མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀུན་སྤྱོད་ཀྱི་མགོ་རྙོག རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༨༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

དེང་སྐབས་བཙན་བྱོལ་བོད་མི་ཚོར་བློ་དོགས་གལ་ཆེན་པོ་ཞིག་སྐྱེས་གིན་ཡོད། དེ་ནི་ཆབ་སྲིད་ཀྱི་དཀའ་ངལ་འོག་གི་གཞིས་ལུས་མི་དམངས་ལ་འགན་ལེན་སྟངས་རེད། དོགས་འདྲི་གསར་པ་དེ་ནི་བཟང་སྤྱོད་ཀྱི་ཐོག་ནས་ང་ཚོ་ཁ་བཙུམ་དགོས་པ་རེད་དམ། ཡང་ན། སྐད་རྒྱག་དགོས་པ་རེད་ཅེས་པ་འདི་རེད།

གཏན་ཚིགས་ཀྱི་དབང་དུ་བྱས་ན། བློ་དོགས་འདི་སེལ་དགོས་ན་ཐོག་མར་གཞིས་ལུས་མི་དམངས་ལ་འདྲི་དགོས་པར་འདོད། དཔེར་ན། ཁྱེད་ཚོར་རྒྱ་ནག་གཞུང་གིས་རང་དབང་མི་སྤྲོད་པ་དང་འཇིགས་སྐུལ་བྱེད་པ། སྡུག་སྦྱོང་དང་མནར་གཅོད་གཏོང་བ། བཙན་འཁྲིད་བྱེད་པ། ཁྱེད་ཚོས་སྐད་རྒྱག་སྐབས་དང་། ཁྱེད་ཚོ་བཀག་ཉར་བྱེད་པ། ཁྱེད་ཚོ་བཙོན་འཇུག་བྱེད་སྐབས་དང་སྲོག་ཁྲིམས་ལ་སྦྱོར་སྐབས་བྱེས་སུ་ཡོད་པའི་ང་ཚོ་ཁ་བཙུམ་ནས་འདུག་དགོས་པ་རེད་དམ། ཡང་ན། སྐད་འབོད་དང་ཁྲོམ་སྐོར་བྱེད་དགོས་པ་རེད། སྐུ་མཁྱེན། ཁྱེད་ཚོས་ང་ཚོར་སེམས་ཐག་ཆོད་པའི་ལན་ཞིག་གནང་རོགས་ཟེར་དགོས་པ་རེད།

བཙན་བྱོལ་བོད་མི་ཚོ་ཁུ་སིམ་མེར་བསྡད་ན་བོད་མི་རིགས་ཀྱི་བདེ་སྡུག་དང་བདེ་འཇགས་ལ་ཕན་གི་ཡོད་ན་དེ་ལས་ལྷག་ཅི་ཡོད། ང་ཚོ་ཁ་བཙུམ་ནས་ལོས་ཀྱང་འདུག འོན་ཀྱང་། བློ་དོགས་འདི་ཡང་བོད་རྒྱ་གཉིས་ཀྱི་སྲིད་དོན་དང་འབྲེལ་བའི་ལོ་རྒྱུས་ལྟར་རྙོག་འཛིང་རང་བཞིན་ཞིག་ཡིན།

རྒྱ་ནག་གཞུང་གིས་བྱེས་ཀྱི་བོད་མི་ཚོས་སྐད་མ་རྒྱག ཟིང་མ་སློང་། ཕྱི་ཕྱོགས་ནས་ཟིང་ཆ་བསླངས་ན་ནང་ལོགས་ནས་ཀྱང་ཟིང་ཆ་ཡོང་གི་འདུག་ཚུལ་དང་། ༢༠༠༨ ལོའི་ཟིང་ཆ་དེ་ཡང་ཕྱི་ཕྱོགས་ཀྱི་ཟིང་ཆའི་ཤུགས་རྐྱེན་ལས་བྱུང་བ་ཡིན་ཚུལ་བཤད་ཡོད།

རྒྱ་ནག་གཞུང་གིས་འབོད་སྐུལ་འདི་རྒྱལ་སྤྱིའི་སྲིད་དོན་གྱི་དབུ་ཁྲིད་ཐུག་ཚད་དང་། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་བཅས་ལ་སྔ་ཕྱི་རིམ་པར་ཞུས་ཡོད། དེ་དང་མཉམ་དུ་བཙན་བྱོལ་བོད་གཞུང་གིས་ཀྱང་བྱེས་སྡོད་བོད་མི་ཚོ་དང་བོད་ཀྱི་གྲོགས་པོ་ཚོར་བོད་རྒྱ་གཉིས་ཀྱི་བར་ཞི་མཐུན་གྱི་ཁོར་ཡུག་ཅིག་བསྐྲུན་ཐབས་སུ་འབོད་སྐུལ་འདི་ཞུས་མྱོང་། ལོ་ཟླ་རིམ་སོང་དང་མཉམ་དུ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཅི་ཡང་མ་ཐོན་ལ། སླར་ཡང་བོད་གཞིས་བྱེས་གཉིས་ནས་སྐད་ཤོར་མགོ་བརྩམས།

༧གོང་ས་མཆོག་གིས་ཀྱང་། ང་ཚོའི་ངོས་ནས་བྱེད་དགོས་པ་ཚང་མ་བྱས་པ་ཡིན་ཡང་། ཕན་ཐོགས་མི་འདུག་ཅེས་གསུངས་ཡོད།

དེས་ན། ཕྱི་སྡོད་བོད་མི་ཚོའི་བྱ་སྤྱོད་མ་འགྲིག་པར་བརྟེན་ནས་དེའི་ཉེས་པ་གཞིས་ལུས་མི་དམངས་ཀྱི་ཐོག་ལ་འགེལ་གྱིན་པའི་བསམ་ཚུལ་འདི་ལ་ཉེན་ཁ་འདུག་ལ། ཕར་ཕྱོགས་ན་འཕག་འཚག་རྒྱག་མཁན་གཞིས་ལུས་མི་དམངས་ཀྱི་རེ་བ་ཡང་མིན་པར་འདོད།

རྒྱ་ནག་གིས་བོད་ལ་བཙན་གཡེམ་གཏོང་གི་ཡོད་པའི་དབང་དུ་བཏང་ན། བཙན་གཡེམ་བྱེད་དུས་འཕག་འཚག་ཙམ་ཡང་མ་བྱས་ན། ཡིད་འཐད་ཡོད་པའི་གོ་བརྡ་རུ་འགྱུར་ཉེན་ཡོད་པ་ལྟར། ང་ཚོས་ཀྱང་ནུས་པ་ལ་དཔག་པའི་འཕག་འཚག་རྒྱག་དགོས་པ་རེད་འདོད།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 16

  1. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་གལ་ཆེན་རྣམས།
    ང་ཚོས་ཕྱོགས་དུས་ཀུན་ཏུ་དྲིལ་བསྒྲགས་རྒྱ་ཆེར་བྱེད་དགོས་སོ།

    བོད་ཀྱི་སྐད་ཡིག་བེད་སྤྱོད་མ་བྱས་ན།
    བོད་ཀྱི་ཆོས་དང་རིག་གཞུང་ཉམས་པར་འགྱུར། །

    བོད་ཀྱི་སྐད་ཡིག་དར་སྤེལ་བཏང་ན།
    བོད་ཀྱི་ཆོས་དང་རིག་གཞུང་དར་རྒྱས་ཡོང་བར་འགྱུར། །

    བོད་རིགས་རྣམས་ཀྱིས།
    བོད་སྐད་དག་མ་ཤེས་དགོས་པ་ནི།
    མི་རིགས་ཀྱི་ཁྱད་ཆོས་ཡིན།

    བོད་རིགས་རྣམས་ཀྱིས།
    བོད་སྐད་དག་མ་རྒྱུན་དུ་བེད་སྤྱོད་བྱེད་རྒྱུ་ནི།
    དུས་རབས་ཀྱི་ལས་འགན་ཡིན།

    བོད་རིགས་རྣམས་ཀྱིས།
    བོད་ཡིག་འབྲི་ཀློག་སྦྱོང་རྒྱུ་ནི།
    བོད་ཀྱི་རིག་གཞུང་གི་རྩ་བ་ཡིན།

    བོད་རིགས་རྣམས་ཀྱིས།
    སུམ་རྟགས་སྙན་ངག་སྦྱོང་རྒྱུ་ནི།
    བོད་ཀྱི་ཆོས་རིག་གི་ལྡེ་མིག་ཡིན།

    བོད་རིགས་རྣམས་ཀྱིས།
    དེང་དུས་ཤེས་ཡོན་བཟོ་རིག་སྦྱོང་རྒྱུ་ནི།
    བོད་འབངས་ཡར་རྒྱས་ཀྱི་འགྲོ་ལམ་ཡིན།

    བོད་རིགས་རྣམས་ཀྱིས།
    སངས་རྒྱས་ཆོས་ལ་ཐོས་བསམ་སྒོམ་པ་བྱེད་རྒྱུ་ནི།
    གངས་ཅན་མི་དམངས་ཀྱི་བླ་སྲོག་ཡིན།

    བོད་ཀྱི་སྐད་ཡིག་མེད་ན། བོད་ཀྱི་རིག་གཞུང་མེད། །
    བོད་ཀྱི་རིག་གཞུང་ཡོད་ན། བོད་ཀྱི་མི་རིགས་ཡོད། །

    བོད་ཀྱི་རིག་གཞུང་ཡང་དག་པ་ཞིག་ཤེས་དགོས་ན།
    
བོད་རང་གི་ཐུན་མོང་མིན་པའི་སློབ་གསོའི་སྒྲོམ་གཞི་ལ་ངེས་པར་བསྟེན་དགོས།

    གོང་དུ་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་འགའ་ཞིག་དཔེ་མཚོན་དང་དཔྱད་གཞིའི་ཆེད་ཁོ་ནར་ཕུལ་བ་ཡིན། མ་འོངས་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གཙོ་བོར་བྱས་པའི་བོད་གཞུང་དམངས་ཡོངས་ཀྱིས། མི་སེམས་འགུལ་ཐུབ་པའི་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་ལེགས་ཤོས་འགའ་ཞིག་བརྒྱུད་ལམ་སྣ་ཚོགས་ནས་དྲིལ་བསྒྲགས་བྱེད་ཐུབ་ན། བོད་པའི་སྤྱི་ཚོགས་རྨོངས་གཉིད་ལས་སད་པའི་ཕན་ནུས་རླབས་ཆེན་འབྱུང་ངེས་སོ།

    Reply
  2. མགར་རྟོགས་སད says:
    ལོ་ 16 སྔོན།

    ང་གཅིག་པོ་ཁྱོད་ལ་མཁས་དབང་ཞེས་འདོག་ན་ཡག་པོ་མཐོང་ས་མ་རེད།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དགོངས་འགལ་མེད་པ་ཞུ། མཆན་བུ་འོག་མ་ནང་དུ་ཆོད་ལྷག་ཤོར་སོང་བས་བཅོས་པ་ཡིན།

    བློན་ཆེན་མགར་ལགས་བདེ་མོ་ཡིན་། དེ་རིང་སེམས་པ་ལྷོད་ལ་བབ་ཡོད་པ་འདྲ།་ཧ་ཧ་

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    རེད་ཡ་དུས་བབ་རྩོམ་སྒྲིག་པ་ལགས།ང་རང་ཚོའི་སྤྱི་ཚོགས་ནང་དུ་བསམ་ཚུལ་མི་འདྲ་བ་ཁ་ཕྱོགས་གཉིས་དང་ལག་ལེན་མི་འདྲ་བ་ལྡོག་ཕྱོགས་གཉིས་ཡོད་པར་བདེན་པ་རེད།

    1.༢༠༠༨ལོར་གཞི་ལུས་བོད་མི་ཚོས་རང་སྲོག་བློའི་གཏོང་གིས་ཐོག་ཏུ་ཞི་རྒོལ་བྱས་དུས་བཙན་བྱོལ་བོད་གཞུང་གིས་གཞུང་འཛིན་སྒྲིག་འཛུགས་ཀྱིས་ཐོག་ནས་ཁ་གཏད་ཀྱི་དགྲ་བོ་ལ་བློ་ཐག་ཆོད་པའི་སྒོ་ནས་ངོ་རྒོལ་བྱས་མེད་པ་མ་ཟད་དེ་ལས་ལྡོག་སྟེ་དགྲ་བོའི་ངོ་སྲུང་ཅི་ཐུབ་བྱས་ཡོད་པར་ཚང་མས་མཁྱེན་གསལ་རེད།

    2.དེ་ཙམ་མ་ཟད་བལ་ཡུལ་ལྟ་བུར་མཚོན་ན་རྒྱ་ནག་གཞུང་ལ་ངོ་རྒོལ་མང་ཤོས་བྱས་ཡོད། ཡིན་ནའང་དེ་ཚོ་ཚང་མ་བོད་མི་ཉམ་ཐག་ཚོས་རང་གི་འགན་ཁུར་རང་གིས་ལེན་ནས་ངོ་རྒོལ་བྱས་པ་རེད་མ་གཏོགས་གཞུང་འཛིན་སྒྲུག་འཛུགས་ཀྱིས་ཐོག་ནས་གཞི་ལུས་བོད་མི་རྣམས་དང་གདོང་སེམས་མཉམ་བསྐྱེད་བྱས་ནས་ངོ་རྒོལ་བྱས་པ་མ་རེད་སྙམ།

    3.མདོ་ན་བོད་རྒྱ་ཆེན་མི་དམངས་དང་བཙན་བྱོལ་བོད་གཞུང་གི་ལས་འགུལ་བར་འགལ་ཟླ་ཡོད་པར་གསལ་པོ་རེད། གཞི་ལུས་རྒྱ་ཆེན་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་བོད་རང་དབང་རང་བཙན་དང་རྒྱལ་བ་རིན་པོ་ཆེན་ཁྲི་ལ་འཁོར་དགོས་ཞེས་འབོད་ནས་ཞི་རྒོལ་བྱས་ཡོད་ལ་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཀྱི་རྒྱལ་དར་གནམ་ལ་ཕྱར་ནས་free tibetཞེས་སྐད་འབོད་བྱས་ཡོད།

    4.གཞུང་འབྲེལ་སྒྲིག་འཛུགས་ཀྱིས་ཐོག་ནས་དགྲ་བོའི་ངོ་སྲུང་ཐོག་ཏུ་ང་ཚོང་རྒྱ་མི་བྱས་ཀྱི་ཡིན་དང་ང་ཚོང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་བསྡད་ཀྱི་ཡིན་ཟེར་ཞོར་རུ་ཚོགས་ཁང་ནང་དུ་མ་ཎི་འདོན་ནས་བསྡད་པར་རེད། འདིས་རྐྱེན་གྱིས་བོད་རྒྱ་ཆེ་མི་མང་གི་སེམས་ཤུགས་ཆག་ཡོད་ལ་གཞུང་གི་ལམ་ཕྱོགས་དང་མི་སེར་གྱི་ཁ་ཕྱོགས་གཉིས་སོ་སོར་ཕྱིན་ཡོད།

    5.གཞུང་གི་ལམ་ཕྱོགས་དང་མི་སེར་གྱི་ལས་འགུལ་གཉིས་སོ་སོར་ཆག་པས་རྐྱེན་གྱིས་༢༠༠༨་ཞི་རྒོལ་ཆེན་མོས་ནུས་པ་ཅི་ཙམ་ཐོན་ཡོད་མེད་ད་ལྟའི་ཆ་ཤེས་ནུས།

    6.ཞོགས་དུང་ལྟ་བུ་ལ་མཚོན་ན་དགྲ་བོའི་ལག་འོག་ཏུ་མ་སོང་བར་དུ་མཐོང་ཆུང་དང་ཁྱད་གསོད་བྱས་མཁན་བྱུང་ཡོད་ལ་དགྲ་བོའི་ལག་འོག་ཏུ་ལྷུང་ནས་སྲོག་ཁྲིམས་དང་བཙན་ཁྲིམས་མ་གཅད་པའི་སྔོན་དུ་ཞོགས་དུང་ཡག་པོ་ཡོད་རབས་དང་ཞོགས་དུང་རྒྱལ་ཞེན་པ་ཡིན་རབས་བཙན་བྱོལ་ནང་གི་ཚོགས་པ་སྒྲིག་འཛུགས་ཁག་དང་བཀའ་བློན་སྤྱི་འཐུས་རྣམས་ཀྱིས་གསུངས་པ་ཡིན་ན་རྒྱ་ནག་གཞུང་གིས་སྲོག་ཁྲིམས་གཅད་ཡོང་བསམ་པས་བློ་ཚོམ་མི་འདུག་གམ།འདིར་ཡང་གནས་ཚུལ་གཅིག་རེད

    Reply
  5. མགར་རྟོགས་སད says:
    ལོ་ 16 སྔོན།

    ཅོ་རི་

    Reply
  6. མགར་རྟོགས་སད says:
    ལོ་ 16 སྔོན།

    མཁས་པའི་དབང་པོ་ཅོ་རི་ལགས། སྐུ་ཁམས་བཟང་།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    རེད་ཡ་དུས་བབ་རྩོམ་སྒྲིག་པ་ལགས།ང་རང་ཚོའི་སྤྱི་ཚོགས་ནང་དུ་བསམ་ཚུལ་མི་འདྲ་བ་ཁ་ཕྱོགས་གཉིས་དང་ལག་ལེན་མི་འདྲ་བ་ལྡོག་ཕྱོགས་གཉིས་ཡོད་པར་བདེན་པ་རེད།

    1.༢༠༠༨ལོར་གཞི་ལུས་བོད་མི་ཚོས་རང་སྲོག་བློའི་གཏོང་གི་ཐོག་ཏུ་ཞི་རྒོལ་བྱས་དུས་བཙན་བྱོལ་བོད་གཞུང་གིས་གཞུང་འཛིན་སྒྲིག་འཛུགས་ཀྱིས་ཐོག་ནས་ཁ་གཏད་ཀྱི་དགྲ་བོ་ལ་བློ་ཐག་ཆོད་པའི་སྒོ་ནས་ངོ་རྒོལ་བྱས་མེད་པ་མ་ཟད་དེ་ལས་ལྡོག་སྟེ་དགྲ་བོའི་ངོ་སྲུང་ཅི་ཐུབ་བྱས་ཡོད་པར་ཚང་མས་མཁྱེན་གསལ་རེད།

    2.དེ་ཙམ་མ་ཟད་བལ་ཡུལ་ལྟ་བུར་མཚོན་ན་རྒྱ་ནག་གཞུང་ལ་ངོ་རྒོལ་མང་ཤོས་བྱས་ཡོད། ཡིན་ནའང་དེ་ཚོ་ཚང་མ་བོད་མི་ཉམ་ཐག་ཚོས་རང་གི་འགན་ཁུར་རང་གིས་ལེན་ནས་ངོ་རྒོལ་བྱས་པ་རེད་མ་གཏོགས་གཞུང་འཛིན་སྒྲུག་འཛུགས་ཀྱིས་ཐོག་ནས་གཞི་ལུས་བོད་མི་རྣམས་དང་གདོང་སེམས་མཉམ་བསྐྱེད་བྱས་ནས་ངོ་རྒོལ་བྱས་པ་མ་རེད་སྙམ།

    3.མདོ་ན་བོད་རྒྱ་ཆེན་མི་དམངས་དང་བཙན་བྱོལ་བོད་གཞུང་གི་ལས་འགུལ་བར་འགལ་ཟླ་ཡོད་པར་གསལ་པོ་རེད། གཞི་ལུས་རྒྱ་ཆེན་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་བོད་རང་དབང་རང་བཙན་དང་རྒྱལ་བ་ཆེན་ཁྲི་ལ་འཁོར་དགོས་ཞེས་འབོད་ནས་ཞི་རྒོལ་བྱས་ཡོད་ལ་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཀྱི་རྒྱལ་དར་གནམ་ལ་ཕྱར་ནས་free tibetསྐད་འབོད་བྱས་ཡོད།

    4.གཞུང་འབྲེལ་སྒྲིག་འཛུགས་ཀྱིས་ཐོག་ནས་དགྲ་བོའི་ངོ་སྲུང་ཐོག་ཏུ་ང་ཚོང་རྒྱ་མི་བྱས་ཀྱི་ཡིན་དང་ང་ཚོང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་བསྡད་ཀྱི་ཡིན་ཟེར་ཞོར་རུ་ཚོགས་ཁང་ནང་དུ་མ་ཎི་འདོན་ནས་བསྡད་པར་རེད། འདིས་རྐྱེན་གྱིས་བོད་རྒྱ་ཆེ་མི་མང་གི་སེམས་ཤུགས་ཆག་ཡོད་ལ་གཞུང་གི་ལམ་ཕྱོགས་དང་མི་སེར་གྱི་ཁ་ཕྱོགས་གཉིས་སོ་སོར་ཕྱིན་ཡོད།

    5.གཞུང་གི་ལམ་ཕྱོགས་དང་མི་སེར་གྱི་ལས་འགུལ་གཉིས་སོ་སོར་ཆག་པས་རྐྱེན་གྱིས་༢༠༠༨་ཞི་རྒོལ་ཆེན་མོས་ནུས་པ་ཅི་ཙམ་ཐོན་ཡོད་མེད་ད་ལྟའི་ཆ་ཤེས་ནུས།

    6.ཞོགས་དུང་ལྟ་བུ་ལ་མཚོན་ན་དགྲ་བོའི་ལག་འོག་ཏུ་མ་སོང་བར་དུ་མཐོང་ཆུང་དང་ཁྱད་གསོད་བྱས་མཁན་བྱུང་ཡོད་ལ་དགྲ་བོའི་ལག་འོག་ཏུ་ལྷུང་ནས་སྲོག་ཁྲིམས་དང་བཙན་ཁྲིམས་མ་གཅད་པའི་སྔོན་དུ་ཞོགས་དུང་ཡག་པོ་ཡོད་རབས་དང་ཞོགས་དུང་རྒྱལ་ཞེན་པ་ཡིན་རབས་བཙན་བྱོལ་ནང་གི་ཚོགས་པ་སྒྲིག་འཛུགས་ཁག་དང་བཀའ་བློན་སྤྱི་འཐུས་རྣམས་ཀྱིས་གསུངས་པ་ཡིན་ན་རྒྱ་ནག་གཞུང་གིས་སྲོག་ཁྲིམས་གཅད་ཡོང་བསམ་པས་བློ་ཚོམ་མི་འདུག་གམ།འདིར་ཡང་གནས་ཚུལ་གཅིག་རེད།

    Reply
  8. མཐུ་སྟོབས says:
    ལོ་ 16 སྔོན།

    ཤིན་ཏུ་དགོས་ངེས་ཀྱི་རྩོམ་ཞིག་རེད་འདུག རྩོམ་སྒྲིག་པར་ཐུགས་རྗེ་ཆེ།

    Reply
  9. kelsangrabga says:
    ལོ་ 16 སྔོན།

    གོང་གི་རྩོམ་ཡིག་དེའི་ནང་དོན་ནི་བོད་ཕྱི་ངན་གཉིས་ཀྱི་ཁ་ཕྱོགས་མི་མཐུན་པའི་རྒྱུ་མཚན་འདྲ་བོ་འདུག་དེ་དངོས་གནས་མ་རེད་ང་ཚོས་རྒྱབ་ལ་བོད་རྒྱ་ཆེན་མི་མང་ཡོད་པ་དང་བོད་རྒྱ་ཆེན་མི་མང་གི་མདུན་དུ་ང་ཚོ་ཡོད་པ་གཅིག་མཚོན་རེད་དེ་ངས་རང་འདོད་ཀྱི་བཤད་མིན་དངོས་ཡོད་གནས་ཚུལ་རེད་ང་ཚོས་རྒྱ་ཆེན་མི་མང་སྐད་ཆ་དྲི་དགོས་དོན་མི་འདུག་ཁོང་རྣམས་ཀྱི་ངུ་སྒྲ་རེ་རེས་ནང་ལ་མཉམ་འཛོམས་ཀྱི་རེ་སྒུག་དེ་རེད།དེ་ལ་སྐད་ཆ་དྲི་དགོས་ཟེར་བ་ཡིད་ཆེས་མེད་པ་དང་རང་འདོད་ཀྱི་བློ་སྔོན་དུ་གྱུར་བ་མ་ཡིན་ནམ་

    Reply
  10. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    རེད་ཡ། ངས་ཀྱང་ཉིས་སྟོང་བརྒྱད་ཀྱི་གནས་ཚུལ་ནས་བཟུང་ཕྱི་ཕྱོགས་སུ་ང་ཚོས་འཕག་འཚག་ག་ཚོད་བྱས་ཀྱང་དེ་ཙམ་ནུས་པ་ཐོན་གྱི་མེད་པར་ཚོར། ད་དུང་ཞིབ་ཚགས་སུ་བརྗོད་ན། ང་ཚོས་བོད་དོན་འདི་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ག་གེ་མོ་རྣམས་ལ་སྐྱབས་བཅོལ་ནས་རེ་སྒུག་ཡང་སྒུག་བྱས་པ་ཡང་དོན་དམ་གྱི་ཕན་ཐོགས་མེད་པར་ཚོར། དེ་བས་ཀྱང་རྡ་སའི་རི་སུལ་དང་ནགས་སུལ་སིང་ནས་རྒྱང་སྐད་ཇི་ཙམ་བརྒྱབ་པ་དང༌། འཕག་འཚག་ཇི་ཙམ་བྱས་ཀྱང་ལུང་སྟོང་ནང་གི་ཀིར་སྒྲ་སྒྲོག་པ་བཞིན་དུ་གྱུར་བཞིན་པ་ཅི་མ་ཡིན། འཕག་འཚག་བརྒྱབ་ས་བོད་ནང་ཡིན་ཀྱང་འཕག་འཚག་གི་མེ་ལྕེ་མཆེད་འགོ་ཚུགས་པ་དང་མཉམ་དུ་སྡིག་ཅན་གྱིས་བསད་ཅི་ཐུབ་དང༌། རྡུང་ཅི་ཐུབ་ཀྱིས་མེ་ལྕེའི་རང་མདངས་ཚུན་ཆད་ནས་བརླགས་པར་བྱས་ཀྱི་ཡོད། ད་ནས་ང་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཡོད། སྐད་འབོད་དང༌། མར་མེ་ཕྲེང་སྐོར། ཟས་བཅད་ངོ་རྒོལ། ས་རྟགས་བསྡུ་རུབ་སོགས་ཕྱི་ཕྱོགས་ཀྱི་མི་ལོ་ལྔ་བཅུའི་བོད་དོན་ལས་འགུལ་གྱི་ལེའུ་དེ་དག་ལ་རྫོགས་ཚིག་འཐེན་སྟེ་ལེའུ་གསར་པ་ཞིག་འགོ་འཛུགས་དགོས་པར་འདོད།

    Reply
  11. མགར་རྟོགས་སད says:
    ལོ་ 16 སྔོན།

    མི་ཆུང་གི་བཤད་པ་དེ་བདེན་པ་རེད། རྒྱ་དམར་གྱི་ནག་ཉེ་འདི་རེད་མ་ལབ་གོང་།
    ཁྱོད་ཚོས་ནག་ཉེ་འདི་ཡོད་ཞེས་ཁྱབ་བསྒྲགས་བྱེད་ཐུབ་སོང་། གསར་འགྱུར་མཁོ་སྤྲོད་བྱེས་མཁན་ཡང་ཁྱབ་བསྒྲགས་བྱེད་ཐུབ་སོང་། ཁྱོད་ཚོ་ཧ་ཅང་འཇོན་པོ་འདུག
    ཁྱོད་ཚོ་འདི་འདྲའི་འཇོན་པོ་ཞིག་ཡིན་པ་ད་ལོ་གཞི་ནས་ཧ་གོ་བ་ཡིན།
    མུ་མཐུན་ནས་ཡིན་ད། མཁྱེན་རྒྱ་ཅན་གྱི་གསར་འགོད་པ་རྣམས་ཀྱི་དྲུང་དུ།

    Reply
  12. མགར་རྟོགས་སད says:
    ལོ་ 16 སྔོན།

    མི་ཆུང་གི་བཤད་པ་དེ་བདེན་པ་རེད། རྒྱ་དམར་གྱི་ནག་ཉེ་འདི་རེད་མ་ལབ་གོང་།
    ཁྱོད་ཚོས་ནག་ཉེ་འདི་ཡོད་ཞེས་ཁྱབ་བསྒྲགས་བྱེད་ཐུབ་སོང་། གསར་འགྱུར་མཁོ་སྤྲོད་བྱེས་མཁན་ཡང་ཁྱབ་བསྒྲགས་བྱེད་ཐུབ་སོང་། ཁྱོད་ཚོ་ཧ་ཅང་འཇོན་པོ་འདུག
    ཁྱོད་ཚོ་འདི་འདྲའི་འཇོན་པོ་ཞིག་ཡིན་པ་ད་ལོ་གཞི་ནས་ཧ་གོ་བ་ཡིན།
    མུ་མཐུན་ནས་ཡིན་ད། མཁྱེན་རྒྱ་ཅན་གྱི་གསར་འགོད་པ་རྣམས་ཀྱི་དྲུང་དུ།

    Reply
  13. མི་ཆུང་། says:
    ལོ་ 16 སྔོན།

    མགོ་རུལ་སྣ་བས་མ་ཚོར། ཞེས་པའི་དཔེ་འདི་ང་ཚོ་དང་ཅུང་ཁ་ཐག་ཉེ་པོ་ཡོད། ལས་འགུལ་གང་ཞིག་སྤེལ་ཡང་དུས་བབ་དང་ཁེ་གྱོང༌། ང་ཚོའི་ནུས་པར་ལྟ་དགོས།

    ནུས་པ་ཅི་ཡང་མེད་བཞིན་དུ་ཡོད་མདོག་གིས་འུར་སྒྲོག་བྱས་ན། ཁེ་ལས་གྱོང་ཆེ། ནུས་པ་ཡོད་ཀྱང་འགུལ་སྐྱོད་མ་བྱས་ན། དུས་བབ་ཤོར་བ་རེད། ད་ལྟ་ང་ཚོར་ཆབ་སྲིད་སོགས་ཀྱི་ནུས་པ་ཇིཙམ་འདུག་ང་ཚོ་རང་ངོས་ནས་ཤེས་གསལ་རེད། གཞིས་ལུས་བོད་མི་ཚོར་སེམས་ཤུགས་དང་ལ་ཞེན་ཡོད། འོན་ཀྱང་དེ་མིན་གྱི་ནུས་པ་གང་ཡང་མེད་ཅེས་བརྗོད་ན། འཐད་པར་འདོད།

    བཙན་བྱོལ་ནང་ནུས་པ་གང་ཞིག་ཡོད་པ་ས་རིས་ཐང་གསལ་རེད། གནས་ཚུལ་འདི་ཚོར་གཞིག་སྟེ་ལས་འགུལ་གྱི་ཁ་ཕྱོགས་ལྟ་དགོས། རྨོངས་གཉིད་ལས་མ་སད་པར་རྣ་ལུང་རེ་བརྒྱབས་ཏེ་གང་བྱུང་དུ་ཁྲིད་ན། སྡིག་ཉེས་ཅི་ཞིག་བྱུང་ཡང་ཁུར་དགོས།

    Reply
  14. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    གོང་གི་རྩོམ་ཡིག་ནང་གསུང་པ་ལྟར་༼བཙན་བྱོལ་བོད་གཞུང་གིས་ཀྱང་བྱེས་སྡོད་བོད་མི་ཚོ་དང་བོད་ཀྱི་གྲོགས་པོ་ཚོར་བོད་རྒྱ་གཉིས་ཀྱི་བར་ཞི་མཐུན་གྱི་ཁོར་ཡུག་ཅིག་བསྐྲུན་ཐབས་སུ་འབོད་སྐུལ་འདི་ཞུས་མྱོང་། ལོ་ཟླ་རིམ་སོང་དང་མཉམ་དུ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཅི་ཡང་མ་ཐོན་ལ།༽དེ་ནི་ཡང་དག་པའི་སྡོམ་ཚིག་ཞིག་རེད། ཞི་མཐུན་གྱི་འཁོར་ཡུག་བསྐྲུན་དགོས་ཞེས་པའི་བཀའ་ཡིག་དེ་ཕེབས་ནས་མི་མང་པོ་ཞིག་གི་སེམས་ལ་རྨ་ཁ་སྦྱིན་སོང༌། སེལ་དཀའ་བའི་རྨ་ཁ་བཟོས་སོང༌། དེ་ནི་ང་ཚོའི་གཞུང་གི་ཆབ་སྲིད་འགན་ཡོད་དག་གི་ཡིབ་སའི་ཁུང་བུ་ཞིག་བཟོས་པའི་ངོས་འཛིན་བྱ་བཞིན་ཡོད། མི་མང་གི་བདེ་སྡུག་དང་མངོན་འདོད་ལ་རྡོག་སྲོལ་བཏང་བ་ཞིག་ཡིན། ང་ཚོས་རང་ཉིད་དང་གཞི་ལུས་སྤུན་ཟླའི་བདེ་སྡུག་གི་ཆེད་ཐབས་ཤེས་ཡོད་རྒུ་རྩལ་དཀྲུགས་བྱ་དགོས་པ་ལས་ལྐུག་པ་ལྟར་ཁ་ཁུ་སེམ་མེར་མ་ཞུགས་རོགས་བཞེས་འབོད་ཚིག་སྒྲོགས་བཞིན་ཡོད། དེ་བས་ཀྱང་ཆབ་སྲིད་པ་དག་གིས་མི་མང་གི་འདུན་ནས་དབུ་འཁྲིད་ཏེ་ལས་འགུལ་སྤེལ་རོགས་ཡིབ་ནས་མ་བཞུགས་རོགས་མི་ལོ་ལྔ་བཅུ་ཡིབ་ནས་བཞུགས་སོང་ཀྱང་ཕན་མ་སོང་། སེང་དར་སྒྲེང་སྟེ་འདུན་དུ་བསྐྱོད་ཤོག འཆི་བ་དང་དཀའ་ཚེགས་ལ་མི་སྐྲག་པར་འདུན་དུ་ཕེབས་དང༌།

    Reply
  15. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བཙན་བྱོལ་གྱི་བོད་མི་ཚོར་ལྷག་བསམ་གྱིས་མ་འདང་བ་མིན་པར། ཀུན་སྤྱོད་ཀྱི་ཐད་ནས་མགོ་རྙོག་ཅིག་འཕྲད་བཞིན་ཡོད་པར་མཐོང་གི་འདུག

    དེས་ན་ང་ཚོས་ཕྱི་ཕྱོགས་ནས་ཁྱབ་བསྒྲགས་དང་སྐད་འབོད་བྱེད་མི་བྱེད་ཀྱི་ཚད་དེ་གང་ཞིག་ནས་འཛིན་དགོས་པ་རེད་དམ།

    Reply
  16. གནམ་ལྕགས། says:
    ལོ་ 16 སྔོན།

    དེ་ག་རང་རེད། ང་ཚོའི་ངོས་ནས་ཕན་མི་ཐོག་པའི་ལས་འགུལ་རེ་སྤེལ་ཏེ་རེ་སྒུག་བྱེད་པ་ནི་བེའུ་མི་སྐྱེས་པའི་བ་མོ་ཞིག་ཉར་བ་བཞིན་ནོ།། དེ་བས་གྲགས་འགུལ་ཡོད་པའི་དགའ་ལྡན་ཁྲི་དང་གཙང་བོའི་ཆུ་གཉིས་ཀྱི་གཅིག་བདམས་ན་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese