མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུའི་སྲུང་སྐྱོབ་དང་དེ་འབྲེལ་གྱི་གནད་དོན། བློ་བརྟན།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

སྔོན་གཏམ།
དེང་སང་དྲ་ལམ་ཁག་ཏུ་༧གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་སྐོར་གྱི་ཆེད་རྩོམ་ཐུང་ངུ་ཞིག་མཐོང་སོང་། དེར་བཤད་པ་དག་བདེན་པ་རེད། ཕྲན་ཡང་ཨ་རིར་སྡོད་མཁན་ཞིག་ཡིན་པའི་ཆ་ནས་༧གོང་ས་མཆོག་ཨ་རི་ལ་ཕེབས་དུས་ཀྱི་མཛད་འཕྲིན་གོ་སྒྲིག་བྱེད་སྟངས་དང་སྐུའི་སྲུང་སྐྱོབ་སྐོར་ལ་ནམ་རྒྱུན་དོ་སྣང་བྱེད་བཞིན་ཡོད། དེར་བརྟེན་འདི་ནས་ཚིག་ཁ་ཤས་བཤད་རྒྱུ་ཡིན།

སྲུང་སྐྱོབ་མི་སྣ་གླ་དགོས།
ཨ་རིའི་ནང་༧གོང་ས་མཆོག་ཕེབས་སྐབས་སྙན་གྲགས་ཆེན་པོ་ཡིན་པས་ས་གནས་གང་དུ་ཕེབས་ཀྱང་སྐུའི་བདེ་འཇགས་ཐད་སྐུ་སྲུང་བ་ཡོད་ཀྱང་དེས་འདང་གི་མེད། སུ་ཞིག་གིས་གདན་འདྲེན་དང་གོ་སྒྲིག་བྱེད་བཞིན་ཡོད་ན་ངེས་པར་དུ་བདེ་སྲུང་མི་སྣ་གླ་དགོས་ཀྱི་ཡོད་ལ་དེ་ནི་ཨ་རིའི་ནང་འགྲོ་སྟངས་ཞིག་རེད་ལ། ༧གོང་ས་མཆོག་ལྟ་བུ་ཕེབས་ན་ཡིན་ད་ཡིན། མཚན་ཚོགས་ཞིག་འཚོགས་ན་འང་བདེ་སྲུང་མི་སྣ་གླ་བཞིན་ཡོད། དེ་ནི་མི་དམངས་ཀྱི་བདེ་འཇགས་ཀྱི་ཆེད་དུ་རེད།

བྱེད་སྲོལ་འགའ་མཚམས་འཇོག
༧གོང་ས་མཆོག་ཕེབས་སྐབས་བོད་མི་ཚོའི་སྲོལ་རྒྱུན་གྱི་བྱེད་སྲོལ་འགའ་ཕྱི་རྒྱལ་ཁག་ཏུ་བྱེད་བཞིན་འདུག ༧གོང་ས་མཆོག་གི་ཕེབས་འཁོར་མདུན་དུ་བཀྲ་ཤིས་ཞོགས་པ་ཟེར་བའི་ཞབས་བྲོ་འཁྲབ་པ། གྲོ་སོ་ཕྱེ་མར་འདེགས་འབུལ། གདུགས་རྒྱ་གླིང་། བསང་དུད་གཏོང་བ་སོགས་ཀྱིས་༧གོང་ས་མཆོག་གི་གཡས་གཡོན་དུ་ཟང་ངེ་ཟིང་ངེ་བཟོ་བཞིན་ཡོད། དེ་འདྲའི་ཟང་ཟིང་དེ་ནི་སྐུ་ལ་རྒོལ་མཁན་ཚོར་གོ་སྐབས་ཤིག་ཀྱང་ཡིན་སྲིད་ལ། བདེ་སྲུང་མི་སྣ་ཚོར་ལས་ཀ་བྱེད་བདེ་བོ་མེད་པ་ཆགས་བཞིན་ཡོད་པས། དེ་རིགས་ངེས་པར་དུ་མཚམས་འཇོག་བྱེད་ན་བཟང་།

ཕེབས་ས་ལ་མཚམས་ཤིག་དགོས།
༧གོང་ས་མཆོག་ཕྱི་རྒྱལ་ཁག་ཏུ་ཕེབས་དུས་ཚོགས་འདུ་ཆེ་ཆུང་མང་བོར་ཕེབས་བཞིན་ཡོད། འོན་ཀྱང་མིས་ཕེབས་ཤོག་ལབ་ཚད་ཚང་མར་ཕེབས་མི་དགོས། ༧གོང་ས་མཆོག་གི་སྐོར་ལ་ཕྱི་མིའི་ཁྲོད་བསམ་བློ་གཏོང་སྟངས་སྣ་ཚོགས་རེད། ཁག་ཅིག་གིས་༧གོང་ས་མཆོག་ལྷ་ཞིག་རེད་དམ་མ་རེད། ཁོང་ལ་དངོས་གནས་རྫུ་འཕྲུལ་འདུག་གམ་མི་འདུག་ལྟ་བུར་ཚོད་ལྟ་བུའང་བྱེད་བཞིན་ཡོད། དེང་གི་རྩེད་མོ་དང་སྦྲེལ་བའི་འཕྲུལ་རིགས་འདྲ་མིན་དང་འདྲི་བ་འདྲ་མིན་དྲིས་ཏེ། མི་དེར་རིག་པ་ག་འདྲ་འདུག་མིན་ཚོད་ལྟ་བྱེད། འདི་འདྲའི་རིགས་ལ་༧གོང་ས་མཆོག་ལ་ཐུགས་མངའ་ཡང་མེད་ལ་ཡོད་ཀྱང་མི་དགོས། འདི་འདྲའི་བྱ་འགུལ་ཁྲོད་དུ་༧གོང་ས་མཆོག་ཕེབས་ཀྱང་མི་དགོས།

ཁ་གསལ་བཟོ་དགོས།
མི་སྐོར་ཞིག་གིས་༧གོང་ས་མཆོག་ཨ་རི་ལ་ཕེབས་པ་དེ་ནི་ཨ་སྒོར་བཟོ་བར་ཡོང་བ་རེད་བསམ་བཞིན་ཡོད། དོན་དངོས་འཛིན་བྱང་བཙོང་བའི་ཡོང་འབབ་སུ་ལ་བདག་གི་ཡོད་མེད་གསལ་བོ་བཟོ་དགོས། ཡོང་སྒོ་ཚང་མ་གསུང་ཆོས་དང་གསུང་བཤད་གོ་སྒྲིག་བྱེད་མཁན་དག་ལ་བདག་གི་ཡོད་པ་ལས་༧གོང་ས་མཆོག་ལ་དབང་གི་མེད་པ་དེ་གསལ་བོ་མ་བཟོས་ན། ༧གོང་ས་མཆོག་ནི་ཕྱི་ལོགས་ནས་ཨ་རི་ལ་ཕེབས་མཁན་སྙན་གྲགས་ཅན་གྱི་མི་སྣའི་ཁྲོད་ནས་ཕེབས་ཐེངས་མང་ཤོས་ཞིག་ཆགས་ཡོད། དེ་འདྲའི་དབང་གིས་ཡིན་ནམ་གང་ལྟར་༧གོང་མ་མཆོག་ཕྱུག་བདག་ཡིན་ཚུལ་བཤད་མཁན་འདུག་ཅིང་། ད་དུང་རྒྱ་ཕྱོགས་ནས་ཀྱང་དེ་འདྲ་མང་པོ་བརྒྱུད་ལམ་ཁག་ཏུ་གཏོང་བཞིན་འདུག

ཨ་སྒོར་ཆེད་གདན་འདྲེན།
ཆོས་ཚོགས་དང་ཚོགས་པ་མང་པོ་ཞིག་ཕྱི་རྒྱལ་ཁག་ཏུ་ཡོད། ཚོགས་པ་དང་ཆོས་ཚོགས་ཡར་རྒྱས་གཏོང་བ་ལ་དངུལ་དགོས་ཀྱི་ཡོད་ཅིང་། ཁོང་ཚོའི་དངུལ་འཚོལ་ཐབས་སུ་༧གོང་ས་མཆོག་གདན་འདྲེན་གྱིས་གསུང་བཤད་དང་བཀའ་ཆོས་གནང་བཅུགས་ཏེ། འཛིན་བྱང་བཙོང་ནས་དངུལ་བཟོ་བཞིན་ཡོད། ༧གོང་ས་མཆོག་ཚོང་རྫས་ཞིག་གི་ངོ་བོར་བེད་སྤྱོད་བྱེད་བཞིན་པ་འདི་ནི་༧གོང་ས་མཆོག་གི་བླ་ན་མེད་པའི་སྐུ་ཡོན་ལ་བསམ་བློ་བཏང་ན་བདེ་བོ་ཞིག་གཏན་ནས་མ་རེད། བྱེད་ལས་དེ་དག་ནི་༧གོང་ས་མཆོག་གི་ཐུགས་དགོངས་དང་མི་མཐུན། དེ་ལས་སྐུའི་དགུང་གྲངས་དང་འཕྲོད་བསྟེན་གང་ཅིའི་ཐད་ནས་་སྐུ་ངལ་གསོས་ནས་བཞུགས་ན་བཟང་།

དོན་གཅོད་གསར་བ།
ཨ་རི་ལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཡོད། བཀའ་ཁྲིས་བཀའ་ཟུར་བཀྲ་ཤིས་དབང་འདུས་བརྗེས་ཏེ་བློ་བཟང་སྙན་གྲགས་ཟེར་བ་ཞིག་བཞག་ཡོད། དེའི་སྐོར་ཨ་རིར་གནས་སྡོད་བོད་མིའི་ཁྲོད་བསམ་ཚུལ་ཡང་ཡོད། བློ་བཟང་སྙན་གྲགས་ཟེར་བ་དེ་དོན་གཅོད་སྔོན་མ་ལས་སྐྱོ་བ་མཐོང་། ཐེངས་འདིའི་༧གོང་ས་མཆོག་ཨེན་རྡུ་ཡ་ནར་ཕེབས་སྐབས་གྲ་སྒྲིག་བྱེད་སྟངས་ཚགས་ཚུད་མེད་པའི་སྐད་ཆ་ཞིག་ཀྱང་ཁྱབ་བཞིན་ཡོད། ༧གོང་ས་མཆོག་གི་ཆིབས་སྒྱུར་གོ་སྒྲིག་བྱེད་རྒྱུ་ལས་གཞན་དོན་གཅོད་ལ་ལས་ཀ་ག་རེ་ཡོད། གདན་འདྲེན་ཞུ་མཁན་དང་དོན་གཅོད་མཉམ་སྦྲེལ་གྱིས་གོ་སྒྲིག་ཚགས་ཚུད་གནང་རྒྱུ་ནི་གལ་ཆེན་ནང་གི་གལ་ཆེན་རེད།

མཇུག་གཏམ།
གོང་དུ་དོན་ཚན་ཁ་ཤས་བཤད་པ་དེ་དག་འབྲེལ་ཡོད་སྐུ་སྒེར་ཡིག་ཚང་དང་བོད་གཞུང་། ཕྱི་རྒྱལ་ཁག་གི་བོད་པའི་དོན་གཅོད། ཚོགས་པ་དང་སྒྲིག་འཛུགས། གདན་འདྲེན་ཞུ་མཁན་ཡོངས་ལ་དོ་སྣང་གནང་རོགས་ཞེས་ཞུ་བཞིན་ཡོད་ལ། ༧གོང་ས་མཆོག་ནི་བོད་གཞིས་བྱེས་གཉིས་ཀྱི་སྐྱབས་དང་མགོན། དཔུང་དང་གཉེན་ལ་ཁོང་མ་གཏོགས་སུ་ཡང་མེད་པས་ཁོང་གི་སྐུ་ཚེ་བརྟན་རྒྱུ་དང་ཐུགས་དགོངས་འགྲུབ་པར་འབད་རྒྱུ་གལ་ཆེའོ།།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 21

