མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༠ ལོའི་སྙན་ཐོ། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

ད་ལོ་ནི་རྒྱལ་སྤྱིའི་དྲང་བདེན་གྱི་ལོ་ཚིགས་གལ་ཆེན་ཞིག་ཡིན་པར་མ་ལྟོས་པར། སྲིད་དོན་སྟོབས་ཤུགས་དག་གི་དབང་གིས་གོ་ལ་རང་བཞིན་ནས་དྲང་བདེན་ལ་སྔར་ལས་ལྷག་པའི་བར་ཐག་ཅིག་ཤོར་ཡོད་ཟེར།

ཕྱི་ཚེས་ ༢༧ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ ༢༠༡༠ ལོའི་ལོ་འཁོར་སྙན་ཐོ། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཞེས་པ་འགྲེམ་སྤེལ་གནང་སྟེ། རྒྱལ་ཁབ་ ༡༥༩ ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་སྐོར་གླེང་ཡོད་ལ། ཚོགས་པ་དེས་བཤད་དོན། སྲིད་གཞུང་སྟོབས་ཆེན་དག་ནི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཀྱི་སྒང་ལ་ལངས་ཤིང་། མཐུན་ཕྱོགས་རྒྱལ་ཁབ་དག་སྐྱོན་བརྗོད་ཀྱི་འོག་ནས་སྲུང་སྐྱོབ་བྱེད་པ་དང་། སྲིད་དོན་གྱི་ཁེ་དབང་ཁོ་ནར་བརྟེན་ནས་ལས་དོན་སྒྲུབ་པ་བཅས་རྒྱལ་སྤྱིའི་དྲང་བདེན་གྱི་ལས་དོན་ལ་མུ་མཐུད་ནས་སྔོན་འགོག་བྱེད་གི་འདུག་ཅེས་བཤད་ཡོད་པ་རེད།

གོ་ལ་རང་བཞིན་ནས་དྲང་བདེན་ལ་བར་ཁྱད་ཤོར་བའི་ནང་དུ་འགོག་རྒོལ་དང་དྲང་བདེན་མིན་པའི་གནས་ཚུལ་ནི་ཇེ་མང་དུ་འགྲོ་གིན་ཡོད་ལ། མི་འབོར་ས་ཡ་མང་པོར་ཚུལ་མིན་བརྙས་བཅོས་དང་། བཙན་གནོན། དབུལ་ཕོངས་བཅས་ཀྱི་ཁྲོད་ནས་དཀའ་སྡུག་ལ་གཏད་གིན་ཡོད་ཅེས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེས་བཤད་ཡོད།

གཞན་ཡང་ཁོང་གིས། སྲིད་གཞུང་དག་གིས་ངེས་པར་དུ་མི་སུ་ཡང་ཁྲིམས་ལུགས་ཀྱི་གོང་དུ་མེད་པ་གསལ་བོ་བཟོ་དགོས་ལ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ཐད་ནས་མི་ཚང་མར་དྲང་བདེན་གྱི་བརྒྱུད་ལམ་དགོས། སྲིད་གཞུང་དག་གིས་རང་གི་སྲིད་དོན་གྱི་ཁེ་ཕན་ལ་དམིགས་ཏེ། དྲང་བདེན་ནུས་མེད་དུ་གཏོང་བའི་བྱེད་ལས་འདི་དག་མཚམས་འཇོག་མ་བྱས་བར་དུ། འཇིགས་སྐྲག་ལས་རང་དབང་འཐོབ་པ་དང་། དགོས་འདོད་ལས་རང་དབང་འཐོབ་རྒྱུ་ནི་འགྲོ་བ་མིའི་རིགས་ཚང་མར་མུ་མཐུད་ནས་ཡོང་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་ཅེས་བཤད།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྲིད་གཞུང་ཁག་གིས་སོ་སོའི་སྤྱོད་པ་ལ་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་དང་། སྲིད་གཞུང་ཚང་མས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཐོ་འགོད་འཐུས་ཚང་བྱེད་དགོས་པར་མ་ཟད། འཛམ་གླིང་གང་ནས་ཀྱང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་འགལ་བའི་ནག་ཉེས་ཞུ་གཏུགས་བྱ་ཆོག་པར་གསལ་བོ་བཟོ་དགོས་སྐོར་ཞུས་ཡོད་པ་རེད། དེ་བཞིན་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡིས་མཚོན་པའི་ཡར་ཐོན་གྱི་རྒྱལ་ཁབ་ཚང་མས་འདིའི་ཐད་ནས་མིག་དཔེ་རེ་སྟོན་དགོས་པར་བཤད།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཤད་ན། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ངོས་ལེན་ཐོ་འགོད་མི་བྱེད་པའི་གྲས་སུ་རྒྱ་ནག་གཞུང་དང་། ར་ཤི་ཡ། ཨ་རི། ཊར་ཀི། རྒྱ་གར། ཨིན་ཌུ་ནེ་ཤི་ཡ། སུ་ཌེ་ཨ་རབ་ལ་སོགས་པ་ཚུད་ཡོད་པར་བཤད།

གསར་འགྱུར་འབྲི་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 5

  1. karma dorje says:
    ལོ་ 16 སྔོན།

    ཞི་བ་ལྷའི་སེམས་ཅན་ནི་དུད་འགྲོའི་དབང་དུ་བྱས་པ་རེད་སྙམ།

    Reply
  2. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    རྒྱལ་སྲས་ཆེན་པོ་ཞི་བ་ལྷས། སེམས་ཅན་རྣམས་ནི་གཅིག་ལ་གཅིག། ཟ་བའི་འཇིགས་དང་བྲལ་བར་ཤོག། ཅེས་ཐུགས་སྨོན་མཛད་པ་ལྟར་ང་དང་ཁྱོད་ཟེར་བ་ཞིག་ཡོད་ཚུན་ཆད་དཀའ་སྡུག་གི་ཁོར་ཡུག་ཅིག་ལ་གཏན་དུ་འཚོ་གནས་བྱེད་དགོས་ཀྱི་ཡོད་རེད། དེས་ན་ད་ཐེངས་ཀྱི་སྙན་ཐོ་འདིར་ཧོན་འཐོར་དགོས་པ་ཅི་ཡང་མེད།

    Reply
  3. karma dorje says:
    ལོ་ 16 སྔོན།

    ཐོ་འགོད་མི་བྱེད་པའི་གྲས་སུ་རྒྱ་ནག་གཞུང་དང་། ར་ཤི་ཡ། ཨ་རི། ཊར་ཀི། རྒྱ་གར། ཨིན་ཌུ་ནེ་ཤི་ཡ། སུ་ཌེ་ཨ་རབ་ལ་སོགས་པ་ཚུད་ཡོད་པར་བཤད།
    ་་རྒྱ་ནག་དང་རྒྱ་གར། ཨ་རི་གསུམ་མེད་དགོས་དོན་གང་ཡིན་ནམ།

    Reply
  4. karma dorje says:
    ལོ་ 16 སྔོན།

    ་་་མི་སུ་ཡང་ཁྲིམས་ལུགས་ཀྱི་གོང་དུ་མེད་པ་གསལ་བོ་བཟོ་དགོས་་་་། ་་་
    རྒྱ་ནག་སྲིད་གཞུང་པ་ཚོས་སློབ་སྦོང་བྱེད་དགོས་པ།

    Reply
  5. གནམ་ལྕགས། says:
    ལོ་ 16 སྔོན།

    དྲ་བདག་ལུང་རིགས་ལགས། ད་སྐབས་ཁྱོད་ཚོས་གསར་འགྱུར་སུས་མཁོ་སྒྲུབ་གནང་ན་དེའི་མིང་འབྲི་བཞིན་ཡོད་པ་འདི་ཡག་པོ་འདུག འདི་ནི་འགན་ཞིག་འཁུར་གྱི་ཡོད་པའི་རྟགས་རེད། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese