མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་སྒོར་དུང་ཕྱུར་ཆིག་ཁྲིའི་གཏེར་མཛོད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ས་གཤིས་བརྟག་དཔྱད་པ་དང་ཕིན་ཊ་གྷོན་གྱི་ཉམས་ཞིབ་པས་ཨབ་གྷན་དུ་མ་གནས་ཨ་སྒོར་དུང་ཕྱུར་ཁྲི་ ༡ ལྷག་གི་གཏེར་མཛོད་འགའ་གསར་རྙེད་བྱུང་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་ནེའུ་ཡོག་དུས་བབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཨ་རིའི་ས་གཤིས་བརྟག་དཔྱད་པ་དང་ཕིན་ཊ་གྷོན་གྱི་ཉམས་ཞིབ་པས་ཨབ་གྷན་དུ་མ་གནས་ཨ་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་གི་གཏེར་མཛོད་འགའ་གསར་རྙེད་བྱུང་ཡོད་འདུག་ལ། དེ་ནི་ཕྱི་ལོ་ ༢༠༠༦ ནས་བཟུང་ཨ་རིའི་ས་གཤིས་བརྟག་དཔྱད་ཁང་གི་ཚན་རིག་པས་དེ་སྔོན་གྱི་སོ་ཝེ་ཊི་མཉམ་འབྲེལ་ Soviet Union རྒྱལ་ཁབ་ཀྱི་གྲངས་ཐོར་ཞིབ་བཤེར་དང་པར་རིས་བཅས་རྨང་གཞིར་བྱས་ཐོག གནམ་ས་གཉིས་ནས་འཕྲུལ་རིགས་བེད་སྤྱོད་ཀྱིས་བརྟག་ཞིབ་བྱས་འབྲས་སུ་གསར་རྙེད་བྱུང་བ་ཞིག་རེད། འདིའི་ཐད་ཨབ་གྷན་གཏེར་ཁུངས་ཚན་པའི་མགྲིན་ཚབ་པ་སྐུ་ཞབས་ Omar མཆོག་གིས་བརྗོད་དོན། མ་གནས་ཨ་སྒོར་དུང་ཕྱུར་ཆིག་ཁྲི་ལྷག་གི་གཏེར་མཛོད་གསར་རྙེད་བྱུང་བ་དེས་འབྱུང་འགྱུར་ཨབ་གྷན་གྱི་ཡུལ་དེའི་འཚོ་བའི་དཀའ་ངལ་སེལ་ཐུབ་ཀྱི་ཡོད། གཏེར་མཛོད་ཐོན་སྐྱེད་བྱས་ཚེ་རྒྱལ་ཁབ་ཀྱི་ཡར་རྒྱས་ལ་སྔར་ལས་ལྷག་པའི་ཤུགས་རྐྱེན་ཐེབས་ཀྱི་རེད་ལ། དེང་ཕྱིན་ཨབ་གྷན་གྱིས་ཕྱི་ཕྱོགས་ཀྱི་རོགས་དངུལ་ལེན་མི་དགོས་པར་རང་ཁ་རང་གསོ་ཐུབ་ཀྱི་རེད་ཅེས་བརྗོད་ཡོད།

 

ཨ་རིའི་ཕོན་ཊ་གྷོན་གྱི་ནང་ཁུལ་ལས་རིམ་དེའི་ནང་བཀོད་དོན། རྗེས་ཕྱོཊ་ཨབ་གྷན་གྱི་ཡུལ་དེ་འཛམ་གླིང་ཐོག་གལ་གནད་ཆེ་བའི་གཏེར་ལས་འཛུགས་བསྐྲུན་ལྟེ་གནས་ཞིག་ཆགས་རྒྱུ་ཡིན་ཚུལ་དང་། དེ་བཞིན་མ་རྩ་འཇོག་མཁན་གྱི་བདེ་འཇགས་ལ་འགན་ལེན་དང་ཞི་བདེའི་ཁོར་ཡུག་ངེས་པར་དུ་བསྐྲུན་དགོས། གལ་སྲིད་ཨབ་གྷན་གྱི་འཐབ་ཇུས་གློ་བུར་དུ་མཐོ་རུ་ཕྱིན་པ་ཡིན་ན། ས་ཁོངས་ཆེ་བའི་རྒྱ་གར་དང་རྒྱ་ནག དེ་བཞིན་ཨ་རི་བཅས་ཀྱིས་ཨབ་གྷན་ལ་འཛིན་པའི་འཐབ་རྩོད་ཀྱི་ཤུགས་རྐྱེན་དེར་ཡང་འགྱུར་བ་འགྲོ་སྲིད་པ་ཞིག་རེད་ཅེས་དང་། སོ་ངྷི་ཨ་རབ་ལ་སྣུམ་གྱི་ཐོན་ཁུངས་ཡོད་པ་བཞིན་ཨབ་གྷན་ལའང་ཁ་པར་དང་། གློག་ཀླད་ཀྱི་གློག་བཞུའི་རྒྱུ་ཆ་ལི་ཐམ་ Lithium དང་གསེར། ཟངས། ལྕགས་བཅས་གསར་རྙེད་བྱུང་ཡོད་ཅེས་འཁོད་ཡོད།

 

དབྱེ་ཞིབ་པས་བརྗོད་ན། ཨབ་གྷན་དུ་གཏེར་ཁ་ཕོན་ཆེན་གསར་རྙེད་བྱུང་བའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དེ་ནི་ཆབ་སྲིད་ཀྱི་རྐྱེན་གྱིས་ཡིན་ཚུལ་བརྗོད་ཡོད། མ་གནས་ཨ་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་གི་གཏེར་ཁ་དེ་ཨབ་གྷན་གྱི་ལོ་རེའི་ཡོང་འབབ་ཨ་སྒོར་དུང་ཕྱུར་ ༡༢༠ ཙམ་ཡིན། དབུལ་ཕོངས་དང་དམག་འཁྲུག་རྒྱུན་ཆད་མེད་པའི་རྒྱལ་ཁབ་འདིའི་དཔལ་འབྱོར་གྱི་རྟེན་གཞི་གཙོ་བོ་ཉལ་ཐ་ཐོན་སྐྱེད་དང་དུག་རྫས་དབོར་འདྲེན། ཕྱི་ཕྱོགས་རོགས་སྐྱོར་བཅས་ཡིན་པ་རེད། ཨབ་གྷན་གཏེར་ལས་ཚན་པའི་སློབ་སྟོན་པས་བརྗོད་ན། གསར་དུ་རྙེད་པའི་གཏེར་མཛོད་དེ་ནི་འབྱུང་འགྱུར་ཨབ་གྷན་གྱི་དཔལ་འབྱོར་གྱི་སྲོག་ཤིང་ལྟ་བུར་ཆགས་རྒྱུ་ཡིན་ཚུལ་བརྗོད་ཡོད། གཏེར་མཛོད་དེ་ནི་གཙོ་བོ་ཨབ་གྷན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས། དེ་བཞིན་པ་ཀི་སི་ཐན་གྱི་ས་མཚམས་བཅས་སུ་ཡོད་ལ། དེ་ནི་ཨ་རིའི་དམག་མི་དང་ཊ་ལི་བྷན་བར་དམག་འཁྲུག་རྒྱག་སའི་ས་ཁུལ་ལྟེ་བ་ཞིག་ཆགས་ཡོད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 3

  1. lotsok says:
    ལོ་ 16 སྔོན།

    གྲོགས་པོ་མི་འགྱུར་ལགས་ང་ཡང་རྒྱན་འཇོག་རྒྱུར་དགའ་པོ་ཡོད། ང་རང་དགའ་ཤོས་རུ་ཁག་དེ་ རྗར་མན་ ཡིན། ཟླ་༦་ ཚེ་༡༨་བཟའ་པ་སངས་ཉིན་Germany-Serbien གཉིས་རེད། ང་རང་གིས་ཡང་རྗར་མན་ཕྱོགས་ལ་ ཧིན་སྒོར་ ༡༠༠༠༠༠ འཇོག་འདོད་ཡོད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    དེ་ལྟར་ཡིན་ན། བོད་ཀྱི་གཏེར་མཛོད་ཀྱི་རིན་ཐང་སུས་བཤད་ཐུབ་བམ།

    Reply
  3. migyur says:
    ལོ་ 16 སྔོན།

    ང་རང་རྐང་རྩེད་ལྤོ་ལོར་དགའ་བོ་ཡོད་པ་མ་ཟད། རུ་ཁག་འདེམས་ཏེ་རྒྱན་འཇོག་རྒྱུར་དེ་བས་དགའ་བོ་ཡོད། གང་ཡིན་ཟེར་ན། དང་པོ་རྩེད་མོ་དེར་དོ་སྣང་ཡོད་པའི་ཁར། རྒྱན་ཅུང་ཟད་བཞག་ན་སོ་སོའི་རུ་ཁག་ལ་ཞེན་ཤུགས་ཆེ་དང༌། དོ་སྣང་ཆེ་བ་ཡོང་གི་འདུག དེར་རྟེན་རྐང་རྩེད་ལྤོ་ལོ་མ་རྩེད་སྔོན་སོ་སོས་གང་འདོད་པའི་རུ་ཁག་ཞིག་འདེམས་ཏེ། ང་དང་མཉམ་དུ་རྒྱན་འཇོག་འདོད་ཡོད་ན། ཧིན་སྒོར་ ༡༠༠༠༠༠ ནས་ ༡༥༠༠༠༠ བར་འཇོག་གི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese