མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕགས་ལམ་ལ་དོགས་ཟོན་བྱོས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་པཱ་ཀི་སི་ཐན་ནང་མེ་འཁོར་ལྕགས་ལམ་མཐུད་འཆར་ཡོད་པ་དེ་རྒྱ་གར་གྱིས་ཡིད་གཟབ་བྱེད་དགོས་པའི་གནད་དོན་ཞིག་ཡིན་ལ། དེའི་ཐད་རྒྱ་གར་གཞུང་ཕྱོགས་ནས་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་དགོས་པ་རེད་ཅེས་རྒྱ་གར་བདེ་སྲུང་བློན་ཆེན་མཆོག་གིས་གསུངས་འདུག

ཟླ་འདིའི་ཚེས་ ༡༡ ཉིན་རྒྱ་གར་གྱི་ཊི་བྷུན་ TRIBUNE ཞེས་པའི་གསར་ཤོག་སྟེང་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་ནག་གཞུང་གིས་ཟླ་སྔོན་མ་ནས་བཟུང་པཱ་ཀི་སི་ཐན་གྱི་ས་ཁུལ་གྷི་ཇཱི་དང་སྦལ་ཏི་ Gilgit-Baltistan དང་། ཧི་མ་ཡའི་རི་རྒྱུད་ཀྱི་གངས་རི་ཀཱ་ར་ཀོ་རམ་ Karakoram གཉིས་བར་མེ་འཁོར་ལྕགས་ལམ་མཐུད་རྒྱུའི་ལས་འཆར་ཞིག་གྲ་སྒྲིག་བྱེད་ཀྱིན་ཡོད་པར་མ་ཟད། ཐེངས་འདིའི་མེ་འཁོར་ལྕགས་ལམ་དེ་རྒྱ་གར་དང་པཱ་ཀི་ས་ཐན་གྱི་ས་མཚམས་བརྒྱུད་ཨ་རབ་རྒྱ་མཚོ་  Arabian sea  བར་མཐུད་འཆར་ཡོད་ཚུལ་བརྗོད་ཡོད་འདུག་ལ། ཉེ་བའི་ལོ་འགའི་སྔོན་གྱི་རྒྱ་ནག་དང་པཱ་ཀི་སི་ཐན་གཉིས་བར་ཆབ་སྲིད་དང་དཔལ་འབྱོར། རྡུལ་ཕྲན་མཚོན་ཆའི་མ་ལག་མཁོ་གཏོང་སོགས་ཕྱོགས་མང་པོའི་ཐོག་ནས་མཉམ་འབྲེལ་གྱི་ལས་གཞི་མང་པོ་ཞིག་བསྒྲུབས་ཡོད་པ་དང་། ཐེངས་འདིའི་ལྕགས་ལམ་མཐུད་ས་ནི་ཕྱོགས་གཉིས་ཀྱི་ལོ་མང་རིང་གི་རྩོད་གཞི་ཅན་གྱི་ས་ཁུལ་ཞིག་ཆགས་ཡོད་སྟབས།  རྒྱ་གར་གྱི་དོགས་གཞི་སྐྱེ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།
 
འདིའི་ཐད་རྒྱ་གར་གྱི་མངའ་སྡེ་བདེ་སྲུང་བློན་ཆེན་མཆོག་གིས་ཕྱི་ཚེས་ ༡༡ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཊི་བྷོན་ཞེས་པའི་སྟེང་བློ་འཚབ་ཡོད་སྐོར་གྱི་བཀའ་མོལ་གནང་ཡོད་འདུག  ཁོང་གིས། ལོ་མང་རིང་གི་རྒྱ་ནག་དང་པཱ་ཀི་སི་ཐན་གཉིས་ཀྱི་མཉམ་འབྲེལ་གྱི་ལས་གཞི་གང་མང་ལ་གཞིར་བཞག་སྟེ། རྒྱ་གར་གཞུང་གིས་དོགས་ཟོན་བྱ་དགོས་པ་ཞིགས་ཆགས་ཡོད་ཚུལ་བརྗོད་ཡོད་པར་མ་ཟད།  གཞུང་ཕྱོགས་ནས་ཀྱང་ཡིད་གཟབ་བྱས་ཏེ། གདོང་ལེན་བྱ་རྒྱུའི་གྲ་སྒྲིག་བྱ་དགོས་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་ལྟར་ཡང་། པཱ་ཀི་སི་ཐན་གྱི་མགྲིན་ཚབ་པ་སྐུ་ཞབས་ Albul Baslt ལགས་ཀྱིས། ལས་གཞི་འདི་ ༢༠༠༤ ལོ་ནས་མགོ་འཛུགས་གནང་བའི་ལས་འཆར་ཞིག་ཡིན་ཡང་། གནད་དོན་གང་མང་ཞིག་གི་རྐྱེན་པས་ལེགས་འགྲུབ་བྱུང་ཐུབ་མེད་པ་དང་། ཐེངས་འདིར་རྒྱ་ནག་དང་པཱ་ཀི་སི་ཐན་གཞུང་གཉིས་མོས་ཀྱི་ཐོག་ནས་གྲོས་ཆོད་གཏན་འབེབས་གནང་སྟེ།  རིང་ཚད་ལ་མེལ་ལེ་  ༤༢༣ ཡོད་པའི་མེ་འཁོར་ལྕགས་ལམ་གྱི་འཆར་འགོད་ལ་མིང་རྟགས་འགོད་རྒྱུ་ཡིན་ཚུལ་འགྲེལ་བརྗོད་གནང་ཡོད་པར་མ་ཟད། ལས་གཞི་འདིའི་ཐད་རྒྱ་གར་སྲིད་གཞུང་ལ་བློ་འཚབ་སྐྱེ་ཡུལ་གྱི་གནད་དོན་ཅི་ཡང་མེད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། དེ་ལྟ་ནའང་། རྒྱ་གར་གཞུང་ཕྱོགས་ནས་སྔོན་མར་བོད་ཀྱི་ས་མཚམས་བརྒྱུད་རྒྱ་ནག་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་བར་མེ་འཁོར་ལྕགས་ལམ་མཐུད་ཐུབ་ཡོད་པ་དང་། མ་འོངས་པར་རྒྱ་གར་གྱི་ས་འབྲེལ་ཡིན་པའི་པཱ་ཀི་སི་ཐན་ནང་རྒྱ་ནག་གི་ལྕགས་ལམ་མཐུད་རྗེས། རིམ་གྱིས་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་ས་ཁོངས་སོགས་རིམ་གྱིས་རྒྱ་བསྐྱེད་བྱ་རྒྱུའི་ཐད་བློ་འཚབ་སྐྱེ་བཞིན་ཡོད་འདུག 

གསར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese