མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧུའུ་ཅིན་ཐའོ་ལ་སྙན་ཞུ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་མཚན་ཐོག་ཏུ་སྙན་ཞུའི་ཡི་གེ་ཞིག་ཕུལ་ཏེ། ༧གོང་ས་མཆོག་ཡུལ་ཤུལ་ཁུལ་དུ་ཆོས་ཕྱོགས་རང་གི་ཐོག་ནས་ཕེབས་འཇུག་རོགས་ཟེར། 

དེ་རིང་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་འདི་ག་གསར་ཁང་ལ་བཏང་གནས་ལྟར་ན། འདས་པའི་ཟླ་གཅིག་རིང་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་གདན་ས་ཁག་གཙོས་བཙན་བྱོལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་ ༡༠༡༡༣ ཙམ་གྱི་མཚན་རྟགས་བསྡུ་རུབ་བྱས་ཏེ། སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་མཚན་ཐོག་ཏུ་སྙན་ཞུའི་ཡི་གེ་ཞིག་ཕུལ་འདུག་ལ། སྙན་ཞུ་དེའི་ནང་དོན་གཙོ་བོ་ནི། ཡུལ་ཤུལ་ཁུལ་དུ་༸གོང་ས་མཆོག་ཆོས་ཕྱོགས་རང་གི་ཐོག་ནས་བསྔོ་སྨོན་གནང་བར་ཕེབས་རྒྱུར་མཐུན་འགྱུར་ཡོང་ཆེད་ཡིན་འདུག 

སྙན་ཞུ་དེའི་ནང་། ཡུལ་ཤུལ་ས་ཡོམ་གོད་ཆག་བྱུང་མ་ཐག གོད་ཆག་ཐེབས་པའི་ཉམ་ཐག་མང་ཚོགས་ཁྲི་བཅུ་ཕྲག་ཁ་ཤས་ཀྱིས་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གཉིས་ལ་ད་ཐེངས་༧གོང་ས་མཆོག་སྐུ་དངོས་སུ་ཕེབས་ཏེ་ཁོང་ཚོར་བསྔོ་སྨོན་གནང་འཇུག་རྒྱུར་རེ་འདུན་ནན་མོ་ཞུས་པ་དང་། ༸གོང་ས་མཆོག་གིས་ཀྱང་ད་རེས་ས་འགུལ་གྱི་གོད་ཆག་བྱུང་སའི་ས་ཁུལ་མཚོ་སྔོན་ཞིང་ཆེན་ནི་ངོས་དང་༧པཎ་ཆེན་སྐུ་གོང་མ་གཉིས་ཀའི་སྐྱེས་ཡུལ་ཡིན་སྟབས། ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་ཀྱི་རེ་འདོད་བསྐང་སྟེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ། ཞེས་གསུངས་པ་ལྟར། 

བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དབུ་ཁྲིད་མཐོ་ཤོས་༸གོང་ས་མཆོག་རང་གི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ཀྱི་རེ་འདུན་སྐོང་འདོད་ཀྱི་ཐུགས་བརྩེའི་དགོངས་གཞི་ཟབ་མོ་དང་། ཉམ་ཐག་མི་མང་གི་ལྷད་མེད་དད་འདུན་གྱི་རེ་སྐུལ་བཅས་ལ་བཀུར་འོས་སྲིད་འཛིན་མཆོག་ནས་དགོས་པ་ཆེར་བཞེས་ཀྱི་སྒོ་ནས་བདག་སྤྲོད་གནང་སྟེ། སྐྱེ་རྒུ་མདོ་ཁུལ་དུ་༸གོང་ས་མཆོག་ཆོས་ཕྱོགས་རང་གི་ཐོག་ནས་བསྔོ་སྨོན་གནང་བར་ཕེབས་རྒྱུར་མཐུན་འགྱུར་ཡོད་པ་ཞུ་ཆེད། འདིར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགེ་འདུན་པ་ཆིག་ཁྲི་ཆིག་བརྒྱ་བཅུ་གསུམ་གྱིས་ལྷག་བསམ་རྣམ་དག་གིས་རེ་སྐུལ་ནན་མོ་ཞུ་བའི་མཚན་རྟགས་བཀོད་ནས་ཕུལ་ཡོད་ན་སྐུ་ཉིད་ནས་དེ་དོན་དགོངས་བཞེས་ཡོད་པ་ཞུ་ཞེས་གསལ་འདུག 

གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་མཆོག་ལྡི་ལིར་ཆེད་ཕེབས་གནང་སྟེ། མཚན་རྟགས་བསྡུ་རུབ་བྱས་པ་རྣམས་ཕྱོགས་བསྡུ་བྱས་ཏེ། ཁ་སང་རྒྱ་ནག་གཞུང་ཚབ་ཁང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་ཁག་ཏུ་བསྐྱལ་ཡོད་འདུག 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༡༤ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༡༤ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༡༦ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༡༦ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

མཆན། 6

  1. གངས་ཕྲུག says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེན་ཞུྲ

    Reply
  2. seartsang jamyang says:
    ལོ་ 16 སྔོན།

    གངས་ལྗོངས་རང་བདེ་ཚོགས་པས་ཐུགས་རྒྱ་ཆེན་པོས་༧གོང་ས་
    སྐྱབས་མགོན་ཆེན་པོ་མཆོག་སྐྱ་རྒུའི་སྤུན་ཟླ་ཡོངས་ལ་སེམས་གསོ་དང་
    འདས་པོ་རྣམས་བསྔོ་སྨོན་གནང་བར་འཕེབ་རྒྱུའི་ཆེད་དུ་ཧུའུ་ཅིན་ཐའོ་ལ་སྣ་ཞུ་འབུལ་
    བར་གུས་ངས་སེམས་དབུས་ནས་བཀའ་དྲིན་ཆེ་ཞུ།།
    ཁ་དྲོ་བཀྲ་ཤིས་བདེ་ལེགས།།

    Reply
  3. མི་ཞུན། says:
    ལོ་ 16 སྔོན།

    དེ་ནས་ཁ་རུ་བྱས་པ་རེད།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཡི་གེ་སྤྲད་རྗེས་ཁྱབ་བསྒྲགས་བྱས་ན་བཟང་གི
    མདང་དགོང་ལྡི་ལི་མན་ཇུ་ཀྲེ་ལར་གཏམ་བཤད་རྐང་ཆགས་མ་ཞིག་བྱས་པ་གོ་སོང་།

    Reply
  5. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    གངས་ལྗོངས་ཚང་གི་ལས་ཀ་དེ་ཧ་ཅང་ཡག་པོ་རེད། རྗེས་སུ་ཡི་རངས་ཡོད། འདི་ལྟར་ང་ཚཽ་བོད་གཞིས་བྱེས་གཉིས་ནས་བློ་གཅིག་སེམས་གཅིག་གིས་་སྐད་གཅིག་གདངས་གཅིག་གིས་རེ་ཞུ་རེ་བརྒྱབས་ན་རེ་བ་ཡོད་སྲིད་པ་རེད་སྙམ། སྐྱེ་རྒུ་མདོའི་སྤུན་ཟླ་ཚོར་སེམས་གསོ་དང་འདས་པོ་ཚོར་བསྔོ་སྨོན་ཞིག་གསུངས་པར་ད་ལོ་གདན་འདྲེན་ཞུ་མ་ཐུབ་ན་ཕྱིས་སུ་དཀའ་ལས་ཁེགས་པར་འདོད། ད་ལོ་ཆབ་སྲིད་སོགས་གང་ཡང་མི་གླེང་བར་ཆོས་ཀྱི་ཆཽ་ག་ཁཽ་ནའི་ཕྱིར་ཕེབས་ཐུབ་ནའང་དགེ་མཚན་ཆེ་བར་འདོད།

    Reply
  6. ཡོན་བྷེ། says:
    ལོ་ 16 སྔོན།

    དུས་བབ་ཚང་གི་གསར་འགོད་པ་ཚོ་ལ་འདྲི་རྒྱུར། ཉེ་བའི་ཆར་འཛིན་བཟུང་བཀག་ཉར་ཐེབས་པའི་བོད་ནང་གི་རྩོམ་པ་པོ་སྐུ་ཞབས་ཞོགས་དུང་ལགས་ཁ་སང་མངག་གཏོང་བྱས་ཡོད་པའི་གནས་ཚུལ་ཞིག་ཐོན་བཞིན་འདུག་ན་འདིའི་ཐད་རྒྱུས་ལོན་དང་ཤེས་རྟོགས་ཡོད་མེད་ཀྱི་ལན་ཞིག་འཇོག་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese