མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡོང་འབབ་སྒོར་དུང་ཕྱུར་ ༢༨༢ བྱུང་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་ནག་གིས་ནུབ་རྒྱུད་གསར་སྤེལ་བྱས་ནས་ལོ་འཁོར་ ༡༠ ལོན་པའི་ཚུན་ལ། བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྣེ་ལེན་བྱས་པའི་མི་གྲངས་ཁྲི་ ༢༦༤༠ ལ་སླེབས་ཡོད་པ་དང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ ༢༨༢ མངོན་འགྱུར་བྱུང་ཡོད་ཟེར།
གྲངས་ཀ་འདི་དང་ནུབ་རྒྱུད་གསར་སྤེལ་མ་བྱས་སྔོན་གྱི་མི་ལོ་ ༢༠ རིང་དང་བསྡུར་ན། ཡུལ་སྐོར་བ་སྣེ་ལེན་བྱས་པའི་མི་གྲངས་ལྡབ་ ༦.༤ ལ་ཉེ་བ་ཞིག་གིས་འཕར་སྣོན་བྱུང་ཡོད་པ་དང་། འཕར་སྣོན་མགྱོགས་ཚད་དེ་ནུབ་རྒྱུད་ཀྱི་ཞིང་ཆེན་གཞན་དག་ལས་ཡོངས་སུ་བརྒལ་ཡོད་ཅེས་དང་། ཡང་མཚོ་བོད་ལྕགས་ལམ་དང་མཁའ་ལམ་མུ་མཐུད་དུ་རྒྱུན་བསྲིངས་པ་དེས་བོད་ལྗོངས་ཀྱི་ཡུལ་སྐོར་ལས་དོན་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཤིག་ཏུ་འཕར་ཡོད་པ་དང་། མི་འགྱང་བའི་དུས་ན་ཇོ་མོ་གླང་མའི་རི་འདབས་དང་། ཡར་ཀླུང་གཙང་བོའི་མཐའ་ཁུལ་དུ་རྒྱལ་ཁབ་རིམ་པའི་སྤྱི་གླིང་འཛུགས་སྐྲུན་བྱེད་མགོ་ཚུགས་གྲབས་ཡོད་པ་རེད་ཅེས་ཟེར།
དེ་བཞིན་ཚེས་ ༡༠ ཉིན་ཁྲུང་ཆིང་གནམ་གྲུ་ཅི་ཐོན་བཟོ་གྲྭས་བསྒྲགས་པ་ལྟར་ན། ཟླ་འདིའི་ཚེས་ ༡༥ ཉིན་ནས་བཟུང་ཁྲུང་ཆིང་གནམ་གྲུ་སྡེ་ཁག་གིས་ཉིན་རེར་ཁྲུང་ཆིང་ནས་ལྷ་སར་འཕུར་བའི་གནམ་གྲུའི་ལན་གྲངས་གཅིག་གསར་དུ་བསྣན་ཡོད་པ་དང་། མི་འགྱང་བར་ཁྲུང་ཆིང་ནས་ལྷ་སར་གནམ་གྲུ་ཐེངས་བདུན་རེར་འཕུར་རྒྱུ་ཡིན་ཞིང་། སྐབས་དེར་ཁྲུང་ཆིང་ནས་ཤར་གཏོང་བྱུང་བའི་བོད་བསྐྱོད་གནམ་གྲུའི་འཕུར་ཐེངས་དེ་ལྷ་སའི་གནམ་གྲུ་ཐང་གི་གནམ་གྲུའི་འཕུར་གྲངས་ཀྱི་བཞི་ཆའི་གཅིག་ལས་བརྒལ་རྒྱུ་རེད་ཟེར།
 

གསར་འགྱུར་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

བསྐྱར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༡༦ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

མཆན། 3

  1. ཐོ་རེངས། says:
    ལོ་ 16 སྔོན།

    རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་གོང་འཕེལ་འགྲོ་བཞིན་པ་འདི་ལ་བརྟེན་ནས་སྟོབས་ཤུགས་ཀྱང་གོང་འཕེལ་འགྲོ་བཞིན་པ་རེད། རྒྱ་ནག་ཡར་རྒྱས་དང་མཉམ་དུ་བོད་ཀྱི་དཔལ་འབྱོར་ལངའ་ཁེ་ཕན་གང་མང་ཞིག་ཡོད་པ་མངོན་གསལ་རེད།
    དེར་བརྟེན་བཙན་བཤོལ་བོད་མི་ཚོའི་མི་ཚེའི་སྐོར་ལ་སེམས་ཁྲེལ་ཆེ་རུ་འགྲོ་བཞིན་ཡོད། རྒྱ་གར་གྱི་འཚོ་བ་ཅུང་ཡར་རྒྱས་སོང་ནའང་བཙན་བཤོལ་བོད་པར་ཕན་ཐོག་གང་ཡང་མེད་ལ། མ་ཟད་དངོས་གནས་བཤད་ན་ནམ་རྒྱུན་རྒྱ་གར་བས་བརྙས་བཅོས་འོགས་མེ་ཚེ་བསྐྱལ་རྒྱུ་ཤིན་ཏུ་དཀའ་པའི་གནས་ཚུལ་ཞིག་ཆགས་ཡོད། རྒྱ་གར་བོད་མི་གཞི་ཆགས་རྣམས་ཀྱིས་ནི་བུ་ཚ་སོགས་ཕྱིའི་རྒྱལ་ཁབ་གང་རུང་ལ་བཏངས་ནས་མི་ཚེའི་མདུན་ལམ་བཙལ་གྱིན་ཡོད་ལ། གསར་འབྱོར་བ་ཚོ་ནི་མར་བོད་ལ་ལོག་ཀྱིན་ཡོད། ན་ནིང་དང་ལོར་མཚོན་ན་དྷི་ལི་རྒྱ་ནག་གཞུང་ཚབ་ཁང་ནས་ཡི་གེ་བླངས་དེ་བོད་ལ་ལོག་འགྲོ་མཁན་གྱི་བོད་མའི་གྲངས་འབོར་ཧ་ཅིང་མང་རུ་ཕྱིན་ཡོད་པ་མངོན་གསལ་རེད། འདི་ལ་བལྟས་ན་རྒྱ་གར་ནང་མི་ཚེ་བསྐྱལ་མི་ཐུབ་གནས་ཚུལ་ཡོད་པ་མངོན་གསལ་རེད།
    བྱ་བ་མེད་མཁན་ཚོའི་བོད་སྤྱི་དོན་ཁ་ལ་ཁྱེར་དེ་ལས་ག་དང་ཚོགས་པ་བཙུགས་ནས་བོད་དོན་སྒྲུབ་མདོག་བྱེད་ནའང་། དེ་ནི་དངོས་གནས་བཤད་ན་བསམ་བློ་ %95 རང་དོན་ཆགས་ཡོད་རྗེས་དཔག་པའི་ཚད་མས་ངེས་ནུས་ལ།
    གནས་དོན་འདི་རིགས་རྣམས་ལ་ཞིབ་དུ་བལྟས་ན་བཙན་བཤོལ་བོད་གཞུང་གི་དགོང་པ་རྫོགས་ལ་ཉེ་བའི་རྟགས་ཞིག་རེད་འདུག
    ཨ་གངས་ཅན་པ།

    Reply
  2. སེར་ཆེན་ says:
    ལོ་ 16 སྔོན།

    བོད་ནང་ཡུལ་སྐོར་ལས་རིགས་ལྡབ་གྱུར་གྱིས་སྔོན་ཐོན་བྱུང་ཡོད་རུང་འདི་ནི་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་ཙམ་རེད།མ་ཟད་མཚོ་བོད་ལྕགས་ལམ་གསར་སྐྲུན་བྱས་ནས་བོད་ནང་གནས་སྤོར་བྱེད་མཁན་གྱི་རྒྱ་རིགས་མི་མང་ཚོར་རྒྱ་གཞུང་གིས་རྔན་པ་སྤྲད་དེ་གནས་སྤོར་བྱེད་དུ་འཇུག་དགོས་དོན་གང་ཡིན།དོན་ངོ་མ་གཞེས་ལུས་འབངས་མི་རྣམས་ལ་ཁེ་ཕན་དང་འཚོ་བར་འགྱུར་ལྡོག་ག་རེ་བྱུང་ཡོད་དམ།མཐའ་མའི་འབྲས་བུ་ནི་བོད་ནང་གི་ཁོར་ཡུག་སྤག་བཙོག་ཤུགས་ཆེན་ཐེབས་རྐྱེན་རང་བྱུང་གི་གོད་ཆག་འདི་འདྲ་འབྱུང་གི་ཡོད་པ་མཁྱེནན་གསལ་རེད།

    Reply
  3. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    ནུབ་རྒྱུད་གསར་སྤེལ་དེ་རྒྱ་ནག་གིས་བཤད་པའི་བོད་ལྗོངས་ཀྱི་ཆེད་དུ་ཡིན་པ་ལས་བོད་ཀྱི་ཆེད་དུ་མིན་པ་ཧ་ཅང་གསལ་པོ་རེད། ཡར་རྒྱས་དེ་ཡང་དཔལ་འབྱོར་ཁོ་ནའི་ཆེད་དུ་དང་རྒྱ་ཡི་ཁེ་ཕན་འབའ་ཞིག་གི་ཆེད་དུ་ཡིན་ན། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས་ཕྱོགས་ཚང་མར་ཞིབ་དཔྱོད་དང་གཟབ་གཟབ་བྱེད་དགོས་ལ། གྲུང་རིས་རིས་ཀྱིས་གྱོང་ཁ་ནས་ཐར་དགོས་པ་བྱ་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese