མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདུན་ཚིགས་གཉིས་པའི་བསྔོ་སྨོན།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp
 
ཕྱི་ཚེས་ ༢༡ ཉིན་ཏེ་དེ་རིང་སྔ་དྲོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཉེ་ཆར་མདོ་སྨད་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་གནོད་འཚེ་འོག་རྐྱེན་འདས་སུ་སོང་བ་རྣམས་ཀྱི་ཆེད་བསྔོ་སྨོན་གཟབ་རྒྱས་ཤིག་གནང་ཡོད།
ངྷ་སའི་མདོ་སྨད་ཐེ་བོ་སྟོད་སྨད་བར་གསུམ་གྱི་མི་མང་གིས་གོ་སྒྲིག་འོགདེ་རིང་ཞོགས་པའི་ཆུ་ཚོད་ ༨ གྱི་སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མདོ་སྨད་འབྲུག་ཆུ་རྫོང་དུ་ཉེ་ཆར་ཆུ་ལོག་གི་གནོད་འཚེ་འོག་རྐྱེན་འདས་སུ་སོང་བ་རྣམས་ཀྱི་ཆེད་བསྔོ་བ་སྨོན་ལམ་གཟབ་རྒྱས་ཤིག་གནང་ཡོད་ཅིང་། སྨོན་ལམ་ཚོགས་ཆེན་དེའི་ཚོགས་མགོན་དུ་དཔལ་རྒྱལ་བ་ཀརྨ་པ་མཆོག་དབུ་བཞུགས་ཀྱིས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། བཀའ་བློན་ལས་རོགས་རྣམ་པ། གཞན་སྤྱི་འཐུས་ཁག་ཅིག་དང་། རྒྱུད་སྟོད་མཁན་པོ། རྣམ་གྲྭ་མཁན་པོ། ཀིརྟི་གྲྭ་ཚང་གི་མཁན་པོ་བཅས་དང་། དེ་བཞིན་བཞུགས་སྒར་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་། ངྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག བོད་གཞུང་ཟློས་གར། ངྷ་སའི་ཉེ་འདབས་ཀྱི་མི་མང་བཅས་མཉམ་ཞུགས་བྱས་ཡོད།
ཐེངས་འདིའི་སྨོན་ལམ་སྐབས་སུ་མདོ་སྨད་དབུས་རྒྱུན་ལས་ཁང་གིས་ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་སྟབས། འདི་གའི་གསར་འགོད་པས་མདོ་སྨད་དབུས་རྒྱུན་གྱི་རྒྱུན་ལས་རྨ་ཆུའི་མགོན་པོ་དོན་གྲུབ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས་བརྗོད་དོན། ལས་འགུལ་འདི་གཙོ་བོ་མདོ་སྨད་ཐེ་བོ་སྟོད་སྨད་བར་གསུམ་གྱི་མི་མང་གིས་གོ་སྒྲིག་ཞུས་པ་ཞིག་རེད། ཡིན་ནའང་། མདོ་སྨད་དབུས་རྒྱུན་གྱི་ངོས་ནས་ཞལ་འདེབས་བསྡུ་རུབ་ཀྱིས་མཚོན་པའི་ལས་འགུལ་གང་འདྲ་ཞིག་ཡིན་རུང་འབད་བརྩོན་རོགས་རམ་ཞུ་བཞིན་ཡོད་ཅེས་དང་།
ཡང་ཁོང་ལ་ཐེངས་འདིའི་ཞལ་འདེབས་བསྡུ་རུབ་ཁྲོད་ནུས་པ་ཅི་ཙམ་ཐོན་ཐུབ་པའི་རེ་བ་ཡོད་ཅེས་དྲིས་པར། ཁོང་གིས་སྨོན་ལམ་འཚོགས་རྒྱུ་དང་ཞལ་འདེབས་བསྡུ་རུབ་བྱ་རྒྱུའི་ལས་འགུལ་དེ་རྒྱ་གར་དང་བལ་ཡུལ་གྱིས་མཚོན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འབད་བརྩོན་ཞུ་བཞིན་ཡོད། དེ་རིང་སྨོན་ལམ་དུས་ཚིགས་གཉིས་པ་ཡིན་ལ།ང་ཚོས་རིམ་བཞིན་སྨོན་ལམ་རྗེས་མ་རྣམས་དུས་ཐོག་གོ་སྒྲིག་ཞུ་འཆར་ཡོད་པར་མ་ཟད། ལྷག་པར་དུ་དུས་ཚིགས་མཐའ་མའི་ཐོག་གལ་སྲིད་༧གོང་ས་མཆོག་ངྷ་སར་བཞུགས་མུས་ཡིན་ཚེ་གདན་འདྲེན་ཞུ་འཆར་ཡོད། དེ་མ་བྱུང་ནའང་བླ་ཆེན་ཁག་གང་ཐུབ་ཀྱིས་གདན་འདྲེན་ཞུ་རྒྱུའི་ལས་འཆར་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
ཕ་ཡུལ་འབྲུག་ཆུ་ནས་ཡིན་པའི་སྐུ་ཞབས་ཉི་མ་ལགས་སུ་བཀའ་འདྲི་ཞུས་པར།  ཁོང་གིས་འབྲུག་ཆུ་ཟེར་བ་དེ་ཕྱིས་སུ་བོད་ལ་དར་བའི་ཐ་སྙད་ཅིག་རེད། ང་ཚོས་ས་ཁུལ་དེར་ཐེ་བོ་སྟོད་སྨད་བར་གསུམ་ཟེར་གྱི་ཡོད། ས་ཆ་དེ་བོད་རྒྱའི་ས་མཚམས་ཆགས་ཡོད། དེ་ཡིན་དུས་གནས་སྟངས་ཀྱི་ཆ་ནས་བོད་ལ་ཤིན་ཏུ་གལ་ཆེན་པོ་ཞིག་ཆགས་ཡོད། ང་ཚོས་ཕྱི་ལོགས་ནས་སྨོན་ལམ་འཚོགས་པ་འདིས་བོད་ནང་གི་གནོད་འཚེ་ཐེབས་མཁན་ཚོའི་སེམས་ཀྱི་སྡུག་བསྔལ་སེལ་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ཅེས་བརྗོད་སོང་།  
ཁོང་ལ་ཕྱི་ལོགས་སུ་འབྲུག་ཆུའི་མི་མང་ཅི་ཙམ་ཡོད་མེད་དང་ཁྱེད་རང་ཚོས་ཚོགས་པའི་ངོ་བོ་ཞིག་གི་ཐོག་ནས་ལས་འགུལ་སྤེལ་གྱི་ཡོད་མེད་དྲིས་སྐབས། ཁོང་གིས་བརྗོད་དོན། ཕྱི་རྒྱལ་ཁག་གི་གནས་སྟངས་གསལ་པོ་ཞིག་ཤེས་ཀྱི་མི་འདུག ངྷ་རམ་ས་ལར་ཆ་བཞག་ན་ཐེ་བོའི་མི་ ༤༠ ཙམ་འདུག་ཅེས་དང་། ང་ཚོས་མཉམ་རུབ་ཐོག་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད་པ་ལས་ཚོགས་པ་དེ་འདྲ་ད་ལྟ་བཙུགས་མེད་ཅེས་བརྗོད་སོང་།

མཐར་ཁོང་གིས་ཐེ་བོ་ས་ཁུལ་ནི་རྒྱ་དམར་གྱིས་བཙན་བཟུང་བྱས་ཡོད་པའི་བོད་ཀྱི་མཐའ་མཚམས་ས་ཁུལ་ཞིག་ཆགས་ཡོད་སྟབས། བོད་མི་མང་གིས་ངེས་པར་དུ་དོ་སྣང་བྱ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་དང་། རྒྱ་ཆེའི་བོད་རིགས་མང་ཚོགས་ནས་གནོད་འཚེ་ཐེབས་པའི་མང་ཚོགས་རྣམས་ཀྱི་ཆེད་དུ་ཞལ་འདེབས་གང་མང་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་སོང་།

 

གསར་འགོད་པ།དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 2

  1. tenzin59 says:
    ལོ་ 16 སྔོན།

    རྐིརྟི་རིན་པོ་ཆེ་མཆོད་འབུལ་གྱི་ཚོགས་མགོ་ལ་ཕེབས་མི་འདུག། མི་གཞན་གྱི་ཟེར་ན་ཀིརྟི་རིན་པོ་ཆེ་ཡང་ཐེ་བོ་ནས་འཁྲུངས་བ་རེད་ཟེར། རྒྱུ་མཚན་གང་ཡིན་ནམ།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དུས་མིན་རྐྱེན་འདས་སུ་ཕྱིན་པའི་རང་རིགས་སྤུན་ཟླ་རྣམས་སླར་ཡང་༸འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བསྙེགས་ཏེ། ཆོས་དང་ཟང་ཟིང་གི་བྱ་བར་མཉམ་འགྲོགས་མཉམ་སྤྱོད་ཆོག་པའི་བསྐལ་ལྡན་དུ་གྱུར་ཅིག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese