མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་ཁྲོད་ ༢༦༩༨ གྲོངས་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པའི་ཆུ་ཚོད་ ༨ སྟེང་བཞུགས་སྒར་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་ཡུལ་ཤུལ་སྐྱེ་རྒུ་མདོར་ས་ཡོམ་གོད་ཆག་ཁྲོད་མི་མང་པོ་རྐྱེན་ལམ་དུ་ཕྱིན་ཏེ། ད་ཆར་ཉིན་ཞག་ཞེ་དགུ་ཚང་བའི་བསྔོ་སྨོན་མཆོད་འབུལ་རྒྱ་ཆེན་ཞིག་གནང་ཡོད། མཆོད་འབུལ་གྱི་ཚོགས་དབུར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ཏེ། བོད་གཞུང་གི་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པ། གཞུང་ཞབས་ལས་བྱེད་རྣམ་པ། དེ་བཞིན་བཞུགས་སྒར་གཡས་གཡོན་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་མི་དམངས་བཅས་འདུ་འཛོམས་ཀྱིས་འདས་པོ་དག་གི་ཆེད་དུ་བསྔོ་བ་སྨོན་ལམ་དང་། ཤུལ་ལུས་རྨས་མ་མྱུར་དུ་དྲག་སྐྱེད་ཡོང་བ། དྭ་ཕྲུག་དང་དབུལ་ཕོངས་སུ་འགྱུར་བའི་ཉམ་ཐག་རྣམས་དཀའ་སྡུག་ལས་ཐར་ཏེ། གོད་ཆག་ཉམས་གསོ་དང་ཁྱིམ་གཞི་བསྐྱར་འཛུགས་བྱས་ཏེ། སྔར་ལས་ལྷག་པའི་བདེ་སྐྱིད་ཀྱི་འཚོ་བ་གསར་པ་ཞིག་ལ་རོལ་ཐུབ་པར་ཐུགས་སྨོན་དང་གསོལ་འདེབས་ཞུས་ཡོད།

 

སྐབས་དེར་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་གསུངས་དོན། ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་གྱི་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༧ སྐར་མ་ ༤༩ ཐོག་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། བོད་མདོ་ཁམས་སྐྱུ་རྒུ་མདོར་ས་ཡོམ་འགུལ་ཚད་རིམ་པ་ ༦ དང་ཚེག་ ༩ ཅན་ཞིག་བརྒྱབས་ཏེ། མི་ཉིས་སྟོང་ལྷག་འདས་གྲོངས་ཕྱིན་ཡོད། དེ་བཞིན་དགོས་མཁོའི་ཡོ་བྱེད་རྩ་བརླག་ཏུ་ཕྱིན་པ་སོགས་ཀྱི་དཀའ་སྡུག་བསམ་ཡུལ་ལས་འདུས་པ་མྱང་དང་མྱོང་བཞིན་ཡོད། དེ་རིང་རྐྱེན་འདུས་སུ་སོང་བ་དེ་རྣམས་ཀྱི་ཞེ་དགུའི་དུས་ཚིགས་ཁྱད་པར་ཅན་འདི་ལ། ཆོས་རིགས་ལས་ཁུངས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྣང་གསལ་མར་མེ་སྟོང་ཚར་དང་དགེ་འདུན་འདས་པ་རྒྱ་མཚོར་སྐུ་འགྱེད་བསྙེན་བཀུར་སོགས་ཀྱི་དགེ་སྒྲུབ་བྱེད་ཀྱིན་ཡོད། བཅས་གསུངས་སོང་།

 

རྒྱ་ནག་གཞུང་གིས་ཕྱི་ཚེས་ ༣༡ ཉིན་བཤད་པ་ལྟར་ན། སྐྱེ་རྒུ་མདོའི་ས་ཡོམ་ཁྲོད་རྐྱེན་འདས་སུ་གྱུར་བའི་གྲངས་ཀ་དེ་ ༢༦༩༨ ཡིན་པར་བསྒྲགས་འདུག་ལ། གར་སོང་ཆ་མེད་དུ་གྱུར་བའི་གྲངས་འབོར་དེ་ ༢༧༠ ཡིན་འདུག ཕྱི་ཟླ་ ༤ པའི་ཟླ་མཇུག་བར་དུ་རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོའི་ས་ཡོམ་ཁྲོད་འདས་གྲོངས་སུ་གྱུར་བའི་གྲངས་ཀ་དེ་ ༢༢༠༠ ཡིན་པ་དང་རྨས་སྐྱོན་བྱུང་བ་༡༢༠༠༠ ཡིན་པར་བཤད་ཡོད། ཟླ་གཅིག་གི་རྗེས་ལ་ཤི་བའི་གྲངས་འབོར་དེ་ ༥༠༠ མ་ཟིན་ཙམ་འཕར་ཡོད་འདུག བོད་མི་རྣམས་ཀྱིས་ཉུང་མཐར་ཡང་བོད་མི་ཆིག་ཁྲི་ལྷག་ས་ཡོམ་ཁྲོད་འདས་གྲོངས་སུ་ཕྱིན་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད།

 གསར་འགོད་པ། དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

ཆུ་ཚོད་ ༡༦ སྔོན་ལ།
THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༡༩ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༡༩ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

མཆན། 2

  1. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    སྤུན་ཟླ་དེ་དག་གིས་ཚེ་རབས་ནས་བྱས་བསགས་སྡིགས་སྟུང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་འཐོབ་ཐུབ་པའི་ཐུགས་སྨོན་གནང་རོགས་ཞུ།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    འབྱུང་བའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པའི་བོད་རིགས་སྤུན་ཟླ་རྣམས་སླར་ཡང་༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་དམ་པར་འགྱུར་བའི་བསྔོ་སྨོན་བྱེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese