མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀ་བ་གསུམ་གྱི་སྲུང་མར་སུ་འོས་སམ། པདྨ་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

 

ཀ་བ་གསུམ་གྱི་སྲུང་མར་སུ་འོས་སམ།
མཚོ་མགོ་བ་ཨཱཅཱརྱ་པདྨ་རྡོ་རྗེ།

ཆབ་སྲིད་ཀྱི་བྲོ་བ་མྱང་འདོད་ལྟ་ཅི། དྲི་མ་ཙམ་ཡང་སྣོམ་འདོད་མེད་པས་བཙན་བྱོལ་བོད་མིའི་ཆབ་སྲིད་དང་འཚོ་ཐབས་ལ་ཐེ་བྱུས་བྱེད་པ་ནི་མིག་མེད་ལོང་བ་ཞིག་གིས་མིག་ལྡན་སྣེ་འཁྲིད་བྱས་པ་དང་ཅིས་མི་མཚུངས། འོན་ཀྱང་རྒྱལ་བའི་ཐུགས་རྗེའི་འོད་ཟེར་གྱིས་བྱིན་གྱིས་རླབས་ཤིང་ངྷ་རམ་ས་ལའི་རི་གཤོངས་སུ་བསླངས་པའི་མང་གཙོའི་ཀ་བ་གསུམ་པོ་དེ་བཞིན་མི་ཉམས་རྒྱུན་འཛིན་བྱེད་ཐུབ་དང་མི་ཐུབ། ལོ་རྒྱུས་ཀྱི་ཁ་ཕྱོགས་གང་དུ་བསྐྱོད་དང་མི་བསྐྱོད་སོགས་ཀྱི་ཐག་གཅོད་ནི། མགོ་འཛིན་རྣམས་ཀྱི་གཤིས་སྤྱོད་ལ་རག་ལས་པ་ལས་མི་དམངས་ཀྱི་བསམ་ཚུལ་དང་འོས་ཤོག་གྲངས་བཤེར་ལ་ནུས་པ་གང་ཡང་མེད་སྟབས། གང་ཟག་སོ་སོའི་མཐོང་སྣང་ལ་ཀ་བ་གསུམ་པོའི་སྲུང་མར་བསྐོ་གཞག་འདི་འདུག་སྙམ་པའམ། སུ་ཞིག་བསྐོ་དགོས་སམ་སྙམ་པའི་སོམ་ཉི་ལ་གནས་པའམ། ཡང་ན། འདུ་ཤེས་ཅི་ཡང་མེད་པར་རང་ཉིད་ཀྱི་འཚོ་བར་རོལ་བ་འབའ་ཞིག་ཏུ་གནས་པ་སོགས་གནས་བབ་ཅི་འདྲ་ཞིག་ཡིན་རུང༌། ལྷ་སྲུང་མར་བསྟེན་ན་རང་གཞན་ཐམས་ཅད་ལ་བདེ་སྐྱིད་དང༌། འདྲེ་སྲུང་མར་བསྟེན་ན་རང་གཞན་ཐམས་ཅད་སྟོང་པའི་རྒྱུ་ཡིན་པ་བློ་ངོར་ཆུད་པར་བྱས་ཏེ་འོས་ཤོག་མི་འཕེན་པའི་སྔོན་ཚུད་ནས་ཀ་བ་གསུམ་སྤྱི་དང༌། ལྷག་པར་འཛིན་སྐྱོང་བཀའ་ཤག་གཞལ་ཡས་ཁང་གི་ཁྲི་བཟང་མཐོན་པོའི་སྟེང་དུ་བསྐོ་གཞག་བྱ་རྒྱུའི་སྲུང་མ་དེ་བཞིན་ལྷ་འདྲེ་གང་ཡིན་བརྟག་དཔྱད་ནན་པོ་བྱེད་དགོས་པར་མཐོང༌།

ངོ་མ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ཉེ་རིང་གི་དྲི་མས་མ་གོས་པར་རང་ཁྱིམ་གྱི་ཨ་མས་བུ་ཕྲུག་ལྟར་གཅེས་པར་འཛིན་ཅིང་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཞིག་རག་ཐབས་ཀྱིས་འཚོལ་ཞིབ་བྱ་རྒྱུ་དེ་ཡང་རེ་བ་ཞིག་ཡིན། ཡང་ཁ་ཤས་ཀྱིས་དེང་དུས་འཛམ་གླིང་སྤྱི་ཡོངས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ། གཞོན་སྐྱེས་ལ་གོ་སྐབས་འབུལ་དགོས་ཞེས་ཤོད་ཀྱི་ཡོད། རེད་ཨ། བོད་མིའི་མངོན་འདོད་སྒྲུབ་རྒྱུའི་ཤེས་ཡོན་དང༌། འཇོན་ཐང༌། སྙིང་སྟོབས། འདུན་པ་ཡོད་པ་ཞིག་ཡོད་ན། གང་གི་འགྲོ་ཆགས་འདུག་གསུམ་སྔ་དེང་གང་གི་ཁོངས་སུ་གཏོགས་དང་མི་གཏོགས། སྐད་རིགས་སྨྲ་བའི་དབང་ཕྱུག་ཡིན་དང་མིན་ལ་ཁྱད་པར་གང་ཡང་མེད། འོན་ཀྱང་འོས་འདེམས་བྱ་རྒྱུའི་གོ་སྐབས་དང་ཐོབ་དབང་ཡོད་པ་ཐམས་ཅད་ཀྱིས་དེ་སྔ་ང་ཚོས་བདམས་ཟིན་པའི་སྤྱི་འཐུས་དང་ས་གནས་མགོ་འཛིན་སོགས་ཀྱིས་རང་ཉིད་འདེམས་ཐོན་བྱུང་བ་ན་དུས་ནས་དུས་སུ་བོད་མི་རིགས་དགའ་དགོས་པའི་ལས་དོན་ཅི་དང༌། ངུ་ཤོར་དགོས་པའི་ལས་དོན་ཅི་བྱས་སོགས་འདས་པའི་གནས་ཚུལ་རྣམས་ཞིབ་ཕྲ་མིག་འོག་ཏུ་ཆུད་པའི་ཐོག་ནས་ཕྱི་ལོ་ ༢༠༡༡ ལོའི་ནང་བསྐོ་འགྱུར་གྱི་བཀའ་ཁྲི་དེ་བཞིན་གཟབ་ནན་ཐོག་འོས་འདེམས་བྱེད་དགོས་པ་ལས། ཁ་ནས་ཁྲིམས་ཀྱིས་དབང་བསྒྱུར་ཞེས་ཤོད་ཀྱང་དོན་དངོས་ཐོག་དུས་ད་ལྟ་ཡང་བཙན་པོ་དང་བཀའ་བསྒོས་རྒྱུན་འཛིན་གྱི་ལོ་རབས་སུ་རང་འཇགས་གནས་པའི་བཟོ་འདྲ་ཞིག་དང༌། རང་ཉིད་ཀྱི་སྐྱིད་སྡུག་དང་འབྲེལ་བའི་རང་ཕྱོགས་ལ་ཡོད་ཚད་ཐམས་ཅད་བྱེད་མཁན་དང༌། གཞན་དེར་མཐོང་ཆུང་དང་བརྗིད་ཉམས་བསྟན་ཏེ་ཞུ་གཏུགས་བྱེད་མི་འདྲོག་ཏུ་འཇུག་མཁན་ཡང་ཡོད། ཕྱོགས་གཅིག་ནས་བལྟས་ན། ཁོ་པ་ཚོའི་བསོད་ནམས་དང་དབང་ཐང་ཡིན་སྲིད་མོད་ཀྱང༌། གཅིག་ཤོས་སུ་ངོ་ཤེས་དང་མི་ཤེས། ཤེས་ཡོན་ལྡན་དང་མི་ལྡན། གོ་ས་ཡོད་དང་མེད། འབྱོར་བ་ལྡན་དང་མི་ལྡན། ཁ་བསང་ཐུབ་དང་མི་ཐུབ། བརྙས་བཅོས་འཁུར་ཐུབ་དང་མི་ཐུབ་སོགས་བོད་མི་ཐམས་ཅད་ཀྱི་བདེ་སྡུག་ཞུ་ས་ཞིག་ཏུ་བསྐོ་གཞག་བྱས་པའི་སྤྱི་མི་ཞིག་ཡིན་པ་དྲན་པ་མ་བརྗེད་པ་བྱེད་དགོས་པར་མཐོང༌།

ད་ལྟའི་ཆར་དྲ་རྒྱ་དང་གསར་ཤོག་ཁག་ཏུ་འབྱུང་འགྱུར་བཀའ་བློན་ཁྲི་པའི་འོས་མི་མང་དག་ཅིག་གི་ལོ་རྒྱུས་དྲིལ་བསྒྲགས་གནང་ཡོད་ཀྱང༌། བོད་མི་རིགས་ལ་ཞབས་འདེགས་སྒྲུབ་ཁུལ་གྱིས་རང་ཁོངས་གཞིས་ཆགས་ལྟ་བུ་བོད་མི་ཉུང་ཤས་ཤིག་གི་བདེ་སྡུག་ཙམ་པོ་བའི་སླད་དུ་ཁ་རྩོད་དང་ཁ་བདེ་པོ་ཤོད་ཐུབ་པ་ཙམ་ཞིག་ལ་བསྔགས་བརྗོད་དང༌། ཡག་པོ་ཡོད་ཤག་བརྩི་བ་ནི། མཐོང་བ་གཙོ་འཛིན་བྱེད་པའི་དུས་རབས་གསར་པ་འདིར་སྐྱོན་ཆ་ཞིག་ཏུ་བརྩི་གི་ཡོད་པས། གཞན་ནས་ཐོས་པ་ལྟ་ཅི། རང་གིས་མཐོང་བ་དེ་ཡང་སྒྲོ་འདོགས་དང་སྐུར་འདེབས་གང་ཡིན་མཐོང་ཐོས་གཉིས་ཀའི་ཐོག་རྩིང་ཞིབ་གཉིས་ཀྱིས་མཐར་འཁྱོལ་བའི་བརྟག་དཔྱད་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།

རྩ་བའི་མང་གཙོའི་ལམ་ལུགས་ནང་སྲིད་འཛིན་དང་སྲིད་བློན་དུ་བསྐོ་གཞག་བྱས་པའི་གང་ཟག་ཅིག་གིས་རྒྱལ་ཁབ་དང་མི་རིགས་ཀྱི་མངོན་འདོད་སྒྲུབ་མི་ཐུབ་ཚེ། ལོ་ལྔ་མ་ཚང་བའི་སྔོན་ནས་ཕྱིར་འཐེན་བྱས་ཏེ་གསར་པ་བསྐོ་གཞག་བྱ་རྒྱུའི་ཐོབ་དབང་ཡོད་པ་གོར་མ་ཆག་ཀྱང༌། ང་ཚོ་བཙན་བྱོལ་བའི་གནས་བབ་འདིར་གང་ཟག་གཅིག་གིས་ང་ཚོའི་སྐར་མ་གཅིག་འཕྲོ་བརླག་བཏང་བ་ཡིན་ནའང་རྒྱལ་ཁབ་གཞན་གྱི་གྱོང་གུད་ལ་འགྲན་ཐབས་མེད་པ་ཞིག་ཡིན་སྟབས། གང་ཟག་དེ་བཀའ་ཁྲིར་བསྐོས་ན་ཇི་ལྟར་ཡོང་ངམ་སྙམ་པའི་ཚོད་ལྟ་བྱ་ས་ཞིག་ཀྱང་མིན་པ་ར་འཕྲོད་དགོས། ཆབ་སྲིད་པ་ཚོས་རྩ་ཁྲིམས་རིན་པོ་ཆེ་ལུང་དྲངས་ཏེ་གང་ཟག་གཅིག་གིས་བཀའ་ཁྲི་ལོ་བཅུ་ལས་གནང་མི་ཆོག་པར་མ་ཟད། གལ་ཏེ་ལོ་བཅུ་ལས་བརྒལ་ཏེ་ཕྱག་ལས་གནང་བ་ཡིན་ན། རང་བཙན་ལྡན་པའི་རྒྱལ་ཁབ་སྤྱི་དང༌། ལྷག་པར་རང་རེའི་ཁ་གཏད་རྒྱ་ཕྱོགས་ནས་བཙན་བྱོལ་གྱི་མང་གཙོ་དེ་མང་གཙོ་ཚད་ལྡན་ཞིག་མ་ཡིན་པའི་སྐྱོན་བརྗོད་བྱེད་ངེས་ཞེས་གཏམ་བསྒྲགས་ཀྱང༌། ཅོལ་ཆུང་ངས་བལྟས་ན། དགག་ཆ་ལ་ལྟོས་ཏེ་དགོས་པ་གཙོ་ཆེ་ཞེས་པ་ལྟར་དགག་ཆ་དགོས་པར་གཟིགས་དགོས།

དོན་དངོས་ཐོག་གཞན་གྱི་སྐྱོན་བརྗོད་ལ་འཇིགས་སྣང་དང་འཚེར་སྣང་སྤུ་ཙམ་ཞིག་ཡོད་ན། དྷ་སའི་བརྙན་འཕྲིན་དང༌། དྲིལ་བསྒྲགས་ཀྱིས་འགྲེམས་སྤེལ་གནང་བཞིན་པའི་འོད་ལྡེར་ཁག་བརྒྱུད་ནས་གྲོས་ཚོགས་ཀྱི་ཚོགས་དུས་སྐབས་གླེང་མོལ་ཇི་ལྟར་གནང་བཞིན་པ་དེ་དག་ལ་གཟིགས་ན་ཤེས་ཐུབ་པས། གཏམ་གླེང་དེ་དག་ཡིད་ཀྱི་དཀྱིལ་འཁོར་དུ་ཤར་ཡང་རྒྱལ་ཁབ་དང་མི་རིགས་ལ་བསམ་ཤེས་ཀྱིས་གྲེ་བར་བསྐྱིལ་ཏེ་སྨྲ་སྒོ་ནས་མ་ཕྱུང་མེད་ན་ད་གཟོད་ཅི་འདྲའི་མི་མཛེས་སམ། གང་ལྟར་ཇི་སྲིད་བཙན་བྱོལ་དུ་གནས་པ་དེ་སྲིད་དུ་རྩ་ཁྲིམས་རིན་པོ་ཆེའི་ནང་འཁོད་པའི་ཚིག་འབྲུ་རེ་རེ་བཞིན་ལག་བསྟར་བྱེད་ཐུབ་པ་ཞིག་ད་ལྟའི་བར་བྱུང་མེད་ལ། སླད་མར་ཡང་ཡོང་ཐབས་བྲལ་བ་ཞིག་ཡིན་གཤིས། ཤེས་འཇོན་ཉམས་གསུམ་ལྡན་ཞིང་འཛམ་གླིང་གི་འགྱུར་གྲོས་དང་མཐུན་པའི་ལམ་བུར་བོད་མི་རིགས་སྣེ་འདྲེན་བྱེད་ཐུབ་མཁན་གྱི་གང་ཟག་ཅིག་ཡིན་ཚེ་ལོ་ངོ་བཅུ་མ་གཏོགས་ལོ་ངོ་བཅོ་ལྔ་ཉི་ཤུར་བསྐོ་གཞག་བྱས་ཀྱང་སྐྱོན་ཆ་ཅི་ཡོད།

ཕྲན་གྱིས་ཉན་སྟངས་ནོར་བ་མིན་ན། སྐབས་ ༡༢ པའི་གྲོས་ཚོགས་ཀྱི་ཚོགས་དུས་ཤིག་ཏུ་ྋགོང་ས་མཆོག་གི་བཀའ་སློབ་བཀྲིན་སྩལ་བའི་ནང་དོན་དུ། རྩ་བའི་གང་ཟག་གཅིག་གིས་བཀའ་བློན་གནང་རྒྱུའི་དུས་ཚོད་གཙང་རྗེས་མུ་མཐུད་འོས་འདེམས་བྱེད་མི་ཆོག་ཀྱང༌། ང་ཚོའི་མང་གཙོ་འདི་མང་གཙོ་གཞན་དང་མི་འདྲ་བར་མ་ཟད། མི་ཡང་ཉུང་ཉུང་ཡིན་ཙང་དེའི་ཐོག་བསམ་བློ་གཏོང་རྒྱུ་ཡོད་ཅེས་གསུངས་པ་ཞིག་ཁོ་བོའི་བློ་ངོར་དྲན་བཞིན་འདུག དེས་ན་ཁོ་བོས་བལྟས་ཀྱང་བོད་ཀྱི་ཆབ་སྲིད་ཤིན་ཏུ་ཉག་ཕྲ་བའི་དུས་ཡུན་འདིར་མང་གཙོའི་འགྲོ་ལུགས་ཨུ་ཚུགས་མཐར་སྐྱེལ་མིན་པར་ཆབ་སྲིད་སྤྱི་དང༌། ཁྱད་པར་རྒྱ་བོད་གཉིས་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་མཁྱེན་རྒྱ་ཡངས་ཤིང་རང་དོན་ཁྱད་དུ་བསད་དེ་ཞབས་འདེགས་སྒྲུབ་འདོད་ཡོད་མེད། རང་ཉིད་ཀྱི་འཇོན་ཐང་དང་ནུས་ཤུགས་ཐམས་ཅད་ཁ་ཞེ་གཉིས་མེད་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་སུ་འབད་འབུངས་བྱེད་ཐུབ་མིན། དེ་བཞིན་མང་ཚོགས་ནས་ཆབ་སྲིད་ལ་དོ་འཁུར་ཅི་ཙམ་ཡོད་མེད་སོགས་ཕྱོགས་མང་པོ་ཞིག་ལ་ལྟོས་ཏེ་གོམ་སྟབས་སྤོ་དགོས། རྒྱ་གར་གྱི་ཁ་དཔེར། བཟང་པོའི་གང་ཟག་དེ་ཉིད་ངན་པ་ཡིན་པར་སྒྲུབ་རྒྱུ་དེ་ནི་འཇིག་རྟེན་པའི་གོམས་གཤིས་རྙིང་པ་ཞིག་ཡིན་ཞེས་ཟེར་སྲོལ་ལྟར་སྤྱི་སེམས་སྙིང་དུ་བཅངས་ཏེ་ལེགས་ལེགས་དང༌། གང་དྲང་དྲང་བྱས་ཀྱང་རེ་བ་པོ་རང་ཉིད་ཀྱི་མངོན་འདོད་དང་མི་མཐུན་ན་སྐྱོན་བརྗོད་དང༌། རྫུན་དང་གཡོ་སྒྱུ། ཉིན་མ་གང་འཁྱོལ། སྤྱི་སེམས་ཡལ་དུ་འདོར་མཁན་ཞིག་ཡིན་ཀྱང་རང་ཉིད་དང་འཐབ་ཕྱོགས་གཅིག་པ་ཡིན་ཚེ་བསྔགས་བརྗོད་བྱེད་པ་ནི་འཇིག་རྟེན་པའི་གཤིས་ཤིག་ཡིན་པས་བཅོས་སུ་གང་ཡང་མེད། འོན་ཀྱང་ང་ཚོ་མི་མང་རྣམས་ཀྱིས་གཟབ་དགོས་པ་ནི། མགོ་ཚོས་མདོག་དང༌། སྨྲ་མཁས་མདོག འཇོན་མདོག སེམས་ཤུགས་ཡོད་མདོག་སོགས་གདོང་མདོག་གི་མི་ཚེ་སྐྱེལ་མཁན་རྣམས་ཀྱིས་ཅི་གསུངས་ལ་ཡིད་དབང་མི་འཕྲོག་པར་མི་རིགས་ཀྱི་འདི་ཕྱི་གཉིས་ཀྱི་འགན་ཁུར་འཁྱོགས་པའི་ཐོག་ནས་རྣམ་དཔྱོད་བེད་སྤྱོད་དགོས་པ་དེ་དོན་དགོངས་འཇགས་འཚལ། །

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 10

  1. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    ངས་སྲུང་མའི་སྐོར་བཤད་རྒྱུ་རེད་འདུག་བསམ་སོང་སྟེ། རེད་མི་འདུག
    བཀའ་ཁྲི་ཀ་བ་གསུམ་གྱི་སྲུང་མ་མ་རེད། ཀ་བ་གསུམ་གྱི་ཆབ་སྲིད་ཀྱི་གཙོ་འཛིན་རེད།
    གལ་སྲིད་སྲུང་མ་ཞིག་དགོས་འདུག་ན། སྲུང་མ་དམར་ནག་གཉིས་ཡོད་རེད། ད་དུང་དགོས་ན་གདུང་འདྲེ་འདྲ་འཚོལ་རྒྱུ་ཡིན་ན་མ་གཏོགས།

    Reply
  2. དཔའ་ཆེན་དོན་གྲུབ། says:
    ལོ་ 16 སྔོན།

    བཀའ་བློན་ཁྲི་བར་སུ་འདེམས་ཡང་དེ་ནི་བོད་མི་འབུམ་གཅིག་དང་ཁྲི་ལྔ་ཡི་སྐྱིད་སྡུག་འགོ་བ་ཡིན་པ་ཙམ་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་བཀའ་བློན་ཁྲི་པར་འདེམས་ཐུད་ནའང་དགའ་བསུ་ཡོད།

    Reply
  4. སེར་གཙང་འཇམ་དབྱངས། says:
    ལོ་ 16 སྔོན།

    རྒན་ལགས་རྩོམ་ཡིག་ཁ་བྱང་ཅུང་མི་བདེ་བས་བསམ་ཞིག་སླར་ཡང་ཡོད་པ་མཁྱེན།།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ་་་་་་་་ཡིན་ཡང་སོགས་ཀྱིས་་་་་་་་ ང་ཚོ་བཙན་བྱོལ་བའི་གནས་བབ་འདིར་གང་ཟག་གཅིག་གིས་ང་ཚོའི་སྐར་མ་གཅིག་འཕྲོ་བརླག་བཏང་བ་ཡིན་ནའང་རྒྱལ་ཁབ་གཞན་གྱི་གྱོང་གུད་ལ་འགྲན་ཐབས་མེད་་་་་་་ ཟེར།

    Reply
  6. རླུང་པུ says:
    ལོ་ 16 སྔོན།

    ངས་གོ་བ་ནོར་མེད་ཚེ། ཁྱོད་ཀྱི་དགོངས་ཚུལ་ཡིན་ན། ད་ལྟའི་བཀའ་ཁྲིའི་མ་འོངས་པར་བཀའ་ཁྲིའི་འགན་མུ་མཐུད་དུ་ཁུར་དགོས་ཟེར་བ་འདྲ། དེ་ལ་ངེས་ལེན་བྱེད་མི་ཐུབ་པ་མ་ཟད་ད་དུང་ཁྱེད་ཀྱི་སྐད་ཆ་བཤད་སྟངས་ཀྱང་དེ་འདྲིའི་ཡག་པོ་མཐོང་མ་སོང་། ཁྱེད་ཀྱི་གསུངས་པ་ཅུང་ཙམ་འདིར་བསྐྱར་བཀོད་བྱས་ན། ༼ལྷ་སྲུང་མར་བསྟེན་ན་རང་གཞན་ཐམས་ཅད་ལ་བདེ་སྐྱིད་དང༌། འདྲེ་སྲུང་མར་བསྟེན་ན་རང་གཞན་ཐམས་ཅད་སྟོང་པའི་རྒྱུ་ཡིན་པ་བློ་ངོར་ཆུད་པར་བྱས་ཏེ་འོས་ཤོག་མི་འཕེན་པའི་སྔོན་ཚུད་ནས་ཀ་བ་གསུམ་སྤྱི་དང༌། ལྷག་པར་འཛིན་སྐྱོང་བཀའ་ཤག་གཞལ་ཡས་ཁང་གི་ཁྲི་བཟང་མཐོན་པོའི་སྟེང་དུ་བསྐོ་གཞག་བྱ་རྒྱུའི་སྲུང་མ་དེ་བཞིན་ལྷ་འདྲེ་གང་ཡིན་བརྟག་དཔྱད་ནན་པོ་བྱེད་དགོས་པར་མཐོང༌། ༽
    ༼འོན་ཀྱང་ང་ཚོ་མི་མང་རྣམས་ཀྱིས་གཟབ་དགོས་པ་ནི། མགོ་ཚོས་མདོག་དང༌། སྨྲ་མཁས་མདོག འཇོན་མདོག སེམས་ཤུགས་ཡོད་མདོག་སོགས་གདོང་མདོག་གི་མི་ཚེ་སྐྱེལ་མཁན་རྣམས་ཀྱིས་ཅི་གསུངས་ལ་ཡིད་དབང་མི་འཕྲོག་པར་མི་རིགས་ཀྱི་འདི་ཕྱི་གཉིས་ཀྱི་འགན་ཁུར་འཁྱོགས་པའི་ཐོག་ནས་རྣམ་དཔྱོད་བེད་སྤྱོད་དགོས་པ་དེ་དོན་དགོངས་འཇགས་འཚལ། ། ༽
    འདི་དག་མི་དམངས་ལ་འཇིགས་སྐུལ་འབའ་ཞིག་ལས་གཞན་དོན་དག་ཆེན་པོ་མཐོང་མ་སོང་། ༧རྒྱལ་བ་རིན་པོ་ཆེ་བཞུགས་ཡུན་གྱི་རིང་ལ་ང་ཚོས་བཀའ་བློན་གསར་པ་འདམས་ཐུབ་ན་དགོས་པ་ཆེ་ཞིང་སྐྱོན་ཆེན་པོ་འབྱུང་མི་སྲིད་སྙམ། ང་ཚོས་གོ་སྐབས་འདི་དམ་འཛིན་བྱེད་དགོས།

    Reply
  7. གནས་ཚང་། says:
    ལོ་ 16 སྔོན།

    ཀ་བ་གསུམ་འཛུགས་སའི་གཞུང་ས་བརླག་ཟིན་པས། ཀ་བ་གསུམ་གང་དུ་ཡོད་དམ། གལ་སྲིད་བོད་ཡིག་ནང་ཡོད་པ་ལུང་འདྲེན་གནང་ན། དེ་ནི་སྡོམ་པ་ཤོར་ཟིན་པའི་སྔོན་འགྲོའི་སྒྲུབ་བྱེད་ལས་གཞན་མིན། ད་ཐང་ཆད་སོང་། བག་ལེབ་བཙོང་ནས་བྱུང་ན་ཨ་རི། མ་བྱུང་ན་ཡོ་རོབ་ལ་ཐོན་ཐབས་བྱེད་ཀྱིན་ཡིན་ཏོ། བདེ་མོ། གྲོགས་འབུ་ཚོ།

    Reply
  8. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    སྐད་ཆ་གསལ་པོ་བཤད་ཐུབ་མེད་པ་འདྲ། སྐད་ཆའི་སྙིང་པོ་གཅིག ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་བཀའ་བློན་ཁྲི་པར་འདེམས་དགོས་ཟེར་བ་འདྲ།

    Reply
  9. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ང་ཚོའི་སྤྱི་ཆུང་ཆུང་དེའི་ནང་སྲུང་མའི་བསྐོར་གྱིས་བརྩོད་རྙོག་གཅིག་འཇམ་ཀྱང་སྲུང་མའི་བརྩོད་རྙོག་གཞན་ཞིག་མགོ་འབུས་འགོ་རྩམས་ཤིང་ཡོད་འདུག ཀ་བ་གསུམ་གྱི་སྲུང་མ་བཞེས་གསུང་ལུགས་ལ་བཏགས་ན་ཟམ་གདོན་རིན་པོ་ཆེ་ཡང་སྲུང་མ་ཞིག་ཡིན་ས་རེད། ལྷ་ཡིན་ནམ་འདྲེ། དེ་འདྲའི་བཞེད་སྣང་ལ། ཆབ་སྲིད་པ་དང་ཤེས་ཡོན་པ་རྣམས་ནས་རྣམ་ཀུན་ནས་མིང་ཚིག་བེད་སྤྱོད་གནང་ཐབས་ལ་ངེས་པར་ཐུགས་སྣང་གནང་དགོས་པ་ཞིག་ཏུ་མཐོང་། དགྲ་དགའ་གཉེན་སྡུག་ཏུ་གྱུར་རྒྱུའི་མིང་ཚིག་དག་བེད་སྤྱོད་ཉུང་ཙམ་བཏང་ན་ཕན་དོགས་ཆེ་བ་མེད་དམ། ཡང་ན་ང་ཚོར་ཤེས་ཡོན་པ་རྣམས་ཀྱིས་ཟུར་བཟའ་ཁོ་ནའི་མིང་ཚིག་ལས་གཞན་ལ་དོ་སྣང་མེད་པ་ཡིན་ནམ། ཐབས་སྐྱོ་བོ་རེད་མིང་ཆེན་པོ་ཞིག་གི་འོག་ནས་ཚིག་དེ་ལྟར་བེད་སྤྱོད་གནང་བ་ནི་སེམས་ཕན་རེད།

    Reply
  10. འབའ་ཐང་གི་བུ། says:
    ལོ་ 16 སྔོན།

    རྩོམ་ཡིག་གི་ཁ་བྱང་ལ་ཅུང་ཟད་ཞུ་རྒྱུ་འདུག་སྙམ། རྩོམ་ཡིག་གི་ཁ་བྱང་གང་ཞིག་བྲིས་བཀོད་བྱས་ཚེ་ངེས་པར་དུ་འཆད་བྱའི་ནང་དོན་འབུར་དུ་ཐོན་ཐབས་དགོས་པ་མ་ཟད། རྩོམ་བྱང་བཀླགས་པ་ཙམ་གྱིས་ནང་དོན་འདིའི་སྐོར་བཤད་ཀྱི་འདུག་སྙམ་པའི་ཚོར་བ་བྱིན་ཐུབ་དགོས་པ་ལས་རྩོམ་བྱང་ལ་དོགས་པ་དང་སོམ་ཉི་ཐེབས་བཅུག་རྒྱུ་མེད།

    ཀ་བ་གསུམ་གྱི་སྲུང་མ་སུ་འོས་སམ། ཞེས་བཀོད་པ་འདིས་ཆབ་སྲིད་ལ་དོ་སྣང་མེད་མཁན་ཞིག་ལ་ཅི་ཞིག་བཤད་ཅིན་ཡོད་སྙམ་པའི་དོགས་པ་སླེབས་སྲིད། ད་དུང་བཀའ་བློན་ཁྲི་པ་སུ་འོས་སམ། ཞེས་པའི་དོད་དུ་ཀ་བ་གཅིག་གི་སྲུང་མ་སུ་འོས་སམ། ཞེས་རྩོམ་བྱང་བཀོད་ན་དེ་བས་ཀྱང་མགོ་རྨོངས་སུ་འགྱུར་ངེས་ཡིན། འདི་ནི་ངས་རྨོངས་འཆར་ཙམ་ཞུས་ཁུལ་ཡིན་པས་ཐུགས་བབ་མ་བྱུང་ཚེ་གཡུགས་རྐྱང་བྱེད་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese