུ་རྒྱུ་ཡོད།

བདག་གིས་ཞུར་འདོད་པའི་གྲོས་གླེང་འདི་ཡུན་རིང་ལ་བསམ་བློ་བཏང་ཞིང༌། ཡུན་རིང་ལ་བརྟག་ཞིབ་བྱས་པ་ཞིག་ཡིན།

ང་ཚོའི་ངོས་ནས་ཆུང་སྲིད་རིན་པོ་ཆེ་གློད་གྲོལ་གཏོང་དགོས་པའི་སྐད་འབོད་བྱས་མ་བྱས་གང་ཡང་མེད། རྒྱལ་སྤྱིའི་ངོས་ནས་ཀྱང་གནོན་ཤུགས་སྤྲད་མ་སྤྲད་མེད། དགྱ་ནག་གི་ངོས་ནས་དུས་ནམ་ཡང་གློད་མི་སྲིད། དེ་བས་ང་ཚོའི་ངོས་ནས་སམ། རྒྱལ་བ་རིན་པོ་ཆེའི་ངོས་ནས་པཎ་ཆེན་བཅུ་གཉིས་པའི་ཡང་སྲིད་འཚོལ་རྒྱུ་དེ་རེད། བཅུ་གཉིས་པའི་ཡང་སྲིད་བྱོན་སྟངས་ནི། རང་རེའི་སྤྲུལ་སྐུའི་ལམ་ལུགས་ལ་ཡོད་བཞིན་པའི་སྐུ་གསུང་ཐུགས་ཀྱི་སྤྲུལ་སྐུའི་ལམ་ལུགས་ཀྱི་སྟེང་ནས་བྱོན་པའམ། ཡང་ན་མ་འདས་སྤྲུལ་སྐུའི་ལམ་ནས་བྱོན་ན་འགྲིག་གི་རེད། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཇིག་རྟེན་དུ་ཡོད་དང་མེད་ལ་རྩོད་པ་རྒྱག་དགོས་དོན་ཡང་མེད། ང་ཚོའི་ངོས་ནས་དེ་ལྟའི་སྤྲུལ་སྐུ་ཞིག་བཙལ་བ་ཡིན་ན། དེ་དུས་དགྱ་ནག་གི་ངོས་ནས་ཀྱང་དགེ་འདུན་ཆོས་ཀྱི་ཉི་མ་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནད་དོན་དེ་ལྷང་ལ་བུད་ཡོང་གི་རེད། གལ་སྲིད་བཞུགས་ཡོད་ནའང་རྒྱལ་བ་སྐུ་ཕྲེང་དྲུག་པ་དང་བདུན་པའི་བར་གྱི་པད་དཀར་འཛིན་པ་ལྟར་འགྱུར་བ་ལས་ཆབ་སྲིད་ཀྱི་དཀའ་རྙོག་ཆེན་པོར་འགྱུར་མི་སྲིད། གནད་དོན་འདི་གྲོས་གླེང་ཙམ་ཡིན།

འདི་འདྲའི་གནད་དོན་གྱི་སྐོར་ལ་གྲོས་གླེང་བྱེད་དགོས་དོན་ནི། རྒྱལ་བ་རིན་པོ་ཆེའི་དགུང་གྲངས་ཇེ་མཐོར་འགྲོ་བ་དང་བསྟུན་ནས་མི་མང་ལ་རང་བཞིན་གྱིས་བློ་འཚབ་ཅིག་ཡོང་གིན་པ་དང༌། ལྷག་དོན་དུ་མ་འོངས་པའི་དུས་ངན་གྱི་ལོ་ཟླ་རང་མགོར་བབ་དུས། རེ་བ་རྒྱག་ས་དང་རང་འགན་འཁུར་མཁན་ཞིག་མེད་ཚེ། རང་རེའི་སྐྱབས་བཅོལ་སྤྱི་ཚོགས་ཀྱི་ཁ་ཕྱོགས་གང་དུ་འགྱུར་མིན་བཤད་དཀའ། དེའི་སྟབས་ཀྱིས་ད་ལྟ་ནས་ངས་གོང་དུ་ཞུས་པ་བཞིན་༧གོང་ས་མཆོག་གི་ངོས་ནས་བཅུ་གཉིས་པའི་ཡང་སྲིད་དེ་བཙལ་བ་ཡིན་ན། བོད་མི་སྤྱི་བོ་གནམ་བསྟན་ཚང་མས་གཅིག་གྱུར་གྱིས་ཁས་ལེན་བྱེད་པ་དང་དད་གུས་བྱེད་ངེས་ལ། ད་དུང་མ་མཐའ་ཡང་ལོ་ངོ་ཉི་ཤུ་ནས་སུམ་ཅུ་ཙམ་ལ་༧གོང་ས་མཆོག་གི་གསོ་སྐྱོང་ཡང་ཐོབ་འགྲོ་བ་རེད། དེ་ལྟ་བུའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དེ་བོད་གཞིས་བྱེས་གཉིས་ཀྱི་ཁོག་གི་སྙིང་དང་དཔྲལ་བའི་མིག་ཆགས་པའི་རེ་བ་ཤུགས་ཆེན་པོ་ཡོད། དེ་ནི་བདག་གིས་གྲོས་གླེང་བྱེད་དགོས་པའི་ཉིང་ཁུ་ཡིན།

     ངས་འདི་ལྟར་བརྗོད་སྐབས། མི་ཁ་ཤས་ལ་ཆོས་ཀྱི་སྙིང་བོ་མ་ཤེས་པར་དྲིལ་བུས་སྙིང་རླུང་བསླངས་པའི་ཉེན་ཁ་ཡོད། ཡིན་ནའང་དགྱ་ནག་གི་ངོས་ནས་འདི་འདྲའི་ངོ་ཚ་ཁྲེལ་མེད་དང་ང་ཚོའི་སྙིང་ལ་གཟན་པ་ག་རེ་བྱེད་རྒྱུ་ཡོད་པ་དེ་ལྟར་བྱེད་ཚུལ་ལ་ལྟོས་དང༌། ང་ཚོས་ང་ཚོ་ནི་ཕྱི་གསལ་ནང་གསལ་ཡིན་པར་ཁོ་ན་སྒྲོག་ནས་ཕར་ཕྱོགས་ཀྱི་དྲ་བ་དྲ་ཕྱེད་ཀྱི་སྦུགས་ལ་འཐིམ་ནས་བསྡད་ན་སྙིང་བོ་ཞིག་ཨེ་ཡོད་འདོད། དེ་བས་ང་ཚོའི་ངོས་ནས་ཀྱང་ཕར་ཕྱོགས་ནས་རྔ་བོ་ཇི་ལྟར་བརྡུང་ན་ཚུར་ཕྱོགས་ནས་འཆམ་དེ་ལྟར་འཁྲབ་པའི་དུས་ལ་བབ་ཡོད་པར་སྙམ། ཆང་དུག་ཆང་གིས་གསོད་པའི་བྱ་སྤྱོད་སྤེལ་དགོས་པ་ལས་ཁེ་བཟང་ཕར་ལ་བྱིན་ནས་གྱོང་ཚུར་ལ་ལེན་པའི་དུས་ཚོད་ནི་གཏན་ནས་མིན། དེ་བས་ཀྱང་བོད་ཀྱི་གཏམ་དཔེར་བག་མ་བླངས་ཀྱང་བུ་མི་སྐྱེས་པའི་དཔེ་ལྟ་བུའི་ལས་འགུལ་རེ་སྤེལ་ནས་དུས་ཚོད་གདའ་བ་འདི་ནི་རང་མགོ་རང་གིས་གཡོགས་པའི་བྱ་སྤྱོད་ཁོ་ན་རུ་མཐོང་ངོ༌།།

སྔོན་མའི་དོགས་སློང་གི་ནང་དུ་བརྗོད་པའི་སྐད་ཆ་ཞིག་ཡང་བསྐྱར་བཤད་ན། ང་ཚོས་བཙོན་འོག་ན་ཡོད་པའི་ཆུང་སྲིད་རིན་པོ་ཆེ་གཅིག་པུར་རེ་བ་རྒྱབ་ནས་བསྡད་ན། ལོ་ངོ་སུམ་ཅུའི་རྗེས་ནས་བོད་སྐད་མི་ཤེས་པ་དང་བོད་ཡིག་མི་ཤེས་པ། ཐ་ན་བོད་པའི་རང་གཤིས་ཀྱང་མེད་པའི་མི་ཞིག་ཕྱིར་སྤྲད་ན། དེ་དུས་ལེན་དགོས་ན་ལག་པ་བསྲེགས། དོར་དགོས་ན་སླ་ང་ཆག་པའི་དཔེ་རུ་མི་འགྱུར་བའི་ངེས་པ་མི་འདུག བརྒྱ་བཤད་ཚིག་གི་རྩ་བ། སྟོང་དཀྲོགས་འོ་མའི་མར་ལོ་གང་ཡིན་ཞེ་ན། ང་ཚོའི་ངོས་ནས་ཆུང་སྲིད་རིན་པོ་ཆེའི་སྐོར་གྱི་གནད་དོན་འདི་མྱུར་ནས་མྱུར་དུ་ཐག་གཅོད་ཅིག་གནང་དགོས་པ་དེ་ཡིན། འདི་ལ་ཡང་རང་རེའི་མེས་པོའི་གཏམ་དཔེར། དཀའ་དུས་ལྷོད་མི་ཉན། སྐྱིད་དུས་གཡེང་མི་ཉན་ཞེས་པ་ལྟར་ཡིན།

དེ་མིན་ཉི་མ་གང་འཁྱོལ་གྱི་ལས་འགུལ་ཙག་ཙིག་ཙམ་ལ་བརྟེན་ན་མཇུག་མཐའི་ཡོང་རྒྱུ་དེ་ངས་བཤད་མི་དགོས་པར་ཚང་མར་གསལ་བ་ལྟར་རོ།།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 11

  1. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བསམ་ཚུལ་གསར་པ་དང་རྨི་ལམ་གསར་པ་རེ་གཏོང་ཆོག་པ་ནི་ང་རང་ཚོའི་འདོད་པ་རེད། ཡིན་ནའང་དོན་གྱི་ཕན་ཐོག་ཡོང་མིན་ནི་ཁ་ཚོན་གཅད་དཀའ་བ་ཞིག་རེད་སྙམ།

    བོད་པའི་སྤྱི་ཚོགས་ནང་དུ་རྨོངས་དད་ཅན་རྣམས་མཇུག་སྒྲིལ་བའི་དུས་ནི་ཧ་ཅང་རིང་པོ་ཡོད་པས་དེ་བརྟེན་རྨོངས་དད་ཅན་རྣམས་ཁ་ལོ་འགྱུར་མཁན་སྐྱེས་ཆེན་དམ་རེ་དགོས་ངེས་རེད་སྙམ།

    སྤྲུལ་སྐུ་ཡོད་ནས་བདེ་སྐྱིད་ཐོབ་ཀྱི་ཡོད་ན་བོད་མི་རིགས་འདི་ལས་སྐྱིད་པ་འཛམ་གླིང་ཐོག་ཏུ་མེད་ངེས་ཡིན།

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    གནམ་ལྕགས་ལགས་ཀྱིས་སྐད་ཆ་ཐོན་གསར་ཞིག་བཤད་འདུག

    Reply
  3. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    གནམ་ལྕགས་ལགས། བསམ་ཚུལ་གསར་པ་ཞིག་བཏོན་འདུག ཐུགས་རྗེ་ཆེ།
    འདིའི་སྐོར་ལ་བསམ་ཚུལ་བཏོན་ཏེ་བཞག་པ་མིན་པར་མུ་འཐུད་ནས་བགྲོ་གླེང་དང་གོ་བསྡུར་གྱིས་ལག་ལེན་ལ་འཁེལ་བ་ཞིག་ག་རེ་ཡོང་མིན་སྐོར་ལ་སྐུ་ཉིད་ཀྱིས་འགོ་ཁྲིད་དེ་ལས་འགུལ་ཞིག་རྩོམ་ཐུབ་པའི་རེ་བ་ཡོད།

    གཞན་ཡང་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་བབ་དང་། རྒྱལ་མཚན་ནོར་བུར་ང་ཚོས་ལྟ་སྟངས་སོགས་ཀྱི་སྐོར་ལའང་བགྲོ་གླེང་ཞིག་
    འཚོག་ཐུབ་ན་དེ་ཡང་རྒྱ་ཚང་གིས་དོ་སྣང་བྱེད་ཡུལ་ཞིག་མིན་ནམ་སྙམ་གྱིན་འདུག སྐུ་ཉིད་ཀྱིས་དགོངས་བཞེས་རེ་གནང་ཐུབ་ན་ང་ཚོས་ངོས་ནས་ཀྱང་ཕྱར་གྲུ་མཉམ་འདེགས་གང་ཡོང་ཞུ་ངེས་ཡིན།

    གོ་བསྡུར་ཙམ་ཡིན།

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ད་ང་ཚོས་ཐབས་ལམ་ཅི་ཞིག་སྤྱད་ནས་ཁོང་གློད་ཐབས་བྱེད་དགོས་པ་རེད། འདི་ལྟར་ཁྲིམས་ཁང་ནས་སྐུ་ཚེ་རྫོགས་པར་བྱེད་རྒྱུ་ཨེ་རེད། རྒྱ་རྒན་འདི་ཚོར་ལས་རྒྱུ་འབྲས་ཤིག་མི་འདུག་ཡ་་་་

    Reply
  5. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    རྒྱ་རྡེའུ་དགེ་འདུན་ལགས། གསུང་པ་དངོས་གནས་བདེན། སྤྲུལ་སྐུའི་ལམ་ལུགས་འདི། ཆབ་སྲིད་ལག་ཆར་གྱུར། རང་ཚོད་མ་བཟུང་ན། སྤྲུལ་སྐུ་ཐང་ཆད་ནས། རྒྱལ་བའི་ཞིང་ཁམས་སུ། གཏན་དུ་གཟིམས་ནའང་ཐང་།

    Reply
  6. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    ཆང་དུག་ཆང་གིས་གསོད་དགོས་པ་ཤེས་ནའང་གསོད་ལུགས་འདིའོ་ཞེས་བཤད་དགོས་ཤིང་། ཕ་རོལ་པོས་རྔ་རྡུང་སྟངས་ང་ཚོས་སྔར་ནས་ཤེས་ཡོད་རུང་དེ་ལ་བསྟུན་པའི་འཆམ་འདི་འདྲ་ཞིག་རྒྱག་དགོས་ཞེས་བཤད་མི་འདུག ཐབས་ལམ་ཞིག་སྟོན་ཐུབ་ན་ཅི་མ་རུང་།

    Reply
  7. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅། ཐབས་ཟད་ན་མ་གཏོགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    སྐུ་གསུང་ཐུགས་ཀྱི་ཡང་སྲིད་ལས་དང་པོ་གཉིས་སྐུ་འཚོ་བཞིན་པ་རེད། ་ད་སྐྱབས་བཅོལ་ངོས་ནས་ཐུགས་སྤྲུལ་ཞིག་ཚོལ་ན་རིན་པོ་ཆེ་ཁོང་་་་་་་་་་་་་་་་་་་་་་་་་་

    ཆབ་སྲིད་ཀྱི་མདེའུ་གསུམ་དུ་སྤྲུལ་དགོས་ན་དཀའ་རྒྱུ་རེད་ཡ

    Reply
  8. karma dorje says:
    ལོ་ 16 སྔོན།

    རྒྱ་ཡི་རྒྱལ་མཚན་ནོར་བུ་རྫུན་མ་དེ། པཎ་ཆེན་དངོས་གནས་༧དགེ་འདུན་བསྟན་འཛིན་གྱི་ཚབ་ལ་རེ་བ་ནི། རྒྱ་ཁོག་བཞུགས་བྱུང་བ་དང་མཚུངས་སོ། རྒྱ་གཞུང་གི་དུག་རྩུབ་གཡོ་བྱུས་ཡོད་པ་ཙམ་མ་ཟད། ཆུང་སྲིད་དགུང་ལོ་༡༨ནས་བོད་ནང་གི་གཞི་ལུས་ཉེ་འཁོར་གྱི་བློ་རྩལ་མ་གདང་བ་དང་། བྱེ་འབྱོར་བོད་རིགས་ཀྱིས་རྩད་ཞིབ་འཛུལ་བཞུགས་མ་ཐུབ་པ་གཉིས་ལའང་རག་ལས་མེད་དམ། ༸པཎ་ཆེན་༧བསྟན་འཛིན་དགེ་འདུན་རྒྱལ་འགྱུར་ཅིག །

    Reply
  9. མི་ཆུང་། says:
    ལོ་ 16 སྔོན།

    རང་རང་གི་བསམ་ཚུལ་རེད་མ་གཏོགས་ཤེས་བྱེད་ཅང་མེད་གི དེ་ལས་མཇུག་མཐར་བབས་ས་ནི་བཀའ་དྲིན་བླ་ན་མེད་པའི་ཀུན་གཟིགས་བཅུ་པ་མཆོག་གི་ལོ་རྒྱུས་ལ་རྗེས་དྲན་ཞིག་གནང་ན་ཆོག་ཡ། ངའི་ཆུ་བུར་གྱི་མིག་འདིས་ད་ལྟ་ནས་དེ་འདྲ་ཞིག་མཐོང་འོང་། མཐའ་འཇུག་གི་ལམ་བུ་དེ་རང་རེད།

    ང་ཚོའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་བསམ་ནས། ཕྱོགས་གཉིས་ཀྱི་ནུས་ཤུགས་ལ་དཔགས་ནས། གཡས་ལྟ་གཡོན་ལྟ་ཇི་ལྟར་བྱས་ཀྱང་རུང་འདི་ལས་ལྷག་མེད།

    རྒྱལ་མཚན་ནོར་བུའི་མི་རིགས་ཀྱི་རིགས་ཞེན་དང་བློ་སྤོབས། ཕྱོགས་གང་སྤྱི་ནས་ཀུན་གཟིགས་བཅུ་པ་མཆོག་ལྟར་འོང་མི་སྲིད་པ་ཡང་མ་རེད། སྐད་འདི་ཡང་ཐབས་མེད་ཀྱི་སྐད་ཅིག་རེད།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དགོངས་དག བཅོས་ཡོད་ལགས།

    Reply
  11. གནམ་ལྕགས། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། ཆུང་སྲིད་ཅེས་པའི་ཆུང་ཆད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese