མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུགས་གསོའི་འཚམ་འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཚེས་ ༨ ཉིན་མདོ་སྨད་ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་ཐོག་ཏུ་རི་ཉིལ་འདམ་ལུད་ཀྱི་དོན་རྐྱེན་ཆེན་པོ་ཞིག་བྱུང་སྟེ། མི་ ༧༠༠ ལྷག་འདས་གྲོངས་དང་མི་ ༡༠༠༠ ལྷག་བོར་བརླག མི་ ༥༠༠༠༠ ལྷག་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། ཁ་སང་ཕྱི་ཚེས་ ༡༠ ཉིན་རོང་ཆེན་བསྟན་པའི་སྒྲོན་མེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཐུགས་གསོའི་འཚམ་འཕྲིན་བསྐུར་གནང་མཛད་ཡོད།

 

འཚམ་འཕྲིན་ནང་བཀོད་དོན། མཛའ་ཞིང་བརྩེ་བའི་སྤུན་གྲོགས་འབྲུག་ཆུ་རྫོང་གི་སེར་སྐྱ་མི་མང་ལྷན་རྒྱས་ལ་གསོལ་རྒྱུར། ད་ལམ་ཕྱི་ཟླ་ ༨ ཚེས་ ༨ ཉིན་གྱི་ཞོགས་པར་སྔོན་བསགས་ལས་ངན་འབྲས་བུ་དུས་སུ་སྨིན་པས་ཐེ་སྨད་རྒྱུད་ཀྱི་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་རྐྱེན་ངན་ཟློག་ཏུ་མེད་པས་རྒྱ་བོད་སྤུན་ཟླ་མང་པོ་ཕྱི་མའི་སྔ་ལམ་དུ་གྱུར་པ་དང་། སྒོ་ཕྱུགས་སེམས་ཅན་གྱིས་མཚོན་ཁང་ས་ཞིང་སོགས་རྒྱུ་དངོས་ཀྱི་གྱོང་གུད་ཚད་ལས་བརྒལ་བ་ཕོགས་པའི་ཤུལ་ལུས་རྣམས་སྡུག་བསྔལ་གྱི་ཚོར་བ་དྲག་པོས་གནོན་བཞིན་པའི་གནས་ཚུལ་གོ་མ་ཐག་བློ་ཕམ་ཚད་མེད་བྱུང་། ཁྱེད་ཅག་དང་སྐྱིད་སྡུག་མཉམ་སྤྱོད་བྱེད་འདོད་ནའང་ལས་དབང་ཟློག་ཏུ་མེད་པས་ཡུལ་ས་ཁེད་ཀྱིས་བསྐལ་པ་སོགས་རྐྱེན་ངན་སྣ་ཚོགས་པའི་གཞན་དབང་དུ་གྱུར་པས་སེམས་གསོ་གཏོང་རྒྱུ་ཙམ་ལས་དངོས་སུ་ཕན་ཐོགས་བྱེད་ཐུབ་པའི་གོ་སྐབས་བྲལ།

འདི་ནས་འབྲུག་ཆུ་རྫོང་གི་གནས་ཚུལ་གོ་མ་ཐག་རྒྱ་བོད་འདས་གསོན་རྣམས་ཀྱི་ཆེད་ལམ་སང་མཆོད་མེ་བརྒྱ་མཆོད་འགའ་ཤས་འབུལ་བཤམས་དང་འབྲེལ་འདས་པོ་རྣམས་ལ་བསྔོ་བ་སྨོན་ལམ་དང་ཤུལ་ལུས་ཚོར་སྐུ་རིམ་གསུང་དུ་བཅུག ༧སྐྱབས་ཡུལ་གོང་མ་རྣམས་ལ་བསྔོ་རྟེན་ཕུལ་བ་དང་། གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་གསེར་སྐོང་སྒྲོན་འབུལ། ལྷག་པར་གནས་མཆོག་རྡོ་རྗེ་གནད་དང་། གནས་ཆེན་ཝ་ར་ཎ་སིར་སྟོང་མཆོད་འབུལ་རྒྱུ་སོགས་ཀྱིས་མཚོན་དགེ་སྒྲུབ་གང་ཐུབ་བྱས་པའི་མཐུས་ཁྱེད་ཅག་སྡུག་བསྔལ་ལས་མྱུར་དུ་གྲོལ་བའི་རེ་སྨོན་ཞུ་བཞིན་ཡོད།

 

ཁྱེད་ཅག་ཤུལ་ལུས་རྣམས་ཀྱིས་སྡུག་བསྔལ་ལ་བཟོད་བསྲན་གྱིས་སྙིང་སྟོབས་ཆེན་པོས་དོན་དམ་པའི་འཆམ་མཐུན་གྱི་ལས་ལ་བརྩོན་ཏེ། ཁྱིམ་ཚང་བསྐྱར་འཛུགས་ཀྱིས་མཚོན་འབད་བརྩོན་ལྷོད་མེད་བྱས་། བྱ་བ་ལམ་ལྷོང་ཡོང་བར་ངོས་ནས་གསོལ་འདེབས་གང་ཤེས་རྒྱུན་བསྲིང་ཞུ་བཞིན་ཡོད་ལགས་ན། དེ་གའི་འབྲེལ་ཡོད་དང་ཐག་ཉེ་འབྲེལ་མཚུངས་སེར་སྐྱ་ཀུན་ནས་སྡུག་བསྔལ་གྱིས་མནར་བཞིན་པའི་ཤུལ་ལུས་འདི་དག་ལ་སྙིང་རྗེའི་བསམ་པས་ཀུན་ནས་བསླངས་ཏེ། རོགས་མགོན་གང་ཐུབ་གནང་དང་གནང་བཞིན་པར་བསྔགས་བརྗོད་དང་འབྲེལ་རོགས་སྐྱོར་གནང་བ་ལས་ལྷག་པའི་འདི་ཕྱིའི་དོན་ཆེན་བསྒྲུབ་རྒྱུ་མེད་པས། ད་དུང་ཡང་མུ་མཐུད་རོགས་རམ་ཡོང་བའི་རེ་སྐུལ་ཞུ་བ་དང་ཆབས་ཅིག་བསླུ་མེད་མཆོག་གསུམ་རྒྱ་མཚོར་ཁྱེད་ཅག་གི་བྱ་བ་ལམ་ལྷོང་ཡོང་བའི་གསོལ་འདེབས་ཤུགས་དྲག་ཞུ། རྒྱ་གར་འཕགས་ཡུལ་ནས་འབྲས་རོང་པོ་ཆོས་རྗེའམ་ཀིརྟི་སྤྲུལ་མིང་འཛིན་པ་བློ་བཟང་བསྟན་འཛིན་པས། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༣ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 4

  1. འཇམ་དབྱངས། says:
    ལོ་ 16 སྔོན།

    གསོལ་བ་སྨོན་ལམ་དང་ཐུགས་སྨོན་གནང་རྒྱུ་ནི་ངེས་པར་གལ་ཆེ་བ་ཞིག་ལོས་ཡིན་མོད། གཞིས་སུ་ཡོད་པའི་མི་སྣ་འདྲ་མིན་བརྒྱུད་ནས་རྒྱུ་དངོས་ཀྱི་རོགས་རམ་གང་ཐུབ་གནང་ཐུབ་ཚེ་དེ་ནི་ད་ལྟའི་ཆར་ངེས་པར་མཁོ་བ་ཞིག་རེད། ༧སྐྱབས་རྗེ་ཀིརྟི་མཆོག་ལ་མཚོན་ན་དེ་ལྟའུ་མཐུན་རྐྱེན་ཧ་ཅང་འཛོམས་ཡོད།

    Reply
  2. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    སྙིང་རྗེ་བའི་གནོད་ཐེབས་ས་ཁུལ་འདིའི་མི་མང་རྣམས་ལ་འདི་འདྲའི་སེམས་གསོའི་འཚམས་འཕྲིན་རེ་ཅིས་ཀྱང་མཁོ་ཨང་།

    Reply
  3. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    ༧སྐྱབས་མཆོག་ཀིརྟི་རིན་པོ་ཆེན་ལ་དད་དམ་ཤུགས་ཆེར་ཡོད་པའི་ཐེ་སྨད་རྒྱུད་ཀྱི་མི་མང་ལ་གསུང་འཕྲིན་གསོལ་སྩོལ་གནང་བ་འདིས་ཉམ་ཐག་པའི་མི་མང་ཡོངས་ལ་ཕན་ཐོག་ངེས་ཅན་ཡོང་རྒྱུ་ལས་མ་འདས་སོ།
    ལྷག་དོན་བཀའ་སློབ་འདི་བོད་ནང་དངོས་སུ་འབྱོར་ན་ཅི་མ་རུང་།

    Reply
  4. རྐང་གསུམ། says:
    ལོ་ 16 སྔོན།

    ཤུལ་ལུས་རྣམས་ལ་འདི་ལྟར་ཐུགས་གསོའི་འཚམ་འཕྲིན་རེ་བོད་ཀྱི་སྐྱབས་མགོན་གོང་མ་རྣམས་ཀྱིས་འདི་ལྟར་ཕུལ་ན། ཤུལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་དགའ་ནི་ཞིག་མ་ན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese