མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གི་ཁྲི་པ་གསར་པ། བསྟན་འཛིན་ཚེ་དཔག

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བློན་ཁྲི་པའི་འོས་ཆོས་གླེང་སྟངས་དེ་སྤྱི་ཚོགས་ཀྱི་ཐག་ཉེར་སྙེགས་ཤིང་། ད་ནི་མིང་འདོན་མཛུབ་འཛུགས་ཀྱིས་རང་རང་གི་འོས་མི་དག་གླེང་བའི་ཕྱོགས་སུ་གོམ་པ་སྤོ་བཞིན་པ་ནི་དགའ་འོས་པ་ཞིག་རེད་སྙམ་དུ་འདོད། མང་པོ་ཞིག་གིས་ད་དུང་ཡང་ཆ་རྐྱེན་གྱི་སྟེང་ལ་ཆ་རྐྱེན་བསྣན་ནས་དཀའ་ལས་སྐུ་ངལ་ཇེ་མང་དུ་གཏོང་བ་ལྟ་བུར་འདུག་སྟེ། ཡིན་ངོ་མ་ནི། ང་ཚོས་བརྒྱ་བཤད་སྟོང་དུ་བགྲངས་ཀྱང་རུང་གི། ཡོས་ལ་འབབ་རྒྱུ་རྩམ་པའི་དཔེ་ལྟར། མི་གྲངས་འབུམ་གཅིག་ལྷག་ཡོད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་དཀྱིལ་འཁོར་ནང་འདི་ནས་ཐད་ཀར་འོས་འདེམས་སྐབས་གསུམ་པའི་བཀའ་ཁྲི་དེ་རྙེད་པ་བྱེད་དགོས་ལ། རྙེད་དུ་ཡོད་པ་ཞིག་ཀྱང་ཆགས་ཡོད། ད་ལྟ་ང་ཚོས་དཀའ་ངལ་ཞིག་གི་ངོ་བོ་ནས་གླེང་གིན་ཡོད་པ་ནི། ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་རིལ་བཙལ་གྱིན་ཡོད་པ་ཞིག་ཏུ་འདུག་གོ།

གླེང་སྟངས་དག་ལ་ཞིབ་ཀྱིས་ཉན་པ་ཡིན་ན། མང་ཆེ་བས་ཤེས་ཡོན་དགོས་པ། སྙིང་སྟོབས་དགོས་པ། འཇོན་ཐང་དགོས་པ། ཉམས་མྱོང་དགོས་པ་སོགས་དགོས་པ་མང་པོ་ཞིག་བགྲངས་ཀྱིན་ཡོད་པ་འདི་ཚང་མ་མི་གཅིག་ལག་གཅིག་ལ་ཚང་བ་བྱུང་ན་དགོས་རྒྱུ་མཐར་ཐུག་དེ་ཡིན་ནའང་། དེ་ནི་གཅིག་ལ་འཛོམས་རྒྱུ་ཤིན་ཏུ་ནས་ཁག་པོ་ཆགས་ཡོད། དགོས་རྒྱུའི་དབང་དུ་བྱས་ན་ནི། འདི་ཚོ་གཞིར་བཞག་ད་དུང་ཡང་ལེགས་པའི་ཆ་ལག་ཅི་ཡོད་ཆ་ཚང་གཅིག་ལ་འཛོམས་པ་ཡིན་ན། དེ་ལས་དགའ་བ་དང་བཟང་བ་ཅི་ཡོད་དེ། ཚང་མ་གཅིག་ལ་ཚང་རྒྱུ་ནི་ཤིན་ཏུ་ནས་དཀའ་བ་ཆོས་ཉིད་ཀྱིས་ཀྱང་གཏན་ལ་ཕབ་སྟེ་ཡོད་པ་དེ་བས་ན། ད་ལྟའི་ང་ཚོའི་ལྟ་སྟངས་ཁག་ལས་རིགས་གཅིག་ནི་གནས་སྟངས་དང་འཚམ་པ་ཞིག་ཆགས་ཀྱི་མེད་པ་ཡིན་སྟབས། སྤྱི་ཚོགས་དང་ཡང་ཁ་ཐག་རིང་དུ་གྱེས་ཏེ་ཡོད་པ་ལྟ་བུའི་མུར་འདུག
ལར་ནས་ད་ལྟའི་གནས་སྐབས་འདིར། མཁས་མི་མཁས། འཇོན་མི་འཇོན། དཔའ་མི་དཔའ་བཤད་ན། མཁས་དབང་ཟམ་གདོང་རིན་པོ་ཆེ་ལས་གཞན་གྱི་བཀའ་ཁྲི་ཞིག་མི་རག་པར་ཐག་བཅད་ཆོག་པ་ལྟ་བུ་རེད། ཡིན་ནའང་། ཁོང་གིས་བཀའ་ཁྲི་གནང་རྒྱུན་མི་ལོ་དགུའི་ཡུན་དེར་ཕྱིར་མིག་ཅིག་བལྟས་པ་ཡིན་ན། ཤེས་ཡོན་སྲིད་བྱུས་གསར་པ་ཞིག་གཏན་ལ་ཕབ་པ་དེ་དང་དེ་ཚུལ་ལག་ལེན་ངོ་མའི་བབ་དང་སྦྲེལ་ནས་ཚོད་ལྟ་བྱ་སའི་སློབ་གྲྭ་གསར་པ་ཞིག་བཙུགས་པ་དེ་བྱས་རྗེས་སུ་ངོས་འཛིན་ཞུས་ཆོག་ལྟ་བུར་ཡོད་པ་ལས། གཞུང་གི་དཔལ་འབྱོར་རྟེན་གཞི་མང་པོ་ཞིག་སྒོ་བརྒྱབ་པ། གཞོན་ནུ་ལྷན་ཚོགས་ཁ་བྲལ་བར་ངོས་འཛིན་དང་གོང་ས་མཆོག་གི་ཆིབས་བསུར་ཡོང་རྒྱུ་བཀག་མྱོང་བ། བོད་དོན་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ལ་བསྐྱལ་བ་སོགས་ནི། བྱས་རྗེས་ཤིག་མ་རེད་ཟེར་མཁན་དག་གི་ལྟ་སྟངས་དེས་བལྟས་པ་ཡིན་ན། རེ་བ་བརྒྱབ་པ་ནང་བཞིན་ཅིག་བྱུང་ཡོད་མེད་དེ་དཔྱད་པ་གཏོང་དགོས་པ་གང་ཡང་མ་རེད།

བཀའ་བློན་ཁྲི་པར་ཤེས་ཡོན་ཅན་ཞིག་ནི་དགོས་ཐག་ཆོད་དགོས་པ་རེད། ཡིན་ནའང་། མཁས་དབང་ཞིག་ངེས་པར་ཡིན་དགོས་པ་དེ་འདྲ་གང་ཡང་མ་རེད། ཡིག་ན་གཅིག་དང་མིན་ན་གཉིས་ཀྱིས་མཁས་དབང་ཞིག་ཡིན་དགོས་ཀྱི་མ་རེད། མཁས་དབང་ཡིན་པ་ཙམ་གྱིས་བག་ཆགས་གང་ཡང་འཇོག་ཐུབ་ཀྱི་མ་རེད། ངའི་ལྟ་སྟངས་ལ། བཀའ་བློན་ཁྲི་པ་ནི། གཞན་གྱི་སློབ་སྟོན་དང་། ཉམས་མྱོང་བསྡུ་བཞེས་ཀྱི་བསམ་བློ་ཡོད་མཁན་ཞིག་ཡིན་ན་དེས་འགྲིག་གི་རེད་འདོད། གཙོ་ཆེ་ཤོས་ནི་བཀའ་བློན་ལས་རོགས་དེ་ཚོ་རེད། དེ་ཚོའི་སྐོར་ཡང་ད་ལྟ་ནས་གླེང་སློང་ཤུགས་ཆེན་པོ་བྱེད་དགོས་པ་ཞིག་རེད། བཀའ་བློན་ལས་རོགས་དེ་ཚོའི་ཤེས་འཇོན་ཆ་ཚང་བསྡོམས་པ་ཡིན་ན། གཞི་ནས་བཀའ་ཤག་ཚད་ལྡན་ཅིག་ཡོང་གི་ཡོད་པ་ཡིན་ན། ད་གཟོད་ང་ཚོས་རེ་བ་རྒྱག་ཡུལ་ཞིག་ཆགས་རྒྱུར་ཚོམ་པ་མི་དགོས་པ་ལྟ་བུ་རེད།
   
ཤེས་ཡོན་གྱིས་མ་འདང་ན་མིའི་ས་ནས་སློབ་སྟོན་ཞུས་ཆོག་གི་རེད། ཉམས་མྱོང་གིས་མ་འདང་ན་གཞན་ནས་ཉམས་མྱོང་དང་མན་ངག་ཞུས་ཆོག་གི་རེད། ཐབས་ཤེས་ཀྱིས་ཕོངས་པ་ཡིན་ན། ཐབས་ཤེས་ཀྱི་ལམ་སྟོན་ཞུས་ཆོག་གི་རེད། དེ་ཚོ་རང་ལ་འདང་ངེས་ཡོད་ན་རབ་དང་། འདང་ངེས་མེད་ནའང་གཞན་ནས་བླངས་ཆོག་གི་རེད། ཡིན་ནའང་། ལྷག་བསམ་དང་ཤ་ཚ། སེམས་ཤུགས་དང་སྤོབས་པ་ནི་གཞན་ནས་གཡར་པོ་ཞུ་རྒྱུ་གང་ཡང་ཡོད་པ་མ་རེད། དེ་ནི་སོ་སོར་ངེས་པར་ཡོད་དགོས་པའི་གཞི་རིམ་གྱི་ཆ་རྐྱེན་ལྟེ་བ་དེ་རེད། ང་ཚོས་བཀའ་ཁྲིའི་འོས་ཆོས་གླེང་སྐབས་འདི་ཚོའི་གལ་ཆེ་ཆུང་ལ་བལྟ་དགོས་ཀྱི་འདུག མཐོ་ས་མཐོ་ས་ཞིག་ལ་བལྟས་པ་སྐྱོན་གང་ཡང་མ་རེད་དེ། གཞི་རྩའི་རྨང་གཞི་དེ་ངེས་པར་ངོས་ཟིན་པ་ཞིག་དགོས་པར་འདོད། 

མཇུག་འདིར་ཞུ་རྒྱུ་གཅིག་བསྡད་ཡོད། ངས་བཀའ་ཁྲིའི་སྔོན་འགྲོའི་འོས་ཤོག་དེ་གཞོན་སྐྱེས་གཉིས་ལ་འཕེན་འདོད་ཡོད། ངའི་སྔོན་འགྲོའི་འོས་གཞི་ནི། ཚོགས་གཙོ་སྤེན་པ་ཚེ་རིང་དང་། བློ་བཟང་སེང་གེ་གཉིས་ཡིན། དངོས་གཞིའི་འོས་མིའི་ནང་ཁོང་གཉིས་ཀྱི་གཅིག་སླེབས་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅི་སྟེ་ཁོང་གཉིས་ཀྱི་སུ་ཡང་མ་སླེབས་པ་ཡིན་ན། ང་ལ་འོས་ཤོག་འཕེན་ཡུལ་གཞན་གང་ཡང་མེད། གང་ལྟར་ནའང་། ངས་ནི་རྒན་རབས་པ་ཚོར་སྤྱི་སེམས་དང་ཤ་ཚ་ཡོད་ན། གཞོན་སྐྱེས་ཚོར་སྣེ་ཁྲིད་དང་། ལམ་སྟོན་གནང་ནས་ཟུར་བཞུགས་གནང་བའི་རེ་བ་རྒྱག་གི་ཡོད། རྒན་རབས་པ་ཞིག་ངེས་པར་ཡིན་དགོས་པའི་ལྟ་ཚུལ་འདོན་མཁན་ཚོ་དང་ངའི་བསམ་ཚུལ་ལོགས་ཀར་གྱེས་གཞིའང་འདི་ཁོ་ནར་ཐུག་ནས་ཡོད།

ངས་བསམས་ན། ད་རེས་རྒན་རབས་པ་དང་གཞོན་རབས་པའི་བར་གྱི་ལྟ་སྟངས་འཁྲུག་ཆ་དོད་པོ་ཆགས་ཀྱི་རེད། ད་ཐེངས་ཀྱི་འོས་འདེམས་འདིའི་ནང་།  སྔོན་འགྲོའི་འོས་འཕེན་གྱི་གྲངས་ཀ་དང་དངོས་གཞིའི་འོས་འཕེན་གྱི་གྲངས་ཀ་ལ་སྔར་གྱི་འོས་འདེམས་གནས་སྟངས་དག་ལས་ཀྱང་ཁྱད་པར་ཆེན་པོ་ཤོར་ངེས་རེད་སྙམ་དུ་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 11

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཀའ་ཁྲིའི་འོས་མིར་ལྷག་བསམ་དང་ཤ་ཚ། སེམས་ཤུགས་དང་སྤོབས་པ་ཡོད་ན། དེའི་སྟེང་དུ་ཤེས་ཡོན། ཉམས་མྱོང་དང་ཐབས་ཤེས་བཀའ་ཁྲིའི་དུས་སུ་གཞན་ལས་ལེན་ཆོག་ཟེར།
    དེས་ན་གཟབ་གདོང་རིན་པོ་ཆེའི་བཀའ་ཟུར་ཕེབས་སྐབས་ལ་འབྱུང་འགྱུར་བཀའ་ཁྲིའི་སློབ་སྟོན་པའི་གོ་ས་ཞིག་ བསྐྲུན་ཐུབ་ན་དགེ་མཚན་ཆེ་བ་མི་མཐོང་ངམ། ཀུན་གྱིས་སོམས་ལ་ཕན་ན་འབད་འབུངས་གནོངས་རོགས་ཞུ།

    Reply
  2. རི་བོང། says:
    ལོ་ 15 སྔོན།

    ཤེས་ཡོན་དང་ལྷག་བསམ་མིག་དང་རྣ་བ་ཡིན་ན། སེམས་ཤུགས་དང་སྤོབས་པ་རྐང་བ་དང་ལག་པ་ཡིན་པས། ཆ་ཚང་འཛོམས་དགོས་ཀྱི་འདུག

    Reply
  3. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    གྲ་གྲོགས་ཚོ། ང་ཚོའི་ངེས་པར་དུ་འཛུབ་མོ་རང་ཉིད་ལ་གཏད་དེ་རང་ཉིད་ཀྱི་སེམས་པ་དེ་ཕྱོགས་གང་དུ་ཡང་མི་གཏོགས་པའི་ཐིག་ཚད་ཡག་པོ་ཞིག་བྱས་ཏེ། སྐྱོན་རྐྱང་རྐྱང་མི་བཙལ་བར་ལེགས་པའི་ཆ་རྣམས་་ཕྱོགས་སྡོམས་བྱས་ཏེ།གཞི་ནས་གང་ཞིག་བཀའ་སྤྱི་གཉིས་ལ་ཆ་སྐྱེན་ལྡན་མིན་ལ་བསམ་གཞིག་བྱེད་རྒྱུ་གལ་ཆེན་དུ་མཐོང་། དེ་ལྟར་མིན་པར་གཞན་རྗེས་འབྲེང་བ་སོགས་བྱས་ན་རང་ཉིད་ཀྱི་མང་གཙོའི་རང་དབང་ལོང་སུ་སྤྱོད་མ་ཐུབ་པ་རེད་ལ། རང་ཉིད་ལ་ཡོད་བཞིན་པའི་རྣམ་དཔྱོད་དང་འགན་ཁུར་ཡང་རང་ཉིད་ཀྱིས་བེད་སྤྱོད་གཏོང་མ་ཐུབ་པ་རེད།
    གང་ལྟར་སྤྱི་སེམས་དང་འགན་ཁུར་ཟེར་བ་འདི་གཞི་ལ་བཞགས་ཏེ་འོས་འཕེན་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད། དེ་ལྟར་བྱས་ན་བྱས་སུ་རང་ལ་འགྱོད་པ་ཡང་ཡོང་མི་སྲིད་པར་མ་ཟད་ ༸གོང་ས་མཆོག་གིས་ང་ཚོར་རེ་བ་ཆེན་པོའི་སྒོ་ནས་དམངས་གཙོའི་ལམ་ཆེན་དུ་འགྲོར་བཅུག་པ་ལ་ཡང་ཁེ་ཕན་མི་མཐོང་ལག་ཟིན་ཞིག་སྟོན་རྒྱུ་ཡོད་པ་རེད། ཚང་མས་ཐུགས་ལ་ཞོག

    Reply
  4. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    གྲ་གྲོགས་ཚོ། ང་ཚོའི་ངེས་པར་དུ་འཛུབ་མོ་རང་ཉིད་ལ་གཏད་དེ་རང་ཉིད་ཀྱི་སེམས་པ་དེ་ཕྱོགས་གང་དུ་ཡང་མི་གཏོགས་པའི་ཐིག་ཚད་ཡག་པོ་ཞིག་བྱས་ཏེ། སྐྱོན་རྐྱང་རྐྱང་མི་བཙལ་བར་ལེགས་པའི་ཆ་རྣམས་་ཕྱོགས་སྡོམས་བྱས་ཏེ།གཞི་ནས་གང་ཞིག་བཀའ་སྤྱི་གཉིས་ལ་ཆ་སྐྱེན་ལྡན་མིན་ལ་བསམ་གཞིག་བྱེད་རྒྱུ་གལ་ཆེན་དུ་མཐོང་། དེ་ལྟར་མིན་པར་གཞན་རྗེས་འབྲེང་བ་སོགས་བྱས་ན་རང་ཉིད་ཀྱི་མང་གཙོའི་རང་དབང་ལོང་སུ་སྤྱོད་མ་ཐུབ་པ་རེད་ལ། རང་ཉིད་ལ་ཡོད་བཞིན་པའི་རྣམ་དཔྱོད་དང་འགན་ཁུར་ཡང་རང་ཉིད་ཀྱིས་བེད་སྤྱོད་གཏོང་མ་ཐུབ་པ་རེད།
    གང་ལྟར་སྤྱི་སེམས་དང་འགན་ཁུར་ཟེར་བ་འདི་གཞི་ལ་བཞགས་ཏེ་འོས་འཕེན་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད། དེ་ལྟར་བྱས་ན་བྱས་སུ་རང་ལ་འགྱོད་པ་ཡང་ཡོང་མི་སྲིད་པར་མ་ཟད་ ༸གོང་ས་མཆོག་གིས་ང་ཚོར་རེ་བ་ཆེན་པོའི་སྒོ་ནས་དམངས་གཙོའི་ལམ་ཆེན་དུ་འགྲོར་བཅུག་པ་ལ་ཡང་ཁེ་ཕན་མི་མཐོང་ལག་ཟིན་ཞིག་སྟོན་རྒྱུ་ཡོད་པ་རེད། ཚང་མས་ཐུགས་ལ་ཞོག

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ་་་ཤེས་ཡོན་གྱིས་མ་འདང་ན་མིའི་ས་ནས་སློབ་སྟོན་ཞུས་ཆོག་གི་རེད། ཉམས་མྱོང་གིས་མ་འདང་ན་གཞན་ནས་ཉམས་མྱོང་དང་མན་ངག་ཞུས་ཆོག་གི་རེད། ཐབས་ཤེས་ཀྱིས་ཕོངས་པ་ཡིན་ན། ཐབས་ཤེས་ཀྱི་ལམ་སྟོན་ཞུས་ཆོག་གི་རེད། དེ་ཚོ་རང་ལ་འདང་ངེས་ཡོད་ན་རབ་དང་། འདང་ངེས་མེད་ནའང་གཞན་ནས་བླངས་ཆོག་གི་རེད། ཡིན་ནའང་། ལྷག་བསམ་དང་ཤ་ཚ། སེམས་ཤུགས་དང་སྤོབས་པ་ནི་གཞན་ནས་གཡར་པོ་ཞུ་རྒྱུ་གང་ཡང་ཡོད་པ་མ་རེད། དེ་ནི་སོ་སོར་ངེས་པར་ཡོད་དགོས་པའི་གཞི་རིམ་གྱི་ཆ་རྐྱེན་ལྟེ་བ་དེ་རེད། ་་་་། ཟེར།

    Reply
  6. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    སྔོན་འགྲོའི་སྐབས་སུ་བཀའ་སྤྱི་གཉིས་ཀྱི་འོས་འདེམས་རང་གིས་གང་བསམ་དེ་ལོས་ཡིན། ཡིན་ན་ཡང། དངོས་གཞིའི་སྐབས་སུ་གལ་ཏེ་ཁྱོད་ཀྱི་མི་དེ་འོས་ཁོངས་ལ་མེད་ན་ཁྱོད་ཀྱིས་འོས་ཁོངས་སུ་ཡོད་པ་དག་ལས་གདམ་དགོས། འདི་དམངས་གཙོའི་འགྲོ་སྟངས་རེད་ལ། དགོས་ཕན་ཡང་ཡོད་པ་རེད། གལ་ཏེ་ཁྱོད་ཀྱིས་ཨུ་ཚུགས་ཀྱིས་འོས་མ་བླུགས་ན་ཡང་དམངས་ཀྱིས་བདམས་པ་དེ་རང་བཀའ་སྤྱི་གཉིས་ཆགས་ཀྱི་རེད་ལ། ཁྱོད་ཀྱིས་ངོས་ལེན་ཡང་མི་བྱེད་ཀ་མེད་རེད། དེ་བས་ཚང་མས་བླུན་པོའི་ཨུ་ཚུགས་མ་རྒྱག་རོགས།

    Reply
  7. མི་ཆུང་། says:
    ལོ་ 15 སྔོན།

    དབུས་གཙང་ཆོལ་ཁའི་བཀའ་སྤྱིའི་འོས་གཞིར་གྲགས་པའི་ཤོག་ལྷེ་དེ་གཉིས་ནང་། མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་བཀའ་སྤྱི་ཡིན་པར་བརྗོད་ཡོད། སྤྱི་འཐུས་མི་ཉི་ཤུ་ནས། སྟོད་པ་བཅུ་དང་། གཙང་པ་དྲུག ཀོང་པོ་གཉིས། ཕན་པོ་གཉིས་བཅས་རེད།

    དེའི་མགོ་བརྗོད་དུ། མིང་མང་ནས་ཐད་ཀར་འོས་འདེམས་བྱས་ཞེས་བཀོད་ཡོད་ཀྱང་། དབུས་གཙང་ཆོལ་ཁའི་རྒྱུན་ལས་མི་མང་གི་ཐད་ཀར་འོས་འདེམས་ཡིན་ན་མ་གཏོགས། མང་པོ་ཞིག་གིས་དབུས་གཙང་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཞེས་པར་ངོས་འཛིན་བྱེད་ཀྱི་མེད་པ་འདྲ།

    ཁོང་ཚོས་རྒྱུ་མཚན་འདྲེན་རྒྱུར། དབུས་གཙང་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཡོད་ན། སྔོན་ཚུད་ནས་ས་གནས་གང་སར་ཡོད་པའི་དབུས་གཙང་མི་མང་ཚོར། བརྒྱུད་ལམ་འདྲ་མིན་ཐོག་ནས། འོས་བསྡུའི་གསལ་བསྒྲགས་བྱེད་དགོས་ཀྱང་། དེ་ལྟར་ཅི་ཡང་བྱུང་མེད་ཟེར།

    དེར་བརྟེན། འོས་གཞིར་སླེབས་པ་རྣམས་ཇི་ལྟར་ཡིན་ནའང་། འོས་གཞིར་སླེབས་སྟངས་ཀྱི་བརྒྱུད་རིམ་སྟེ། འོས་འདེམས་བྱེད་ཕྱོགས་ཀྱི་ལམ་ལུགས་འདི་བརྒྱ་ཁ་གཅིག་ཆོད་ཡིན་པར་བརྗོད།

    Reply
  8. བསེ་རོང་འོད་ཟེར། says:
    ལོ་ 15 སྔོན།

    ད་རེ་བཀའ་ཁྲི་འདི་ད་དུང་མུ་མཐུད་དེ་སློབ་སྟོན་དང་ཉམས་མྱོང་སློབ་སྦྱོང་བྱེད་མཁན་ཞིག་ལ་ཞབས་སྟེགས་སྤྲད་པ་ཡིན་ན་བོད་མིའི་གནས་སྟངས་དང་༸གོང་ས་མཆོག་གི་དགོང་བབ་སོགས་གང་ལ་སླེབས་འགྲོ་བའི་གནས་སྟངས་ལ་བསམ་གཞིག་ནནཏན་བྱས་ཏེ། འོས་ཤོག་འཕེན་དགོས་པ་རང་དབང་ལུང་བའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ལོ་རྒྱུས་ཀྱིས་བསྐུལ་བའི་ལས་འགན་གཡོལ་ཐབས་མེད་པ་ཞིག་ཡིན་པ་ངོས་ཟིན་དགོས་པ་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་སྣང་།

    Reply
  9. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གང་ལྟར་རྒན་གཞོན་པར་ལྟ་སྟངས་ལ་ཁྱད་པར་ཡོད་སྲིད་ལ་། ཡོད་ཀྱང་དགོས་ངེས་རེད། མ་ཟད་དེ་གཉིས་ཀྱི་བར་ལ་འཁྲུག་ཆ་དོད་པོ་ཡང་ཆགས་སྲིད་པ་ཞིག་ཡིན་སྟབ།
    ང་ཚོའི་ངེས་པར་དུ་འཛུབ་མོ་རང་ཉིད་ལ་གཏད་དེ་རང་ཉིད་ཀྱི་སེམས་པ་དེ་ཕྱོགས་གང་དུ་ཡང་མི་གཏོགས་པའི་ཐིག་ཚད་ཡག་པོ་ཞིག་བྱས་ཏེ། སྐྱོན་རྐྱང་རྐྱང་མི་བཙལ་བ་ལེགས་པའི་ཆ་རྣམས་་ཕྱོགས་སྡོམས་བྱས་ཏེ།གཞི་ནས་གང་ཞིག་བཀའ་སྤྱི་གཉིས་ལ་ཆ་སྐྱེན་ལྡན་མིན་ལ་བསམ་གཞིག་བྱེད་རྒྱུ་གལ་ཆེན་དུ་མཐོང་ྲ
    དེ་ལྟར་མིན་པར་གཞན་རྗེས་འབྲེང་བ་སོགས་བྱས་ན་རང་ཉིད་ཀྱི་མང་གཙོའི་རང་དབང་ལོང་སུ་སྤྱོད་མ་ཐུབ་པ་རེད་ལ།རང་ཉིད་ལ་ཡོད་བཞིན་པའི་རྣམ་དཔྱོད་ཟེར་བ་དེ་ཡང་རང་ཉིད་ཀྱི་བེད་སྤྱོད་གཏོང་མ་ཐུབ་པ་རེད།
    གང་ལྟར་སྤྱི་སེམས་ཞེས་པ་འདི་གཞི་ལ་བཞགས་ཏེ་འོས་འཕེན་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད། དེ་ལྟར་བྱས་ན་བྱས་སུ་རང་ལ་འགྱོད་པ་ཡང་ཡོང་མི་སྲིད་པ་རེད། སེམས་གཏམ་ཞིག་ལས་གཞན་གང་ཡང་མིན་

    Reply
  10. སེམས་པ་རྨས་མ། says:
    ལོ་ 15 སྔོན།

    བདེན་པ་རང་རེད ཆབ་སྲིད་གཡོ་སྒྱུ་འཁྲབ་ཤེས་པ། ནང་པའི་ཆོས་ལ་ཉམས་ལན་ཡོད་པ། ཅི་གསུངས་བཀའ་སྒུབ་བྱེད་ཤེས་པ། རང་དབང་ཅན་གྱི་ཆབ་སྲིད་ཀྱི་ལྟ་གྲུབ་དགོས་པ། བོད་ནང་གི་བོད་མིས་རང་བཙན་ཟེར་བ་ལ་ཉན་དགོས་པ། ཕྱི་ལོག་བོད་ཀྱིས་དབུ་མའི་ལམ་ཟེར་ན་ཡང་བསམ་ཤེས་དགོས་པ། དགོས་་་་་་་་་་་་་་་་་་་་་་་་་

    Reply
  11. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    དྲ་གྲོགས་བསྟན་འཛིན་ཚེ་དཔག་ལགས། ཡིད་ཆེས་ཟེར་ན་ཡང་འདྲ་རང་དབང་ཟེར་ན་ཡང་འདྲ། རང་ཉིད་ཀྱི་བསམ་ཚུལ་ནི་རང་ཉིད་ཁོ་ན་ཡིན་སྟབས། དེ་གཞན་ཀྱིས་དང་ལེན་དང་འདོད་བློ་ཡོད་མེད་དེ་ཡང་བསམ་བློ་ལ་ཐུག་ཡོད་པ་རེེད། གོང་བརྗོད་ལས་རང་ཉིད་ཀྱི་བསམ་ཚུལ་དང་ལྟ་བའི་ཐོག་ནས་གཞོན་སྐྱེས་ཞིག་འདེམས་དགོས་པ་དེ་ཉིད་ཀྱི་འདོད་བློ་ཡིན་མོད། ཡིན་གཅིག་གཞོན་སྐྱེས་ཤིག་ཡིན་དགོས་དོན་འདི་ཡང་ཡིན་ནམ། རྒན་རབས་ནང་ན་ཉིད་ཀྱི་གོང་བརྗོད་འདོད་བློ་ཡོད་པའི་མི་འདྲ་བ་ཞིག་ཡོད་ན་དེ་མི་འདེམས་པ་གང་ཡིན་ནམ། འདི་ནི་ཞར་བྱུང་དྲི་བ་ཞིག་ལས་གཞན་གང་ཡང་མིན། ལངས་ཕྱོགས་ལ་གསལ་བཤད་ཞིག་བྱུང་ན་བསམ་པ་དེ་ངའི་འདོད་བློ་ཡིན། སྤྱིར་བཤད་ན་བཀའ་ཁྲི་ནི་ཤེས་འཇོན་ལྡན་པ་དང་། ལྷག་བསམ་ཡོད་པ། ཉམས་མྱོང་ཡོད་པ་ཞིག་ཡིན་དགོས་པ་ནི་སྤྱིར་བཏང་གི་ཆ་རྐྱེན་ཞིག་རེད་བསམ། དེ་ལས་བཀའ་ཁྲི་ནི་དེ་དག་ཚང་བའི་སྒང་ལ་ཁྱད་ཆོས་ལྷག་མ་ཞིག་དགོས་པ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese