མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་འདི་ལྟར་གླེང་། སྐྱ་མདའ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདི་གཙོ་ཆེར་གཞིས་ཆགས་དང༌། སློབ་གྲྭ ཚོགས་སྡེ་ཁག་དང༌། གྲྭ་ཚང་ཁག་བཅས་སྡེ་ཁག་གསུམ་གྱི་ཕྱོགས་ནས་འཚོ་གནས་ཐུབ་ཡོད།

ཞན་ཆ་གཙོ་བོར་འཛིན་པའི་ཆ་ནས་བཤད་ན། དང་པོ་གཞིས་ཆགས་ཁག་ནི་སྤྱི་ལོ་༡༩༩༡ ཙམ་ནས་དེ་རིང་བར་ལོ་རེ་ནས་ལོ་རེར་དངངས་འཚབ་དང་བྲེལ་འཚུབ་ཀྱི་རྣམ་པ་ཇེ་ཆེར་འགྲོ་གིན་ཡོད། དེ་ནི་གཡས་གཡོན་གང་སར་འཕུར་མཁན་མང་བས་གཞིས་ཆགས་སུ་འདུག་མཁན་མེད་པ་དེ་རེད། ནུབ་ཕྱོགས་དང་རྒྱ་གར་གྲོང་ཁྱེར་ཁག་ཏུ་གནས་བཅའ་བ་རྣམས་ལོ་རེའི་གུང་སེང་ཙམ་མ་གཏོགས་ཕལ་ཆེར་གཞིས་ཆགས་སུ་སླེབས་ཀྱིན་མེད། སློབ་གྲྭ་བ་རྣམས་ཀྱང་དེ་ལྟར་རེད། ཞེན་ཆགས་བྱེད་ཡུལ་དང་ཡོང་དགོས་པའི་རྒྱུ་མཚན་མེད་དེ། ས་ཆའི་གནས་བབ་ཞན་པ་དང་འཚོ་བའི་རྟེན་གཞི་མེད་པས་ཡིན། ད་ལྟ་གཞིས་ཆགས་ཁག་ཏུ་ལུས་ཡོད་པ་ནི། ཁང་པ་སྲུང་མཁན་གྱི་རྒན་རྒོན་ཚོ་དང་བྱིས་པ། དེ་མིན་སློབ་གྲྭའི་གོ་སྐབས་ཤོར་སོང་བ་རེ་འགའ་མ་གཏོགས་མེད།

སློབ་གྲྭ་ཁག་ནས་མ་སུ་རི་སློབ་གྲྭ་དང་བོད་ཁྱིམ་སློབ་གྲྭ་ནི་གཞི་རྒྱ་ཆེ་ཤོས་རེད། མ་སུ་རི་སློབ་གྲྭར་བརྒྱ་ཆ་བརྒྱད་ཅུ་ཙམ་བོད་ནས་སླེབས་པ་དང་བོད་ཁྱིམ་དུ་ཡང་ཅུང་འདྲ་མཚུངས་རེད། དེང་བོད་ནས་སླེབས་མཁན་ཉུང་སྟབས་གཞིས་ཆགས་ཁག་དང་ཧི་མ་ལའི་རི་རྒྱུད་ཀྱི་ཕྲུ་གུ་མང་དུ་ཕྱིན་ཡོད་སྐད། སྤྱི་ཡོངས་ནས་བོད་པ་ནུབ་ཕྱོགས་སུ་སྡོད་པ་དང་དཔལ་འབྱོར་དཀའ་ངལ་མེད་པའི་རྒྱ་གར་གྲོང་ཁྱེར་ཁག་ཏུ་སྡོད་མཁན་རྣམས། སློབ་ཕྲུག་ས་གནས་སོ་སོའི་སློབ་གྲྭར་གཏོང་བ་ལས་བོད་པའི་སློབ་གྲྭར་གཏོང་གི་མེད། དེར་བརྟེན་བོད་པའི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་ཇེ་ཉུང་རེད། དཔེར་ན་སློབ་གྲྭ་རྙིང་གྲས་དང་ལེགས་གྲས་ཌལ་ཧོར་སློབ་གྲྭ་ལྟ་བུ་ད་ལྟ་སྒོ་རྒྱག་ལ་ཉེ་བར་ཐུག་ཡོད།

ཚོགས་སྡེ་ཁག་ནི། གཞུང་འབྲེལ་མ་ཡིན་པའི་སྡེ་ཁག་རྣམས་ཡིན། ཚོགས་མི་ཡོད་པ་ཙམ་ལས་ཚོགས་མིའི་འགན་ཁུར་ལེན་མཁན་དང་ཚོགས་མིར་གསར་ཞུགས་བྱེད་མཁན་ཉིན་རེར་ཇེ་ཉུང་རེད། ཚོགས་པ་ལ་ལས་ད་དུང་ཞལ་འདེབས་སློང་བ་བཞིན་སྒོ་ཐེམ་རེ་རེར་ཚོགས་མི་བསྡུ་བར་འགྲོ་གི་ཡོད་ཀྱང་འཛུལ་མཁན་མེད། དེ་ལྟར་ཡིན་གཤིས་ཚོགས་པ་ཁག་གི་ཡན་ལག་རྣམས་རིམ་པར་མིང་ཙམ་མ་གཏོགས་ནུས་མེད་རང་ཡིན། དཔེར་ན་ཨོ་རི་ས་གཞིས་ཆགས་ཀྱི་ས་གནས་གཞོན་ནུ་ལྟ་བུ་ད་ལྟ་སྒོ་བརྒྱབ་ཡོད་སྐད་འདུག དེ་ནི་རྒྱུ་མཚན་གཅིག་ཚོགས་པ་ཁག་གིས་རང་གཞན་གཉིས་ཀར་ཕན་གྱི་མེད་པའི་འབྲས་རྟགས་རེད།

གྲྭ་ཚང་ཁག་ནང་སྤྱི་ཡོངས་ནས་གྲྭ་བཙུན་ཇེ་ཉུང་དང༌། ལྷག་དོན་བོད་པ་ཇེ་ཉུང༌། ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་ཅུང་ཇེ་མང་ཡིན་པ་ནི་ས་རིས་ཐང་གསལ་རེད། ལོ་རབས་དགུ་བཅུའི་ནང་གྲྭ་ཚང་ཁག་གི་བསྟན་པ་རྫོགས་ལྡན་རེད། ད་ནི་གཞིས་ཆགས་ནས་འཛུལ་མཁན་མེད་ལ་བོད་ནས་ཡོང་མཁན་ཇེ་ཉུང་ལ་སོང་། ལོ་རེར་སྐྱ་ཆད་སྔོ་སྡུག་ཏུ་འགྱུར་གྱིན་ཡོད། བོད་ནང་ཡོང་མཁན་ཇེ་ཉུང་ནི། ཕྱོགས་གཅིག་ནས་དགོས་པ་མེད་པ་དང་གཉིས་ནས་རྒྱ་གཞུང་གི་དམ་དྲགས་ཆེ་བས་ཡིན།

ད་ལྟ་གཉན་འཕྲང་ཅན་གྱི་དུས་བབ་འདིར། འབྱུང་འགྱུར་གྱི་བཀའ་སྤྱི་སུ་ཞིག་གིས་སྒྲིག་འཛུགས་འདི་དག་སྲུང་སྐྱོབ་ཇི་ལྟར་བྱེད་ཐུབ་བམ། སུ་ཞིག་ལ་འཇོན་ནུས་ཡོད། འཆར་གཞི་གང་ཞིག་ཡོད། ལོ་ཇི་ཙམ་ནང་འགྱུར་བ་གཏོང་ཐུབ་བམ། བཀའ་སྤྱི་གཉིས་སུ་འོས་པའི་མི་དེ་སུ་རེད་སུ་འདུག བསམ་གཞིག་གྱིས་བགྲོ་གླེང་བྱོས།།

༼རྩོམ་སྒྲིག་པའི་མཆན། རྩོམ་པ་པོའི་རེ་སྐུལ་ལྟར་སྨྱུག་མིང་བཀོལ་བ་ཡིན།༽

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༣ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༣ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 8

  1. kelsang says:
    ལོ་ 15 སྔོན།

    ཟ྄ླ་བ་ལ྄ྷ་མོའི་བསམ་ཚུལ་ཡང་དག་རེད།།
    ཟ྄ླ་བ་ལ྄ྷ་མོར་བོད་ཞེན་ཆེ་ན་འང་།།
    ཟ྄ླ་བའི་འོད་ཟེར་ར྄ྣལ་མ་ཇི་ལ྄ྟར་འཕ྄ྲོས།།
    ཟ྄ླ་བ་ལ྄ྷ་མོ་ཁ྄ྱེད་གསུང་ར྄ྒ྄ྱབ་ས྄ྐ྄ྱོར་ཡོད།།
    ང་ནི་བལ་ཡུལ་ཕ྄ྱོགས་ཀ྄ྱི་བོད་མི་ཞིག།
    བོད་ཀ྄ྱི་བཀའ་ཁ྄ྲི་གདམ་པར་དེ་བས་དགའ།།
    འོན་ཀ྄ྱང་ང་ཚོའི་བསམ་ཇི་བཞིན་དུ་།།
    ཡོང་མིན་བོད་མི་ཀུན་ག྄ྱི་འོས་འགན་ཡིན།༎
    ཕ྄ྲན་ག྄ྱི་ཡང་ས྄ྐ྄ྱར་ནན་ག྄ྱིས་ཞུ་ར྄ྒ྄ྱུ་ནི།།
    བོད་མི་ར྄ྒན་གཞོན་ཀུན་ག྄ྱི་བསམ་གཞིགས་ཀ྄ྱིས།།
    ཀ྄ླད་པའི་ས྄ྒོ་མོ་ཡངས་པོར་ཕ྄ྱེ་བཞིན་དུ།།
    བཀའ་ཁ྄ྲིར་འོས་པ་བ྄ློ་བཟང་སངས་ར྄ྒ྄ྱས་ཡིན།།
    ཚོད་ལ྄ྟའི་འོས་བས྄ྡུའི་ནང་གི་མི་ས྄ྣ་གཞན།།
    བཀའ་ཁ྄ྲིའི་ས་མིག་དེ་རུ་མི་འོས་པ།།
    ངས་ཀ྄ྱང་མ་བཤད་ན་འང་གསལ་ཀུན་ག྄ྱིས་ཤེས།།
    དེ་ལ྄ྟར་བོད་མི་ར྄ྒན་གཞོན་ཐམས་ཅད་ཀ྄ྱིས།།
    བ྄ློ་སེམས་གཅིག་ཏུ་ས྄ྒ྄ྲིལ་ནས་བཀའ་ཁ྄ྲི་གདམ།།

    Reply
  2. ཟླ་བ་ལྷ་མོ says:
    ལོ་ 15 སྔོན།

    དམངས་གཙོ་ཀ་བ་གསུམ་ཞེས་བརྗོད་པ་གྲགས།།
    གདམ་བྱའི་ཀ་ཁྲི་མི་དམངས་སྤྱི་འཐུས་སོགས།།
    དྲང་ལྡན་གཙུག་ཏུ་བཟུང་ནས་གདམ་པ་ལས།།
    ཕྱོགས་རིས་ཡུལ་ཕྱོགས་བསམ་ནས་གདམ་པ་ན།།
    དམངས་གཙོ་མ་ཡིན་རྨོངས་གཙོ་ལམ་དུ་ལྷུང་།།
    དོན་འདི་ཚང་མའི་ཡིད་ལ་འཇགས་པར་འཚལ།།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་ནས་གསར་དུ་ཕེབས་མཁན་མེད་པས་གྲྭ་ས་དང་སློབ་གྲྭ་ཁག་སྟོང་ལ་མྱུར་བ་འགྱུར་གྱི་འདུག་ཟེར་ནས་སེམས་འཁྲུལ་བྱེད་དགོས་དོན་གང་ཡོད་དམ།
    བཙན་བྱོལ་བོད་གཞུང་གིས་བོད་ནས་ཕེབས་མཁན་མི་དགོས་ཟེར་ནས་ཕྱིར་བོད་ཏུ་ལོག་བཏང་བའི་ལས་འགུལ་སྦེལ་ནས་རྒྱུན་རིང་པོ་མ་ཡིན་ནམ། དགོས་ན་བོད་ཏུ་ཕྱིར་ལོག་བཏང་གི་མ་རེད་པྭ།
    མི་དགོས་ནས་མ་སུ་རིའི་སློབ་ཕྲུག་ཚོ་ཡང་བལ་ཡུལ་མ་གཏོགས་བསྐྱལ་བ་མ་ཡིན་ནམ།

    གཉིས་ནས་བོད་གཞུང་གི་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྟངས་ཡག་པོ་མེད་པས་བོད་ཕྲུག་མང་པོའི་བོད་ཡིག་བོད་ཡིག་ཡག་པོ་ཞིག་མ་ཤེས་ཨིན་ཡིག་ཨིན་ཡིག་གཏོང་ཡིག་ཙམ་ཡང་ཡག་པོ་ཞིག་འབྲི་མི་ཐུབ་པ་ཆགས་པས་བཀའ་ཁྲི་ཡིས་བོད་རྒྱ་ཆེ་མི་མང་ལ་དགོངས་དག་ཞུས་པ་མ་རེད་པས།

    གསུམ་ནས་ཧ་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་འདི་ནི་བོད་མི་རང་རེད། འདི་ཚོ་ལ་བོད་མི་མ་རེད་ཕྱི་མི་ཞིག་རེད་བསམ་མཁན་ཚོའི་གཅིག་ནས་བོད་ཀྱི་ལོ་རྒྱུས་མ་རྟོགས་པ་དང་གཉིས་ནས་བློ་རྒྱ་ཆུང་དྲགས་པར་རེད་སྙམ།

    ཧ་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་སྤུན་ཟླ་ཚོ་བོད་པ་མིན་པས་རྒྱུ་མཚན་འདྲ་ཡོད་དམ། ངས་ལྟས་ན་འདི་ཚོ་ནི་བོད་རིགས་རེད་ལ་བོད་པ་ཡང་རེད། ང་ཚོང་དང་ཁ་བྲལ་ཐབས་མེད་པའི་ཆོས་དང་སྐད་ཡིག་རིག་གཞུང་བཅས་ཀྱིས་འདྲེས་ནས་བསྡད་ཡོད་དོ།

    Reply
  4. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་བ་ནི་ད་ལྟ་གདམ་ཀ་དང་བགྲོ་གླེང་གནང་བཞིན་པའི་སྐབས་རེད།
    ང་རང་གི་བཀའ་བློན་ཁྲི་བའི་འོས་མི་དེ་གསལ་འདོན་མི་བྱེད་པར་ལྷན་ཁང་ཁག་གི་བཀའ་བློན་ལ་འོས་པའི་མཐོང་སྣང་ཞིག་འབྲི་རྒྱུ་ཡིན།

    དཔལ་འབྱོར་བཀའ་བློན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས།
    ནང་སྲིད་བཀའ་བློན་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས།
    བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་རང་འཇགས།
    ཕྱི་དྲིལ་དང་དྲིལ་བསྒྲགས་བཀའ་བློན་བློ་བཟང་སེང་གེ་ལགས།
    འཕྲོད་བསྟེན་བཀའ་བློན་རྒྱ་རི་སྒྲོལ་མ་ལགས།
    ཤེས་རིག་བཀའ་བློན་ཨ་མ་རྗེ་བཙུན་པདྨ་ལགས།
    ཆོས་རིག་བཀའ་བློན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས།

    གོང་གི་བཀའ་བློན་གྱི་འོས་མིའི་ནང་གི་ཁག་ཅིག་བཀའ་བློན་ཁྲི་བའི་འོས་མིར་གཞེངས་བཞིན་ཡོད་མོད། གལ་སྲིད་བཀའ་བློན་ཁྲི་བར་མ་འཁེལ་བའི་དབང་དུ་བཏང་ན་འདི་ལྟར་འོས་བབ་ཞིག་མཐོང་བཞིན་ཡོད།

    Reply
  5. kelsang says:
    ལོ་ 15 སྔོན།

    lR.- 0:A- 3J- tJ- $8R3- .$R?,

    སོ་སོའི་སེམས་ལ་གང་ཤར་བ་དེ་ནི་ཕ་རོལ་མིག་གི་ཁ་ཟས་ཀྱི་མཆོད་པའི་སྡེར་ཀར་བཤམས་ན།ང་ཚོས་སྔོན་མ་ནས་བཤད་ཀྱིན་པའི་རང་ཚུགས་ཅན་གྱི་མི་བུའིི་རིན་ཐང་དང་རྒྱང་ཐག་ཆོད་འགོ་བརྩམས་པ་རེད།-ངས་འདི་ལྟར་བཤད་ན་ཁག་ཅིག་གིས་རང་ཚུགས་ཅན་ནི་ཨུ་ཚུགས་ཀྱི་ལྟ་བ་ལ་གོ་སྲིད་མོད། དེ་ནི་ཨུ་ཚུགས་མ་ཡིན་པར་མི་བུའི་འབད་བརྩོན་གྱི་ནུས་ཤུགས་ལ་བརྟེན་ནས་འཇོན་ཐང་གི་གཟི་འོད་ཅིག་ལ་གོ་དགོས།དེ་འདྲ་བའི་འཇོན་ཐང་གི་གཟི་འོད་དེ་ནི་དཀའ་སྤྱད་འབད་བརྩོན་མེད་པར་བདེ་པའི་མལ་དུ་གཟིམ་ནས་བསྡད་པ་ཡིན་ན། ཟག་ལུས་ཀྱི་ཕུང་པོ་ལ་རྣམ་ཤེས་ཀྱི་སྲོག་དབུག་ཞུགས་པའི་དགོས་པ་གང་། དེ་ལྟར་ལེ་ལོ་དང་སྒྱུད་ལུག་གི་འདམ་རྙོག་ནས་ནམ་གཡེང་གི་ལྕོགས་སྒྲོག་ཏུ་ཚུད་ན། རིན་ཐང་ལྡན་པའི་ལུས་ཕོང་དེ་གཟི་འོད་འབར་པའི་འཇོན་ཐང་གི་འོད་ཟེར་ག་ལ་འཕྲོས། རང་ཚུགས་ཅན་ཟེར་ན་མི་བུ་རང་འགའ་བའི་ཁྱད་ཆོས་ཀྱི་མ་ལག་ཅིག་ལ་ཟེར། དཀར་ངོགས་ཀྱི་འཇིག་རྟེན་འདི་ལ་ཐེངས་གཅིག་འགྲིམས་པའི་དོན་སྙིང་ཡང་ཡིན། དེ་འདྲ་ཡིན་དུས་བརྗོད་པར་དཀའ་པའི་རིན་ཐང་གི་མ་ལག་དེ་ཚོ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ངེས་པར་དུ་གང་བྱུང་ཁ་ནས་བཤད་ན་རྙོག་དྲའི་གཞི།ཞེས་པའི་དོན་སྙིང་ཁ་ཚ་དགོས་གཏུགས་དེ་ཡིད་ལ་བརྟན་པོར་འཛིན་དགོས་པ་མི་བུའི་ལང་ཚོའི་རིན་ཐང་ཉག་ཅིག་ཡིན།
    སྒྲུབ་གཉིས་སྤོང་བའི་ཤཀྱྰ་སེང་གེ་ཡིས༎
    སྲིད་པའི་འཁོར་བ་དུག་སྦྲུལ་ཚང་རེད་གསུངས༎
    དེར་གནས་སྐྱེ་བུའི་མ་རིག་རྨོངས་པ་ཡིས༎
    ཁ་བདེ་བཤད་ཀྱང་རང་དོན་ཁོ་ནའི་ཆེད༎

    Reply
  6. རྭ་ལོ། says:
    ལོ་ 15 སྔོན།

    དོན་ཚན་གསུམ་ཡོད།

    ༡། ང་ཚོས་བཀའ་ཁྲི་འཚོལ། བཀའ་ཁྲི་དེ་ཡང་ཁོང་གི་ཕྱག་རོགས་བཀའ་བློན་འཚོལ་ཤེས་མཁན་ཞིག་འཚོལ། དཔེར་ན། དབུས་ཕྲུག་ཚེ་རིང་གིས་བཤད་པ་ཇི་བཞིན། ང་ཚོར་ཐད་ཀའི་དཀའ་ངལ་འཕྲད་ས་དེར་ལས་ཀ་བྱེད་མཁན་གྱི་ནང་སྲིད་བཀའ་བློན་དང་། ཆོས་དོན་བཀའ་བློན། ཤེས་རིག་བཀའ་བློན་བཅས་མི་ཤེས་འཇོན་ཡོད་མཁན་དག་དགོས་ཀྱི་འདུག

    ངའི་བསམ་ཚུལ་ཡིན་ན། དེ་ལས་ལྷག་པ་ཞིག་ལ་ཕྱི་དྲིལ་བཀའ་བློན་རྩེ་གྲས་ཤིག་དགོས་ཀྱི་འདུག

    ད་ལྟའི་བཅའ་ཁྲིམས་ཀྱི་འོག་ཏུ། ང་ཚོས་བཀའ་ཁྲི་གཅིག་པུ་མ་གཏོགས་བཀའ་བློན་ལས་རོགས་ཚོ་འཚོལ་མི་ཐུབ། དེ་ང་ཚོས་བཙལ་བའི་བཀའ་ཁྲི་ཁོ་རང་གིས་འཚོལ་དགོས་པ་རེད།

    ༢། གྲོས་ཚོགས་ཀྱི་ནང་ནས་ང་ཚོར་ད་དུང་འགྱོད་པ་མང་པོ་སྐྱེས་རྒྱུ་ཡིན་པ་གཏན་འཁེལ་འདྲ་བོ་རེད། ང་ཚོས་ཆོ་ངེ་མང་པོ་འདོན་བཞིན་དུ་སྔར་གྱི་མི་དེ་དག་མ་གཏོགས་རྙེད་གི་མེད། དེ་དག་གི་དབང་དང་ཤུགས་རྐྱེན་འོག་ནས་ང་ཚོ་ཐར་ཐབས་མི་འདུག ཡིད་མི་ཆེས་ད་ཕན་ཆོལ་ཁ་དང་ཚོགས་སྐྱིད་བཅས་ནས་བཏོན་པའི་འོས་ལ་གཟིགས་རོགས།

    ༣། དབུས་ཕྲུག་ལགས། བོད་པ་ཚོས་ནུབ་ཕྱོགས་ནས་རྒྱུ་བཙལ་ཏེ། ཕྱུག་པོ་ཆགས་ཚར་རྗེས་ཕྱིར་འཁོར་ནས་མི་ཚེ་སྐྱེལ་ས་དེ་བོད་དང་རྒྱ་བལ་འབྲུག་གསུམ་ལྟ་བུ་ཞིག་ལ་རྨི་ལམ་གཏོང་གི་ཡོད་རབས་འདུག

    བོད་པ་ཚོ་ནུབ་ཕྱོགས་ལ་དངོས་སུ་འགྲོ་མགོ་བརྩམས་ནས་ད་དུང་ལོ་ ༢༠ ལས་ཕྱིན་མེད། མ་མཐར་ཡང་ལོ་ ༤༠ ནས་ ༥༠ བར་དུ་ཁོང་ཚོ་ཕྱིར་འཁོར་ཐུབ་གི་མ་རེད། དེའི་རྗེས་ནས་བོད་པ་མང་པོ་ཞིག་གི་ཀླད་པ་དང་གློ་ཁུག་གཉིས་ཆ་ཁ་གང་ནས་ཕྱིར་ལོག་ཡོང་བའི་རེ་བ་ཡོད། ཁོང་ཚོ་ཕྱིར་བསླེབ་བར་དུ་ང་ཚོས་ས་བཟུང་ནས་འདུག་དགོས་པ་རེད།

    དེ་ཡིན་སྟབས་ང་ཚོས་ད་དུང་ལོ་ ༢༠ ནས་ ༣༠ ལ་སྒུག་དགོས་ཀྱི་འདུག དེའི་བར་དུ་འར་བསྟེན་ས་རེད་དམ།

    Reply
  7. མི་ཆུང་། says:
    ལོ་ 15 སྔོན།

    ད་ཡིན་ན་བཀའ་སྤྱི་སུ་སླེབས་ཀྱང་བྱ་བ་བསྒྲུབ་རྒྱུ་ཧ་ཅང་མང་གི། ལས་འགན་འདི་དག་རྒྱབ་ཏུ་ཁུར་ནུས་མཁན་གྱི་བཀའ་བློན་དེ་གང་ན་ཡོད་དམ།

    Reply
  8. མཐུ་སྟོབས། says:
    ལོ་ 15 སྔོན།

    དབུས་ཕྲུག་ཚེ་རིང་གི་བརྗོད་ཚུལ་འདིའི་ཐད་བོད་མིའི་གཤིས་རྒྱུད་དང་རིག་གཞུང་གཅེས་ཉར་མ་ཐུབ་པའི་སྐྱེ་བོ་ག་ཚོད་ཙམ་ང་ཚོའི་གཞིས་ཆགས་ཁག་ནང་ཡུན་རིང་གནས་སྡོད་བྱས་ཚེ་གནས་ཆོག་པ་ཞིག་རྒྱ་གར་གཞུང་གིས་བཞག་གི་རེད་དམ། སྐྱེ་རྒ་ན་འཆི་ནི་མིའི་ཆོས་ཉིད་ཡིན་པ་དང༌། 1991་ལོ་ཙམ་ནས་བོད་མི་ཕྱིར་ཐོན་བྱེད་པའི་འགོ་བཙུགས་པ་རེད། བོད་མི་ས་ཆ་ཐང་ཡངས་པོ་ཞིག་ཏུ་རང་དབང་སྤྱོད་འདོད་ཡོད་ལ། གཤོག་རྩལ་ངོམས་ཏེ་འཛམ་གླིང་གི་རྒྱས་སྤྲོས་ཆེ་བའི་སྤྱི་ཚོགས་ནང་དུའང་མགོ་བོ་བཅུག་འདོད་བྱ་གི་ཡོད། དེ་ནི་ཡག་རྟགས་ཤིག་རེད། དགོས་མེད་ཀྱི་གཞིས་ཆགས་གྲངས་མང་ཞིག་གྲངས་ཀ་བརྩི་རྒྱུ་ཙམ་དུ་བསྡད་དེ་ག་རེ་ཡོད་པ་རེད་དམ། དེ་ལས་ཁོང་ཚོ་ཐོན་ཕྱིན་ན་དགའ་བ་ཡོད་པ་དེ་རེད། གཞིས་ཆགས་དགོས་མེད་དང་སློབ་གྲྭ་དགོས་མེད་སྒོ་བརྒྱབ་སྟེ་དེ་དག་གི་ས་བོན་དུ་ཨ་རི་སོགས་སུ་བོད་མིའི་གྲོང་ཚོ་གསར་རྒྱག་བྱ་རྒྱུའི་འཆར་གཞི་འགྲོ་བཞིན་པ་རེད། རྒྱ་གར་ལུང་པའི་ནང་ང་ཚོ་ལོ་ལྔ་བཅུ་བསྡད་དེ་གང་སར་ཉམས་མྱོང་ལེན་ཡོད་པ་རེད། ད་ལྟ་ང་ཚོས་དེ་ནས་ཐོན་ཏེ་ས་གནས་གཞན་ཞིག་ཏུ་སླར་ཡང་ལོ་ལྔ་བཅུ་བསྡད་དགོས་བྱུང་ཡང་ང་ཚོར་སྒྲིག་འཛུགས་དང་སྤྱི་ཚགོས་ཀྱི་གྲུབ་ཆ་བཙན་བྱོལ་བ་གཞན་དང་བསྡུར་ཐབས་མེད་པ་ཞིག་ཡོད་པ་དེ་རྒྱ་གར་གཅིག་པུའི་ནང་རྒྱ་སྐྱེད་བྱ་རྒྱུ་མ་ཡིན་པར་འཛམ་གླིང་ཡུལ་གྲུ་ཁག་ནང་ང་ཚོའི་གཞིས་ཆགས་ལྔ་བཅུ་ལྷག་ཙམ་ཁ་གཏོར་ཏེ་འཛམ་གླིང་ལ་ཁྱབ་ཐུབ་པའི་སྒྲིག་འཛུགས་གསར་པ་ཞིག་བཙུགས་ཐུབ་མཁན་གྱི་བཀའ་ཁྲི་དང་སྤྱི་འཐུས་ཚོ་འདེམས་དགོས་པ་རེད་ཅེས་བཤད་ན་མཚམས་པོ་འདུག གང་ལྟར་རྒྱ་གར་ང་ཚོ་བཀའ་དྲིན་ཆེན་པོ་རེད། ཡིན་ནའང་རྒྱ་གར་ལ་མི་འབོར་མང་བ་དང་ཡར་རྒྱས་འགྲོ་བའི་དུས་ཚོད་ནང་ང་ཚོས་ས་ཆ་ཟིན་པ་དང་ཐོབ་ ཐང་དགོས་མདོག་མ་བྱས་པར་ལོ་ལྔ་བཅུ་ཙམ་གནས་ཚང་གཡར་བ་དེར་ཐུགས་རྗེ་ལེགས་འབུལ་ཞུས་ཏེ་བོད་མི་རྣམས་འཛམ་གླིང་དུ་འགྲམ་སྟེ་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཞིག་ནང་རྟེན་གཞི་ཆེ་ཙམ་བཙུགས་ཐབས་བྱ་དགོས། དེ་ལྟར་མ་བྱས་ཚེ་མུ་མཐུད་ལོ་ལྔ་ཅུ་ད་དུང་རྒྱ་གར་དུ་གཞིས་ཆགས་རྒྱ་ཆེ་རུ་གཏོང་རྒྱུ་དང་སློབ་གྲྭ་མང་དུ་གཏོང་དགོས་པ་མ་རེད་ལ། ཡོད་པ་དེ་དག་ཀྱང་རིམ་པས་མཁོ་བསྡུ་བྱས་ན་འགྲིག་པ་རེད། གནས་ས་སྤོ་རན་ཡོད། རྒྱ་མིས་བལ་པོ་བསྣན་ཟིན་ཏེ་ཉོས་ཟིན་པ་དང༌། རྒྱ་གར་དང་མཐུན་ཕྱོགས་ཀྱི་ཕྱོགས་སུ་བསྒྲིལ་ཐབས་བྱེད་པར་པ་ཀི་སི་ཐན་དུ་མེ་འཁོར་ལྕགས་ལམ་བཙུགས་ཏེ་མི་འབོར་སྤོ་བཤུད་ཀྱི་ཐོག་ནས་རྒྱ་གར་ནང་རྒྱ་མིའི་ཤུགས་རྐྱེན་གང་མཚམས་སླེབས་སྐབས་འདྲིས་གཤིབས་བདེ་བའི་ང་ཚོའི་བོད་མི་རྣམས་སླར་ཡང་རྒྱ་མིའི་བཅོས་མའི་འཁྲབ་ཚན་ལ་མགོ་འཁོར་ནས་སྲ་བརྟན་གྱི་སྤྱི་ཚོགས་ཤིག་གནས་ཐབས་མེད་པར་རྒྱ་མིས་བཟོ་འཆར་ཡོད་སྟབས་ངེས་པར་ང་ཚོའི་རྟེན་གཞི་གཙོ་བོ་དེ་ནུབ་ཕྱོགས་ཡུལ་གྲུ་ཞིག་ཏུ་སྤོས་ཏེ་བཙན་བྱོལ་བོད་མི་རྣམས་གནས་ཚང་ལས་ཐོན་ཏེ་རང་ཚུགས་ལྡན་པའི་ཐོག་ནས་ནུབ་ཕྱོགས་ཡུལ་གྲུ་ཞིག་ནང་ཉམས་མྱོང་བསགས་ན་ལེགས་པ་མཐོང་ཞིང༌། དེར་གཞོགས་འདེགས་བྱ་མཁན་བཀའ་ཁྲི་དང་སྤྱི་འཐུས་དེ་དག་ཀྱང་དེ་ལྟའི་ལམ་སྟོན་ཐུབ་པ་ཞིག་དགོས་པ་ལས། རྒྱ་གར་གཅིག་པུའི་ནང་ཉམ་ཆགས་འགྲོ་བཞིན་པའི་སྐྱོ་གླུ་བཤའ་མ་ལེན་ཏེ་བཙན་བྱོལ་གྱི་སྒྲིག་འཛུགས་ཉིན་ཤས་ནང་འགྱེལ་གྲབས་ཡོད་པའི་འར་གཏམ་དེ་མ་ཤོད་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese