མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་འུར་ཟིང་དང་ཉེན་ཁ། འབའ་པ་སྐལ་བཟང་འཕྲིན་ལས།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

 
བཀའ་སྤྱི་ཡི་འོས་བསྡུ་གཉིས་སླེབས་ལ་ཉེ་བའི་དུས་དེར་ཚོགས་པ་དང་མི་སྒེར་ཤོག་ཁག་སོགས་ཡོང་ཁུངས་འདྲ་མིན་ནས་འོས་མི་བཏོན་པ་དང་དངོས་དངུལ་དབང་ཤུགས་རིགས་རུས་སོགས་མང་པོ་ཞིག་ཐབས་ལམ་སྤྱད་ནས་བཀའ་སྤྱི་ཡི་གོ་གནས་ལ་འགྲན་རྩོད་བྱེད་བཞིན་འདུག

དང་ཐོག་བཀའ་ཁྲི་འོས་བླུག་པའི་དུས་ཚོད་སྒོ་ཁར་སླེབས་ལ་ཉེ་ན་ཡང་སྤྱི་ཚོགས་ཐོག གྲགས་འགུལ་ཅི་ཡང་མེད་པར་བརྟེན་གནད་ཡོད་མི་སྣ་ཁ་ཤས་སྡུག་སྐད་ཤོར་དགོས་བྱུང་བ་དང་། བཀའ་ཁྲི་འོས་མི་འཚོལ་སླད་དང་མི་མང་གི་དོ་སྣང་ཡོང་པའི་སླད་གསར་ཤོག བརྙན་འཕྲིན་དྲ་རྒྱ་སོགས་ནས་བརྒྱུད་བསྒྲགས་གང་མང་བྱས་སོང་མོད། དངོས་གསལ་གྱི་ཕན་འབྲས་མིག་སྔར་གཏན་ནས་མངོན་མ་ཐུབ་པར་ལུས། ཉེ་བའི་ཟླ་ཤས་སྔོན་མང་གཙོ་ཚོགས་པས་བཀའ་ཁྲི་འོས་མི་རུ་མཁས་དབང་བློ་བཟང་སེང་གེ་དང་བཀའ་ཟུར་བཀྲས་མཐོང་བསྟན་ འཛིན་རྣམ་རྒྱལ་གཉིས་བཏོན་ནས་བཟུང་མང་ཚོགས་ཀྱི་མིག་ནང་བཀའ་ཁྲི་ཡི་དངོས་གཞི་ཡི་འོས་མི་ཁོང་གཉིས་གཏན་འཁེལ་པ་ལྟ་བུར་བྱས་སོང་། དུས་དེ་ནས་བཀའ་ཁྲི་ཡི་འོས་མི་གཅིག་རྗེས་གཉིས་འཐུད་ཀྱིས་འཚང་ཁ་བརྒྱབ་བྱུང་།

དེ་བཞིན་སྤྱི་འཐུས་སྐོར་ལ་མཚོན་ན་ཡང་ཆོལ་ཁ་དང་ཚོགས་སྡེ་སོགས་མང་པོ་ཞིག་ནས་ གཅིག་ཁ་གཏད་དང་འགྲན་བསྡུར་ཚུལ་གྱི་འོས་མི་གསལ་བསྒྲགས་བྱས་སོང་།ད་ཆར་ཚོད་ རྩིས་བྱས་ན་ཆོལ་ཁ་རེ་ལ་ཆ་སྙོམས་སྤྱི་འཐུས་འོས་མི་སུམ་ཅུ་རེ་བཏོན་ཟིན།

བཀའ་ཁྲི་ཡི་འོས་བསྡུའི་འུར་ཟིང་དང་གཡོ་འཕྲུལ།

བཙན་བྱོལ་མི་མང་གི་བསམ་པའི་འཁོར་ཕྱོགས་ལ་བལྟས་ན་ད་ཐེངས་བཀའ་ཁྲི་དེ་བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གང་རུང་ལ་ཐོབ་པ་གསལ་པོ་རེད། འོན་ཀྱང་བཙན་བྱོལ་ནང་གི་ཆབ་སྲིད་པ་གྲགས་ཅན་མང་པོ་ཞིག་གིས་རང་ལ་བཀའ་ཁྲི་ཡི་འོས་མི་ཐོབ་པའི་ངེས་པ་རྙེད་ཟིན་ན་ཡང་།ད་དུང་མངོན་གསལ་དང་མངོན་གསལ་མིན་པ་ཅི་རིགས་ཐོག་བཀའ་ཁྲི་ཡི་དྭང་བླངས་འོས་མི་རུ་ལངས་ཀྱིན་འདུག་ལ།ཁ་ཤས་ཀྱིས་རྩ་དོན་དང་རང་ཉིད་ཀྱི་མ་འོངས་པའི་ལས་འཆར་སོགས་བསྒྲགས་ཏེ་མི་ཚོགས་ ཁྲོད་ དངོས་སུ་འཛུལ་ནས་འོས་ཤོག་སློང་པ་དང་ཉོ་བ་སོགས་གང་ཐུབ་ཅི་ཐུབ་བྱེད་བཞིན་འདུག    ང་ཚོས་ཧོབ་ཏེ་བལྟས་ན་ཁོ་ཚོའི་བྱས་སྟངས་དེ་ལྐུགས་པའི་ ཨུ་ཚུགས་ལྟ་བུར་ཞིག་མངོན་ན་ཡང་།དོན་དངོས་ཐོག་དེ་ནི་ལྐུགས་པའི་ཨུ་ཚུགས་གཏན་ ནས་མིན་པར་ཐབས་མཁས་པའི་ཆབ་སྲིད་ཀྱི་མིག་འཕྲུལ་ཆེན་པོ་ཞིག་རེད་འདུག ཆབ་སྲིད་ཀྱི་མིག་འཕྲུལ་དེས་རང་ཉིད་ལ་བཀའ་ཁྲི་མི་ཐོབ་ཀྱང་བཀའ་བློན་ཞིག་ཐོབ་ པའི་གདེང་སྤོབས་ཆེན་པོ་ཡོད།རྒྱུ་མཚན་ནི་ཆབ་སྲིད་ཀྱི་ལྟ་ཚུལ་དང་རིགས་རུས་ སོགས་ཀྱིས་དབྱེ་སྒོ་མི་འདྲ་བ་དག་གིས་བཏོན་པའི་་འོས་མི་དག་ལས་ང་ཉིད་ཀྱི་ མཐུན་ཕྱོགས་ཀྱི་མི་དེ་བཀའ་ཁྲིར་བསྙེགས་ན་་རང་ལ་བཀའ་བློན་གྱི་གོ་ གནས་ སྤྲོད་སྲིད་པ་འམ་སྤྲོད་པའི་ཁ་ཐེག་བྱས་རྗེས།རང་ཉིད་ཀྱི་མཐུན་ཕྱོགས་ཀྱི་ འོས་ མི་ཡི་ཁ་གཏད་ཀྱི་འོས་མི་དེའི་འོས་ཤོག་གི་ཁ་གྲངས་ཁ་འཐོར་གཏོང་པའི་སླད་དུ་གདོང་ལྤགས་གཞན་པ་གཅིག་གོན་ནས་སྤྱི་ཚོགས་ཁྲོད་བྱ་ཐབས་འདྲ་མིན་གྱི་འོས་ཤོག་གི་སློང་མོ་དེ་བྱས་པ་པ་རེད་ལ།འོས་ཤོག་སློང་མོ་བརྒྱབ་པའི་ཁྲོད་རང་ཉིད་ལྟ་ཚུལ་དང་རིགས་རུས་སོགས་ཡོད་ཚད་རང་ཉིད་ཀྱི་མཐུན་ཕྱོགས་འོས་མི་ཡི་ཁ་གཏད་ཀྱི་འོས་མི་ཡི་གཅིག་མཚུངས་བྱས་པ་ངེས་གཏན་རེད།འོས་ཤོག་གི་སློང་མོ་ཡི་ཁྲོད་རང་ལ་ཐོབ་པའི་འོས་གྲངས་རེ་རེ་ཡིན་ན་ཡང་རང་ཉིད་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ ཀྱི་འོས་མི་གཉིས་ལས་གཅིག་གི་འོས་གྲངས་ཆག་དང་གཞན་གྱི་འོས་གྲངས་འཕར་པའི་རྐྱེན་དུ་འགྱུར་འགྲོ་བ་ནི་ལྡོག་ཏུ་མེད་པ་རེད།

སྤྱི་འཐུས་འོས་བསྡུའི་འུར་ཟིང་དང་ཉེན་ཁ།

ཆོལ་ཁ་དང་ཚོགས་ པ་འདྲ་མིན་དང་ཤོག་ཁག་ལུང་ ཚན་སོགས་ཁུངས་འདྲ་མིན་ནས་རང་གི་ལྟ་བ་ལངས་ཕྱོགས་མཐུན་པ་རྐྱང་འདེམས་སྒྲུག་གི་ འོས་མི་གསལ་སྟོན་བྱས་སོང་ལ། ཁ་ཤས་རང་ཉིད་ལ་ལྷག་བསམ་དང་འཇོན་ཐང་ཡོད་མདོག་གིས་རང་ཉིད་ཁྲོམ་བསྒྲགས་བྱས་ནས་སྤྱི་འཐུས་ཀྱི་འགྲན་རྩོད་བྱས་སོང་། ཁ་ཤས་ ཀྱིས་གོ་སྐབས་དེ་དམ་འཛིན་གྱི་རང་དང་ཁ་གཏད་ཀྱི་ཚོགས་སྡེ་དང་ཤོག་ཁག་དག་གི་ ཆིག་སྒྲིལ་དང་ནུས་ཤུགས་ཡོད་ཚད་དུམ་བུ་གཏོར་སླད་མི་ཚོགས་ཁྲོད་འཛུལ་ནས་དངུལ་ དངོས་དང་དབང་ཤུགས་ཀྱིས་འོས་ཉོ་བ་སློང་པ་སོགས་བྱེད་བཞིན་འདུག་ལ།འདི་དག་གིས་ ཁ་ནས་རང་ཉིད་ཀྱིས་སྤྱི་འཐུས་འོས་མི་འདོན་པ་དེ་༧གོང་ས་མཆོག་གི་བཀའ་དང་ཤེས་ ཡོན་ཅན་སྤྱི་འཐུས་ཀྱི་གོ་གནས་ཐོབ་པའི་སླད་དུ་ཡིན་ལུགས་བཤད་ཀྱང་།ཚོགས་པ་ཁག་ དང་མི་སྒེར་སོགས་གང་གིས་འོས་མི་འདོན་ན་ཡང་མང་ཆེ་བ་རང་དང་ལྟ་ཕྱོགས་མཐུན་ ཕྱོགས་གཅིོག་པ་རཀྱང་འདེམས་ལུགས་དེ་ཁོ་ནས་ཅི་ཞིག་གི་སླད་དུ་འོས་མི་བཏོན་པ་ གསལ་བཤད་མི་དགོས་པར་ཤེས་ཐུབ།

ད་དུང་ཡང་ལྷག་བསམ་རྣམ་དག་དང་དོན་དངོས་ཀྱི་ཀུན་སློང་ཐོག་ནས་སྤྱི་འཐུས་འོས་མི་མ་བཏོན་པར་་མུ་མཐུད་ནས་གཅིག་གིས་གཅིག་ལ་ཁ་གཏད་དང་འགྲན་བསྡུར་གྱིས་འོས་མི་འདོན་པ་དང་སྤྱི་ཚོགས་འདྲ་ཁྲོད་བརྒྱུད་སྐུལ་གྱི་ཚོགས་སྡེ་འདྲ་མིན་འཛུགས་པ་སོགས་བྱས་ན།བསམ་ཚུལ་མི་མཐུན་པར་ཇེ་མང་སོང་ཏེ།མཐར་ཤོག་ཁག་དང་ཤོག་ཁག་གྱེས། དུམ་བུ་དང་དུམ་བུར་གྱེས་ནས་ཆིག་སྒྲིལ་གྱི་ནུས་པ་ཡོངས་སུ་ཉམས་ནས་སྤྱི་ཚོགས་ཁ་འཐོར་དགུ་འཐོར་མི་ཆགས་པའི་ངེས་པ་མི་འདུག་ལ།ད་དུང་འོས་ཤོག་ཁ་འཐོར་དུ་སོང་ ནས་འོས་ཐེངས་མང་བླུག་དགོས་པ་ཡང་ཆགས་པའི་ཉེན་ཁ་ཡང་འདུག

དེས་ན་ཁ་ནས་རྩ་དོན་དང་༧གོང་ས་མཆོག་བཀའ་ཞེས་མ་ཎི་བཞིན་སྒྲོག་པའི་ཆབ་སྲིད་པ་དག་གིས་གནད་དོན་ཆུང་ཚགས་ཀྱི་ཆེད་དུ་སྤྱི་ཚོགས་ཁྲོད་ལམ་ངན་པ་མ་བསྟན་པར་རྩ་དོན་་ལ་དོན་དངོས་ཀྱི་དགོས་མཁོ་ལ་བསམ་གཞིགས་ཀྱིས་ལམ་ན་འཁྲིད་དགོས།དེ་བཞིན་མང་ཚོས་ཀྱི་ངོས་ནས་ཀྱང་ཆབ་སྲིད་པ་སྐབས་འཚོལ་བ་ཚོའི་ཁ་ལ་བལྟས་རྐྱང་དང་ཆུ་སྣ་གར་འཁྲིད་མིན་པར་ཁོ་ཚོའི་རྒྱབ་ལྗོངས་ལ་བལྟས་ནས་འགུལ་བསྐྱོད་རེ་བྱ་རོགས་ཞུ།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༤ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 11

  1. སྐར་མདའ། says:
    ལོ་ 15 སྔོན།

    ཁྱེད་ཀྱི་བདེན་པའི་ཚིག་ཐག་བཅད་དེ་བཀའ་བློན་ཁྲི་བ་བཀྲ
    ས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིར་འོས་ཞིང་འཚམས་པ་རེད་ཅེས་པའི་ནན་ཏན་གྱིས་བཤད་དོན་གང་ཡིན་ནམ།
    དེ་འདྲའི་ཚིག་ཐག་བཅད་དེ་ཤོད་ཐུབ་པའི་བློ་སྤོབས་ཡོད་དམ།
    ང་ནོར་སོང་།
    ཁྱེད་ལ་དེ་ལྟར་བཤད་ཕོད་པའི་བློ་སྤོབས་ཡོད་ངེས་རེད།
    རྒྱུ་མཚན་????????????????????????????????????????????གཉིད་ཉལ་ནས་བསམ་བློ་མང་ཙམ་ཐོངས་དང་ཧ་གོ་ངེས།

    Reply
  2. སྐར་མདའ། says:
    ལོ་ 15 སྔོན།

    སྤྱི་བཏང་གི་ཁྱེད་ཀྱིས་བཤད་པ་དེ་བདེན་པ་མ་རེད་ཟེར་བ་མི་འདུག
    ཡིན་ནའང༌། ངས་ཁྱེད་ལ་བསམ་ཚུལ་ཐུང་ཐུང་ཞིག་བཤད་ན་འདོད་བྱུང་།
    དམངས་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཅིག་ལ་དཔེར་བཞག་ནས་བཤད་ན།
    བཀའ་བློན་གྱི་འོས་མིར་འཚམ་དང་མ་འཚམ་དེ་གཙོ་བོ་མ་རེད།
    ཅི་ཙམ་གྱི་བཀའ་བློན་གྱི་འོས་མིར་ལངས་མཁན་ཡོད་ན་དེ་ཙམ་གྱི་མང་ཚོགས་དང་ཚོགས་སྡེ་ཚང་མའི་ངོས་ནས་དོ་སྣང་ཤུགས་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་པའི་རྣམ་པ་ཞིག་མཚོན་ཡོད་པ་གསལ་བོ་རེད།
    མི་དམངས་མང་ཚོགས་ཀྱིས་འུར་ཟིང་ཇི་ལྟར་ཆེ་ན་དེ་ལྟར་དོ་སྣང་དང་ཡག་སྡུག་གི་དབྱེ་བ་ཚགས་ལ་བརྒྱབ་སྟེ་བཀའ་བློན་གདམ་གསེས་བྱ་རྒྱུ་ཡོད་པ་ཞིག་ཆགས་མི་སྲིད་དམ།
    གལ་སྲིད་དེ་ལྟར་བྱུང་ན་དངོས་ནས་ཡག་པོ་ཁོ་ཐག་རེད་བསམ་པའི་རེ་བ་ཞིག་སླེབས་འོང་གི་འདུག་ གཅིག་ཅེས།
    གཉིས་པ།་ བཀའ་ཟུར་ཞིག་སླར་ཡང་བཀའ་བློན་ལ་བསྐོ་བཞགས་བྱས་པ་ཡིན་ན།
    ཕལ་ཆེར་གཞོན་སྐྱེས་བོད་མི་ཚོར་སེམས་སྡུག་བསྔལ་འཕར་མའི་ནད་ཡམས་མཆེད་མི་འོངས་བསམ་པའི་སེམས་འཚབ་ལངས་མཁན་ཡང་ཧ་ཅང་མང་པོ་འདུག གང་ཡིན་ཟེར་ན། ཁོ་ནི་སྔོན་ཆེད་བཀའ་བློན་གྱི་ཁྲི་འཕང་བེད་སྤྱོད་གང་འཚམས་ཤིག་བཏང་ཚར་བ་རེད། ཡིན་ནའང་འབྲས་བུ་མེད་པའི་ཤིང་སྡོང་བསྐམས་པོ་ལྟར་བཀའ་ཁྲིའི་ལོ་ལྔའི་དུས་ཡུན་དོན་འདམ་རྫོབ་ཁྲོད་དུ་བསྐྱལ་སོང་མ་ཤེས་སམ།

    Reply
  3. BLACK DIAMOND says:
    ལོ་ 15 སྔོན།

    དབང་ཤུགས་དང་དངུལ་སྒོར་བེད་སྤྱོད་བྱས་ནས་འོས་ཤོག་བསླང་ན་མི་གཞིའི་རིན་ཐང་དང་འགལ་ཡོད་ཚོད་འདུག་ཀྱང་།་ཕྱོགས་གཞན་ཞིག་ནས་གླེང་ན།་འགྲན་རྩོད་མེད་པའི་སྤྱི་ཚོགས་སུ་མང་གཙོ་ཚགས་ཚུད་ཅིག་ཡོང་ཐབས་གཏན་ནས་མེད།

    Reply
  4. དྲང་སྲོང་། says:
    ལོ་ 15 སྔོན།

    བོད་ཀྱི་དྲ་ཚིགས་རྣམས་ལ་བལྟས་ན་ད་སྐབས་བཙན་གཤོལ་བོད་གཞུང་གིས་བཀའ་ཁྲི་དང་སྤྱི་འཐུས་འཚོལ་སྡུད་བྱེད་བཞིན་ཡོད་པ་འདྲ།
    བདག་ནི་བོད་ནས་འབྱོར་དེ་བྱང་ཁ་ལི་ཧྤོར་ཉ་ལ་བསྡད་ནས་ལོ་བརྒྱད་ཙམ་སོང་ཟིན་པའི་བོད་རིགས་ཞིག་ཡིན།
    དྲ་ཚིགས་དང་ཚག་པར་རླུང་འཕྲིན་ཁང་སོགས་ནས་དེབ་བསྐྱེལ་བྱེད་དགོས་ཚུལ་དང་འོས་ཤོག་འཕེན་དགོས་ཚུལ་སོགས་ཐོས་སོང་།
    དེ་ལ་བརྟེན་ནས་བདག་གིས་ཀྱང་འོས་ཤོག་ཅིག་འཕེན་འདོད་བྱུང་ནས་གྲོགས་པོ་ཁ་ཤས་ལ་འབྲེལ་གཏུགས་བྱེད་ཡུལ་སུ་ཡིན་དང་། ས་གནས་གང་དུ་འགྲོ་དགོས་སོགས་སྐད་ཆ་ཁ་ཤས་དྲིས་པ་ཡིན། ཁོང་ཚོའི་གསུང་དོན་བོད་གཞུང་གི་ཚབ་ཞིག་བྷིར་ཁི་ལས་ས་ཁུལ་ཞིག་ན་ཡོད་ཀྱང་ང་ཚོ་བོད་པ་ཚོ་ལ་རོགས་རམ་དང་ཕན་པ་གང་ཡང་མེད་པ་མ་ཟད། ཁྲལ་སྡུད་དང་ཁོ་རང་ཚོའི་དཔོན་ཚུགས་འཛིན་བྱེད་ཀྱི་མཐུན་སྐྱེན་ཙམ་གྱི་ཕྱིར་དུ་བེད་སྤྱོད་གཏོངས་བ་ལས་བོད་རིགས་ཚོ་ལ་སྐྱིད་སྡུག་མཉམ་གཤིབ་ཀྱི་འཚོ་བ་རོལ་བའི་ཕན་སེམས་སོགས་ཅི་ཡང་མེད་ཅེས་བསླབས་གནང་བྱུང་། ལོ་ཁ་ཤས་སྔོན་དུ་རྡ་སར་སོང་ནས་རང་བཙན་ལག་དེབ་ཞིག་བཟོས་ཡོད་ཀྱང་ས་གནས་འདི་ནས་བོད་གཞུང་གི་སྐུ་དྲགས་ཚོ་ལ་འབྲེལ་གཏུགས་བྱེད་དཀའ་ངལ་ཆེན་པོ་འདུག

    Reply
  5. gyaltsen says:
    ལོ་ 15 སྔོན།

    ད་ལྟ་ང་ཚོས་སྤྱི་འཐུསཆོལ་ཁའི་འཐེན་འཁྱེར་གྱི་རྭ་བ་ལས་གྲོལ་བའི་མནའ་དེང་གི་ཤེས་ཡོན་དང་ལྷག་བསམ་གྱི་མི་ཕོངས་པ་ཞིག་ངེས་པར་འདེམས་དགོས།
    སྔར་ལྟར་ཆོལ་ཁ་ཆོས་ལུགས་ཞེན་པའི་མནའ་དེང་གི་ཤེས་ཡོན་གྱིས་དབུལ་པའི་ཀླད་རྙིང་མཁྲེགས་བཟུང་ཁྲོམ་པའི་ནང་གི་སྦལ་བ་ལྟ་བུ་དེ་ཚོ་ཡང་བསྐྱར་མུ་མཐུད་ནས་བདམས་པ་ཡིན་ན་ང་ཚོ་འགྱེལ་ས་དེ་ནས་ནམ་ཡང་ལངས་མི་ཐུབ་པ་མ་ཟད་མུ་གེའི་སྒང་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར་ ༸ གོང་ས་མཆོག་དང་མི་རབས་རྒན་པ་དག་གིས་ངལ་བ་དུ་མ་ཁྱད་དུ་བསད་དེ་བསྐྲུན་གནང་བའི་བཙན་བྱོལ་གྱི་སྒྲིག་འཛུགས་དེ་ཡང་ཉམས་དམས་སུ་འགྲོ་རྒྱུར་ངེས།
    དེར་བརྟེན། ང་ཚོས་གཡོ་སྒྱུ་ལ་བྱང་ཆུབ་པའི་སྔར་གྱི་སྤྱི་འཐུས་རང་དོན་ཁོག་ཏུ་སྦས། སྤྱི་དོན་ཁ་ལ་འཁྱེར་མཁན་དེ་ཚོའི་བསླུ་བྲིད་ཀྱི་དྲ་བ་ལས་གྲོལ་ཏེ་འབྱུང་འགྱུར་གྱི་སྤྱི་འཐུས་དེ་ཚོ་བོད་རྒྱ་ཆེའི་མི་མང་ལ་དངོས་ཡོད་ཀྱི་ཤ་ཞེན་དང་ཁ་ཡོད་ལག་ཡོད་ཀྱི་ལས་དོན་སྒྲུབ་ཐུབ་མཁན་ཞིག་ངེར་དུ་འདེམས་དགོས་སོ།

    Reply
  6. འཇམ་གྲགས says:
    ལོ་ 15 སྔོན།

    གྲ་རྒོད་དང་། བསྟན་འཇམ།
    བཤད་ཀྱང་མ་བཤད་ཀྱང་བོད་པའི་སྤྱི་ཚོགས་ནང་གྲ་པ་རྣམས་ནུས་པ་ཆེ་བ་དངོས་ཡོད་རེད། དེ་ལ་མི་དགའ་བྱ་ཅི་ཕན།

    Reply
  7. གྲྭ་རྒོད says:
    ལོ་ 15 སྔོན།

    དུས་བབ་ཀྱི་རྩོམ་པ་པོ་རྣམས་ལ་ཆེད་ཞུ།ངས་འདི་བརྗོད་གཞི་དང་འབྲེལ་ཡོད་མེད་ཤེས་མ་སོང་འོན་ཀྱང་འཚམ་པོ་ཡོད་ན་བཏོན་རོགས་ཞུ།འདི་བསྟན་འཇམ་ཟེར་་བ་ཞིག་གི་ཟུན་བྲིས་ལས་བླང་པ་ཡིན་ང་རང་གི་བྲིས་བ་མིན།
    ཉེ་བའི་སྤྱི་འཐུས་ནང་ལ་གྲྭ་བ་ཡོད་ན་ཕན་པ་ཨེ་ཡོད་དམ།

    སྤྱི་འཐུས་འོས་གཞིར་ནང་ལ་གྲྭ་བ་མང་བོ་ཞིག་གི་མིང་བྱང་འཇོག་ཅི་ཐུབ་བྱེད་པའི་རྒྱུ་མཚན་ག་རེ་ཡིན་ན ། ད་ལྟའི་འོས་གཞིར་ནང་དུ་བཅུག་ཡོད་པའི་གྲྭ་བ་དེ་ཚོ་བོད་མི་མང་གི་འཐུས་ཚབ་བྱ་ཐུབ་པའི་ཤེས་ཡོནཅན་ཏག་ཏག་རེད་དམ། ངས་ལྟས་ན་གྲྭ་བ་དེ་ཚོིའི་སྒྱེ་མོ་ནང་ལ་ཁབ་བཅུག་པ་ལྟར་ག་ས་གང་ནས་འབུར་འབུར་བྱས་ན་དགོས་དོན་ཨེ་ཡོད་བསམ །

    དེང་སང་ནང་ཁུལ་བརྟན་རླིང་དང་ཆབ་སྲིད་ཕྱི་འབྲེལ་གྱི་ལས་དོན་གཉིས་ཀྱི་ཐད་གང་གལ་ཆེ་ཚུལ་བསྡུར་ན་ནང་ཁུལ་ཆིག་སྒྲིལ་གྱི་བྱ་འགུལ་ནི་རང་དོན་རང་གཅེས་ལས་གཞན་སྤྱི་འཐུས་ག་གེ་མོ་ཞིག་གིས་ཐེག་པའི་ལས་དོན་མིན་པ་སྤྱི་འཐུས་གྲོས་ཚོགས་མ་འཆམས་པའི་རྒྱུ་རྐྱེན་གྱིས་ངོ་རྟགས་གསལ་པོར་མཚོན་ཡོད།

    ཕྱི་འབྲེལ་ལས་དོན་གྱི་ཐད་ནས་ད་ལྟའི་སྤྱི་འཐུས་འོས་གཞིར་ལངས་པའི་གྲྭ་བཙུན་ཚོའི་སྤྱི་འཐུས་ནང་དུ་བཅུག་དགོས་ན། ད་ལྟའི་འོས་གཞིར་ནང་དུ་ཡོད་པའི་གྲྭ་བ་ཚོིའི་ག་རེ་འཇོན་གི་རེད ། རང་སྐད་ལས་གཞན་དབྱིན་སྐད། ཧུན་སྐད། རྒྱ་ནག་གི་སྐད་སོགས་གང་ཡང་མི་ཤེས་ནི་རྐྱང་རྐྱང་རེད ། གཞན་སྐད་མ་ཤེས་ན་འགྲིག་ཀྱང་དེ་ཚོ་ཆབ་སྲིད་ཀྱི་ཁྲིམས་ལུགས་སྲུང་འཛིན་གྱིས་མི་གཙོ་གྲས་ཡིན་སྟབས། ཆབ་སྲིད་ཀྱི་ནུས་རྩལ་མང་ཚོགས་ལས་ཁྱད་འཕགས་ཤིག་ངོས་ནས་འོས་གཞིར་ལངས་དགོས་རྒྱུ་གྲྭ་བ་དེ་ཚོ་ལ་ཆབ་སྲིད་བློ་སྦྱོངས་ཀྱི་སློབ་ཐོན་གྱི་ལག་འཁྱེར་གང་སྟོན་རྒྱུ་ཡོད། རང་ཉིད་ཀྱིས་ཁེ་དབང་བརྩད་ནས་མང་ཚོགས་ག་གེ་མོ་སར་སྐད་ཆ་འགའ་རེ་བཤད་པ་ཙམ་གྱིས་སྤྱི་འཐུས་ཀྱི་ཆ་རྐྱེན་ཚང་ཡོད་དམ། ཐ་ན་བོད་ཀྱི་རྩ་དོན་དང་འགྲེལ་ཆབ་སྲིད་ཁྲིམས་ལུགས་ཀྱི་ཟབ་སྦྱོང་ཞིག་ལའང་འགྲོ་མ་མྱོང་མཁན་རྐྱང་རྐྱང་རེད ་ལབ་ན་ང་ཅུང་ཐལ་དྲག་ཆེའང་།

    དཔལ་འབྱོར་རིག་པའི་ཐད་ལ་ཡང་འོས་གཞིར་ནང་དུ་ཡོད་པའི་གྲྭ་བ་དེ་ཚོ་ཚང་མ་སྐལ་ཆད་ཡོད། ཚོང་ལས་དཔལ་འབྱོར་གྱི་སྲིད་བྱུས་ནི་འུ་ཅག་ལ་མཚོན་ན་ཁ་ཚ་དགོས་གཏུག་ཀྱི་ལས་དོན་ཞིག་ཡིན་པས་འདིའི་ཐད་ལ་བློ་འདོན་དང་ཇུས་འགོད་རིག་ལམ་གསར་བ་རྙིད་མཁན་གྱི་གྲྭ་བ་ག་ཚོད་འདུག། གཞུང་བཀའ་པོད་ལྔའི་ལྷུ་རྐང་བསྒྲིག་ཤེས་མཁན་དང་། སྐད་ཆ་ཡིན་བསམ་བསམ་འདྲ་ཆགས་པོ་བཤད་མཁན་ཞིག་ཡིན་ན་སྤྱི་འཐུས་འོས་གཞི་ནང་དུ་བཅུག་ན་འགྲིག་གི་ཨེ་ཡོད་ན།

    ངས་སྐད་ཆའི་དོན་ནི་གྲྭ་བ་སྡང་སེམས་མཆིས་པ་དེ་འདྲ་གཏན་ནས་མིན་མོད། ༧་གོང་ས་མཆོག་གིས་གཟིགས་ན་ཐུགས་བདེ་ཀྱང་འཛུམ་གླིང་སྐྱེ་བོ་ཚོགས་ཀྱི་མདུན་དུ་བཤམས་ཀྱང་ངོ་གནོངས་མི་དགོས་པ་ཞིག་ལ་རེ་བ་བཅངས་ནས་བྲིས་པ་ཡིན །

    སུ་ལ་ཕོག་ན་དགོངས་པ་དྭངས་པོར་མཛོད་ཅིག

    Reply
  8. བཀྲ་ཤིས་འབྲུག་དགའ། says:
    ལོ་ 15 སྔོན།

    དམངས་གཙོ་སྤྱི་ཚོགས་འདིར་དམིགས་ཡུལ་ལས་གཞན་པའི་ཁ་ཕྱོགས་ཤིག་ན་འཕྱན་ཅུང་ཨེ་འགྲིག གཅིག་ཐང་ན་འབའ་བ་སྐལ་བཟང་གིས་བཤད་པ་བདེན་མིན་མི་སྲིད།
    ཤེས་ཡོན་མེད་པའི་དམངས་ཚོགས་མགོ་རྨོངས་ནས་མི་ཡིས་འཁྲིད་སོང་ན་ཅུང་མི་ཡག་ཀི་བསམ་ཡོད།

    Reply
  9. kunsal says:
    ལོ་ 15 སྔོན།

    འབའ་བ་སྐལ་བཟང་འཕྲིན་ལས་ལགས། ཁྱེད་ཀྱི་རྩོམ་བྲིས་ནང་། མངོན་གསལ་དང་མངོན་གསལ་མིན་པ་ཅི་རིགས་ཐོག་བཀའ་ཁྲི་ཡི་དྭང་བླངས་འོས་མི་རུ་ལངས་ཀྱིན་འདུག་ལ།ཁ་ཤས་ཀྱིས་རྩ་དོན་དང་རང་ཉིད་ཀྱི་མ་འོངས་པའི་ལས་འཆར་སོགས་བསྒྲགས་ཏེ་མི་ཚོགས་ཁྲོད་དངོས་སུ་འཛུལ་ནས་འོས་ཤོག་སློང་པ་དང་ཉོ་བ་སོགས་གང་ཐུབ་ཅི་ཐུབ་བྱེད་བཞིན་འདུག ཅེས་གསལ་བ་དང་བླང་འོས་མི་དག་གིས་འོས་སློང་བ་ལུགས་མཐུན་ཡིན་པས་ཧ་ལས་དགོས་མི་འདུག ཉོ་བ་ཟེར་བ་འདི་ནི་ཉེན་ཁ་ཆེན་པོ་ཞིག་རེད། ཁྱེད་ནས་ཐུགས་འཁུར་གནང་ཞོར་དུ་འོས་ཤོག་ཉོ་མི་དང་ཚོང་མི། ག་ཚད་སྤྲད་སོགས་གསལ་པོ་གསུང་ཐུབ་ན་དགེ་མཚན་ཆེ་བས་ངེས་པར་གསལ་པོ་བཟོ་གལ་མཐོང་།

    Reply
  10. ཚོ་སྒོ་བ། says:
    ལོ་ 15 སྔོན།

    འབའ་བ་སྐལ་བཟང་འཕྲིན་ལས་ལགས། ཁྱེད་ཀྱི་རྩོམ་བྱང་ལ་ཧོབ་སྟེ་བལྟས་ན་རྩིག་ཉམས་འདྲ་འདུག་ཀྱང་། བརྗོད་བྱ་མང་གཙོའི་སྤྱི་ཚོགས་ཀྱི་ལེགས་བྱང་དང་ཐབས་ལམ། འགྲན་རྩོད་སོགས་ཁྱེད་ཀྱི་བློ་ངོར་མ་ཤོང་བ་འམ་ཁྱེད་ལ་ཐོབ་འདོད་ཀྱི་གང་ཟག་དེའི་འོས་ཤོར་དོགས་ཀྱི་དངངས་སྐྲག་ཙམ་ལས་མ་འདས། དྲང་པོར་ཞུས་ན། ད་ལྟའི་འོས་གཞི་དང་འུར་སྒྲ་དེ་དག་ནི་བྱིས་པའི་རྩེད་མི་ཙམ་རེད། སྲིད་དོན་མཁས་པ་དག་གིས་མཐོ་སླབས་གཞི་ནས་ལངས་རྒྱུ་ཡིན་པས། དོན་མེད་སྡུག་སྐད་བརྒྱབ་ཀྱང་ཕན་ཐོགས་མེད་པ་དགོངས་འཇགས་ཞུ།

    Reply
  11. མི་ཆུང་། says:
    ལོ་ 15 སྔོན།

    འོས་བསྡུ་ཆེན་མོ་གཉིས་ཀྱི་སྐོར་ལ་བྲེལ་ཟིང་འདུག་ལ་འཚབ་འཚུབ་ཀྱང་འདུག དཔེར་ན། ལྷོ་གཞིས་ཁག་གི་འོས་བསྡུའི་འགན་འཛིན་མཆོག་གིས་གཞུང་གི་གཏན་འབེབ་ལས་སྔར་སྣུར་གྱི་མི་དམངས་དེབ་སྐྱེལ་བྱེད་རྒྱུ་མཚམས་འཇོག་བྱས་འདུག གཞུང་གི་དུས་ཚོད་ནི་འདི་ཟླའི་ཚེས་༡༨ ནས་མཚམས་འཇོག་ཡིན་ཡང་། ལྷོ་གཞིས་ཁག་གི་འདི་ཟླའི་ཚེས་༥ ནས་དེབ་སྐྱེལ་བྱེད་མཚམས་བཞག་པ་རེད།

    བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་བཀའ་ཁྲིའི་འོས་གཞི་གཉིས་བཏོན་པ་དེར་མི་དམངས་སྤྱི་ཡོངས་ཀྱིས་རྩོད་མེད་ཡོངས་གྲགས་སུ་རྒྱབ་སྐྱོར་བྱེད་ཀྱི་འདུག་མོད། སྤྱི་འཐུས་ཀྱི་འོས་གཞིའི་མི་སྣ་ཅུང་ཐ་ཤལ་དེ་འདྲ་ཡང་སླེབས་ཡོད་ཚོད་འདུག

    གང་ལྟར་ཆབ་སྲིད་ཚོགས་པ་ཞིག་གི་ལས་དོན་དང་རང་ཉིད་ལ་འཁྲི་བ་ཡིན་དུས། དེ་ལྟར་བྱེད་དགོས་ངེས་ཀྱང་རེད། ད་ལྟ་བཙན་བྱོལ་གྱི་གྲུ་ཟུར་གང་སར་བཀའ་ཁྲིའི་འོས་གཞིས་ཁེངས་ནས་ཡོད་སྟབས། འདི་དག་ནི་འགྲན་རྩོད་དང་ཡར་རྒྱས་ཀྱི་རྣམ་པ་ཞིག་ལོས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese