མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲུག་ཆུ་རྫོང་དུ་མི་ཤི་བའི་གྲངས་འབོར་ ༣༣༧ ལ་འཕར་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp
 
འབྲུག་ཆུ་རྫོང་དུ་ཆུ་ལོག་གི་གནོད་སྐྱོན་བྱུང་ནས་ཉིན་གཅིག་ཙམ་འདས་རིང་། རྒྱ་ནག་གཞུང་འབྲེལ་གྱིས་ཕྱིར་བསྒྲགས་བྱས་པའི་གྲངས་འབོར་ལྟར་ན། ཐེངས་འདིའི་དོན་རྐྱེན་ཁྲོད་མི་ཤི་བའི་གྲངས་འབོར་ ༣༣༧ འཕར་ཡོད་ལ། མི་མང་བོ་ད་དུང་གར་སོང་ཆ་མེད་དུ་གྱུར་པ་དང་། མི་ཤི་བའི་གྲངས་འབོར་མུ་མཐུད་འཕར་བཞིན་ཡོད་འདུག
ཁ་སང་ཕྱི་ཚེས་ ༩ ཉིན་ཀན་སུའུ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་སྡེ་ཁག་གིས་ཚེས་དགུ་ཉིན་གྱི་དགོང་མོར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་།  ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་གི་མགོ་གཙོ་ཁྲིན་ཅན་ཧྭ་ཡིས།  ཚེས་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་བར་དུ་འབྲུག་ཆུའི་ཆུ་ལོག་གི་གནོད་འཚེའི་ཁྲོད། རྐྱེན་ལམ་དུ་ཤོར་བའི་མི་སུམ་བརྒྱ་དང་སོ་བདུན་ལ་བསླེབས་ཡོད་པ་དང་། སྡོམ་རྩིས་རགས་ཙམ་བྱས་པ་ལྟར་ན།ཐེངས་འདིའི་འབྲུག་ཆུའི་ཆུ་ལོག་གི་གནོད་འཚེ་དེ་ཞང་དང་གྲོང་བརྡལ་གཉིས་དང་སྲིད་འཛིན་སྡེ་བ་བཅུ་ལ་འབྲེལ་བ་ཡོད་པ་དང་།དེའི་ནང་དུ་སྡེ་བ་དྲུག་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད།མིག་སྔར་ཕྱོགས་སོ་སོས་སྟོབས་ཤུགས་ཡོད་དགུ་བཏོན་ནས་ཆུ་ལོག་གི་གནོད་འཚེ་ཐེབས་པའི་མང་ཚོགས་སྟོང་གཅིག་དང་ཉིས་བརྒྱ་ཞེ་གཉིས་བསྐྱབས་པ་དང་མི་སྟོང་གཅིག་དང་བརྒྱ་དང་ཞེ་བརྒྱད་སྔར་བཞིན་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ཟེར།
ཐེངས་འདིའི་ཆུ་ལོག་གི་འབྱུང་རྐྱེན་ཐད་དུ། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཚན་པ་དང་ཀན་སུའུ་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་སྡེ་ཁག་སོགས་ཀྱིས་ཡུལ་དངོས་ལ་ལྟ་ཞིབ་དང་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་བརྒྱུད། འབྲུག་ཆུ་རྫོང་དུ་ཆུ་ལོག་ཆེན་པོ་བྱུང་བའི་ས་གཤིས་གནོད་འཚེ་འབྱུང་རྐྱེན་གསུམ་ངོས་བཟུང་བ་ནི།
གཅིག འབྲུག་ཆུའི་ས་བབ་ཆགས་སྟངས་དང་ཁྱད་པར་ཅན་གྱི་ས་གཤིས་གྲུབ་ཚུལ་དེ་གནོད་འཚེའི་འབྱུང་རྐྱེན་གཙོ་བོ་རེད་ཅེས་དང་། འབྲུག་ཆུ་རྫོང་མཁར་ཉེ་འདབས་ཀྱི་ས་གཤིས་གྲུབ་སྟངས་ཀྱི་བྲག་ངོས་བརྟན་པོ་མིན་པས་ཅུང་འཇིག་སླ་བ་དང་། རླུང་ཟད་བྱུང་ཚད་ཀྱང་ཅུང་ཚབས་ཆེ་བའི་དབང་གིས། རི་ཉིལ་བ་དང་འདམ་ཟེགས་འདྲེས་མའི་ཆུ་ལོག་གི་གནོད་འཚེ་ཅུང་འབྱུང་སླ་བ་རེད།
གཉིས། བུན་ཁྲོན་ས་འགུལ་གྱི་གནོད་པ་ནི་རྒྱུ་རྐྱེན་གཙོ་བོའི་ནང་གི་གཅིག་ཡིན། འབྲུག་ཆུ་རྫོང་ནི་བུན་ཁྲོན་ས་འགུལ་གྱི་གནོད་ཐེབས་ས་ཁུལ་གཙོ་བོའི་གྲས་ཀྱི་གཅིག་ཡིན་པས། ས་འགུལ་བྱུང་བ་དེ་ལས་འབྲུག་ཆུ་རྫོང་མཁར་མཐའ་མཁོར་གྱི་རི་ངོས་བསྒུལ་ཟིན་པས་བྲག་རི་འཇིག་སླ་བ་རེད། ས་འགུལ་གྱིས་གནོད་པ་བཟོས་པའི་རི་ངོས་དེ་སླར་གསོ་བྱེད་ན་ལོ་གསུམ་ནས་ལྔའི་བར་དགོས་ལ། འོན་ཀྱང་བུན་ཁྲོན་ས་འགུལ་བྱུང་ནས་ལོ་གཉིས་ལྷག་ལས་འགོར་མེད།
གསུམ། འབྲུག་ཆུ་ས་ཁུལ་ལ་ན་ནིང་གི་དུས་ཚིགས་བཞི་བ་ནས་ད་ལོའི་ལོ་སྟོད་བར་བསྟུད་མར་ཐན་པ་བྱུང་ནས། རྫོང་མཁར་མཐའ་འཁོར་གྱི་བྲག་ངོས་ལ་གས་སྲུབས་བྱུང་བའི་དབང་གིས་ཆར་ཆེན་འབབ་སྐབས་རི་ཉིལ་སླ་བ་དེ་རེད། ཅེས་ཐེངས་འདིའི་ཆུ་ལོག་གི་འབྱུང་རྐྱེན་གསུམ་ངོས་འཛིན་བྱས་ཡོད།
འོན་ཀྱང་། བོད་མི་མང་སྤྱི་འཐུས་ཀྱིས་ཕྱི་ཚེས་ ༩ ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་ཆུ་ལོག་འབྱུང་རྐྱེན་ཐད་ལ་གསུངས་དོན། ཚང་མས་མཁྱེན་གསལ་ལྟར། མདོ་སྨད་འབྲུག་ཆུ་ས་ཁུལ་ནི་བོད་ཁུལ་དུ་ནགས་ཚལ་རྒྱ་ཁྱོན་ཆེ་ཤོས་ཀྱི་ས་གནས་ཤིག་ཡིན་ཞིང་། ལོ་རྒྱུས་ཐོག་ཆུ་ལོག་བྱུང་བའི་གནས་ཚུལ་མཐོང་ཐོས་དཀའ་ཡང་། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པའི་རྗེས་སུ་ནགས་ཚལ་སྨྱོན་ཧམ་ལྟར་གཅོད་འབྲེག་བྱས་པའི་དབང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཤིན་ཏུ་ཚབས་ཆེན་ཐེབས་ཡོད་པར་མ་ཟད། ཤིང་ནགས་བཅད་ཟིན་མཚམས་གཙོ་བོ་གཏེར་ཁ་སྔོག་འདོན་དང་། ཆུ་གློག་གསར་རྒྱག་བཅས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་འཆར་གཞི་གང་ཡང་མེད་པའི་ལས་གྲྭ་འབོར་ཆེན་སྤེལ་བཞིན་པ་སོགས་ནི་ད་ཐེངས་ཆུ་ལོག་ཚབས་ཆེན་ཡོང་བའི་རྐྱེན་རྩ་གཙོ་བོ་ཡིན་ཞེས་གསུངས་ཡོད།
གང་ལྟར་ད་ལྟ་རྒྱ་གཞུང་གིས་མྱུར་སྐྱོབ་ཀྱི་བྱ་བ་སྒྲུབ་ཀྱིན་པའི་སྒང་ཡིན་ལ། འབྲུག་ཆུ་རྫོང་བཀོད་འདོམས་སྡེ་ཁག་གིས་དེང་སྐབས་འབྲུག་ཆུའི་གནོད་འཚེ་ཐེབས་སའི་ཉེན་སེལ་རྒུད་སྐྱོབ་ལ་དཀའ་ཚེགས་ཆེ་བའི་ལས་འགན་དྲུག་ཡོད་པར་ངོས་འཛིན་བྱས་པ་ནི།  གཅིག མཚོ་འཁྱིལ་གྱི་ཉེན་ཁ་མྱུར་དུ་སེལ་བ་དང་འབྲུག་དཀར་གཙང་བོའི་ཆུ་ལམ་གེག་མེད་དུ་གཏོང་དགོས། གཉིས། ཆུ་འདོན་སྤྲོད་བྱེད་པའི་མ་ལག་མྱུར་དུ་ཉམས་གསོ་བྱེད་དགོས། གསུམ། གློག་ཤུགས་དང་བགྲོད་ལམ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་མྱུར་དུ་ཉམས་གསོ་བྱེད་དགོས། བཞི། འདམ་ཟེགས་གཙང་ཕྱགས་བྱ་བར་དཀའ་ཚེགས་ཧ་ཅང་ཆེ། ལྔ། བཏུང་ཆུ་དང་སྟབས་བདེའི་ཟས་རིགས་ཧ་ཅང་མཁོ། དྲུག སློབ་གྲྭ་འབྲིང་ཆུང་ལ་མྱུར་དུ་སློབ་ཁྲིད་སྒྲིག་ཆས་ཀྱིས་རོགས་སྐྱོར་བྱེད་པ་བཅས་ཡིན་འདུག
ཡང་ཕྱི་ཚེས་ ༨ ཉིན་སྤེལ་བའི་གནས་ཚུལ་ཞིག་ཏུ། ཚོད་དཔག་བྱས་ན་རྐྱེན་ལམ་དུ་ཤོར་བའི་མིའི་གྲངས་ཀ་ད་དུང་ཇེ་མང་ལ་འགྲོ་སྲིད་ལ། མིག་སྔར། བརྡ་འཕྲིན་དང་འགྲིམ་འགྲུལ་ཚང་མ་ཆད་ཡོད་པ་དང་། མཐའ་འཁོར་གྱི་དྲག་ཆས་དཔོན་དམག་ ༡༠༠༠ ལྷག་གནོད་ཐེབས་ས་གནས་སུ་ཕྱིན་པ་རེད། འབྲུག་ཆུ་རྫོང་ནི་གྲོག་རོང་ཁུལ་དུ་གནས་ཡོད་ཅིང་། རྫོང་མཁར་དུ་ཁྱོན་སྡོམ་མི་ ༤༠༠༠༠ ཡོད་པ་དང་། དེའི་སྟེང་དུ་མཐའ་ཁུལ་དུ་ཡོད་པའི་མི་རྣམས་བརྩིས་ན་ཁྱོན་སྡོམ་མི་ ༥༠༠༠༠ ཡོད་ཟེར།
 
གསར་འགྱུར་ཡོང་ཁུངས། ཤིན་ཧཱ་བོད་ཡིག་དྲ་རྒྱ་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་། བོད་ཀྱི་དུས་བབ་བཅས་ཡིན།
 
བསྐྱར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༡༤ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

༢༠༢༦/༠༥/༠༦
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥

མཆན། 6

  1. ཉི་འབུམ། says:
    ལོ་ 16 སྔོན།

    ཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾ
    ཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾ
    ཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾ
    ཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾ
    ཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾཨོ་མ་ཎི་པདྨེ་ཧཱུཾ

    Reply
  2. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    ད་རེ་ཐེ་བོ་སྨད་རྒྱུད་འབྲུག་ཆུ་རྫོང་དུ་ཆུ་ལོག་རྒྱུགས་པའི་གནས་ཚུལ་གསལ་བོ་ཞིག་བོད་གཞུང་མང་གཉིས་ཀར་རག་མེད་ན་འང་། ས་ཁུལ་འདི་ནི་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་ཁེལ་བས་ང་ཚོས་ཁྱབ་བསྒྲགས་ཚད་མཐོའི་སྒོ་ནས་ས་ཁུལ་འདི་དག་བོད་ས་ཡིན་པ་སྟོན་གལ་ཆེ་བར་འདུག ང་ཚོས་ད་དུང་མུ་མཐུད་དེ་བསྡད་ན་རྒྱ་ཕྱོགས་ནས་ས་ཁུལ་འདི་དག་རྒྱ་མིའི་ཡིན་པའི་ཁྱབ་བསྒྲགས་ཀྱིས་རྒྱ་སྤྱིའི་མགོ་རྨོངས་པར་བྱ་རྒྱུའི་ཉན་ཁ་མངོན་གསལ་རེད། གནས་སྟངས་འདི་མ་འོངས་པར་ལོ་རྒྱུས་ཀྱི་བྱས་ཤིག་ཏུ་མི་འགྱུར་རམ།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ད་དུང་གཅིག་སྟོང་ལྷག་བོར་བརླག་སོང་ཚུལ་བཤད་འདུག དོན་དུ་བོར་བརླག་ཏུ་སོང་བ་ནི་བེམ་པོ་མ་རྙེད་པ་ལས་དེ་ཚོ་ཡང་འདས་སོང་བ་ལས་འགྲོ་ས་ཞིག་གང་ན་ཡོད། ད་ལོ་ད་མི་རིགས་སྐྱོ་བོ་ཚོའི་མགོ་ཐོག་ཏུ་ཚོད་མེད་པ་ཞིག་ཡོང་ཐ་ཡ།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    BBC ཡིས་༧༠༠ ལྷག་འདས་སོང་ཟེར། དྲ་ཐག་འདི་ན་འདུག
    http://www.bbc.co.uk/news/world-asia-pacific-10922991

    འབྲུག་ཆུ་ལ་ཆུ་ལོག་རྒྱུགས་པ་དང་མི་གྲངས་མང་པོ་རྐྱེན་ལམ་དུ་ཕྱིན་BBC་དང་རྒྱ་ནག་གི་ཚང་གི་CCTV སོགས་བརྒྱུད་ནས་ཡུལ་ལུང་འདྲ་མིན་ནས་མཐོང་གི་ཡོད་པ་འདྲ། དཔེར་ན་ཐེ་ཝན་ནས་ཀྱང་གནས་ཚུལ་འདི་ཅུང་ཞིབ་གསལ་༼ང་ཚོ་གཅིག་པ་འདྲ་ཞིག་རེད།༽གྱིས་ཤེས་འདུག འོན་ཀྱང་རྒྱས་ཁྱབ་སྒྲག་བྱེད་སྟངས་ཀྱིས་བོད་མི་ཡིན་མ་ཤེས་བ་མ་ཟད། རྒྱ་མི་མང་པོ་ཞིག་གི་མགོར་ཡང་བསྐྱར་སྡུག་སླེབས་སོང་ཟེར་ནས་ཆོ་ངོས་འདོན་མཁན་ཡང་མང་པོ་འདུག་ཟེར། ད་ང་ཚོས་ཀྱང་གཞུང་དམངས་གཉིས་ཐད་ནས་ཁྱབ་བསྒྲགས་ཀྱི་ནུས་པ་དེ་ཡང་ངེས་པར་དུ་ཤུགས་ཆེ་རུ་དང་རྒྱ་ཆེ་རུ་གཏོང་ངེས་ཞིག་འདུག

    Reply
  5. རང་རྟོན། says:
    ལོ་ 16 སྔོན།

    འདས་པོ་རྣམས་ལ་མྱ་ངན་ཞུ་བཞིན་ཡོད།
    འུ་ཚང་གི་མི་རྒྱུ་དངོས་གསུམ་དང་འཚོ་གོས་གནས་མལ་གྱིས་རྒྱ་ནག་གི་འཇིགས་སྐུལ་དང་ཧམ་སེམས།སྡུག་སྦྱོང་མནར་གསུམ་གྱིས་ཀུན་ནས་གཙེས་པས་ཡོད་ཚད་འདི་བཞིན་འཇིགས་ཨེ་ཡོང་བསམ་ན་ངོ་མ་སེམས་རེ་སྡུག་གི་ཡ་་་་་་་་་
    ངས་བསམ་ན་དོན་དག་འདིའི་འགོ་མཇུག་བར་གསུམ་ཡོད་ཚད་རྒྱ་གཞུང་གིས་འགན་ཁུར་དགོས་པར་འདོད་ལ།འདྲེ་ལག་དེ་དག་མྱུར་དུ་ཕྱིར་བསྐུམ་ན་ད་དུང་རང་བཞིན་རེད་ཡ་་་་་་་་་་་་་

    Reply
  6. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    དེ་རིང་ཤིན་ཧཱ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མི་ཤི་བའི་གྲངས་འབོར་ ༧༠༢ ལ་འཕར་བ་དང་། གར་སོང་ཆ་མེད་དུ་གྱུར་བ་ ༡༡༤༨ རེད་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese