མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཁྲུངས་སྐར་ལ་བོད་མི་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

   
༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་བལ་ཡུལ་དུ་ཉེན་རྟོག་པས་བོད་མི་ ༢༢  ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་བལ་ཡུལ་དུ་གནས་སྡོད་བོད་མི་ཚོས་༧གོང་ས་མཆོག་དགུང་གྲངས་ ༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་བྱས་ཡོད་ནའང་བལ་ཡུལ་ཉེན་རྟོག་པས་བོད་མི་ཚོར་འཁྲུངས་སྐར་སྲུང་གཙི་བྱས་མི་ཆོག་པའི་བཙན་བཀའ་བཏང་སྟེ་མཐར་བོད་མི་ ༢༢ ཙམ་འཛིན་བཟུང་བཀག་ཉར་གྱིས་འདྲི་གཅོད་ཀྱང་བྱས་ཡོད་འདུག གནད་དོན་དེའི་ཐད་ཀ་ཐ་མན་གྲུ་ས་ཁུལ་གྱི་འཛིན་སྐྱོང་མགོ་བ་ཌ་ཁིར་གྱིས་བརྗོད་དོན། བལ་ཡལ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་མཛའ་འབྲེལ་ལ་གནོད་གཞིའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུར་བཀག་འགོག་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་ངོ་རྒོལ་དེའི་རིགས་ལ་བཟོད་སྲན་བྱ་ཐུབ་ཀྱི་མེད་ཅེས་དང་། ཡང་ཁོང་གིས་བོད་མི་ཚོས་སོ་སོའི་དགོན་པའི་ནང་༧ཏཱ་ལའི་བླ་མའི་འཁྲུངས་སྐར་སྲུང་གཙི་བྱ་ཆོག་ཀྱང་། ཕྱི་ལོགས་སུ་རྒྱ་ནག་ལ་རྒོལ་བའི་སྐད་འབོད་དང་འཕྲེད་དར་རིགས་རྩ་བ་ནས་འཁྱེར་ཆོག་གི་མ་རེད་ཅེས་ཉེན་བརྡ་ཡང་བཏང་ཡོད། ཀ་ཐ་མན་གྲུ་ཉེན་རྟོག་མགོ་བ་དེས་བརྗོད་ན་འཛིན་བཟུང་བྱས་པའི་བོད་མི་དེ་ཚོ་གང་མགྱོགས་གློད་གྲོལ་གཏོང་གི་ཡིན་ཞེས་བརྗོད་ཡོད།

འཁྲུངས་སྐར་ཉིན་བཞུགས་སྒར་དུ་བོད་དང་ཕྱི་རྒྱལ་མི་རིགས་ ༥༠༠༠ ཙམ་འདུ་འཛོམས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་གཟབ་རྒྱས་ཤིག་སྲུང་གཙི་ཞུས་ཡོད་ལ། དེ་བཞིན་ཨ་རི་དང་། ཡུ་རོབ། ཨོ་སི་ཊོ་ལི་ཡ་བཅས་ཀྱི་བོད་མི་ཚོས་ཀྱང་འཁྲུངས་སྐར་སྲུང་གཙི་བྱས་ཡོད་པ་རེད།  ༧གོང་ས་མཆོག་དགུང་ལོ་ཆེ་རུ་ཕྱིན་པ་དང་མཉམ་དུ་མི་དམངས་ཚོས་ཀྱང་གནད་དོན་དེར་དོ་སྣང་བྱེད་མགོ་ཚུགས་ཡོད་ལ།  ཉེ་ཆར་བོད་ལྗོངས་དམར་ཤོག་དྲུང་གཞོན་ཧོ་ཕིན་གྱིས་ཤིག་ཕྱི་ཕྱོགས་གསར་འགོད་པར་ཐུག་འཕྲད་སྐབས་༧ཏཱ་ལའི་བླ་མ་ཚུད་པའི་བོད་ཀྱི་བླ་ཆེན་རྣམས་ཡང་སྲིད་ལམ་ལུགས་བརྒྱུད་ཐག་གཅོད་བྱ་དགོས་རྒྱུར་མ་ཟད། ད་དུང་ཐག་གཅོད་དེར་པེ་ཅིན་གྱི་ཆོག་མཆན་ངེས་པར་དུ་ཐོབ་དགོས་ཚུལ་བརྗོད་ཡོད། ཡང་ཁོང་གིས་ཐག་གཅོད་དེར་ད་ལྟ་དང་མ་འོངས་མ་གང་ཡིན་རུང་ངེས་པར་དུ་བརྩི་བཀུར་དགོས་ཚུལ་བཤད་ཡོད། ཡིན་ནའང་། ༧གོང་ས་མཆོག་ཕྱི་ཟླ་གཉིས་པའི་ནང་ཨ་རིར་ཕེབས་ཏེ་ཡུལ་དེའི་ཀུན་ཁྱབ་རླུང་འཕྲིན་ཁང་གི་བཅར་འདྲིར་དང་ལེན་གནང་སྐབས་ཁོང་གིས། གལ་སྲིད་བོད་རིགས་མང་ཚོགས་ཀྱི་ངོས་ནས་༧ཏཱ་ལའི་བླ་མའི་ལམ་ལུགས་དེ་དུས་ལས་བརྒལ་བ་ལྟ་བུར་འདོད་ཀྱི་ཡོད་ཚེ། ལམ་ལུགས་དེ་རང་བཞིན་གྱི་མེད་པ་ཆགས་འགྲོ་གི་རེད། ང་ལ་ཁྱད་པར་གང་ཡང་མེད་ཅེས་གསུངས་ཡོད། 

ཧི་མ་ལ་ཡའི་དུས་བབ་ཅེས་པས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེར་བོད་མི་ ༣༠༠ འཇུས་འདུག་ཟེར།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༥ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༩ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 3

  1. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཁ་སང་རང་བཅག་རྣམས་ཀྱི་འདི་ཕྱི་ཀུན་གྱི་༧སྐྱབས་གནས་འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་གོང་ས་རྒྱལ་དབང་ཐབས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་དགུང་གྲངས་ ༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཡིན་ཀྱང་ཞོགས་པ་ཚོུད་ ༧ པ་ཙམ་ནས་ཀོ་པཎ་བཙུན་དགོན་གྱི་རྒྱས་སྒོ་མདུན་བལ་པོ་ཉེ་རྟོགས་པ་དྲུག་བདུན་ཞིག་གི་ལག་ཏུ་དབྱུག་པ་དང་སྐེད་པར་འཕྲུལ་མདའ་འཁྱེར་ནས་དགོན་པ་ནས་ཕྱི་ལ་བསྐྱོད་མི་ཆོག་པ། གལ་ཏེ་ཕྱིར་བསྐྱོད་བྱས་པ་ཡིན་ན་ཉིན་གཉིས་རིང་བཀག་ཉར་བྱ་རྒྱུ་ཡིན་པ་བལ་གཞུང་ནས་བཀའ་ཡོད་ཟེར་བས་ཉིན་གང་ཨ་ཎེ་རྣམས་དགོན་པའི་ནང་བཀག་ཉར་བྱས་སོང་། འོན་ཀྱང་ཨ་ཎེ་རྣམས་ནས་དགོན་པའི་ནང་བསང་གསོལ་དང་རྒྱལ་བའི་ཞབས་བརྟེན་དང་འཕྲིན་སྐུལ་དང་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་གཏོང་བ་སོགས་མཛད་སྒོ་ལྟབས་བདེ་ཞིག་སྤེལ་ནས་ཉིན་གང་དགོན་པར་སྡོད་དགོས་ཆགས་ཡོད། ཉིན་དེར་སོ་སོའི་རྒྱལ་ཁབ་དགྲ་བོས་བཙན་འཁྲོག་བྱས་ཏེ་མིའི་ལུང་པའི་ནང་བདེ་སྐྱིད་ཇི་ཙམ་ཞིག་ང་ཚོར་ཐོབ་ཀྱི་ཡོད་མེད་ཀྱི་སློབ་གསོ་ཞིག་མི་མང་ཚང་མར་བྱུང་ཡོད་པའི་འཚོར་སྣང་ཞིག་ཀྱང་འགོག་མེད་དུ་ཤར།

    Reply
  2. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    གལ་ཏེ་བལ་གཞུང་གི་ཁྲིམས་ལུགས་ཡིན་ཀྱང་ཁྲིམས་དེ་རྒྱ་ནག་གིས་གནོད་ཤུག་འོག་བཞག་པ་གསལ་པོ་རེད་་ནམ་མཁའི་མིག་གིས་ཡག་པོ་ཞིག་ལྟ་རིཾོགས་གནང་།

    Reply
  3. ནམ་མཁའི་མིག། says:
    ལོ་ 16 སྔོན།

    བལ་ཡུལ་ཉེན་རྟོག་པས་བོད་མི་འཛིན་གཟུང་བྱས་པ་དེ་རྒྱ་མིའི་གནོད་ཤུགས་རེད་དམ།་
    ཡང་ན་བལ་ཡུལ་བྱུང་གི་ཁྲིམས་ལུགས་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese