རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཏེ། ༧གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པ་དང་དགོན་པའི་བླ་མ་ཟླ་བ་རིན་པོ་ཆེ་བཙོན་དུ་བཅུག་པ་སོགས། ཚད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་སྟབས། དགུང་ལོ་ ༧༠ ལ་ཕེབས་པའི་དགེ་སློང་ངག་དབང་རྒྱ་མཚོ་ལགས་རང་ཤི་བརྒྱབ་འདུག
ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བོད་གཞུང་དྲ་རྒྱས་གནས་ཚུལ་སྤེལ་བ་ལྟར་ན། ནག་ཆུ་རྫོང་ཁོངས་སུ་ཡོད་པའི་རོང་པོ་དགོན་དུ། རྒྱ་གཞུང་གིས་ད་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་བ་དང་འབྲེལ། རོང་པོ་ཆོས་རྗེའི་ཡང་སྲིད་བརྩད་གཅོད་ཀྱི་ཐོག་ལ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པར་དོགས་གཞི་བྱས་ཏེ། དགོན་པ་དེའི་བླ་མ་ཟླ་བ་རིན་པོ་ཆེ་མཁྱེན་རབ་དབང་ཕྱུག་བསམ་གཏན་མཆོག་དང་། དགོན་པའི་ལས་སྣེ་གྲྭ་དུང་ཕུག་དང་ངག་དབང་ཐོགས་མེད། མི་སྐྱ་བཀྲ་ཤིས་དོན་གྲུབ་བཅས་ལྷ་ས་ནས་འཛིན་བཟུང་བྱས་པ་དེ་དག་རིམ་པས་གློད་གྲོལ་བཏང་ཡོད་ཀྱང་། རང་ཤག་ཏུ་༸གོང་ས་མཆོག་གི་སྐུ་པར་ཉར་བའི་ཉེས་མིང་འོག ད་ལྟ་རང་ལོ་ ༣༥ སོན་པའི་དགོན་པའི་ལས་སྣེ་བ་གྲྭ་ངག་དབང་ཐོགས་མེད་ལགས་སུ་དུས་བཀག་བཙོན་འཇུག་ལོ་གཉིས་ཀྱི་ཁྲིམས་ཆད་བཏང་འདུག དེ་མིན་སློབ་གསོའི་ལས་འགུལ་སྤེལ་རིང་༸གོང་ས་མཆོག་ལ་དགག་རྒྱག་དང་། རོང་པོ་དགོན་པའི་བླ་མ་ཟླ་བ་རིན་པོ་ཆེ་ཏཱ་ལའི་བླ་མའི་རྗེས་འབྲངས་པ་ཡིན་པས་མཐའ་གཅིག་ཏུ་དགག་རྒྱག་དགོས་པ། དེ་བཞིན་དགོན་པའི་ངོས་ནས་བླ་མ་ཟླ་བ་དང་འབྲེལ་བ་བྱེད་མི་ཆོག་པ་དང་རྗེས་སུ་ཡང་སྲིད་ཀྱང་ངོས་འཛིན་བྱ་ཆོག་གི་མེད་ཟེར་བ་སོགས་བརྗོད་དེ་སློབ་གསོའི་ལས་འགུལ་ཤུགས་ཆེར་སྤེལ་སྟབས། དགོན་པའི་དགེ་བསྐོས་བཀྲ་ཤིས་བསྟན་བཟང་ལགས་དང་གྲྭ་བྱམས་པ་ཟེར་བ་གཉིས་སེམས་ཁམས་མི་བདེ་བར་གྱུར་ཏེ། དགེ་བསྐོས་བཀྲ་ཤིས་བསྟན་བཟང་ལགས་ལས་སྣེ་ཤོར་ནས་ཁྱིམ་དུ་སྡོད་དགོས་བྱུང་ཡོད་ཅེས་དང་། ཡང་བོད་གཞུང་དྲ་རྒྱས་མུ་མཐུད་གནས་ཚུལ་སྤེལ་དོན། སློབ་གསོའི་ལས་འགུལ་སྤེལ་རིང་༧གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པ་དང་། དགོན་པའི་བླ་མ་ཟླ་བ་རིན་པོ་ཆེ་བཙོན་དུ་བཅུག་པ་སོགས་ཚད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་སྟབས། ད་ལྟ་དགུང་ལོ་ ༧༠ ཙམ་དུ་སོན་པའི་དགེ་སློང་ངག་དབང་རྒྱ་མཚོ་ཞུ་བ་ཞིག་གིས་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་ཡི་གེ་ཞིག་བཞག་སྟེ། རང་ཤི་བརྒྱབ་འདུག
ཡིན་ནའང་། རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་ཁོང་ན་ནས་ཤི་བ་མ་གཏོགས་རང་ཤི་བརྒྱབས་པ་མིན་པས། དེའི་སྐོར་སུས་ཀྱང་ཕྱིར་བཤད་མི་ཆོག་པའི་སྡིགས་ར་བསྐུལ་ཡོད་པར་མ་ཟད། ཁོང་གིས་བཞག་པའི་ཡི་གེ་དེ་དག་ཀྱང་བཙན་འཁྱེར་བྱས་འདུག ཟླ་ ༧ ཚེས་ ༡༧ ཉིན་དགོན་པའི་འགན་འཁུར་བ་གྲྭ་ངག་དབང་བློ་བཟང་གཙོས་དགེ་འདུན་པ་བཅུ་བདུན་གྱིས་༸གོང་ས་མཆོག་དང་བླ་མ་ཟླ་བ་གཉིས་ལ་དགག་པ་རྒྱག་འདོད་མེད་པ་དང་། དགོན་པ་དང་བླ་མའི་དབར་འབྲེལ་བ་བྱ་འཇུག་དགོས་པའི་རྒྱུ་མཚན་དྲངས་ཀྱང་ཁས་ལེན་མ་བྱས་པར་བརྟེན། འུ་ཐུག་ཐབས་ཟད་ཀྱིས་དགོན་པ་ནས་ཕྱིར་ལ་འབུད་དགོས་བྱུང་འདུག་ཀྱང་། བདུན་ཕྲག་རེ་རེའི་མཚམས་ཤང་སྲིད་གཞུང་དུ་ཐེངས་རེར་ཡོང་དགོས་པ་དང་། ལོ་གཉིས་རིང་ས་ཆ་འདྲ་མིན་ལ་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག
དེ་བཞིན་ཟླ་ ༧ ཚེས་ ༢༡ ཉིན་དགོན་པར་༸གོང་ས་མཆོག་ལ་དགག་རྒྱག་གི་སློབ་གསོའི་ལས་འགུལ་སྤེལ་སྐབས། གྲྭ་མཁྱེན་རབ་ནོར་བུ་ཞུ་བ་ཞིག་ནས་དགོན་པ་དང་བླ་མའི་དབར་འབྲེལ་བ་བྱེད་མ་ཆོག་ན་དགོན་པར་བསྡད་ཀྱང་ཅི་ཕན། དེ་ལས་ལྡེ་མིག་ཁྱེད་ཚོས་བདག་པོ་རྒྱོབས་ཟེར་བཞིན་དགོན་པའི་འདུ་ཁང་གི་ལྡེ་མིག་ཕྱིར་འཕངས་ཏེ། ཚོགས་ཐོག་ནས་ལངས་ཏེ་ཕྱིན་པར་བརྟེན། འཛིན་བཟུང་བྱས་ཏེ་ད་ལྟ་གློད་བཀྲོལ་བཏང་མེད་པ་དང་། དེ་མིན་སྐབས་དེར་དགེ་འདུན་པ་ངག་དབང་ནོར་བུ་ཞུ་བ་ཞིག་ནས་ལས་བྱེད་ལ་འབུད་རྒྱག་བཏང་བར་བསྙད་ནས་འཛིན་བཟུང་བྱས་ཀྱང་གློད་བཀྲོལ་བཏང་ཟིན་འདུག་པ་བཅས། ད་ལྟ་རོང་པོ་དགོན་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་སྟེ་གང་བྱུང་འཛིན་བཟུང་དང་། རྒྱུན་གཏན་ཆོས་སྤྱོད་སློབ་གཉེར་གྱི་གོ་སྐབས་མེད་པར་མི་འདོད་བཞིན་དུ་རྩ་བའི་བླ་མར་སྐུར་འདེབས་བྱེད་བཅུག་པ་སོགས་ལ་བརྟེན། དགོན་པའི་ནང་དགེ་འདུན་པ་རང་ཤི་རྒྱག་དགོས་བྱུང་བའི་ཡིད་སྐྱོའི་གནས་ཚུལ་མུ་མཐུད་ཐོན་བཞིན་པ་དེས། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ནང་དྲག་ཤུགས་དང་བཙན་ཤུགས་ཀྱི་ཐོག་ནས་སློབ་གསོའི་ལས་འགུལ་སྤེལ་ཏེ། མི་སེམས་བསླུ་ཐབས་བྱེད་བཞིན་པར་གྲུབ་འབྲས་གང་ཡང་ཡོང་རྒྱུ་མིན་པའི་དོན་དངོས་ཀྱི་གནས་ཚུལ་གསལ་བཤད་ཐུབ་པ་བྱུང་ཡོད། ཅེས་གནས་ཚུལ་སྤེལ་འདུག
བསྐྱར་འགོད་པ། ཨ་རིག་འགྱུར་མེད།
གཞིས་བྱེས་བོད་རིགས་དྲང་བདེན་ལས་འགུལ་ཚོས། །
འཛིན་བཟུང་བྱེད་དུ་ཆུགས་ཅིག་ལ་རྒྱ་རེད། །
ཁྲིམས་བཅད་དང་དུ་བློངས་ཤིག་བོད་དོན་རེད། །
རང་གཞན་ཚེ་སྲོག་གནོད་ལ་ངས་མི་བཟོད། །
དེ་དོན་ཐུགས་ལ་འཇགས་མཛོད་སྤུན་ཟླ་ཚོ། །
རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ནང་་བཙན་ཤུགས་ཀྱི་ཐོག་ནས་སློབ་གསོའི་ལས་འགུལ་སྤེལ་ཏེ། མི་སེམས་བསླུ་ཐབས་བྱེད་བཞིན་པར་གྲུབ་འབྲས་གང་ཡང་ཡོང་རྒྱུ་མེད་པ་བོད་མི་དམངས་རྣམས་ཀྱིས་བསམ་བློ་རྒྱ་ནག་གཞུང་དང་ཐག་རིང་ཏེ་འགྲོ་བཞིན་ཡོད། དགེ་འདུན་པ་ཁོང་གི་རྣམ་ཤེས་བདེ་བ་ཅན་དུ་སྐྱེ་བའི་སྨོན་འདུན་དང་། ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད།
དཀོན་མཆོགས་གི་གཟིགས་ནས་ང་ཚོ་བོད་ཀྱི་བར་ཆད་དེ་མྱུར་དུ་གསལ་བར་ཤོག་
སྙིང་མ་རྗེ།
དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་འདེབས། བོད་ལྗོངས་བྲན་གཡོག་ལམ་ལུགས་ཀྱི་སྐབས་སུ་དགེ་སློང་འུ་ཐུག་ནས་རང་ཤི་རྒྱབ་ཞིག་གོ་མ་མྱོང་། རྒྱ་ནག་གུང་ཁྲན་གྱི་བོད་ལྗོངས་གསར་པའི་འོག་དགེ་སློང་ཞིག་འུ་ཐུག་ནས་རང་ཤི་རྒྱབ་ནི་་་་་་་་་་་ཨ་ཁ་ཁ་
རང་ཤི་བརྒྱབ་་་་་་ ཟེར་ན་གོ་རྒྱུ་ཅང་འདུག་གམ། ད་་་་་ཤ་ཟའི་སྐད་་་་ལ་ལད་མོ་བྱེད་རྒྱུ་མང་དྲགས་ཀྱིན་འདུག་ རང་སྲོག་བཅད་་་་ཟེར་བའི་ཚིག་མར་ལོ་འདྲ་བོ་འཁྲིས་སུ་སྐྱུར་ནས། རང་ཤི་བརྒྱབ་་་་ཟེར་ན་ཅུང་མི་མཛེས་སོ། ། བོད་རང་གི་བརྡ་སྤྲོད་པའི་སྒྲོས་དང་བསྡུར་ནས་བལྟས་ན་་་་་ རང་ཤི་བརྒྱབ་་་་་ཟེར་བ་འདི་ལ་གོ་རྒྱུ་ཅང་ཨེ་ཡོད་སྙམ།
གཞན་དགེ་འདུན་པ་ཁོང་གི་རྣམ་ཤེས་བདེ་བ་ཅན་དུ་སྐྱེ་བའི་སྨོན་འདུན་དང་། ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྡུག་ངལ་མ་བཟོད་པར་་རང་ཤི་རང་རྒྱག་གི་ཡོད་རེད།
ད་དུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་བསྡད་ཀྱི་ཡིན་ཞེས་ཨུ་ཚུགས་བྱས་བསྡད་པར་འདི་ནི་བོད་མི་རིགས་ཀྱི་ཆེད་དུ་ཡག་པོ་མ་རེད།
འཇམ་དཔལ་དཔའ་བོའི་ཇི་ལྟར་མཁེན་པ་དང་་་་་་་ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ་་་་་་་་་་་་་དེ་བདག་ཀུན་གྱིས་རྗེ་སུ་བདག་བློབ་ཕྱིར་་་་་་་་་དགེ་བ་འདི་བདག་ཐམས་ཅད་རབ་ཏུ་དངོས་
ད་དེ་འདྲ་རེད་ ཅི་དྲག་ གང་དྲག་
་་་་རང་ཤི་བརྒྱབ་འདུག ཡིན་ནའང་། རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་ཁོང་ན་ནས་ཤི་བ་མ་གཏོགས་རང་ཤི་བརྒྱབས་པ་མིན་པས། དེའི་སྐོར་སུས་ཀྱང་ཕྱིར་བཤད་མི་ཆོག་པའི་སྡིགས་ར་བསྐུལ་ཡོད་པར་མ་ཟད། ཁོང་གིས་བཞག་པའི་ཡི་གེ་དེ་དག་ཀྱང་བཙན་འཁྱེར་བྱས་འདུག ་་་་། ཅེས་པ་ལྟར་ན། བོད་ནང་ཆབ་སྲིད་པའི་རྐྱེན་གྱིས་བོད་མི་གཅིག་རང་ཤི་བརྒྱབས་ནི། བོད་ནང་རྒྱ་མི་བརྒྱ་ལྷག་རང་ཤི་བརྒྱབས་ལས་ཇུས་ངན་ལྟོས་ཚབ་ཆེ་བ་རེད།
རྒྱ་གཞུང་གིས་མི་མགོ་སྐོར་བ་དང་མི་སེམས་བསླུ་བའི་སློབ་གསོའི་ལས་འགུལ་དང་འཛུགས་བསྐྲུན་གྱི་ལས་ལས་འགུལ། དེ་བཞིན་ནང་སེམས་སུ་ཕན་སེམས་དང་སྙིང་རྗེ་མེད་ཀྱང་ཕྱི་རྣམ་འགྱར་བཅོས་མས་བོད་མི་རིགས་ཀྱི་བསམ་བློ་བསྒྱུར་ཐབས་བྱེད་པ་ཉུང་ཉུང་ཞིག་གཏན་མིན་མོད།
འོན་ཀྱང་མིའི་བསམ་བློར་བཅོས་བསྒྱར་གཏོང་རྒྱུའི་བྱ་འགུལ་དེ་དག་གི་མཇུག་འབྲས་ནི་ཀླད་ཀློར་ལས་ཐོན་མེད་པ་གོང་གི་གསར་འགྱུར་ལས་རྟོགས་ཐུབ་པ་འདུག