མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲོང་བཙན་གྱི་ཕ་ཡུལ་སྔོག་པ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཞང་ནང་ལྕགས་རིགས་ཀྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཆེན་པོ་ཞིག་ལག་བསྟར་བྱེད་མགོ་བཙུགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་ནག་གིས་ལོ་དུ་མའི་རིང་བོད་ཀྱི་ས་ཁུལ་གང་སར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མང་པོ་ཞིག་མགོ་འཛུགས་བྱས་དང་བྱེད་ཀྱིན་ཡོད་པ་ལྟར། ཉེ་ཆར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཞང་ནང་བོད་མི་ཚོའི་མ་འོངས་པའི་འཚོ་བར་དཀའ་ངལ་ཅི་འཕྲད་ལ་མ་ལྟོས་པར་ལྕགས་རིགས་ཀྱི་ཐོན་ཁུངས་གསར་བ་ཞིག་སྔོག་འདོན་བྱེད་ཀྱིན་ཡོད་འདུག  ལས་གཞི་འདི་རྒྱ་ནག་གི་གསེར་རིགས་ཐོན་སྐྱེད་ཀྱི་ལས་ཁུངས་ཆེ་ཤོས་ཤིག་གིས་བསྒྲུབ་ཀྱིན་ཡོད་ཅིང་། རྒྱ་ནག་གཞུང་ཕྱོགས་ཀྱིས་བོད་ཁུལ་ཏུ་ལག་བསྟར་བྱེད་ཀྱིན་པའི་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ཆེན་པོ་བརྒྱད་ཀྱི་གྲས་སུ་ཡོད་འདུག  ཉེ་བའི་དུས་ནས་བཟུང་ལས་གཞི་དངོས་སུ་མགོ་བཙུགས་ཏེ། ད་ལྟའི་ཆར་ཉིན་རེེར་གཏེར་ཁ་ཊོན་ ༦༠༠༠ ལྷག་བསྔོག་འདོན་དང་། རྒྱ་སྒོར་དུང་ཕྱུར་ ༨ ལྷག་གི་ཡོང་སྒོ་ཡོད་ཚུལ་བརྗོད་ཀྱིན་ཡོད་པར་མ་ཟད། བོད་རང་སྐྱོང་ལྗོངས་དམར་ཕྱོགས་ཚོགས་པའི་དྲུང་ཆེ་གཞོན་པ་ཧཱའོ་ཕང་གིས་ཀྱང་། གཏེར་ཁ་སྔོག་འདོན་གྱི་ལས་གཞི་འདིས་མ་འོངས་པར་བཟོ་གྲྭ་ཁག་དང་ཚོང་ལས་སྡེ་ཚན་སོགས་ལ་མ་རྩའི་ཐོག་ནས་རོགས་སྐྱོར་གྱི་ནུས་པ་འདོན་ཐུབ་པ་དང་། གཞུང་གི་ལས་དོན་གྱི་ཐད་ལའང་ཕན་ཐོགས་ཆེན་པོ་ཡོད་སྐོར་རྒྱ་ནག་གི་གསར་ལམ་དུ་འགྲེལ་བརྗོད་གནང་ཡོད་འདུག

མལ་གྲོ་གུང་དཀར་རྫོང་རྒྱ་མ་ས་ཞང་ནི་བཤད་སྲོལ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་ཡིན་པ་དང་། ད་ལྟའི་ཆར་ཡུལ་དེའི་ནང་གྲོང་ཚོ་ ༡༥ ལྷག་ཡོད་འདུག  སྔར་ལོ་ཡུལ་འདིའི་ཡུལ་མི་ཚོས་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མཚམས་འཇོག་བྱེད་དགོས་པའི་ཐད་གོང་རིམ་ལ་ཞུ་གཏུག་བྱས་ཀྱང་། གཞུང་ཕྱོགས་ནས་མི་མང་ལ་གུན་གསབ་སྤྲོད་རྒྱུ་ལས། མཚམས་འཇོག་བྱ་རྒྱུ་མིན་སྐོར་བརྗོད་མཐར་གཏེར་ཁ་བསྔོག་འདོན་པ་དང་མི་མང་གི་བར་ལ་འཁྲུག་འཛིང་ཤོར་ཏེ། བོད་མི་ ༣ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད། དེ་ལྟ་ནའང་། རྒྱ་ནག་གཞུང་གིས་སྐབས་དེ་ནས་དམག་མི་འབོར་ཆེན་བཞག་སྟེ། གནད་དོན་དེ་དང་འབྲེལ་བའི་ཐོག་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་བར་མ་ཟད། ས་གནས་མི་མང་ལ་གཞུང་གི་ཆོག་མཆན་མེད་པར་ས་ཁུལ་གཞན་ལ་འགྲོ་མི་ཆོག་པའི་དམ་དྲག་བྱས་ཡོད་འདུག

གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༡ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤

མཆན། 5

  1. ྖganchab says:
    ལོ་ 16 སྔོན།

    བོད་དོན་བདེན་མཐའ་ཞིག་མ་གསལ་བར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཆ་དང་གཏེར་རིག་ལ་གཏོར་གཤིགས་ཚད་མེད་མེད་བཟོ་ངེས་རེད།ང་ཚོས་ངེས་པར་དུ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་ལ་བརྩོན་དགོས་པ་གལ་གནད་ཆེ་བ་མཐོང།

    Reply
  2. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    ད་ཡབ་མེས་ཀྱི་པུར་ཁང་ཡང་སྔོག་འདོན་བྱས་ཏེ་ང་ཚོ་མཐོང་ཆུང་བྱེད་པ་འདི་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་ཡིན་མོད། འོན་ཀྱང་། བོད་རང་ཉིད་ལ་འབྱོན་ཐང་མེད་ན་ལྟད་མོ་བལྟས་ནས་འདུག་པ་ལས་ཐབས་གང་ཡོད་དམ།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྤྱང་དར་མ་ལུག་གི་ཤ་ལ་ངོམས། རྒྱ་ནག་པོ་བོད་མིའི་རྒྱུ་ལ་ངོམས།

    ལུག་བཞག་འདོད་མ་རེད་ཟ་འདོད་རེད། ལུག་མ་མོའི་ཞི་བདེ་སྒོམ་རོགས་བྱོས།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བསྔོག་ཤེས་ན་ཕྲལ་ཕུག་ཀུན་ལ་ཕན །
    བསྔོག་མི་ཤེས་རང་གཞན་ཕུང་པའི་གཞི། །
    རྒྱ་སྤྲང་རྒན་མང་པོར་ཕན་སྲིད་ཀྱང་། །
    བོད་གྲངས་ཉུང་མི་རིགས་ལའང་སོམས་དགོས། །

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    གཏེར་ཁ་སྔོག་འདོན་་བྱོས།་ས་ཟད་ནས་རྡོ་ལ་མ་ཐུག་བར་དུ་སྔོག་རོགས
    དེ་ལྟར་བྱས་ན་གཞི་བདག་ཚོ་ཡང་སྡོད་མི་ཚིག་པར་གཞན་ཡུལ་ཞིག་ལ་ལོག་འགྲོ་ངེས་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese