རྒྱལ་རོང་ཚོ་བདུན་དགོན་པའི་གྲྭ་པ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་འདུག
ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༠ ཉིན་རྔ་པ་ཁུལ་འབར་ཁམས་རྫོང་ཁོངས་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་གྲྭ་སོ་དར། རང་ལོ་ ༣༨ ཡས་མས་ཤིག་ཡིན་པ་ཁོང་མཛོད་དགེ་རྫོང་ཐོག་གི་རླངས་འཁོར་འབབ་ཚིགས་ནས་ཞོགས་ཀའི་དུས་ཚོད་ ༦ ཙམ་ལ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་འདུག ཁོང་གི་ཕ་ཡུལ་ཁྱུང་ཆུ་རྫོང་ཁོངས་ཚ་རུ་མ་ནས་ཡིན།
དེ་མིན་ཚོ་བདུན་ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་ལས་བྱེད་ཚོ་བདུན་ཏེ་ཙིས་སྡེ་བ་ཡིན་པའི་གྲྭ་དར་རྒྱས། རང་ལོ་ ༢༦ ཙམ་ཡིན་པ་ཁོང་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་འབར་ཁམས་རྫོང་ཐོག་ནས་འཛིན་བཟུང་བཀག་ཉར་བྱས་འདུག ཁོང་གཉིས་འཛིན་བཟུང་བཀག་ཉར་བྱས་རྗེས་འབར་ཁམས་རྫོང་དང་རྔ་པ་ཁུལ་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་བརྩད་གཅོད་བྱས་ཀྱང་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་གྱི་གནས་ཚུལ་ཡང་ཤེས་རྟོགས་བྱུང་མེད།
ཀ་ཉག་ཚེ་རིང་གི་ཟིན་བྲིས་ལས་བཤུས།
དྲ་ངོས་ལ་འཇོག་མཁན། ལུང་རིགས་རྒྱལ།
གོེ་ང་གི་དགེ་འདུན་པ་དེ་གཉིས་ཀྱི་སྐོར་གསར་བ་གོ་ཐོས་ཨེ་བྱུང་དྲ་བདག་ལགས།གལ་སྲིད་གནས་ཚུལ་གསར་བ་རག་ཚེ་མུ་མཐུད་དུ་གང་མགྱོགས་སྤེལ་བར་ཞུ།ཐུགས་རྗེ་ཆེའོ།
ད་ཡིན་ན་དགེ་འདུན་པ་དེ་གཉིས་ནས་སྡུག་པོ་མྱོང་སོང་བའི་ངོ་མ་ཡིད་སྐྱོ་གི་ཡ།
དྲ་གྲོགས་ཤེལ་དཀར་བློ་བཟང་ལགས་སྐུ་ཉིད་ལ་ཁག་མི་འདུག་ཡིན་ནའང་གནད་དོན་འདིའི་རིགས་ལ་འདི་དང་འདི་རེད་ཟེར་ནས་བཤད་ཚོད་ཟིན་ནི་མ་རེད། གང་ཡིན་ཞུས་ན་དགྱ་ནག་གིས་བོད་པ་ཞིག་ཡིན་དེའི་ནང་ནས་ཤེས་ལྡན་པ་དང་མི་བུ་ནུས་པ་ཅན་ཞིག་རེད་བསམ་དུས་འཛིན་བཟུང་བྱེད་ནི་རེད། དེ་འདྲ་ཡིན་དུས་གྲྭ་བ་དེ་གཉིས་ལ་གནད་དོན་ཡོད་རུང་འཛིན་གྱི་རེད་ལ་གནད་དོན་མེད་རུང་དགྱ་ནག་གི་འཛིན་གྱི་རེད། གང་ཡིན་ཞུས་ན་ཁོག་གཉིས་སོ་སོའི་དགོན་པ་ནས་ཆོས་དང་ཆབ་སྲིད་གང་གི་ཕྱོགས་ནས་ཡིན་ནའང་མི་བུ་འཇོན་པོ་དང་ནུས་པ་ཅན་རེ་ཡིན་ས་རེད། དེའི་ཕྱིར་ཁོང་གཉིས་འཛིན་བཟུང་བྱས་ནི་རེད་ལགས།
ཁོང་གཉིས་ཀྱིས་ཅི་ཞིག་བྱས་ཏེ་འཛིན་བཟུང་བཀག་ཉར་བྱས་པ་ཡིན་ནམ། གནས་ཚུལ་ཞིབ་ཕྲ་ཞིག་སྤེལ་ཐུབ་ན་ཡག་པོ་འདུག
གདུང་སེམས་མཉམ་བསྐྱེད་ཡོད།
བོད་པ་ཚང་ལ་གྱོང་རེད་ཕྱི་ནང་གང་དུ་མཆིས་ཀྱང་མི་ཚོས་བརྙས་ཅོས་དང་མཐུང་ཆུང་བཟོ་བྱེད་འབའ་ཞིག་རེད་འདུག་བོད་པ་ཚང་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་ཀྱང་དམིགས་གསལ་མཐོང་གང་ཡང་མི་འདུག