  1. བྱམས་རྒྱལ། says:
    ལོ་ 15 སྔོན།

    ལགས་རེད་ བཀའ་ཟུར་བཀྲིས་དབང་དུས་ཁོང་བྷེལ་ཇམ་དང་ཕྷ་རན་སི་དོན་གཅོད་གཅིག་ལྕོགས་རེད་ལགས་ སྐོ་བཞག་གི་ ལོ་དང་པོ་དེར་ཕྷ་རན་སིར་ཡང་སེ་ཕེབས་ནས་བོད་རིགས་ཚོ་དང་རྒྱུས་ལོན་གནང་ཡ་དང་ བཀའ་སློབ་སོགས་མང་པོ་གནང་སོང་ འོན་ཀྱང་འདི་ལོ་ནས་བཟུང་སྐུ་ངོ་མཇལ་ཡ་མི་འདུག་། ས་གནས་བོད་རིག་དང་འབྲེལ་ཐག་དེ་རིང་དུ་ཕྱིན་སོང་། དེ་མིན་༧གོང་ས་མཆོག་སྒེར་གྱིས་བསྐོས་པ་དང་ བོད་མི་མང་གིས་བསྐོས་པ་གང་ཡིན་ལ་ཁྱད་པར་མི་འདུག་།
    མ་ཚད་ཕྱག་ལས་མང་པོ་ལུས་ཡོད་དེ་ཡང་སེ་བསྐོར་ར་རྒྱག་དགོས་རེད་དྲན་བགྱི་འདུག་། མ་གཞི་ཕྱི་རྒྱལ་ཁག་གི་དོན་གཅོད་ཚོ་ས་གནས་བོད་མི་མང་གི་དོན་དུ་མིན་པའི་ཚོར་སྣང་ཞིག་དང་སྔར་ས་ནས་ཡོད་།
    འོན་ཀྱང་ཁོང་ནི་བོད་སྤྱི་པའི་དོན་དུ་ལོ་མང་དཀའ་ལས་རྒྱག་མཁན་ཞིག་ལ་ངོས་འཛིན་ཡོད་ལ་གུས་བཀུར་ཞུ་བགྱི་ཡོད་།
    ཁྱེད་རང་གི་གསུངས་པ་དེ་བདེན་ཐག་ཆོད་རེད་ཁོང་ནི་ཡུལ་རོབ་མཉམ་འབྲེལ་ལ་འབྲེལ་འཐུད་བྱེད་མཁན་དོན་གཅོད་གལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་རེད་།
    ཁོང་ངོ་མ་གལ་ཆེན་པོ་རེད་། དེ་ཚོ་སྤྱི་དོན་རེད་ །
    སྒེར་ངོས་ནས་བཤད་ན་གུས་པས་ཁོང་གི་ལྷག་བསམ་དང་ གཤིས་ཀ་ ཤེས་ཡོན་བཅས་ལ་གུས་བརྩི་ཞུ་མཁན་ཞིག་ཡིན་ ཉེ་ཆར་རང་ཁོང་་བཀའ་བློན་ཁྲི་པའི་འོས་གཞི་ལ་ལང་གི་མིན་ མི་གཞན་ལ་གོ་སྐབས་འབུལ་བགྱི་ཡིན་གསུངས་འདུག་པ་དེ་ཡག་པོ་ཞིག་མཐོང་སོང་། བཀའ་བློན་གནང་མྱོང་མཁན་ཚོར་ཡང་བསྐྱར་བསྐོ་ན་བྲོ་བ་ཅང་མི་འདུག་། བཀའ་ཟུར་ཚོ་ཁོང་ནང་བཞིན་གནང་ན་ཡག་པོ་འདུག་། ཞོར་འཕྲོས་ཙམ་ཡིན།

    Reply
  2. lobsang says:
    ལོ་ 15 སྔོན།

    དྲ་གྲོགས་ཞིག་གིས་འདི་ལྟར་གསུངས་པ་གོ་ཐོས་བྱུང་། བློ་བརྟན་ཁོ་ལ་ཁག་ཅི་ཡོད་ གང་ཡིན་ཟེར་ན་གངས་ཅན་སྐྱིད་གཞོང་གི་སྐུ་ངོ་ཚོས་ཡང་ཐབས་ཤེས་གང་ཡོད་འཚལ་ནས་ཨ་རི་ལ་འགྲོ་ཐུབ་གནང་གི་ཡོད་པས་ཟེར་ འོ་དེ་ན་ བློ་བརྟན་གྱིས་ རྩོམ་པ་པོ་མཐུན་ཚོགས་ལ་ཆ་འཇོག་མ་བྱས་པ་དེ་ཅི་རེད་ དངོས་གནས་དྲང་བདེན་གྱི་རྩོམ་པ་པོ་ཡིན་ན་འདི་ལྟར་མི་གནང་བ་ལས་ཡིན་ གངས་ཅན་སྐྱིད་གཞོང་གི་སྐུ་ངོ་འགའ་ཡིས་གོང་ལྟར་བྱས་ཡོད་པར་ཆ་བཞོག་ ཁོ་ལ་ཅི་བྱུང་བ་རེད་

    Reply
  3. རང་རྟོན། says:
    ལོ་ 15 སྔོན།

    ངོ་མ་ཐུགས་རྗེ།ཁ་སང་དེ་རིང་ལ་འུ་ཚང་གིས་རང་ཉིད་ཀྱིས་རང་ཉིད་ཀྱི་ནོར་བུ་དགོས་འབྱུང་དེ་ཤོག་སྒོར་ཁ་ཤས་ཀྱི་སླད་དུ་བློས་གཏོང་བའི་གནས་ཚུལ་ནི་ངོ་མ་ཡིད་སྐྱོ་བའི་དོན་དག་ཞིག་མ་རེད་དམ།
    འུ་ཚང་གི་ཨ་གསར་དང་བཅོས་མའི་རང་བཞིན་རེ་རེ་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ལྷང་ལ་བུད་པ་མ་ཡིན་ནམ།
    འུ་ཚོས་དད་པ་དང་དམ་ཚིག་ཁ་རུ་ཁྱེར་ནས་༧གོང་ས་མཆོག་བེད་སྤྱད་དེ་ཨ་སྒོར་སོགས་འཚོལ་བའི་ངོ་ཚ་མེད་པའི་ཐབས་ལམ་དེ་ནི་ཆེས་ཐབས་སྡུག་གི་ཐབས་ཤིག་རེད།

    Reply
  4. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    ངོ་མ་རེད་༸གོང་ས་མཆོག་ཚོང་རྫས་ལྟ་བུ་ཞིག་ལ་སྤྱད་མཁན་རྣམས་ཞབས་འདྲེན་རེད། ད་དུང་བློ་བརྟན་ལགས་ཀྱི་བཤད་པ་ལྟར་གྲོ་སོ་ཕྱེ་མ་དང་ཞོལ་པ་སོགས་སྤྱིར་བོད་ཀྱི་ལུགས་སྲོལ་བཞིན་བྱེད་པ་ལེགས་མོད། གལ་འགེངས་ཆེ་ས་ནས་ལྟ་དགོས་པས་ཆིབས་བསུ་སྐབས་དེ་འདྲའི་རིགས་མཚམས་བཞག་ན་དགའ། ༸སྐུའི་སྲུང་སྐྱོབ་ཧ་ཅང་གལ་ཆེ་སྟབས་ཚང་མས་དེ་རྙིང་ཞེན་ལ་མ་སོང་བར་བསམ་བློའི་འདང་བ་བྱེད་དགོས། གཙོ་དོན་བོད་གཞུང་ནས་བཀའ་བསྒྲགས་བྱེད་དགོས་པ་འདུག དེང་གི་འཆར་༸སྐུའི་སྲུང་སྐྱོབ་འདི་ཐུགས་ལྷོད་གཡེང་འགྲོ་མི་ཉན་ལ་འཕྲོད་བསྟེན་ལ་དེ་བས་ཀྱང་གཟབ་ནན་བྱེད་དགོས་པ་འདུག ཚང་མས་གདན་ཞུ་གནང་བ་དག་ཀྱང་དགོས་དབང་ལ་བསྟུན་ནས་འགྲོ་བ་ལས་ཡོད་ཚད་ཁོང་གི་གཉའ་ལ་གཡུག་རྒྱུ་མི་འདུག ལྷག་དོན་༸གོང་ས་མཆོག་ཚོང་བསྒྱུར་བྱེད་བཞིན་པའི་ཆོས་ཚོགས་དག་ལ་ཧ་ཅང་གཟབ་དགོས་པ་འདུག

    Reply
  5. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    དོན་གཅོད་སྐོར་མང་གླིང་ན་སྐུ་སྒེར་ཡིག་ཚང་དང་འབྲེལ་བ་ཡོད་རེད། དོན་གཅོད་སྐུ་བསྐོ་བཞག་ཚང་མ་༸གོང་ས་དང་བཀའ་འབྲེལ་ཡིན་པ་ཤེས་ཀྱི་མེད་པ་འདྲ། གལ་སྲིད་སྐུ་ངོ་བཀྲིས་དབང་དུས་ལ་འབྱོན་ཐང་ཡོད་ན་ཡུལ་རོམ་མཉམ་འབྲེལ་ལ་འབྲེལ་འཐུད་བྱེད་མཁན་དོན་གཅོད་གལ་ཆེ་ཤོས་དེ་ཆ གས་ཀྱི་ཡོད་རེད། ཁོང་རང་ལ་འཇོན་ཐང་ཡོད་ན་དེ་ལས་ལྷག་པའི་གོ་སྐབས་རག་རི་མ་རེད། དོན་གཅོད་གནས་ཡུལ་དེ་བྷེལ་ཇམ་གྱི་རྒྱལ་བྷ་སེལ་ཡོད་རེད།

    Reply
  6. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    བློ་བརྟན་ལགས། ངས་ཁྱེད་ལ་ཁ་དྲོ་བཀྲ་ཤིས་ཞུ་བཞིན་ཡོད། གང་ལགས་ཞེ་ན། ང་ལྟ་བུ་རྒྱ་གར་ན་ཡོད་པའི་སྤྲང་པོ་ཞིག་ལ། ཨ་རིའི་བོད་མི་ཚོས་༸གོང་ས་མཆོག་ལ་དད་གུས་བྱེད་སྟངས་སམ་སྲུང་སྐྱོབས་བྱེད་སྟངས་ཀྱི་སྤྱོད་ཚུལ་ཞིག་ངོ་སྤྲོད་གསལ་ཞིབ་ཅིག་གནང་བས་ཡིན།

    Reply
  7. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    རེད་རེད་བློ་གཏན་ལགས་ཀྱི་སྐད་ཆ་མང་ཆེ་བར་རྒྱབ་སྐྱོར་ཡོད་།ཡིན་ནའང་བོད་པའི་སྲོལ་རྒྱུན་གྱི་ལུགས་སྲོལ་བཀྲིས་ཞོ་པ་གཡུག་དགོས་ཟེར་ན་བཟློས་གར་ཚོགས་པའི་ངོས་ལེན་གནང་མིན་མི་ཤེས་ལ་ད་དུང་དེ་འདྲའི་རིགས་ཅན་དག་གི་དངོས་ལེན་གནང་མདོག་མི་འདུག་

    Reply
  8. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    བློ་བརྟན་ལགས་ཀྱིས་གསུངས་པར་རྒྱབ་སྐྱོང་ཡོད།

    Reply
  9. བོད་ says:
    ལོ་ 15 སྔོན།

    གྲོགས་པོ་བློ་བརྟན་ལགས་ཐུགས་རྗེ་ཆེ་ཁྱོད་གྱིས་བཤད་པ་ལ་རྒྱབ་སྐྱོར་ཡོད། དངོས་གནས་༸གོང་ས་མཆོག་ཕྱོགས་ཕེབས་མང་དྲགས་འདུག། ཉེ་ཆར་༸གོང་ས་མཆོག་གིས་ད་ང་ཉོབ་ཀྱིན་འདུག་གསུངས་པ་གོ་ཐོས་བྱུང་། དེ་སྔ་སྐུ་ཆམ་བཞེས་སྐབས་མ་གཏོགས་དེ་འདྲ་གསུང་གི་མ་རེད་ལ་ཉོབ་སྣང་ཡང་རྩ་བ་ནས་ཡོད་པ་མ་རེད།
    དེ་འདྲ་སོང་ཙང། མི་སྒེར་དང་ཚོགས་སྡེ་ཁག་ལ་གང་འདོད་ཀྱིས་ཕེབས་རྒྱུ་ཚོད་འཛིན་གནང་ཐོག་སྐུའི་འཕྲོད་སྟེན་དང་། སྐུ་ངལ་གསོ་རྒྱུ་ཧ་ཅང་གལ་ཆེ།

    ལི་ཆུ་དྭངས་མ་ལ་དགག་ལན་ཞིག་དགོས་ཀྱང་ཁོམ་ལོང་མ་བྱུང།
    བློ་བཟང་སྙན་གྲགས་ཟེར་བ་ལ་ཆ་རྒྱུས་མེད་དེ། ཁོ་ཟམ་གདོང་བླ་མའི་ཨ་ཕྲུག་ཡིན་རབས་གོ་ཐོས་བྱུང། ཁོ་ལ་བཀའ་བློན་མ་རགས་པར་གངས་སྐྱིད་དུ་བར་དོ་བ་ནང་བཞིན་འཁྱམས་སྐབས་ཟམ་གདོང་བླ་མས་ཕོ་བ་གཅིག་གིས་ཨ་རི་ལ་གཡུག་པ་རེད་ཟེར།
    དེ་འདྲ་ཡིན་ན་ཡག་རྟགས་ཡོད་པ་མ་རེད།

    Reply
  10. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    བློ་བརྟན་གྱི་གཏམ་གླེང་ལ་རྒྱབ་སྐྱོར་མ་བྱས་པར་བློ་བརྟན་མི་སྒེར་ལ་རྒྱབ་སྐྱོར་བྱས་པ་ནི་རང་ཉིད་བླུན་པོ་ཡིན་པའི་རྟགས་རེད། རང་ཉིད་ཀྱང་བློ་བརྟན་བཞིན་དུ་གོ་སྐབས་འཚོལ་ནས་ནུབ་ཕྱོགས་སུ་ཕུར་བསྐྱོད་བྱེད་འདོད་པའི་རྣམ་འགྱུར་མངོན་པ་རེད། ད་དུང་བློ་བརྟན་ས་གནས་གཅིག་ནས་གཅིག་ཏུ་གནས་སྤོ་བྱས་པ་གང་ཟག་སྒེར་གྱི་ཐོབ་ཐང་དང་རང་དབང་ཡིན་པ་ལས་བློ་བརྟན་ལ་ནག་ཉེས་མེད་ཅེས་འོར་སྒྲོག་བྱས་པ་ནི་དེ་བས་ཀྱང་བློ་བརྟན་གྱི་རྗེས་འཇུག་སྲུང་མཁན་དམར་རྗེན་དུ་ཐོན་པ་རེད་ལ། ངན་པར་རྒྱབ་ལངས་དང་དགྲ་བོར་ལག་སྦྲེལ་གྱི་རྟུལ་ཞུགས་འཆང་སྟེ་མི་བཟང་གི་མིག་སྒང་ཐོག་ལ་ཁུ་ཚུར་བརྐྱངས་པ་རང་རེད། བློ་བརྟན་གྱིས་ང་ཚོའི་བོད་ཚང་གི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་གཅེས་པའི་ྋརྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་ཕྱཱའི་གནད་དོན་དང་འབྲེལ་བའི་མཐོང་ཚུལ་ཇི་བྱུང་བློ་ཁོག་ཆེན་པོའི་སྒོ་ནས་ཚ་བཤད་བྱས་པ་དེ་དག་ལ་ང་ཚོས་རྒྱབ་སྐྱོར་དང་བསྟོད་བསྔགས་ཀྱི་མེ་ཏོག་ཐུ་དགོས་པ་ལོས་ཡིན།

    Reply
  11. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    གསུང་པ་ལེགས། གནད་དོན་འདི་སྔོན་ནས་མང་པོ་ཞིག་གིས་གླེང་བཞིན་འདུག་ཀྱང་དེ་ཙམ་གྱིས་ནུས་པ་ཐོན་གྱིན་མེད་པ་འདྲ། དེས་ན་ཐབས་ལམ་གཞན་ཞིག་འཚོལ་རྒྱུ་ཤིན་ཏུ་གལ་ཆེ།
    གསང་མིང་ཅན་འགའ་རེ་གསང་མིང་གི་ཕག་ཏུ་ཡིབ་བསྡད་པ་དེས་ཁོ་རང་སྡར་མ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་ཅིང་། དེ་དག་གིས་སྐབས་བབས་ཀྱི་བརྗོད་བྱར་བགྲོ་གླེང་མི་བྱེད་པར་རྩོམ་པ་པོར་སྐྱོན་བརྗོད་སྣ་ཚོགས་བྱེད་བཞིན་པ་འདིས་ཀྱང་དོན་དངོས་ལ་གདོང་སྟོན་མི་ཐུབ་པའི་སྡར་མ་ཞིག་ཡིན་པ་ར་སྤྲོད་བྱས་འདུག

    Reply
  12. བྱམས་རྒྱལ། says:
    ལོ་ 15 སྔོན།

    དོན་གཅོད་བློ་བཟང་སྙན་གྲགས་ལས་ཀྱངདྲག་པའི་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཕྷ་རན་སིར་དོན་གཅོད་ལ་ཕེབས་ནས་ས་གནས་བོད་མི་མང་གི་ཁྲོད་དུ་མི་དངོས་མཐོང་རྒྱུ་མེད་པ་ཆགས་པ་རེད་། ད་རུང་ཁོང་གི་ཚབ་ཏུ་དོན་གཅོད་ བློ་བཟང་སྙན་གྲགས་བཏང་བ་ཡིན་ན་མི་དངོས་ཕར་ཞོག་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་ངེས་རེད་།
    ཨ་ཙི་རྩེད་མོ་ཡིན་ སྐུ་ངོ་ཚོ་ལ་ཕྱག་ལས་མང་པོ་ལུས་ཡོད་།

    Reply
  13. མཐུ་སྟོབས་མཇུག་གནོན་བྱུང་བ། says:
    ལོ་ 15 སྔོན།

    གོང་དུ་བརྗོད་པའི་གནད་དོན་དེ་དག་ཁྱེད་རང་གིས་ཁ་ཞེ་གཉིས་མེད་ཐོག་ནས་བཤད་ཡོད་ན་ཡིད་རངས་མངགས་བརྗོད་ཡོད།

    Reply
  14. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དྲ་གྲོགས་བློ་བརྟན་ལགས་ཀྱིས་སྐུའི་སྲུང་སྐྱོབས་དང་འབྲེལ་བའི་དགོངས་ཚུལ་གསུངས་བར་བསམ་པ་ཐག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ང་ཚོ་བོད་ཁ་བ་གངས་ཅན་པ་རྣམས་ཀྱི་རང་ཡུལ་དགྲ་ལག་ཏུ་ཤོར་ཏེ། གཞིས་ལུས་བོད་མི་རྣམས་རྒྱ་དམར་གྱི་མནར་གཅོད་འོག་ཉིན་མཚན་འཁྱོལ་དཀའ་བ་དང་། ཡུལ་གྱར་བའི་བོད་མི་རྣམས་ཀྱང་རྒྱལ་ཁབ་དེ་དང་དེའི་ལག་ཁྱེར་སོགས་ཀྱི་རྐྱེན་པས་དཀའ་ངལ་མི་ཉུང་པ་ཞིག་ཕྲད་དང་འཕྲད་མུས་རེད། འདི་ལོ་རྒྱ་དམར་གྱི་གཡོ་བྱུས་འོག་ཚུད་པའི་བལ་ཡུལ་གྱི་རྒྱལ་ཁབ་ཆུང་ཆུང་དེ་ཡིས་ཀྱང་ང་ཚོར་མཐོང་ཆུང་དང་ཁྱད་གསོད་མང་དག་ཅིག་བྱས་པ་མཁྱེན་གསལ་རེད།
    དེ་ལྟར་གཞིས་བྱེས་བོད་མི་ཚང་མར་ལུས་སེམས་གཉིས་ཀར་ཇི་ཙམ་སྡུག་བསྔལ་ཕྲད་ཀྱང་ཞུམ་པ་མེད་པའི་སྙིང་སྟོབས་དང་། ལྷག་བསམ། མི་རིགས་ཀྱི་ལ་རྒྱ་སོགས་གནས་ཐུབ་པ་ནི་༸རྒྱལ་མཆོག་ཕྱག་ན་པདྨོའི་བཀའ་དྲིན་ཉག་ཅིག་ཡིན་པ་མིག་ལྡན་ཀུན་གྱིས་ཤེས་ངེས་རེད།

    ཡིན་ན་ཡང་ཀླད་མེད་ཁྱི་རྒན་འགའ་ཞིག་གིས་དངུལ་དང་གཏམ་སྙན་གྲགས་སོགས་ཀྱི་ཆེད་དུ་༸གོང་ས་མཆོག་བེད་སྤྱོད་བྱེད་པ་དང་། སྐུའི་སྲུང་སྐྱོབས་ཆེད་དུ་དེ་ཙམ་དོ་སྣང་མི་བྱེད་པ་སོགས་ནི་ང་ཚོ་བོད་པ་བསོད་ནམས་ཉམ་པའི་ནང་རྟགས་རེད།

    ནོར་བུ་རང་ལ་ཡོད་དུས་ནོར་ཉམ་མ་ཆོད་ན།།
    ནོར་བུ་གཞན་ལ་ཤོར་དུས་འགྱོད་པའི་གནས།།
    ཞེས་འཇིག་རྟེན་ཁ་དཔེར་ཡོད་པ་བཞིན། ད་ལྟའི་དུས་སྐབས་འདིར། ཕྱི་ཡི་ལྕགས་རི་ཟེར་ནའང་འདྲ། ནང་གི་ནོར་བུ་ཟེར་ནའང་འདྲ། གང་ལྟར་ང་ཚོར་ལྷག་ཡོད་པ་ནི་ཁོང་གཅིག་པུ་རེད། ནམ་ཞིག་བློ་ཡུལ་ལས་འདས་པའི་གནས་ཚུལ་འབྱུང་མི་སྲིད་པ་ཞིག་མ་རེད། ང་ཚོས་གཟབ་གཟབ་མ་བྱས་ན་དེ་དུས་ཕྱི་དྲག་པ་རེད། དེ་ཙམ་དུ་མ་ཟད་རྒྱ་མི་ལས་ཀྱང་གནོད་ཚབ་ཆེ་བའི་གདོན་འདྲེ་འགའ་ཞིག་གིས་ཁོང་ལ་མཚན་སྨད་ཞུ་བ་དང་ཟུར་ཟ་བྱེད་པ་རྣམས་ད་གཟོད་མཚམས་འཇོག་བྱས་ན་མ་གཏོགས་ལས་དབང་ལ་སྙིང་རྗེ་དང་ཡ་ང་ཨེ་ཡོད།
    བཀའ་གདམས་པའི་གསུང་རྒྱུན་ལ། སྡིག་ཅན་ཚེ་ཐུང་བ་ཤོག ཅེས་ཐུགས་སྨོན་མཛད་པ་བཞིན། མི་ངན་དེ་ཚོའི་རིགས་མགྱོགས་ཙམ་་་་་་་་་་་་་་་་་་་་་་་?

    Reply
  15. སྐར་མདའ། says:
    ལོ་ 15 སྔོན།

    ལི་ཆུ་དྭངས་མ། ༧གོང་ས་མཆོག་ལ་ཆེད་དུ་བྱ་བའི་བདུལ་བྱ་གྲངས་ལས་འདས་པ
    ཡོད་པ་དང་། དེ་དག་ལ་གསུང་ཆོས་དང་བཀའ་སློབ་སོགས་བསྩལ་དགོས་ཀུན་གྱིས་ཤེས་གསལ་རེད། འོན་ཀྱང་སློབ་མ་རྣམས་ནམ་རྒྱུན་རང་གི་བླ་མ་མཇལ་སར་འགྲོ་དགོས་མ་གཏོགས། བླ་མས་སློབ་མ་འཚོལ་སྡུད་བྱེད་རྒྱུ་འདི་ནི་དེང་སེང་ཕྱི་རྒྱལ་གྱི་ཆོས་ཚོགས་རྣམས་ཀྱི་འགྲོ་སྟངས་ཞིག་རེད། ཕར་ཆེར་ཁྱེད་ཡང་ལ་མཉེས་པོ་ཡོད་པ་འདྲ།
    གང་ལྟར་ཡང་༧ གོས་ས་མཆོག་གང་དུ་བཞུག་ནའང་ཐུགས་རྗེ་བྱིན་རླབས་ལ་ཉེ་རིང་མེད་པ་དང་། གང་ཟད་སུ་ལ་དད་པ་ཡོད་ན་དེའི་མདུན་ལ་བཞུགས་ཡོད།
    ཁྱེད་བསམ་འདི་ལ་དཔྱད་ན་ནི་༧ གོས་ས་མཆོག་ལ་སྙིང་ནས་དད་པ་མེད་པའམ་ཡང་ན་སྨོངས་པའི་དབང་དུ་སོང་བ་འདྲ། ལི་ཆུ་སྙིགས་མ་རེད་འདུག

    Reply
  16. སྐར་མདའ། says:
    ལོ་ 15 སྔོན།

    སྤྱིར་གོས་ས་མཆོག་ས་གནས་གང་དུ་ཕེབས་ཀྱང་ཁོང་རང་ངོས་ནས་བསྟན་པ་དང་སེམས་ཅན་གྱི་དོན་འབའ་ཞིག་ལས་དམིགས་བསལ་གྱི་སྒེར་དོན་གང་མེད་མོད། འོན་ཀྱང་ཕྱིའི་རྒྱལ་ཁབ་ན་ཡོད་པའི་ཆོས་ཚོགས་སོགས་ནང་གདན་ཞུ་བྱེད་སྐབས་ཁོང་ཚོའི་དང་པོའི་དམིགས་ཡུལ་ནི། ཁོང་ཚོའི་དངུལ་འཚོལ་ཐབས་དང་ཚོགས་པ་དེ་སྐད་གྲགས་འོང་ཕྱིར་དུ་༧གོང་ས་མཆོག་གདན་འདྲེན་དང་བཀའ་ཆོས་གནང་བཅུག་ཏེ། འཛིན་བྱང་སོགས་བཙོང་ནས་དངུལ་བཟོ་བཞིན་ཡོད། དངོས་གནས་བཤད་ན་༧གོང་ས་མཆོག་ཚོང་རྫས་ཞིག་གི་ངོ་བོར་བེད་སྤྱོད་བྱེད་བཞིན་པ་དངོས་གསལ་རེད། དེ་མིན་ཁོང་གི་སྐུའི་འཕྲོད་སྟེན་དང་སྐུ་སྲུང་སྐྱོབས་སོགས་ཀྱི་ཐད་ལ་དོར་སྣང་གཞི་ནས་སྤྲད་ཀྱིན་མེད། འདི་རིགས་བྱེད་མཁན་རྣམས་ནི་བོད་རང་གི་ཆོས་ཚོགས་སོགས་རེད།
    མ་འོངས་པ་ལ་འདི་ངེས་པར་དུ་མཚམས་འཇོག་དང་གོང་ས་མཆོག་གི་སྐུའི་ན་ཚོད་དང་བསྟུན་པའི་ངལ་གསོ་བྱེད་དུ་འཇུག་དགོས་།
    མ་འོངས་པ་ལ་༧ གོང་མཆོག་སུ་ཞིག་གི་གདན་འདྲེན་བྱས་ན་དེའི་ཁོང་གི་སྐུ་སྲུང་དང་འཕྲོད་སྟེན་བདེ་འཇགས་སོགས་ཀྱི་ཐད་ནས་ངེས་པར་དུ་འགན་ཁུར་དགོས།

    Reply
  17. ལི་ཆུ་དྭངས་མ། says:
    ལོ་ 15 སྔོན།

    གྲོགས་པོ་བློ་བརྟན་ལགས་སུ།
    ༸གོང་ས་མཆོག་ནི་འཛམ་གླིང་གི་སྟོན་པ་ཡིན་པས་ཆེད་དུ་བྱ་བའི་བདུལ་བྱ་གྲངས་ལས་འདས་པ་ཡོད་པའི་དེ་དག་ལ་བཀའ་སློབ་ལམ་སྟོན་རེ་གནང་རྒྱུ་དང་ལྷག་པར་དུ་ཁོང་གི་རྒྱུན་ལྡན་ནས་འགན་ཁུར་གསུམ་གྱི་ཐོག་ནས་ཐུགས་ཁུར་ཆེད་བཞེད་ཀྱི་འཛམ་གླིང་ཤར་ནུབ་ཀུན་ལ་ཕེབས་ཀྱི་ཡོད་པས་ན་ཁྱེད་ཀྱི་རི་བོང་རྣམ་སྡབ་ཀྱི་སྡུག་བསྔལ་བྱེད་མི་དགོས་པར་འཚལ། གཞན་ཁྱོད་ཀྱི་བཀའ་ཟུར་བཀྲ་ཤིས་དབང་འདུས་དང་བློ་བཟང་སྙན་གྲགས་སོགས་ལ་ཁོན་འཛིན་དང་དམའ་བབས་བྱེད་པ་ལས་༸གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་སྐོར་ལ་བོད་མི་ཡོད་དོ་ཅོག་ལ་མགན་ཡོད་པ་མ་ཚད་ཁྱེད་རང་ལའང་ཡོད་རེད།

    Reply
  18. གནམ་ལྕགས། says:
    ལོ་ 15 སྔོན།

    བློ་བརྟན་ཟེར་བའི་དུས་བབ་ཀྱི་གསར་འགོད་པ་ཟུར་བ་འདི་དང་ངེད་གཉིས་ངོ་ཙམ་ཤེས་པ་ལས་དམིགས་བསལ་གྱིས་འབྲེལ་བ་གང་ཡང་མེད། ཁོང་གིས་དེ་རིང་བཤད་པའི་གནད་དོན་འདི་དག་ལ་དགའ་བསུ་ཞུ་རྒྱུ་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཁོང་ཨ་རིར་བསྡད་པའི་སྐོར་ལ་སྐྱོན་བརྗོད་ཞུ་མཁན་དག་ལ་ངས་ངོ་རྒོལ་ཞུ་རྒྱུ་ཡིན། ཨང་དང་བོ་ཡིན་ན། ཁོས་བཤད་ཀྱིན་པའི་གནད་དོན་དེའི་སྐོར་ནས་གླེང་བ་ཡག དེ་མིན་རྩོམ་པ་པོ་ཁོང་གི་རྒྱབ་ལྗོངས་བསྔོག་ནས་བསྡད་ན་མི་ལེགས།་

    Reply
  19. གནམ་ལྕགས། says:
    ལོ་ 15 སྔོན།

    ང་ཚོའི་སྤྱི་ཚོགས་ལ་འདི་འདྲའི་ན་ཚ་ཞིག་གིས་ཁྱབ་ནས་ཡོད། མི་ཞིག་གིས་གནད་དོན་རེ་གླེང་ནས་འོང་སྐབས། དེའི་རྒྱབ་ལྗོངས་བསྔོག་ནས་འོང་གི་འདུག དྲང་མོར་བཤད་ན། མི་ཞིག་གིས་རང་གི་སྡོད་གནས་བརྗེ་བོ་བརྒྱབ་པ་ལ་ཧ་ལས་རྒྱུ་ཅི་ཡོད། ཁོང་ཨ་རི་ལ་སོང་བ་གསར་འགོད་མཐུན་ཚོགས་ནས་བཏང་བ་བདེན་ཡང་། ཁོང་ཚུར་མ་ཡོང་བ་དེ་མ་འགྲིག་པ་ཅི་ཡོད། འདི་འདྲ་ཙམ་གྱིས་མི་ཞིག་ནག་པོ་ནག་རྐྱང་བཟོས་ནས་ཐ་ན་སྐད་ཆ་ཙམ་ཡང་བཤད་ས་མེད་པར་བཟོ་རྒྱུ་ཡིན་ན། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཁྲོད་མི་དཀར་བོ་གཅིག་ཀྱང་མེད་ཅེས་ཁ་ཚོན་གཅོད་ཐུབ།

    ངས་བལྟས་ན་བློ་བརྟན་ཨ་རིར་འགྲོ་སྟངས་འདི་མི་སྐྱོ་བོ་ཞིག་ཨ་རིར་འགྲོ་སྟངས་རེད། གངས་ཅན་སྐྱིད་གཤོང་གི་སྐུ་ངོ་དག་གིས་ནང་ཚུན་ཆད་ཟླ་སྒྲིལ་བཏང་ནས་ཨ་རིར་འགྲོ་བཞིན་ཡོད་པ་དག་ལ་ཅི་ཟེར་དགོས། གསང་མིང་བ་དག་གིས་མི་ལ་ཁ་གཏོང་བ་འདི་དངོས་གནས་ཐབས་སྐྱོ་བོ་རང་རེད། འདི་འདྲ་རྐྱང་བྱས་ནས་ང་ཚོའི་སྤྱི་ཚོགས་ལ་ཆིག་སྒྲིལ་གྱི་གོང་བུ་མེད་སོང་བ་རེད། འདི་ནི་ང་གནམ་ལྕགས་ཀྱི་ལྷག་བསམ་རྣམ་དག་གི་སྐད་ཆ་ཡིན། སུ་ལ་ཕོག་ན་དེ་ལ་གཟས་པ་ཡིན།

    Reply
  20. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    བློ་བརྟན་མི་བཟང་མིན་ལ་རྩོད་པ་མ་བརྒྱབ། ཁོང་གི་བཤད་པའི་སྐད་ཆ་ལ་རིན་ཐང་ཆེ། ཁོང་ཁྲིམས་འགལ་དང་རང་གི་ངོ་གདོང་ཆུར་བསྐྱུར་ནས་ནུབ་ཕྱོགས་སུ་ཕུར་ཡོད་རུང་ྋརྒྱལ་བའི་སྐུ་ཕྱཱའི་ཉེན་སྲུང་སྐོར་དང་འབྲེལ་བའི་གཏམ་འདི་ཁོང་གི་མི་གཤིས་རིང་ལུགས་དང་བསྡུས་ས་མེད། མ་གཞི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཕལ་ཆེ་བ་ལ་སྐབས་འཚོལ་རིང་ལུགས་ཀྱི་དྲི་ངན་ཁྱབ་ནས་ཡོད། ཁོང་ལ་ལན་ཁག་མེད། ད་དུང་འདི་འདྲ་བྱེད་དགོས་བསམ་མཁན་མང་པོ་ལྷག་ཡོད། རྗེས་སོར་ཁོང་ཚོས་ཀྱང་རྩོམ་སྐུལ་འདི་འདྲ་སྤེལ་ནས་གོམ་པ་གསར་པ་ཞིག་བརྒྱབ་ངེས།

    Reply
  21. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    བློ་བརྟན་ལགས་ཀྱི་ཧ་ཅང་གལ་གནད་ཆེ་བའི་བཀའ་མོལ་མང་དག་ཅིག་མདུན་དུ་ཐོན་ནས་ཤོད་བཞིན་འདུག ཁོང་གིས་བཤད་པ་ལྟར་ྋགོང་ས་མཆོག་སྐུ་ཚེ་བརྟན་རྒྱུ་ལས་ལྷག་པ་ཅིག་ང་ཚོ་བོད་ཚང་ལ་མེད་པ་བཤད། དེ་དངོས་གནས་བདེན་པ་རེད། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ང་ཚོ་གངས་ཅན་ཡོངས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་རང་ཡིན། ཁོག་པའི་སྙིང་དང་དཔྲལ་བའི་མིག་མེད་པའི་མི་ནི་ནམ་ཡང་འཚོ་གནས་མི་ཐུབ་པ་འཇིག་རྟེན་འདི་ནས་ཁ་བྲལ་རྒྱུ་རང་རེད། རྗེས་སོར་ྋགོང་ས་མཆོག་ལ་སྐུ་ངལ་གསོ་བའི་དུས་ཚོད་མང་ཙམ་དགོས་པ་དང༌། ཕྱོགས་དང་ཕྱོགས་མཚམས་གང་དུ་ཕེབས་ཀྱང་སྐུ་ཡི་ཉེན་སྲུང་སྐོར་དམ་དྲག་དང་གྲྭ་སྒྲིག་འཐུས་ཚང་དགོས་པ་ཧ་ཅང་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese