མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་བཟང་སེང་གེའི་སྐོར་གྱི་དྲ་རྒྱ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

 སྐུ་ཞབས་བློ་བཟང་སེང་གེ་ལགས་ལ་བློ་མཐུན་ཞིང་ཉིས་སྟོང་བཅུ་གཅིག་ལོའི་བཀའ་ཁྲིར་མོས་པ་ཡོད་པའི་བཙན་བྱོལ་གྱི་གཞོན་སྐྱེས་ཁག་ཅིག་གིས་ཁོང་གི་སྐོར་ལ་གནས་ཚུལ་དྲིལ་བསྒྲགས་བྱ་སླད་དམིགས་གསལ་དྲ་རྒྱ་ཞིག་སྒོ་འབྱེད་བྱས།
འདི་ཟླའི་ཚེས་ ༡༣ ཉིན་ངྷ་སའི་བདེ་དོན་ཚོགས་ཁང་དུ་སྐུ་ཞབས་བློ་བཟང་སེང་གེའི་སྐོར་ལ་ (www. Kalontripafortibet.org) དྲ་རྒྱ་ཞིག་བྱས་པ་དང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་ཕེབས་ཡོད།
ཉིན་དེར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་གསུངས་དོན། ད་ལྟའི་བཀའ་བློན་ཁྲི་པ་འདི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་བཞིན། ཤེས་འཇོན་ཅན་གྱི་གཞོན་རབས་པ་ཞིག་ཡོང་རྒྱུ་དེ་གལ་ཆེན་པོ་རེད། བློ་བཟང་སེང་གེ་ནི་ད་ལྟའི་གཞོན་རབས་ཚོའི་ཁྲོད་ནས་རང་ཉིད་ཀྱི་ལྟ་ཚུལ་ལ་སྐབས་གཉིས་པའི་བཀའ་བློན་ཁྲི་པར་འོས་ཆོས་ཡོངས་ཚང་འདུག་ལ། ཁོང་ལ་སྤྱིར་དེང་གི་ཤེས་ཡོན་གྱི་ཐད་ནས་ཚད་ལྡན་ཡིན་པར་མ་ཟད། དམིགས་གསལ་ཁྲིམས་ལུགས་ཐད་ཧར་ལྦར་གཙུག་ལག་སློབ་གཉེར་ཁང་ནས་ཐོན་པའི་ཁྲིམས་ལུགས་མཁས་པ་ཞིག་ཀྱང་རེད་ཅེས་གསུངས།
དྲ་རྒྱ་འདིའི་གཙོ་འགན་པ་ནི་ཨ་རིར་ཡོད་པའི་རིན་ཆེན་ལགས་ཡིན་ཞིང། ཁོང་གིས་དྲ་རྒྱ་འདི་སྒོ་འབྱེད་བྱ་དགོས་པའི་རྒྱུ་མཚན་ཐད་བཤད་རྒྱུར། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་ང་ཚོར་མང་གཙོའི་སྲིད་གཞུང་ཞིག་ཡོད་པ་འདི་འཕེལ་རྒྱས་དང་ཚད་ལྡན་དུ་ཁ་ཕྱོགས་པར་གནས་ཚུལ་ཁྱབ་སྤེལ་ནི་དགོས་ངེས་ཞིག་དང། དེ་རིང་སྒོ་འབྱེད་བྱས་པའི་དྲ་རྒྱ་འདི་བརྒྱུད་མང་ཚོགས་ཀྱིས་བློ་བཟང་སེང་གེ་ལགས་ཀྱི་ཤེས་ཡོན་དང་ལྷག་བསམ་སོགས་ཁོང་གི་སྐོར་ལ་ཤེས་རྟོགས་ཡོང་པར་རེ་བ་མ་ཟད། དྲ་རྒྱ་འདི་བརྒྱུད་དེ་མང་ཚོགས་ལ་བསམ་ཚུལ་དང་ལྟ་ཚུལ་སྤེལ་རེས་བྱ་སའི་གླེང་སྟེགས་ཤིག་ཡོང་པར་སྨོན་པ་ཡིན་ཞེས་ཟེར།
 
གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 17

  1. ྖganchab says:
    ལོ་ 15 སྔོན།

    མང་ཚོགས་ཀྱི་ཆེད་དུ་དེང་དུས་ཀྱི་ཤེས་འཇོན་གཉིས་ལྡན་གྱི་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་ལྷག་བསམ་དང་།ཤེས་ཡོན་སོགས་ཁོང་གི་སྐོར་ལ་ཤེས་རྟོགས་ཡོང་ཆེད་དྲ་རྒྱ་སྒོ་འབྱེད་བྱེད་པར་ལ་བཀྲིས་བདེ་ལེགས་དང་རྒྱབ་སྐྱོར་ཡང་ཞུ་རྒྱུ་ཡིན།

    Reply
  2. རྟུལ་ཕོད། says:
    ལོ་ 15 སྔོན།

    ངས་ཉེ་སྔོན་ཐེངས་རྗེས་མའི་བཀའ་བློན་ཁྲི་བ་མི་ཡིན་དགོས་ཞེས་པ་བྲིས་པ་དེ་ཁྱེད་ལ་འབུལ།ངས་ཉིན་འདི་དག་ལ་སྐྱབས་བཅོལ་བོད་མིའི་དྲ་རྒྱ་དང་ཚགས་ཤོག་སོགས་གཙོའི་བརྒྱུད་ལམ་ཁག་ལ་ཐེངས་རྗེས་མའི་བཀའ་ཁྲིའི་ཐད་ལ་བསམ་ཚུལ་འཚོལ་ཞིབ་ཏུ།ངའི་གྲོགས་ཀྱི་དེང་མ་འདི་དག་གི་སྒོ་རུ་ང་སྤྲང་ཉུལ་ལ་ཐེངས་ཤིག་ལ་ཕྱིན་པ་ཡིན།ཡིན་ནའང༌།

    { སྤྲང་ཉུལ་དང་སྐྱག་དྲི།}

    འུ་ཚོ་ནི་རིག་གནས་ཆིག་རྐྱང་གི་ཁོར་ཡུག་ནས་བསམ་བློ་སྣ་གཅིག་ལས་གཏོང་སྲོལ་མེད་པའི་སྲོལ་རྒྱུན་གྱི་འདུ་ཤེས་རྙིང་པའི་སྐྱག་དྲི་དེ་བརྒྱུད་ལམ་འདི་དག་ལ་ཁྱབ་ཡོད་པས། ང་ལྟོགས་པ་ཟས་འདོད་དང༌།སྐོམ་པ་ཆུ་འདོད་ཀྱི་གདུངས་བ་དེ་བསལ་མ་ཐུབ་པས་སྐྱུག་མེར་ཅུང་ཙམ་བྱུང༌།ལོ་མང་རིང་བསྐྱར་བཤད་ཡང་བཤད་བྱས་ནས་ཡོང་བའི་བསམ་ཚུལ་དེ་རིགས་བསྡུས་ན།ཤེས་ཡོན་ཅན་དང་འཇོན་ཐང་ཅན་ལས་གང་གདམ་དགོས་ཞེས་པ་དེ་ལས་བརྒལ་མ་ཐུབ་ནས་ད་དུང་འདམ་དུ་ལྷུང་འདུག་གོ།མ་ཟད་ཤེས་ཡོན་ཅན་དང་འཇོན་ཐང་ཅན་ཞེས་པ་འདི་ལའང༌།གོ་དོན་གཏིང་ཟབ་ཅིག་མ་ལོན་པར་གསོག་གསོབ་དང་ནང་སྟོང་གི་ཚུལ་དུ་ལས་
    ཡོད་པ་འདྲ། {གནད་འགག་གི་སྐབས་སུ་མི་འཚོལ་བ།}འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་དར་རྒུད་ཀྱི་དཀྱོགས་མཚམས་རེ་རེ་ན།མི་བུ་དག་ནི་ལམ་ཚད་ཀྱི་རྡོ་རིང་བཞིན་རང་ངོ་རང་གིས་ཟིན་ཅིང༌།རང་གཅེས་དང༌།རང་རྩིས།རང་ཚུགས་བརྟན་པོས་གྲོང་ངེར་འགྲེང་ཞིང༌།ལྷང་ངེར་གསལ་བས།ཡོ་རབ་མུན་ནག་གི་དུས་རབས་མཇུག་རྫོགས་ཤིང༌། ཨེ་ཤ་ཡའི་ནད་པའི་མི་རིགས་ཀྱི་མིང་ངན་ཡང་ཡལ་བཞིན་ཡོད་པའི་དོན་དངོས་ཀྱི་འགྲོ་མིའི་རྟོགས་སད་ཀྱི་གོ་རིམ་སྟོས་འཇོག་གི་རྩེར་སོན་ཏེ།དེང་གི་དུས་འདིར།མི་དང་རང་ཉིད་ཀྱི་དུས་རབས་ཟེར་སྐད།ཡིན་ནའང༌།དུང་ཞེན་དང་མཁྲེགས་འཛིན་མ་བྱས་ནས་གནས་ལུགས་བཤད་ན།འུ་ཚོ་ནི་མུན་བསྐལ་རིང་མོ་དང་ནད་པའི་མི་རིགས་ཀྱི་དུས་སྐབས་ལས་བརྒལ་ཐུབ་མེད་པའི་དོན་དངོས་ཀྱི་གནས་སྟངས་འདི་བསྒྱུར་ཐབས་སུ།ཐབས་ལམ་ཉག་གཅིག་ཡོད་པ་ནི་རབ་ཡིན་ན་རང་ཉིད་ཐེ་བའི་བོད་མི་རེ་རེ་མི་རུ་འགྲེང་དགོས་པ་དང༌།མ་ཐ་ཡང༌།འུ་ཚོའི་བཀའ་བློན་དང་སྤྱི་འཐུས་དག་གི་གཙོའི་ས་མིག་ཆེ་ཐག་ཆོད་རེ་བཟུང་བའི་བོད་མིའི་དབུ་འཁྲིད་དག མི་དོན་སྒྲུབ་མཁན་ཡིན་ཟེར་ན།མ་ཐ་ཡང༌།མིའི་བསམ་བློ་ཡོད་དགོས་པ་རེད།དེ་ལས་ལྡོག་སྟེ། འཇིག་རྟེན་ལྟ་ཚུལ།མི་ཚེའི་ལྟ་ཚུལ་སོགས།འཚོ་གནས་ལ་རྒྱབ་ཀྱིས་ཕྱོགས་པའི་རིག་གནས་ཤིག་གམ།སྐད་ཆ་གཞན་གྱིས་བཤད་ན།སྐྱོ་གར་སྙིང་སྟོབས་མེད་པའི་རིག་གནས་ཤིག་གི་རིན་ཐང་ལྟ་ཚུལ་གྱིས་ཡོད་ཚད་ཐག་གིས་གཅདཅིང་ཐུ་གུ་མདུད་རྒྱུ་ཡིན་ཟེར་ན། འུ་ཚོའི་འཕེལ་རྒྱས་ཀྱི་རྩ་བ་བཅད་བཞིན་དུ་ཡལ་འཚོལ་བའི་ངལ་བ་འབྲསཔ་མེད་ཀྱི་སྨྱོན་ལས། དཔྱོད་མེད་རིང་བཞིན་གྱི་རྨོངས་འཐོམ།དུང་ཞེན་མཁྲེགས་འཛིན་གྱི་ཨུ་ཚུགས་དག་ལ་ད་ནི་ཅིས་ཀྱང་འདང་རྒྱག་རན་ཡིན་པ་མ་ཟད་ཧ་ཅང་འཕྱིས་དྲགས་འདུག་གོ།འགྲོ་བ་མིའི་རིགས་ཀྱིས་མི་བོར་ཞིང་མི་འཚོལ་བའིོ་ལོ་རྒྱུས་ཀྱི་དོན་སྙིང་ནི།ཆེ་ས་ནས་ཤར་ནུབ་ཕྱོགས་ཀྱི་ཞེན་ལྟས་མཁྲེགས་འཛིན་བྱེད་རྒྱུ་ཞིག་མིན་ཞིང༌།འུ་ཚོའིསྐྱ་ཟད་སྔོ་སྡུག་གི་འཚོ་གནས་ཀྱི་གནས་བབ་དངོས་ལ་གཞིགས་ན།དུས་ལས་ཡོལ་བ་ཞིག་དེ་བས་ཀྱང་མིན་པས།མགོ་ཐོགས་ཡོངས་ཀྱི་སྐྱེས་ཆེན་དག་གིས་འགྲོ་མི་སྤྱི་ལ་ཕུལ་བའི་རིག་གནས་སྙིང་སྟོབས་འདི།འུ་ཚོ་དང་འུ་ཚོ་ལྟ་བུའི་ཤི་གསོན་གྱི་སོ་ཁ་ན་གནས་པའི་མི་རིགས་དག་གི་བླ་སྲོག་སྐྱོབ་བྱེད་ཀྱི་ལག་ཆ་ཁོ་ན་ཡིན་པས་དང་ལེན་མི་བྱེད་ཐུ་མེད་རེད།དེས་ན་འུ་ཚོས་ཀྱང་གནད་འགག་གི་སྐབས་སུ་བཀའ་བློན་ཁྲི་བ་མི་ཞིག་འཚོལ་དགོས་པས།སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ན་མི་ཞིག་རྙེད་རྒྱུ་
    ཡོད་དམ་ཞེ་ན།ངས་ཞིབ་འཇུག་བྱས་པ་ལྟར་ན་མི་ཁ་ཤས་ཡོད་ཀྱང༌།ཆེས་འོས་ཆོས་ཚང་པའི་མི་ནི་བློ་བཟང་སེང་གེ་རེད། གང་ཡིན་ཟེར་ན། ཁོང་{havard}གཙུག་ལག་སློབ་ཆེན་ལས་ཐོན་པའི་རྒྱུ་མཚན་ཁོ་ནས་ཀྱང༌།ཁོང་གི་སྐོར་ལ་ཞིབ་འཇུག་ཆེར་བྱེད་མི་ཐུབ་མཁན་དག་གིས་ཀྱང༌།ཁོང་མི་ཡིན་པའམ་མིའི་བསམ་བློ་ཡོད་པའི་གནས་ལུགས་རྙེད་རྒྱུར་འདང་རྒྱག་རྒྱུ་ཆེན་པོ་ཡོད་དེ།ས་སྒང་འདིའི་མི་ཆོས་རིག་གནས་ཀྱི་རྩེར་སོན་པའི་ཨ་རིའི་རྒྱལ་ཁབ་ནི་གཙུག་ལག་སློབ་ཆེན་འདིའི་ཁོར་ཡུག་ཡིན་པ་དང༌།འདིའི་བསླབ་ཚན་དག་ནི་མིའི་རིགས་ཀྱི་སྐྱོ་གར་ལ་གདོང་གཏོད་བྱེད་ཀྱི་རིག་གནས་ཡིན་པ་ལས།བདག་མེད་ཀྱི་སྲོག་བྱས་ཤིང༌།འཁོར་བའི་ཕུན་ཚོགས་བློས་བཏང་གི་བསམ་བློའི་མ་ལག་ཅིག་གིས་ཤན་ཤུགས་མེད་པས།འདིའི་སློབ་ཐོན་པ་དག་ཀྱང་མི་ཆོས་རིག་གནས་ཀྱི་ཐོན་རྫས་ཡིན་པ་ལས་ལྷ་མིན་མི་མིན་གྱི་ཕུང་སུམ་པ་ཞིག་ག་ལ་ཡིན་ཏེ།རིག་གནས་དང་མི་བུའི་རྒྱུ་འབྲས་ཆོས་ཉིད་དེ་སུས་ཀྱང་ཁས་ལེན་དགོས་པས་སོ།།ཡིན་ནའང༌།ཡང་བརྐྱར་འུ་ཚོས་རྟར་ཞོན་མཁན་ཞིག་བོང་ལིར་བཞོན་འཇུག་པ་མིན་ནམ་སྙམ་པའི་བློ་དོགས་ཤིག་ངང་གིས་འཁྲུངས་ཀྱང༌།ཨུ་ཐུག་པ་མི་འགྲོ།།

    Reply
  3. བཤད་སྒྲུབ says:
    ལོ་ 15 སྔོན།

    ང་འཚོ་བོད་མི་རིགས་ཀྱིས་དོན་དུ་ལས་དོན་ཡིན་ལ་སེམས་གཏིང་ནས་དགའ་བསུ་བྱས་རྒྱུ་ལས་མེད། འོན་ཀྱང་དེང་སྐབས་མི་འགའ་རེའི་བཤད་མ་ཤེས་པའི་དམིགས་ཡུལ་རེ་གཟུང་ནས་མི་དམངས་འགོ་འཐོམ་རུ་ལས་འགུལ་སྣ་མང་སྤེལ་སྡོད་པ་མཐོང་ གང་ལྟར་བོད་རིགས་མི་མང་གི་དོན་ཤེས་འགྱོན་ལྡན་པའི་མི་ཚད་ལྡན་ཅིག་དགོས་ན་མཁས་དབང་བློ་བཟང་སིག་གེ་ལགས་རེད།

    Reply
  4. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    དེང་གི་དུས་འདིར་བོད་མི་ཚང་མས་མ་འོངས་པའི་བཀའ་བློན་ཁྲི་པའི་སྐོར་གླེང་བཞིན་པའི་དུས་འདིར་རང་ངོས་ནས་བོད་མི་རིགས་ཀྱི་འབྱུང་འགྱུར་ཀྱི་ཆེད་བཀའ་བློན་ཁྲི་པའི་ལས་འགན་ཁུར་འདོད་ཡོད་རིགས་ཀྱིས་རང་གི་ལོ་རྒྱུས་དང་ཤེས་ཚད་བྱས་རྗེས་མ་འོངས་ཀྱི་ལས་གཞི་དང་ལང་ཕྱོགས་དང་བཅས་པ་ཁ་གསལ་ཞིག་མི་མང་ལ་གསལ་སྟོན་བྱེད་དགོས་རྒྱུ་ནི་གལ་ཆེན་རེད། དེས་ན་དྲ་རྒྱ་འདིས་བློ་བཟང་སེང་གེ་ཡི་སྐོར་གསལ་བཤད་བྱེད་ཀྱི་འདུག་པས་གུས་པས་སྙིང་དབུས་ནས་དགའ་གསུ་ཞུ། ཁོ་ནི་ངའི་སེམས་སྟེང་གི་མ་འོངས་པའི་བཀའ་བློན་ཁྲི་པ་དེ་ཡིན།

    Reply
  5. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ང་ཚོར་བཀའ་བློན་གཞོན་སྐྱེས་བསམ་བློ་གསསར་པ་ཞིག་དགོས་ཀྱང་རང་གི་རིག་གཞུང་ལ་དོ་སྣང་མེད་པ་ཞིག་རྩ་བ་ནས་དགོས་དོན་མིན་འདུག
    བོད་མི་རིགས་འཛམ་གླིང་འདིར་གནས་མི་གནས་ནི་བོད་ཡིག་བཀོལ་སྤྱོད་ཡོད་མེད་རགས་སོ།

    Reply
  6. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    ལྷག་བསམ་དང་སྙིང་སྟབས་ལྡན་པའི་གྲཱ་བག་གྲོ་ལགས་དང་རིན་ཆེན་རྣམས་པ་ཚོས་་།བོད་མི་རིགས་ཀྱི་ལག་རྒྱ་དང་དུརླངུ་ནས་མཁས་དབང་བློ་བཟང་སེང་གེ་མཆོག་གི་སྐོར་དྲ་སྒོ་ཕྱེ་བ་དགའ་བསུ་ཧུ་

    Reply
  7. Lhamon says:
    ལོ་ 15 སྔོན།

    དྲ་རྒྱ་གསར་པ་ཞིག་སྒོ་འབྱེད་གནང་བར་ཧ་ཅང་དགའ་བྱུང་། ལྷག་པར་དུ་ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་གསུང་བཤད་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཁོང་དང་ཆབ་སྲིད་བཙོན་ཟུར་གྲགས་ཅན་དགའ་ལྡན་གྲྭ་བག་གྲོ་གཉིས་ཀྱིས་བོད་མི་རིགས་ཀྱི་ལས་དབང་ལ་བསམ་བློ་བཏང་བ་ལས། ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་གྱི་དབང་དུ་གཏན་ནས་མ་སོང་བ་ནི། དངོས་གནས་རྗེས་སུ་ཡི་རངས་ཞུ་འོས་པ་ཞིག་རེད། བོད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་འབེན་ལ་བཙུགས་མྱོང་མཁན་ཟེར་བ་འདི་ཚོའི་ལྷག་བསམ་དང་སེམས་ཤུགས་ལ་རྒྱ་སོགས་མི་དཀྱུས་མ་ང་ཚོ་དང་གཏན་ནས་མི་འདྲ་བ་ར་སྤྲོད་བྱས་པ་ཞིག་རེད།

    Reply
  8. སེར་ཆེན་ says:
    ལོ་ 15 སྔོན།

    མ་གཞི་དྲ་རྒྱ་སྒོ་འབྱེད་བྱས་པ་ནི་ཡག་པོ་རེད།མ་འོངས་བཀའ་ཁྲི་དེ་གཞོན་སྐྱེས་ཚང་མའི་དངོས་ནས་སྐུ་ཞབས་བློ་བཟང་སེང་གེ་ལགས་སུ་རེ་བ་དང་རྒྱབ་སྐྱོར་ཤུགས་ཆེན་ཡོད་ཚོད་འདུག་པས།དེ་བཞིན་ཨ་ཁུ་བློ་བཟང་ཁྱེད་རང་གིས་གྲ་སྒྲིག་འཐུས་ཚང་གནང་དགོས་གལ་ཆེ་ཕྱིར་བོད་མི་ཡོད་དོ་ཅོག་གི་རེ་སྙེག་གོ།

    Reply
  9. སེར་ཆེན་ says:
    ལོ་ 15 སྔོན།

    མ་གཞི་དྲ་རྒྱ་སྒོ་འབྱེད་བྱས་པ་ནི་ཡག་པོ་རེད།མ་འོངས་བཀའ་ཁྲི་དེ་གཞོན་སྐྱེས་ཚང་མའི་དངོས་ནས་སྐུ་ཞབས་བློ་བཟང་སེང་གེ་ལགས་སུ་རེ་བ་དང་རྒྱབ་སྐྱོར་ཤུགས་ཆེན་ཡོད་ཚོད་འདུག་པས།དེ་བཞིན་ཨ་ཁུ་བློ་བཟང་ཁྱེད་རང་གིས་གྲ་སྒྲིག་འཐུས་ཚང་གནང་དགོས་གལ་ཆེ་ཕྱིར་བོད་མི་ཡོད་དོ་ཅོག་གི་རེ་སྙེག་གོ།

    Reply
  10. སེར་ཆེན་ says:
    ལོ་ 15 སྔོན།

    མ་གཞི་དྲ་རྒྱ་སྒོ་འབྱེད་བྱས་པ་ནི་ཡག་པོ་རེད།མ་འོངས་བཀའ་ཁྲི་དེ་གཞོན་སྐྱེས་ཚང་མའི་དངོས་ནས་སྐུ་ཞབས་བློ་བཟང་སེང་གེ་ལགས་སུ་རེ་བ་དང་རྒྱབ་སྐྱོར་ཤུགས་ཆེན་ཡོད་ཚོད་འདུག་པས།དེ་བཞིན་ཨ་ཁུ་བློ་བཟང་ཁྱེད་རང་གིས་གྲ་སྒྲིག་འཐུས་ཚང་གནང་དགོས་གལ་ཆེ་ཕྱིར་བོད་མི་ཡོད་དོ་ཅོག་གི་རེ་སྙེག་གོ།

    Reply
  11. འདན་མ says:
    ལོ་ 15 སྔོན།

    དྲ་རྒྱ་གསར་པ་སྒོ་འབྱེད་དེ་ལ་དགའ་བསི་ཡོད་འོན་ཀྱང་དེ་ཚོ་དམོགས་ཧ་ཅང་ཅེན་ལོས་ཡོད།
    མ་གཞི་གོང་དུ་ཆབ་སྲིད་བཙོན་པ་དཔལ་ལྡན་རྒྱ་མཚོའི་ཁོང་ལ་སྤྱིར་དེང་གི་ཤེས་ཡོན་གྱི་ཐད་ནས་ཚད་ལྡན་ཡིན་པར་མ་ཟད། དམིགས་གསལ་ཁྲིམས་ལུགས་ཐད་ཧར་ལྦར་གཙུག་ལག་སློབ་གཉེར་ཁང་ནས་ཐོན་པའི་ཁྲིམས་ལུགས་མཁས་པ་ཞིག་ཀྱང་རེད་ཅེས་གསུངས་འདུག་སྟེ་དེ་གཞན་ཀྱིས་རྗེས་ཟློས་ཙམ་ལས་ཁོང་གིས་ག་འདྲ་དགོང་བ་ཡིན་ན། སྐུ་ཉིད་ཆབ་སྲིད་བཙོན་པ་སྐད་གྲགས་ཆེ་བ་ལས་གཞན་ཁོང་ཡོན་ཏན་དེ་ཚོ་ཤེས་པའི་ཤེས་ཡོན་ག་ཚོད་ཡོད་ན།
    ཡང་གཞན་པ་ཞིག་གིས་གཞིས་ཆགས་ཁག་ནང་ལས་འགུལ་སྤེལ་བ་གལ་ཆེན་པོ་རེད་གསུངས་འདུག་ཀྱང་། ཁྱེད་ཚོ་ཐུགས་ཕམ་མ་གནང་དང་སྔ་ས་གོ་རྟོགས་སྤེལ་ཟིན་པ་རེད།

    Reply
  12. kungatsering17 says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་གི་དྲ་རྒྱ་ཞེས་གོ་མ་ཐག་ཏུ་དགའ་སྤྲོ་སྐྱེས་བྱུང་
    གྲོགས་པོ་ལྷན་རྒྱས་འདིའི་ནང་དུ་མཉམ་གཞུག་གང་མང་བྱེད་ན་ཕན་ཐུག་ཆེན་པོ་ཡོད་པ་སྨོས་མེད་རེད་
    དྲ་རྒྱ་འདི་མ་འོངས་པ་བཀའ་ཤག་གི་དྲ་རྒྱ་ཞིག་ཏུ་འགྱུར་བའི་སྨོན་ལམ་ཡོད།།

    Reply
  13. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    དྲ་རྒྱ་འདི་མ་འོངས་པར་བློ་བཟང་སེངྒེ་ལགས་ཀྱི་བཀའ་བློན་ཁྲི་པ་ངོ་མའི་དྲ་རྒྱ་ངོ་མར་འགྱུར་བའི་སྨོན་འདུན་དང་རེ་བ་དེ་ཉག་ཅིག་ཡིན།

    Reply
  14. རྒྱལ་ཐང་ཡོན་ཏན says:
    ལོ་ 15 སྔོན།

    རྒྱུད་ལམ་འདིའི་ཐོགས་ནས་བཀའ་ཁྲིའོ་འོས་གཞི་བློ་བཟང་སེངྒ་ལ་རྒྱབ་སྐྱོར་གྱིས་ཁྱབ་སྒྲགས་གནང་མཁན། བོད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་པར་བཞེད་ཐུབ་མཁན་རླབས་ཆེན་གྱི་བློས་ཐུབ་གྲོགས་པོ་ཁྱོད་ཅག་སེམས་གཏིང་ནས་རྒྱབ་སྐྱོར་ཡོད། ཁ་བྲོ་ཚེ་རིང་།

    Reply
  15. ཤིང་རྟ། says:
    ལོ་ 15 སྔོན།

    དགའ་བསུ་ཡོད། བཀྲ་ཤིས་བདེ་ལེགས།

    Reply
  16. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཕྱོགས་གཅིག་ནས་སྲིད་དོན་སྐོར་རེད་བསམ་ན་སྐྱོ་ནི་ཞིག་རེད། ཡང་དེང་དུས་ཀྱི་འགྲོ་སྟངས་རེད་བསམ་ན་དགའ་ནི་རེད། གང་ལྟར་ཕྲན་ལ་མཚོན་ན་བོད་ཀྱི་བང་ཆེན་བློ་བཟང་སེང་གེའི་སྐོར་ལ་རྩོམ་ཡིག་བཏང་ཡོད། དེ་བསྐྱར་དུ་འདིའི་ནང་དུ་བཀོད་ན་དགག་བྱ་མེད་ཚེ་བསྐུར་རྒྱུ་ཡིན། དྲ་ཚིགས་སྒོ་འབྱེད་ལ་རྟེན་འབྲེལ་ཞུ།

    Reply
  17. བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་རྒྱ་དེ་འདྲ་ཞིག་སྒོ་འབྱེད་བྱས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ། འོན་ཀྱང་གཞིས་ཆགས་ཁག་ཏུ་དྲ་རྒྱའི་མཐུན་རྐྱེན་ཞེ་དྲགས་ཡོད་མ་རེད་ལ་འོས་བླུགས་མཁན་མང་ཆེ་བ་གཞིས་ཆགས་ཁག་ནང་ནས་ཡོང་གི་ཡོད་རེད། བྱས་ཙང་གཞིས་ཆགས་ཁག་ཏུ་ལས་འགུལ་སྤེལ་རྒྱུ་ཤིན་ཏུ་ནས་གལ་ཆེ། དབུས་གཙང་གཙོས་པའི་གཞོན་སྐྱེས་ཚོས་བློ་བཟང་སེང་གེ་ལ་དགའ་བསུ་ཆེ་བར་འདུག་པ་འདི་དགའ་འོས་པའི་གནས་ཚུལ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese