མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོང་གི་ལས་ཀ་འཚོལ་བ། རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་མར་གསོལ་རས་སུ་བསྩལ་བའི་ཕྱག་རྟགས་རིན་པོ་ཆེ་དེ་བོད་མི་རིགས་ཀྱིས་གཞི་ནས་ངོས་ལེན་བྱེད་ཀྱིན་པ་འདྲ། འདི་ལ་འཚེར་སྣང་དང་འཛེམས་དོགས་བྱ་མི་དགོས་པའི་གནས་ལུགས་དེ་ཚོ་ཡང་ངོ་འཕྲོད་ཀྱིན་པ་འདྲ།

བཀའ་བློན་ཁྲི་པའི་འོས་གཞིར་ལངས་མཁན་དང་བཀའ་ཁྲིའི་འོས་གཞིར་དམིགས་འཛུགས་བྱས་པ་རྣམས་ཀྱི་ལོ་རྒྱུས་དང་བསྒྲགས་གཏམ་དེ་ཚོ་རིམ་བཞིན་སྤྱི་ཚོགས་སྟེང་སླེབ་བཞིན་ཡོད་ལ། རང་རང་གི་ལངས་ཕྱོགས་དང་སྲིད་བྱུས་ཀྱི་སྐྱ་ཐིག་ལྟ་བུའི་འཆར་སྣང་དེ་ཚོ་ཡང་རིམ་བཞིན་ཇེ་གསལ་དུ་འགྲོ་བཞིན་ཡོད།

མང་ཚོགས་ཀྱིས་དབུ་ཁྲིད་མི་རྙེད་པའི་སྡུག་སྐད་དེ་ཚོ་ཡང་སྔ་ས་ནས་ཆད་འདུག ད་ནི་ང་ཚོས་མ་རྙེད་པར་ཡོད་པ་ནི་ཁོང་མ་རེད། ཁོང་གི་ལས་ཀ་རེད། ང་ཚོས་བཀའ་ཁྲི་ལ་ལས་ཀ་འཚོལ་དགོས་པར་འདུག ལོ་ལྔའི་རིང་གི་ལས་ཀ་རྣམས་བང་སྒྲིག་ནས་སྟོན་དགོས་ཀྱི་འདུག

ད་ཕྱིན་མི་དམངས་ཀྱི་ངོས་ནས་རྩོད་དགོས་པ་ནི་འོས་སུ་ལ་འཕེན་དགོས་མིན་དེ་མ་ཡིན་པར། འབྱུང་འགྱུར་གྱི་ལོ་ལྔའི་རིང་ལ་སྒྲུབ་དགོས་པའི་རྩ་དོན་གལ་ཆེན་དག་གི་སྟེང་བགྲོ་གླེང་བྱ་དགོས་པ་དང་། སྐབས་འདི་ནས་བསམ་བློ་གཏོང་བདེ་བོ་དང་མགོ་རྙོག་ཆེན་པོ་མི་ཡོང་བའི་ཕྱིར། མང་ཚོགས་ཀྱི་ངོས་ནས་ཐོག་མར་བཙན་བྱོལ་བོད་གཞུང་གི་ལྷན་ཁང་ཁག་བདུན་ཡོད་པའི་ལྷན་ཁང་རེ་རེའི་འོག་གི་ལས་དོན་རྣམས་ལ་མཛུབ་མོ་འཛུགས་དགོས་པ་དང་། བཀའ་ཁྲིའི་འོས་གཞི་སུ་ཞིག་གིས་ད་གཟོད་ལས་དོན་འདི་དག་ལ་འགྱུར་བ་དང་ཡར་རྒྱས་གཏོང་ཐུབ་མིན་དེ་ཡིན།

ད་ལྟའི་ཆར། མང་ཚོགས་ཀྱིས་གང་ཟག་གི་འབྲེལ་བ་དང་གདོང་ལ་བལྟས་ནས་བཀའ་བློན་ཁྲི་པ་རྩོད་ཀྱིན་པ་མ་གཏོགས། བཀའ་ཁྲི་དེའི་མདུན་དུ་ལས་དོན་ཅི་ཞིག་ལྷག་ཡོད་མེད་ལ་དབྱེ་ཞིབ་བྱེད་ཀྱིན་མེད་པར་སྣང་། གཞན་ཡང་མང་པོ་ཞིག་གིས་བཀའ་ཁྲིའི་འོས་གཞི་གླེང་སྐབས་བོད་མིའི་སྙིང་ལ་གནག་པའི་བོད་རྒྱ་ཞི་མོལ་ལྟ་བུའི་བརྗོད་གཞི་གལ་ཆེན་དག་གླེང་བཞིན་པ་ཡང་དངོས་ཡོད་ལ་འགལ་ཡོད། ཐོག་མར་གཞན་ལ་ལྟོས་མི་དགོས་ཤིང་རང་གི་ལག་པས་སྙོབ་པ། སྒྲུབ་དགོས་ངེས་ཀྱི་ལས་དོན་རིགས་གླེང་སྟེ། བཀའ་ཁྲིར་ལངས་མཁན་ཚོར་ཚུར་སྲིད་བྱུས་འགྲེལ་བཤད་རྒྱག་འཇུག་རྒྱུ་ཙམ་མིན་པར། ལས་དོན་འདིའི་རིགས་ཕར་ངོ་སྤྲོད་བྱ་རྒྱུ་དང་། ལག་ལེན་ལ་བསྟར་འཇུག་རྒྱུ་ནི་དམངས་གཙོའི་ཁེ་དབང་ངོ་མ་དེ་ཡིན་པར་འདོད།།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༢ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 20

  1. སྐར་མདའ། says:
    ལོ་ 15 སྔོན།

    སླེབས་ལ་ཉེ་པའི་ཉིས་སྟོང་བཅུ་གཅིག
    དགའ་དགོས་པ་ཞིག་གམ་ཡང་ན་སྡུག་དགོས་པ་ཤིག་ཡིན་ནམ།
    མ་གཞི་དེའི་བདེ་སྡུག་ནི་བོད་མིའི་གོ་རྟོགས་སད་ཡོད་མེད་ལ་ཐུག་འདུག
    གོ་རྟོགས་རྣལ་མ་ཞིག་སད་ཡོད་ན།
    ཕྱོགས་ཞེན་དང་། ཉེ་རང་མེད་པའི་གཟུར་གནས་འོས་ཤོག་ཅིག་བླུག་མ་ཐུབ་ག་ལ་ཡོད།
    དེ་ནི་བོད་འབངས་མི་རེ་ངོ་རེ་ནས་བསམ་བློ་སྤྱི་གནད་ཁེལ་པ་ཞིག་གཏོང་དང་མ་གཏོང་ལ་རགས་ལས་ཡོད།
    འོས་ཤོག་འདི་ནི།
    སྤྱི་བཏང་གི་འོས་ཤོག་ཅིག་ག་ལ་ཡིན།
    མི་རིགས་ཤིག་གི་བདེ་སྡུག་གི་སྲོག་རྩ་ལ་ཐུག་ཡོད་པའི་གནད་འགག་སྙིང་གི་ཁྲག་རྩ་ལྟ་བུ་རེད།
    གལ་སྲིད་ཕྱོགས་ཞེན་དང་། འཐེན་འཁྱེར། ཕྲག་དོག སོགས་ཀྱི་ལྟ་བ་དེ་སྤངས་མ་ཐུབ་ཚེ།
    བལ་ཡུལ་གྱི་སྲིད་བློན་ལྟ་བུ་ཞིག་མི་ཆགས་པའི་ངེས་པ་གཏན་ནས་མེད།
    ད་ལྟ་བལ་ཡུལ་ལ་སྲིད་བློན་དངོས་དེ་བསྐོ་བཞག་བྱ་མ་ཐུབ་པར་གཞུང་གི་ནང་ན་རྩོད་རིམ་པ་དགུས་ཁེངས་ནས་བསྡད་ཡོད་བཤད་ག་དགོས།
    དེ་འདྲ་མི་ཡོངས་པའི་སླད་དུ་ང་ཚོས་ངེས་པར་དུ་བློ་སེམས་གཅིག་ཏུ་སྒྲིམ་ནས་འོས་ཤོག་ཇི་ལྟར་བླུག་དགོས་མིན་གྱི་གོ་བསྡུར་ཡང་ཡང་བྱེད་གལ་ཆེ།
    འདི་ནི་མ་འོངས་སྔོན་འགོག་གི་ཐབས་ལམ་ཡིན་པར་སྙམ།
    ང་ཚོས་ཁ་བདེ་བོ་རེ་བཤད་དེ་འདུག་རྒྱུ་མ་ཡིན་པར།
    སོ་སོ་རང་ཉིད་ཀྱིས་དངོས་སུ་ལག་ལེན་ལ་འདེབས་རྒྱུ་གང་དང་གང་ཡོད་པ་དེ་དག་ལ་ཞིབ་ཕྲས་བརྩད་གཅོད་བྱས་ཏེ་མོ་རེ་ངོ་རེ་ནས་ལས་འགན་འགྲུབ་ཐུབ་པར་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་མཐོང་གི་ཡོད།

    Reply
  2. སྐར་མདའ། says:
    ལོ་ 15 སྔོན།

    བདེན་པ་ཞིག་བཤད་ན་རྫུན་པ་ཆག་འགྲོ།
    དངོས་ནས་དྲ་ཐོག་ན་བསམ་ཚུལ་ལྷུག་པོར་བརྗོད་འདུག
    གང་ལྟར་ཚང་མའི་བསམ་ཚུལ་གཅིག་པ་རེད།
    ཡིན་ནའང་། བསལ་ཚུལ་ཇི་འདྲའི་མང་ན་དེ་འདྲའི་སེམས་འཚབ་ཆེ་པའི་རྟགས་རེད།
    ངས་བསམ་ན།
    བཀའ་བློན་ཁྲི་བ་དེ་སློབ་སྦྱོང་ཡོད་མེད་དང་།
    འཇོན་ཐང་ཡོད་མེད། ལྷག་བསམ་ཡོད་མེད་གཅིག་བུ་བརྩད་གཅོད་བྱས་ལས་འཆར་གཞི་གསར་བ་ལག་ལེན་ལ་དངོས་སུ་འདེབས་ནུས་མཁན་གྱི་དཔའ་བོ་གདོང་མཆོངས་པ་ཞིག་གལ་ཆེན་དུ་མཐོང་།
    བཀའ་བློན་ཁྲི་བའི་ལྔ་བོ་བོད་མིའི་སེམས་ཀྱི་སྡུག་བསྔལ་བྲི་བར་བྱེད་མཁན་ཞིག་དགོས་མཁོ་ཆེ་བར་སྣང་།
    བཀའ་ཁྲིའི་ལོ་ལྔ་དེ་གྲག་འགུལ་ཇི་ཡང་མེད་པར་རྫོགས་པ་ཡིན་ན།
    དེ་ནི་ཉེན་ཁ་ན་ཡོད་པའི་གངས་ཅན་པའི་སྡུག་གྱོང་ཆགས་པ་རེད།
    དེ་འདྲ་ཞིག་མི་ཡོང་པའི་ཐབས་ལམ་སྤུས་དག་ཅིག་འཚོལ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་བསམ་གྱི་ཡོད།
    བཀའ་བློན་ཁྲི་བ་མ་རེད་སྡུག་བསྔལ་ཁྲེི་བ་རེད།

    Reply
  3. རྟུལ་ཕོད། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོས་ངེས་པར་དུ་ཉིས་སྟོང་བཅུ་གཅིག་གི་བཀའ་ཁྲི་དེ་མི་ཚུལ་རིང་ལུགས་ཀྱི་ལྟ་ཚུལ་ཡོད་མཁན་ཞིག་གདམ་དགོས་པར་གལ་ཆེན་དུ་མཐོང་། རྒྱུ་མཚན་ནི་འུ་ཚོའི་ཆེ་ས་ནས་འཇིག་རྟེན་ལྟ་ཚུལ། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་ཕལ་མོ་ཆེ་ཞིག་ལོག་ལྟ་ཉིད་དུ་སོང་ཡོད་པས་རྒྱུ་མཚན་གྱིས་འུ་ཚོས་མི་ཆོས་ཀྱི་ལས་དོན་ཅི་ཞིག་སྒྲུབ་ཀྱང་། གཏིང་མི་ཟབ་པ་དང་། གནད་མི་ཁེལ་པ། མཐའ་མི་འཁྱོངས་པའི་སྒྱིད་ལུག་སྐྱག་ཤོར་གྱི་གནས་བབ་འདིའི་འབྱུང་རྩ་དང་འགོ་ཁུངས་ཡིན་པར་ངས་འདོད། ཡིན་ནའང་། ལྟ་ལོག་པས་ལྟ་མ་ལོག་པ་ལྟ་ལོག་བལྟས་ན་འུ་ཚོའི་གོ་རྟོགས་སད་དགོས་པ་སྒུག་རྒྱུ་ལས་བྱ་ཐབས་གཞན་ཡོད་དམ?

    Reply
  4. ཨ་འཇིགས། says:
    ལོ་ 15 སྔོན།

    སྐར་མདའ་ལགས། ཁྱོད་ཀྱི་བསམ་ཚུལ་ལ་དགའ་བསུ་མ་ཟད་རྒྱབ་སྐྱོར་ཡང་ཡོད། གོ་བ་ཅུང་ཟད་ལོག་མེད་དམ་སྙམ་པས་འགྲེལ་བཤད་ཐུང་ཐུང་ཞིག་ཞུ་དགོས་བསམ་བྱུང༌། ངས། དྲྭ་ཐོག་ན་རྟ་བཞོན་མང་པོ་ཞིག་ཡོད་མོད། དེ་རིང་སླེབས་མི་འདུག་ག ཞེས་བྲིས་ཡོད། མདོར་ན་བསམ་ཚུལ་བཤད་མཁན་མང་པོ་སླེབས་མི་འདུག་བརྗོད་ཀྱི་ཡོད། ངའི་ཕ་ཡུལ་ལ་མཚོན་ན་རྟ་བཞོན་ཟེར་དུས་མགྱོགས་པོ་ཞིག་ལ་གོ་གི་རེད། ངས་ཁ་རྒྱུན་གྱི་དཔེ་དེ་བཀོད་པ་ཙམ་ཡིན། དེ་ལས་ལྷག་པའི་གོ་བ་ལེན་མ་ཆོག་པ་མིན་མོད། གོ་ལོག་ཏུ་མ་སོང་བ་ཞིག་གལ་ཆེ།

    Reply
  5. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པས་གནད་ལ་ཕིགས་པའི་བསམ་ཚུལ་ཞིག་བཏོན་འདུག་མོད། བསམ་ཚུལ་དེ་ལ་སྐྱོན་མེད་པའང་མ་རེད། དཔེར་ན་༼ད་ཕྱིན་མི་དམངས་ཀྱི་ངོས་ནས་རྩོད་དགོས་པ་ནི་འོས་སུ་ལ་འཕེན་དགོས་མིན་དེ་མ་ཡིན་པར། ༽ཞེས་པ་འདི་ལ་མཚོན་ན་ཅུང་སྔ་དྲགས་པ་རེད། ད་ལྟའི་བཀའ་ཁྲིའི་འོས་མི་ཡོད་ཚད་བཀའ་ཁྲིའི་ལས་ཀ་འཇོན་པ་ཞེ་གཅིག་ཨེ་ཡིན་ནམ། དེ་ལྟར་མིན་ཚེ་ད་དུང་ང་ཚོས་བཀའ་ཁྲིའི་ལས་འགན་ཁྱོག་པ་རྣམས་གཞན་རྣམས་ལས་ཟུར་དུ་བཏོན་དགོས།
    ང་ཚོས་ལས་ཀ་འཚོལ་དགོས་སའི་བཀའ་ཁྲི་ཞིག་ང་ཚོས་འདེམས་མི་རུང་། དེ་ནི་མི་དམངས་མང་པོ་ཞིག་ཡིག་རྨོངས་ཡིན་པ་དང་། དེ་ལས་མང་བ་ཞིག་ཡིག་ངོ་ཆོད་ཙམ་ལས་ཆོས་སྲིད་ཀྱི་གོ་རྟོགས་མེད་པས་ཡིན། དེ་བས་ང་ཚོས་ངས་འདི་ལས་ཐུབ། ང་ལ་འཆར་གཞི་འདི་འདྲ་ཞིག་ཡོད་ཅེས་གྲོས་ཆོད་ཅོག་ཙེའི་སྟེང་དུ་ཁུར་ཡོང་མཁན་ཞིག་འཚོལ་དགོས། བསམ་ཚུལ་ཙམ་ཡིན།

    Reply
  6. thangkargopo says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས།
    བསམ་ཚུལ་ཕལ་ཆེར་འདྲ་མཚུངས་རེད།

    Reply
  7. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    སྡེ་ཡོང་རྒྱུའི་བཀའ་ཁྲིའི་ལས་དོན་སྒྲུབ་ཕྱོགས་ནི་བཤད་ནས་བཤད་ཚོད་མི་འདུག དེ་ལས་ཁྱོད་མགྱོག་པོར་ཚོར་ཤོག་དང་དུས་བབ་ཚང་གི་ལས་འཕྲོ་ཟད་མེད་པ་ཤེས་གསལ་རེད༌༌༌༌༌

    Reply
  8. རྟུལ་ཕོད། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོས་ངེས་པར་དུ་ཉིས་སྟོང་བཅུ་གཅིག་གི་བཀའ་ཁྲི་དེ་མི་ཚུལ་རིང་ལུགས་ཀྱི་ལྟ་ཚུལ་ཡོད་མཁན་ཞིག་གདམ་དགོས་པར་གལ་ཆེན་དུ་མཐོང་། རྒྱུ་མཚན་ནི་འུ་ཚོའི་ཆེ་ས་ནས་འཇིག་རྟེན་ལྟ་ཚུལ། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་ཕལ་མོ་ཆེ་ཞིག་ལོག་ལྟ་ཉིད་དུ་སོང་ཡོད་པས་རྒྱུ་མཚན་གྱིས་འུ་ཚོས་མི་ཆོས་ཀྱི་ལས་དོན་ཅི་ཞིག་སྒྲུབ་ཀྱང་། གཏིང་མི་ཟབ་པ་དང་། གནད་མི་ཁེལ་པ། མཐའ་མི་འཁྱོངས་པའི་སྒྱིད་ལུག་སྐྱག་ཤོར་གྱི་གནས་བབ་འདིའི་འབྱུང་རྩ་དང་འགོ་ཁུངས་ཡིན་པར་ངས་འདོད། ཡིན་ནའང་། ལྟ་ལོག་པས་ལྟ་མ་ལོག་པ་ལྟ་ལོག་བལྟས་ན་འུ་ཚོའི་གོ་རྟོགས་སད་དགོས་པ་སྒུག་རྒྱུ་ལས་བྱ་ཐབས་གཞན་ཡོད་དམ?

    Reply
  9. བློ་བཟང་མཐུ་སྟོབས། says:
    ལོ་ 15 སྔོན།

    ལས་དཀའ་དང་པོ་ནི་རྒྱ་བོད་བར་དང། གཉིས་པ་ཤེས་རིག། གསུམ་པ་དཔལ་འབྱོར། བཞི་བ་གསར་སྐྲུནསོགས་རེད་མཉམ།

    Reply
  10. སྐར་མདའ། says:
    ལོ་ 15 སྔོན།

    རྐང་པ་ས་ལ་བཙུགས་ཏེ་ལོ་མང་འགོར༎
    མི་སྐད་ཐར་འཐོར་བཤད་ནས་ལོ་མང་འདས༎
    མི་ཡི་གྲལ་དུ་འཚང་ནས་ཡུན་རིང་ཕྱིན༎
    མི་རྒྱུས་ལོན་པ་དེ་བས་དཀའ་ཚོད་སྣང་༎
    ཕ་སྐད་གཙང་མ་འདྲེ་ཡི་མཆི་མར་ཐིམ༎
    རྣམ་དག་བརྩེ་དུང་དངུལ་ལོར་རྐྱང་བས་བསླུས༎
    ཡིད་ཆེས་སྤྲོད་སའི་སྙིང་གི་ཚིལ་ལི་དེ༎
    སྦག་སྦག་འཁོར་ལོ་ཅན་གྱི་རྗེས་སུ་སྙེགས༎
    ལས་དང་རྒྱུ་འབྲས་བརྩིས་ན་གྱོང་ཞིག་རག།
    གཡོ་དང་སྒྱུ་མའི་རྩེད་རིག་འདོན་ཤེས་ན༎
    ཐོབ་དང་གོ་ས་མཐོན་པོ་ངེས་པར་རག།
    དེར་བརྟེན་ང་ཡིསདམ་བཅའ་ཕྱི་མ་ཡིན༎

    Reply
  11. སྐར་མདའ། says:
    ལོ་ 15 སྔོན།

    བསམ་ཚུལ་རྣལ་མ་ཡིན།
    དགག་པ་དེ་བས་མིན།
    ཧ་ཅང་ཧ་ཅང་ཐག་རིང་ན་ཡོད་པའི་ཨ་འཇིགས་ལགས།
    དྲ་ཐོག་ན་རྟ་རྒྱུགས་བྱེད་མཁན་མང་པོ་འདུག་ཅེས་པའི་གཏམ་དེ་གང་འདྲ་ཡིན་ན། གཙོ་བོ་གང་ཞིག་བརྗོད་འདོད་ན།
    གང་ཞིག་ལབ་བསམ་ན།
    དེ་ནི་ཁྱེད་རང་གི་རང་དབང་རེད་ཅེས་ངས་བརྗོད་ཆོག
    འོན་ཀྱང་། མང་པོ་མང་པོ་ཞིག་གིས་འདི་ལྟར་བསམ་ཚུལ་གསེར་གྱི་ཞུན་མ་མགྲིན་པ་ནས་སྐྱུག
    དེ་ནི་དགའ་འོས་པའི་གཏམ་ཞིག་མ་ཡིན་ནམ།
    བསམ་ཚུལ་ཡག་སྡུག་གཉིས་ཀ་མང་ཚོགས་ཀྱི་གྲལ་དུ་གཡུགས་དགོས་ནི་ཧ་ཅང་གི་གལ་ཆེན་རེད་བསམ་གྱིན་ཡོད།
    འགྲིག་མིན་མི་ཤེས།
    གཙོ་བོ་དྲ་རྒྱ་ནི་ཆེས་སྟབས་བདེ་རང་བཞིན་བསམ་ཚུལ་ལྷུག་པོར་གྲོལ་སའི་རྩེད་ར་སྙིང་རྗེ་ཞིག་རེད་ཟེར་རྒྱུ་ཡོད།
    ཀུན་འདི་ལ་དགའ་མོས་བྱེད་རྒྱུ་ཡོད།
    ཁྱེད་རང་ཡང་དེ་ལྟར་ཡིན་གྱི་རེད།
    རྟ་རྒྱུགས་ས་མེད་པའི་དཀའ་ངལ་ལས།
    རྟ་རྒྱུགས་བྱེད་མཁན་མེད་པའི་དཀའ་ངལ་རྩ་བ་ནས་ཡོད་ཀྱི་མ་རེད་བསམ།
    རྟ་རྒྱུགས་བྱེད་མཁན་གྱི་ངོས་ནས་ཆགས་བཞག་ནས་བཤད་ན།
    ཁ་ཤས་རྟ་རྒྱུགས་ལ་ཧ་ཅང་མཁས་པོ་དེ་འདྲ་འང་ཡོད་སྲིད་པ་རེད།
    ཁ་ཤས་རྟ་རྒྱུགས་ལ་དེ་ཙམ་མཁས་པོ་མེད་ནའང་།
    རང་ཉིད་ཀྱི་འདོད་རིགས་རྟ་བོ་དེ་ཞོན་ནས་རྟ་རྒྱུགས་ཐང་ཆེན་དུ་སླེབས་པ་ཙམ་གྱི་དགའ་བསུ་ཞུ་དགོས་པ་ཤིག་རེད་བསམ་ཡོད།
    དེ་ལ་རྒྱབ་སྐྱོར་བྱེད་མ་ཐུབ་ན་འང་།
    དགག་པ་དང་སྐྱོན་བརྗོད་རྩ་བ་ནས་བྱེད་རྒྱུ་མི་འདུག་སྙམ།
    དེ་ནི་ཤེས་བྱའི་ཐང་ཆེན་བགྲོད་པའི་བཀག་རྡོ་ལྟ་བུ་ཆགས་རྒྱུ་རེད་བསམ་རྒྱུ་འདུག་གཙོ་བོ་དེའི་ཕྱོགས་ལ་སྨྱུག་ཐོག་ཚོས་ངེས་པར་དུ་རམ་འདེགས་གང་ལེགས་གནང་རྒྱུ་དེ་ངའི་རེ་བ་དང་།
    འབོད་སྐུལ་ཙམ་ཡིན།
    ལག་ལེན་ལ་བསྟར་མ་བསྟར་དེ་ཁྱེད་ཅག་གི་བསམ་པའི་ཀུན་སློང་ལ་རག་ལས་ཡོད།

    Reply
  12. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    བསམ་ཚུལ་ཕལ་ཆེར་འདྲ་མཚུངས་རེད།

    Reply
  13. སེར་ཤུལ་རིན་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    དགའ་བསུ་ཡོད།

    Reply
  14. ང་ཁྱེད་ལ་དགའ says:
    ལོ་ 15 སྔོན།

    དགའ་བསུ་ཡོད།

    Reply
  15. ཨ་འཇིགས། says:
    ལོ་ 15 སྔོན།

    དྲྭ་ཐོག་ན་རྟ་བཞོན་མང་པོ་ཞིག་ཡོད་མོད། དེ་རིང་སླེབས་མི་འདུག་ག
    བསམ་ཚུལ་ཧ་ཅང་སྙིང་རྗེ་བོ་ཞིག་དང༌། ཁ་རི་ཁ་ཐུག་ཤིག ཡང་གནད་ལ་ཁེལ་བ་ཞིག་ཀྱང་འདུག དགའ་བསུ་དང་མོས་མཐུན་ཡོད།

    Reply
  16. གནམ་ལྕགས། says:
    ལོ་ 15 སྔོན།

    ཅི་འདྲའི་ལྷུག་རྩོམ་སྙན་མོ་ཞིག་རེད་ཨང་།

    Reply
  17. སྐར་མདའ། says:
    ལོ་ 15 སྔོན།

    བདེན་པ་དང་གནས་ལུགས་ཡོད་ན། ང་ཚོས་ངེས་པར་དུ་གུས་རྩི་དང་ཡིད་རིངས་བྱེད་དགོས་པ་ཧ་ཅང་གི་གལ་ཆེན་ནང་གི་དོན་ཆེན་ཞིག་མཐོང་སོང༌།་ ཁྱེད་རྩོམ་སྒྲོག་པས་ད་རེ་གསུང་བ་འདི་དངོས་ནས་གནད་དུ་ཁེལ་པའི་སྐད་ཆ་རེ་བཤད་འདུག དགའ་བསུ་ཡོད།
    དུ་དུང་མུ་མཐུད་ནས་འདི་འདྲ་འགའ་གསུང་ཐུབ་ན་ནད་གསོས་ཀྱི་སྨན་དུ་གྱུར་ཡོད་ཅེས་དམངས་ཚོགས་ཀྱིས་ཁ་གཅིག་གྲག་བྱེད་རྒྱུ་འདུག་ཅེས་ངས་སྐད་གསེངས་མཐོན་བཤད་པ་ཡིན།

    Reply
  18. བསོད་ནམས says:
    ལོ་ 15 སྔོན།

    དཔེ་ཡག་པོ་ཞིག་གསུངས་འདུག དེ་དངོས་གནས་གར་ཆེན་པོ་རེད

    Reply
  19. kunsal says:
    ལོ་ 15 སྔོན།

    ཁ་ཡོད་ལག་ཡོད་ཀྱི་གཏམ་ཞིག་གསུངས་འདུག སྙིང་ཐག་པ་ནས་རྒྱབ་སྐྱོར་དང་འདི་ལྟ་བུ་དོན་དངོས་དང་མཐུན་པའི་བསམ་ཚུལ་ལ་ཀུན་གྱིས་དོ་སྣང་ངེས་པར་དུ་བྱེད་གལ། གཞན་མུན་ནག་སྦར་ཡུག་དེ་འདྲ་སྤེལ་པར་དགོས་པ་ཆེར་མ་མཐོང་ངོ་།།

    Reply
  20. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    དངོས་ནས་གླེང་དགོས་པ་ཞིག་གླེང་འདུག་ལ། མི་མང་གིས་ཀྱང་བསམ་བློ་གཏོང་བ་གཅིག་བུས་འགྲིག་གི་མི་འདུག དངོས་ནས་ཁོང་གི་ལས་དོན་གང་ཞིག་བྱེད་དགོས་མིན་དེ་གླེང་དགོས་པ་ནི་བཀའ་བློན་རྙེད་པ་ལས་ཀྱང་གལ་ཆེན་ནང་གི་དོན་ཆེན་རེད་འདུག ཉིད་ཀྱི་བསམ་ཚུལ་དེར་སེམས་ཁོང་རུས་པའི་གཏིང་ནས་དགའ་བསུ་ཡོད། ཁ་ཡག་ངོ་དགའ་ཞུས་པ་རྩ་ནས་མིན། ཉིན་ལྟར་དུས་བབ་ཚང་གི་བསམ་ཚུལ་རྩོམ་ཡིག་མང་ཆེ་ཤོས་ཀློག་གི་ཡོད་ཀྱང་། ཚང་མར་བསམ་ཚུལ་འབྲི་ཡི་མེད། བྲིས་ཀྱང་དེ་འདྲ་ཞིག་རེད། ད་རེབས་ཉིད་ཀྱི་བསམ་ཚུལ་རྩོམ་ཡིག་འདི་ནི་དངོས་ནས་ཁ་ཚ་དགོས་གཏུགས་རང་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese