མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤིང་རྟའི་འཁོར་ལོ་རྟའི་མདུན་ལ་འཇོག་གི་ཡོད་དམ། བུ་ཆུང་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

 

 

བུ་ཆུང་ཚེ་རིང་།

ང་ཚོའི་སྤྱི་ཚོགས་ཀྱི་དྲ་རྒྱའི་འཛམ་གླིང་ནང་བཀའ་བློན་ཁྲི་པའི་འོས་བསྡུའི་ཐོག་བཀའ་མོལ་དེ་ཉིན་རེ་ ནས་ཉིན་རེ་བཞིན་མང་དུ་འགྲོ་བཞིན་འདུག ཉིན་རེ་བཞིན་གང་ཟག་ཞིག་གི་མཚན་བཀའ་བློན་ཁྲི་པ་འོས་མིན་གྱི་བགྲོ་གླེང་ལྟ་བུ་ཡོང་གི་འདུག བཀའ་མོལ་གནང་ཕྱོགས་འགའ་ཞིག་ལ་བལྟ་དུས་གུས་པའི་བསམ་པར་ང་ཚོས་དབྱིན་སྐད་ནང་གི་གཏམ་དཔེ་ལྟར། རྟ་དེ་ཤིང་རྟ་འཁོར་ལོའི་མདུན་ལས་རྟའི་མདུན་དུ་ཤིང་རྟ་འཁོར་ལོ་བཞག་ གནང་གི་མེད་དམ་སྙམ།

གུས་པའི་བསམ་པར་སྔོན་འགྲོའི་འོས་བསྡུའི་སྔོན་གྱི་དུས་འདིར་དོ་བདག་གི་མཚན་ཐོག་བགྲོ་གླེང་གནང་བ་ལས་་ང་ཚོས་བཀའ་བློན་ཁྲི་པའི་མཚན་ གནས་དེའི་ཐུགས་འགན་ག་རེ་ཡིན་མིན་ཐོག་བཀའ་མོལ་གནང་དགོས་ཀྱི་འདུག གནས་ཚུལ་མང་པོའི་རྐྱེན་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེའི་ཐུཌ་འགན་དེ་མ་ འདྲ་བ་ཡིན། གུས་ནས་དོན་གནད་འདིར་ཐོག་དབྱིན་ཡིག་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གྱི་ཟིན་བྲིས་དང་གུས་པ་སྒེར་གྱི་ཟིན་བྲིས་ཐོག་བཀོད་ཡོད་།

ཕྱི་ལོ་ ༢༠༠༩ ཟླ་༩ ཚེས་༥ ཉིན་ང་ཚོའི་ས་ཁུལ་གྱི་བོད་རིགས་ཚོགས་པས་བཀའ་བློན་ཁྲི་པའི་འོས་བསྡུའི་གནད་ དོན་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་སོང་བས་དེ་སྐབས་གུས་ནས་གཤམ་གསལ་གནས་ ཚུལ་ཐོག་འགྲེལ་བརྗོད་ཞུས་པ་ཡིན།

འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེས་དངོས་ཡོད་གནས་ཚུལ་བཞི་ལ་དགོངས་པ་བཞེས་ནས་མཛད་བྱུས་བསྐྱང་དགོས་ཀྱི་འདུག

༡༽༧གོང་ས་མཆོག་ནས་བར་སྐབས་བཀའ་གནང་ཡག་ལ། ཕྱེད་བགྲེས་ཡོལ་དུ་བཞུགས་ཡོད་པ་དང་། བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ནི་བཀའ་བློན་ཁྲི་པ་ཡིན་པའི་གོ་དོན་དེ་མཁྱེན་ དགོས་པའི་དངོས་ཡོད་གནས་ཚུལ་དང་པོ་དེ་རེད་།

༢༽བཙན་བྱོལ་བོད་གཞུང་ལ་ཕྱི་ཕྱོགས་ནས་ཁྲིམས་ཐོག་ངོས་འཛིན་ མེད་པའི་དངོས་ཡོད་གནས་ཚུལ་དེ་གཉིས་པ་ཡིན། དེ་འདྲ་སོང་ཙང་གནས་སྟངས་དེ་འདྲའི་འོག་རྒྱ་གར་ནང་དང་། དེ་བཞིན་རྒྱ་གར་གཞུང་དང་ཕྱི་རྒྱལ་གཞུང་ཁག་ལྷན་འབྲེལ་བ་གནང་སྟངས་དེ་མ་འདྲ་བ་ ཞིག་དགོས་ཡོད་པའི་དངོས་ཡོད་གནས་སྟངས་ཞིག་ཡོད་།

༣༽བོད་མི་ཚོའི་གནས་སྟངས་དང་། དེ་བཞིན་བོད་ཀྱི་ཆབ་འབངས་ཀྱི་ངོ་བོའི་དངོས་ཡོད་གནས་ཚུལ་དེ་གསུམ་པ་རེད་། དེའི་ནང་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་བོད་མི་ཚོས་རྒྱལ་ཁབ་དེ་ཚོའི་མི་སེར་ གྱུར་ཡོད་པའི་ཁོང་རྣམས་ལ་ངོ་བོ་གཉིས་ཡོད་། བོད་ནང་དགོངས་པ་བཞེས་ན་ཁོང་རྣམ་པའང་འདམས་ཀ་མེད་པའི་ཐོག་ནས་ངོ་བོ་གཉིས་ཡོད་། ངོ་བོ་དེ་འདྲ་ཡོད་པའི་བོད་མི་ཚོར་དགོངས་པ་བཞེས་སྟངས་མ་འདྲ་བ་ཞིག་དགོས་ཡོད་།

༤༽བོད་མིའི་འཐབ་རྩོད་ནི་འཚེ་མེད་ཞི་བའི་ལམ་ཡིན་པའི་དངོས་ཡོད་གནས་ཚུལ། དེ་ཐོག་གསལ་བཤད་ཐོལ་པ་མི་དགོས་བསམ།
དངོས་ཡོད་དེ་ཚོ་རྩ་བར་བཟུང་བའི་ཐོག་ནས་ཕྱག་ལས་གནང་སྐབས་ཡོའབྱུང་འགྱུར་གྱི་བཀའ་བློན་ཁྲི་པས་དགོངས་པ་བཞེས་དགོས་པ་ནི།

༡༽རང་ཉིད་བཙན་བྱོལ་གཞུང་གི་དབུ་ཁྲིད་ཡིན་པ་ཙམ་མིན་པར་ བོད་མི་སྤྱིའི་དབུ་ཁྲིད་ཞིག་ཡིན་པའི་འདུ་ཤེས་འཛིན་གནང་དགོས་པ། ངོ་བོ་དེ་གཉིས་དབར་ཁྱད་པར་ཆེན་པོ་ཡོད་། དེ་ནང་ལྷག་པར་དུ་བོད་ནང་དུ་ཡོད་པའི་བོད་མི་མང་བས་བཀའ་བློན་ཁྲི་པ་ལ་རང་གི་ དབུ་ཁྲིད་ཞིག་ཡིན་པའི་འདུ་ཤེས་བསྐྱེད་ཐུབ་དགོས་པ་བཟོ་རྒྱུ་དང་།

༢༽བོད་མིའི་གནད་དོན་དེ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ འབྲེལ་བ་ལ་རག་ལས་ཡོད་པས་བཀའ་བློན་ཁྲི་པས་བོད་ཕྱི་ནང་གཉིས་ཀའི་བོད་མིའི་དབར་ འབྲེལ་བ་བརྟན་པོ་ཡོང་ཐབས་གནང་དགོས་ཀྱི་ཡོད་།

དེ་འདྲར་སོང་ད་ལྟའི་དུས་སྐབས་འདིར་གང་ཟག་ལས་གནད་དོན་འདི་ འདྲའི་ཐོག་དགོངས་པ་བཞེས་པ་ཡིན་ན་དོན་དང་ལྡན་པ་ཡིན་བསམ་གྱི་འདུག ཟླ་བ་བཅུ་པའི་སྔོན་འགྲོའི་འོས་བསྡུའི་རྗེས་ང་ཚོས་དོ་བདག་སོ་སོའི་དགེ་དང་ སྐྱོན་ཐོག་བཀའ་མོལ་གནང་ཆོག་གི་ཡོད། དུས་ཚོད་ཡང་ཡོད་གང་ཡིན་ཞུས་ན་འོས་བསྡུ་ངོ་མ་དེ་ ༢༠༡༡ ཟླ་བ་ ༣ ནང་མ་གཏོགས་མིན།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 8

  1. བུལགས says:
    ལོ་ 16 སྔོན།

    སྔོན་ལ་ཤིང་རེད། བར་ལ་རྟ་རེད། མཇུག་ལ་འཁོར་ལོ་རེད། ལྐུགས་པ་རང་རེད། ཡོད་དང་ཡོད། ཤིང་རྟ་འཁོར་ལོ་ཞེས་པའི་ཡིག་འབྲུ་བཞི་པོ་འདི་ལ་ལྟོས་དང༌།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གོང་གི་པར་རིས་འདི་ལ་ཅིག་གཟིགས་དང་། དཔེ་སྲིད་དོན་མེད། ང་ཚོ་ད་སྐབས་འདི་འདྲ་ཞིག་རེད་འདུག

    Reply
  3. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    སྨྲ་ལྕེ་ཐོགས་ཚད་མཐའ་དག་མཁས་མཁས་འདྲ་ཞིག་འདུག །
    བྲིས་བྲིས་གསུང་གསུང་ཀུན་ལ་ཤ་ཚའི་སྲོལ་ཞིག་འཛུམ། །
    བླ་ས་དཔོན་སར་ཕྱོགས་དུས་གུས་བའི་ཉམས་ཤིག་སྣང་། །
    མི་སེར་ཕལ་བའི་དབུས་ནས་རྫིགས་པོའི་བཟོ་ཞིག་ཐོན། །
    འདི་ནི་འུ་ཅག་ཀུན་གྱིས་སྲུང་བའི་མི་གཞི་སྟེ། །
    རང་གཞན་གཉིས་ཀ་རྒུད་པའི་གཏིང་གི་ས་བོན་ཉིད། །
    དེ་ཕྱིར་ན་ཟུག་ལྕགས་ཀྱི་ཆར་འདི་འབེབས། །

    དོན་གྱིས། འུ་ཚོ་བཙན་བྱོལ་སྤྱི་ཚོགས་འདིར། རྟའི་སྔུན་ལ་འཁོར་ལོ་དང་། མིའི་གཉའ་བ་ལྷ་རྐང་གིས་གནོན་པར་རྩོམ་པ་ནི་འུ་ཚོའི་སྲིད་ཀྱི་འདུ་ཤེས་རེད། མིར་གྲོས་ཁ་བསྡུར་རྒྱུ་ལས་ལྷར་ལུང་བསྟན་ཞུ་རྒྱུར་མོས་པ་ནི་འུ་ཚོའི་རིག་གནས་ཀྱི་འདུ་ཤེས་རེད། ཆོལ་ཁ་ཆོས་རྒྱུད་དང་བླ་བྲང་མི་ཚང་གི་ཆགས་སྡང་གི་རྩེ་མོ་རྣོ་བ་ནི་འུ་ཚོའི་དམངས་ཀྱི་མི་ཚེ་རིན་ཐང་གི་འདུ་ཤེས་རེད། འདུ་ཤེས་ཆེན་པོ་འདི་དག་ལ་སྙིགས་དོར་དག་སེལ་མ་ཐུབ་པའི་ཡར་སྔོན་དུ་བཀའ་ཁྲིའི་འོས་འགན་ཚགས་སུ་སྒྲིག་ཀྱང་ཡོངས་སུ་འགྲུབ་པའི་རེ་བ་ཤིན་ཏུ་ཆུང་ངོ་། དེ་ལས་བཀའ་ཁྲིའི་སྐུ་དབང་ཙམ་པོ་བ་འདི་ལོག་པར་སྤྱོད་པར་མི་འགྱུར་བའི་མི་གཅིག

    ༡ ༽མི་དོན་ལྷ་འབེབ་བྱེད་པའི་སྲོལ་འདི་མ་རྫོགས་བར་དུ། འུ་ཅག་གི་བཀའ་ཁྲིས་རྒྱལ་ཁབ་གཞན་གྱི་མི་དམངས་ཀྱི་སེམས་ནང་གི་སོ་སོའི་སྲིད་འཛིན་གྱི་གོ་གནས་དེ་ལྟ་བུ་ཞིག་དུས་ནམ་ཡང་ཟིན་པའི་སྐལ་བ་ཡེ་ནས་བྲལ་ལོ།
    ༢༽ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་མངའ་ཁོངས་སུ་ལོག་རྒྱུ་ཁས་བླངས་ཟིན་པའི་ཚུན་ཆད་ནས་རྒྱལ་སྤྱིའི་ཁྲིམས་ཐོག་གི་ཁྲིམས་མཐུན་ངོས་འཛིན་གླེངས་རྒྱུའི་ལྕེ་བྲེགས་ཟིན་པའོ།

    ༣༽ བཙན་བྱོལ་བ་ཞིག་ཡིན་ཕྱིན། རྒྱལ་སྤྱིའི་ཁྲིམས་མཐུན་གྱི་སྐྱབས་བཅོལ་ཁེ་དབང་དང་། ཡང་ན། རྒྱལ་ཁབ་གང་རུང་ཞིག་གི་མི་སེར་གྱི་ཁེ་དབང་མ་རེག་པའི་ཚུད་ཆད་དུ་མི་སྒེར་རང་ཉིད་ཀྱང་ས་སྒང་རིལ་མོའི་སྟེང་ནས་ཁྲིམས་འགལ་གྱི་ངོ་བོར་ལྷུང་ཆོག་ཆོག་ཏུ་ཡོད་པས་ན། བོད་མི་གཅིག་གྱུར་གྱི་ཆབ་འབངས་ཀྱི་ངོ་བོ་སྲུང་ཐུབ་རྒྱུ་ནི་དེ་བས་ཀྱང་ངོ་།

    ༤༽ འཚེ་མེད་ཞི་བ་རླབས་ཆེ་ནའང་། བཙན་འཛུལ་དབང་སྒྱུར་འགྲོས་མྱུར་བས་སྐྱེ་བདུན་རིལ་བུ་འཐུང་རེག་བར་ཨ་ཕའི་སྐྱེས་བ་ཟད་མི་འགྱུར་གྲང་།

    ༡ བོད་གཞིས་སྲུང་མི་དམངས་ཀྱིས་ངེས་ལེན་འདུ་ཤེས་ཡོང་མིན་དེ་དོན་དང་མཐུན་པའི་རྒྱུ་དང་འབྲས་བུ་ལོན་མིན་ལ་ཐུག་པས་ལས་དམར་ཤོག་པའི་ཀྲུང་གོ་གཅིག་གི་འདུ་ཤེས་དགོས་ལུགས་ལྟར་བརྗོད་ནས་ག་ལ་ཡོང་།

    ༢ བོད་ཕྱི་ནང་གི་འབྲེལ་བ་དེ་འཐབ་རྩོད་དམིགས་པ་གཅིག་མིན་དང་སྐྱིད་སྡུག་མཉམ་མྱོང་ཐུབ་མིན་ལ་རེག་ལས་ན། ཆོལ་ཁ་ཆོས་ལུགས་དང་བླ་རྒྱུད་དཔོན་རྒྱུད་ཀྱི་རྔ་ཚིགས་ཕྱོགས་རེ་སྒྲིག་ལ་ངར་སེམས་ཅན་གྱི་སྤྱི་ཚོགས་ཤིག་གིས་ཅི་ལྟར་ཕྱི་ནང་གསེར་ཟམ་འཛུགས་ཨང་།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་ལ་བདེ་སྐྱིད་བྱུང་ན་རྒྱལ་པོ་ཨ་ནིས་བྱས་ཀྱང་སྒྲིག

    Reply
  5. གནས་བ་ says:
    ལོ་ 16 སྔོན།

    དེ་འདྲའི་བསམ་ཚུལ་བཏོན་གནང་ན་ཡག་པོ་ཞེ་དྲག་འདུག། མ་གཞི་ཁྱེད་རང་བུ་ཆུང་མ་རེད། བུ་ཆེན་རེད་འདུག་གཱ། ཚེ་རིང་དོན་བསྒྲུབ་པ་ཤོག།

    Reply
  6. རྭ་ལོ། says:
    ལོ་ 16 སྔོན།

    གཏམ་དཔེ་འདི་བློ་ལ་འབབ་པོ་བྱུང་།

    ད་ང་ཚོས་དངོས་གནས་ག་རེ་བྱེད་དགོས་པ་རེད། ཤིང་རྟ་འདི་རྟ་ཡི་མདུན་ལ་འཇོག་དགོས་པ་མིན་འགྲོ།

    རྟ་དེ་ལ། ཁྱོད་ཀྱིས་འདྲུད་དགོས་པའི་ཤིང་རྟ་ནི་འདི་རེད། ཤིང་རྟ་འདིའི་ནང་དུ་རྩ་ཆེན་པོ་འདི་དང་གན་ཡོད། ཁྱོད་ཀྱིས་དྲུད་ས་རེད་དམ། ལམ་སྐེད་ནས་གཡུག་འཇོག་གི་མ་རེད་པ། ང་ཚོ་ཐོན་ས་ཞིག་ལ་ཐོན་དགོས་པ་རེད། མ་གཞི་ནས་ཁྱོད་ལ་ལམ་རྒྱུས་ཡོད་དམ། ལམ་ཁ་གང་ཞིག་སྐོར་ནས་འགྲོ་གི་ཡིན་ལ་སོགས་པ་འདྲི་དགོས་པ་རེད།

    དེ་ནས་རྟ་འགའ་རེ་རྒྱུག་ཡོང་སྟེ། གཅིག་གིས་ཤིང་རྟ་དེ་ངས་འདྲུད། ང་ལ་ལམ་རྒྱུས་ཡོད། ངས་ཁྱོད་ཚོ་ལམ་ཁ་འདི་ནས་འཁྲིད། འདི་ལྟར་འཁྲིད། བདེ་གླགས་ངང་ཕེབས་ཐུབ་གི་རེད་ཅེས་བཤད། གཞན་པ་ཞིག་གིས། ཁྱོད་ལོ་རྒས་འདུག ཁ་མཐོན་པོ་རེད། ད་ངལ་གསོས་ན་ཡག་གི་རེད། རྟ་གསར་ང་འདྲ་བ་ཞིག་གིས་དྲུད་ན་ཡག་གི་རེད། ལམ་ཁ་ནི་ཤེས་འགྲོ་གི་རེད། འདི་ནས་གན་བར་དུ་རེད་པ། དེ་ལ་ལམ་རྒྱུས་ཟེར་ནས་ཆེན་པོ་དེ་འདྲ་དགོས་གི་མ་རེད། ཅེས་སོགས་རྩོད་པ་རྒྱག་གི་རེད།

    དེ་མ་གཏོགས། རྟ་དེས་ཅི་ཞིག་འདྲུད་དགོས་པ་དང་དང་ཤིང་རྟ་དེའི་སྐོར་ལ་བསམ་བློ་མ་བཏང་བར། རྟ་ཡི་སྤུ་ཁ་དང་། རྟ་རྒྱུད་སོགས་བརྩད། སྤུ་ཁ་ལ་བལྟས་ནས་ཉོ་བ་དང་། རྟ་རྒྱུད་ལ་སྐྱོན་བརྒྱབ་ནས་བསྡད་ན་ཆོ་མི་འདུག

    Reply
  7. ནད་པ says:
    ལོ་ 16 སྔོན།

    གུས་བརྩེ་ལྡན་པའི་བུ་ཆུང་ཚེ་རིང་ལགས་ཁམས་བཟང་། ཁྱེད་ཀྱིས་གསུངས་པ་ལྟར་མི་དབང་དཔལ་ལྡན་བཀའ་ཁྲིའི་ལས་འགན་དེ་ཆེས་ཇི་འདྲའི་ལྕི་མོ་ཡིན་པ་དེ་ཚང་མས་བསམ་བློ་ཡག་པོ་གཏོང་དགོས།

    མཁྱེན་རླབས་མཚུངས་མེད་བོད་ཀྱི་དབུ་འཁྲིད་༸ གོང་ས་ཏྰ་ལའི་བླ་མ་མཆོག་གིས་གང་ཉིད་ཕྱེད་བགྲེས་ཡོལ་དུ་བཞུགས་བཞིན་ཡོད་པ་འདིས་འཛམ་གླིང་རྒྱལ་སྤྱི་དང་ལྷག་དོན་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དེ་བོད་མི་ས་ཡ་དྲུག་གི་ཆེད་དུ་ཡིན་པ་དེ་གསལ་སྟོན་གནང་བཞིན་ཡོད།

    དེར་བརྟེན་བོད་ཀྱི་གནད་དོན་དེ་བོད་མི་རང་ཉིད་ཀྱིས་འགན་འཁུར་ལེན་དགོས་ལ་དེ་ཡང་ཡང་དག་པའི་དམངས་གཙོའི་ལམ་ནས་ཆེད་དུ་རྒྱ་ཆེའི་མི་དམངས་ཀྱིས་ཐད་ཀར་བོད་ཀྱི་དབུ་འཁྲིད་མཁན་བཀའ་ཁྲི་པའི་ལམ་ནས་སྣེ་འཁྲིད་དེ་བོད་ཀྱི་ལོ་རྒྱུས་ཁྲོད་རླབས་ཆེན་གྱི་མཛད་རྗེས་བླ་ན་མེད་པ་ཞིག་འཇོག་ཐུབ་ཡོད།

    བཀའ་ཁྲི་ནི་བོད་མི་ས་དྲུག་གི་དབུ་འཁྲིད་ཆེས་མཐོ་ཤོས་དེ་ཡིན་སྟབས་ལས་འགན་ཡང་ཆེས་ལྕི་ཤོས་དེ་འཁུར་དགོས། རྒྱལ་ཁབ་དང་མི་རིགས་གཅིག་གི་བསམ་བློ་དང་། ཤེས་རིག ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས་སོགས་ཕྱོགས་ཚང་མར་ལེགས་བཅོས་དང་གསར་བརྗེ་ཡག་པོ་ཞིག་བྱེད་དགོས་ན་མི་དབང་བཀའ་ཁྲི་དེ་ཚད་ལྡན་ཞིག་བདམས་ཐུབ་པ་དགོས།

    གང་ཡིན་ཟེར་ན་རྒྱལ་ཁབ་དང་། མི་རིགས། ལོ་རྒྱུས་ཀྱི་ཁ་ཕྱོགས་བཅས་ལ་ཁ་ལོ་བསྒྱུར་ཐུབ་མཁན་ནི་མི་རིགས་དེའི་དབུ་འཁྲིད་དག་ལ་རག་ལུས་ཡོད།

    ད་ལྟའི་བཀའ་ཁྲིར་ཆ་བཞག་ན་ཨང་དང་པོ་བོད་ཀྱི་ཆབ་སྲིད་ཀྱི་རྩ་དོན་དང་གལ་ཆེའི་ཐབས་ཇུས་ཀྱི་རང་བཞིན་ལ་འགན་འཁུར་ཚད་ཐུབ་ལེན་དགོས། དེ་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་དང་མཉམ་དུ་མཐུན་བསྒྲིལ་བྱེད་དགོས།

    ཕྱོགས་གཉིས་ཀྱི་མཐུན་བསྒྲིལ་ལ་ཤུགས་སྣོན་ཆེ་ཤོས་རྒྱག་དགོས་ལ་དེ་ཡང་རིག་པ་དངྭང་གསལ་དང་། གནད་ལ་འཁེལ་བའི་སྒོ་ནས་ཐབས་ལམ་སྣ་ཚོགས་བེད་སྤྱད་ཐུབ་པ་ཞིག་དགོས།

    ཨང་གཉིས་པར་རྒྱ་བོད་མི་རིགས་གཉིས་ཀྱི་མཐུན་བསྒྲིལ་གྱི་སྒོམ་བུ་གཅིག་ཏུ་བསྒྲིལ་ནས་ཕན་ཚུན་ཕྱོགས་གཉིས་ཀས་ཡིད་ཆེས་བརྟན་འཕེར་ངེས་ཆབ་སྲིད་སྲིད་གྱི་ཐབས་ཇུས་བཟུང་དགོས།

    ཨང་གསུམ་པར་བོད་ཀྱི་གནད་དོན་དེ་རྒྱ་ནག་དབུས་གཞུང་གི་ཆབ་སྲིད་དཀྱིལ་འཁོར་ནང་གྲོས་མོལ་གྱི་ལམ་ནས་གང་མགྱོགས་ཅི་མགྱོགས་སུ་ཐག་གཅོད་བྱེད་ཐུབ་པ་ཞིག་དགོས།

    ཨང་བཞི་པར་བོད་ཀྱི་གནད་དོན་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་གཙང་སེལ་བྱེད་ཐུབ་ཚེ་གཞི་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་། བོད་ཀྱི་རིགས་གནས། བོད་ཀྱི་དཔལ་འབྱོར། རྒྱ་བོད་སྤྱི་ཚོགས་བཅས་ཕྱོགས་ཚང་མར་ལེགས་བཅོས་གཏོང་རྒྱུར་དཀའ་ངལ་གང་ཡང་མེད།

    ཆེས་གལ་འགངས་ཆེ་བའི་བོད་ཀྱི་རྩ་དོན་དེ་འདྲ་ཞིག་གང་མགྱོགས་ཐག་གཅོད་
    བྱེད་དགོས་ན་བཀའ་ཁྲིས་རྒྱལ་སྤྱི་དང་། རྒྱ་ནག བོད། བཙན་བྱོལ་སྤྱི་ཚོགས། ཆབ་སྲིད་དང་། གཞུང་། ཚོགས་པ། མི་དམངས་བཅས་ཁྱོན་ཡོངས་ལ་ཆབ་སྲིད་ཀྱི་ འགག་རྩའི་ལྟེ་བ་གཅིག་དང་། གཞུང་ལམ་གཅིག ཐག་གཅོད་གཅིག་བཅས་གསལ་སྟོན་བྱེད་ཐུབ་པ་དགོས།

    གནད་དོན་དེ་འདྲ་ཞིག་ཐག་གཅོད་བྱེད་པར་རིག་པ་དངྭང་གསལ་དང་། ཀླད་པ་དཀྲུགས་དཀྲུགས་གཏོང་དགོས། རིག་པ་དངྭང་གསལ་ངང་ཀླད་པ་དཀྲུགས་དཀྲུགས་བྱེད་མ་ཐུབ་ཚེ་བོད་ཀྱི་གནད་དོན་དེ་དཀའ་ཚེགས་ཅན་དང་། ཡུན་རིང་ཅན། ཉེན་ཁ་ཅན་བཅས་གསུམ་གྱི་གནས་སུ་གྱར་ངེས་ཡིན།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བུ་ཆུང་ལགས་ཀྱི་དགོངས་ཚུལ་འདི་གལ་ཆེན་པོ་རེད།

    ང་ཚོས་མི་མ་བརྩད་པ་དང་། ཐག་མ་བཅད་པའི་སྔོན་ལ་དེའི་ལས་འགན་ཐག་གཅོད་དགོས་ཀྱི་འདུག ཁོ་ལ་དམིགས་བསལ་གྱི་ལས་འགན་གང་དང་གང་ཞིག་འདུག

    ཁག་ཅིག་གིས་བཀའ་བློན་གསར་པ་ཞིག་བསླེབ་ན་ཡང་ལས་ཀ་གསར་པ་འདྲ་ཡོད་པ་མ་རེད། བྱེད་ཐུབ་གི་མ་རེད། བྱ་རྒྱུ་ལྷག་ཡོད་པ་མ་རེད་ཟེར། ད་ལྟ་ཡོད་བསྡད་པའི་སྲིད་བྱུས་དེ་ཚོ་མཇུག་སྐྱོང་དགོས་པ་རེད་ཟེར།

    ཁག་ཅིག་གིས་ད་ནི་བསྐྱར་དུ་བསམ་བློ་ཞིག་མ་བཏང་ན་འགྲིག་མ་སོང་། ཕེབས་ཡོང་རྒྱུའི་བཀའ་བློན་གསར་པ་དེ་གཞུང་རྙིང་བ་འདིའི་ལས་དོན་གལ་ཆེན་སྐོར་ཞིག་ལ་བཅོས་བསྒྱུར་བྱེད་མཁན་ཡིན་དགོས་པར་བཤད། དཔེར་ན། ཤེས་ཡོན་སྲིད་བྱུས། དཔལ་འབྱོར། རྒྱལ་སྤྱིའི་འབྲེལ་བ། བོད་དོན་གྱི་ལངས་ཕྱོགས། རྒྱ་ནག་ལ་འཛིན་པའི་སྲིད་བྱུས། བོད་མིའི་མཐུན་ལམ་བཅས་མདོར་ན་ལས་དོན་མཐའ་དག་ལ་བསྐྱར་ཞིབ་བབ་བསྐྱར་བཅོས་ཤིག་བྱ་དགོས་ཚུལ་གླེང་གི་འདུག

    དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་དང་། དངོས་ཡོད་མིན་པའི་བསམ་ཚུལ་གང་རེད་དེ་ཚོའི་རིགས་གླེང་རྒྱུ་གལ་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese