མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ཡུལ་མི་ས་ཡ་མང་པོས་ངོས་ལེན་གནང་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་༸གོང་ས་མཆོག་ནི་རྒྱ་གར་གཞུང་གིས་གུས་བརྩི་ཆེན་པོ་ཞུ་སའི་སྐུ་མགྲོན་ཞིག་ཡིན་པར་མ་ཟད། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཀྱང་ཡིན་པ་རྒྱ་གར་ཡུལ་མི་ས་ཡ་མང་པོས་ངོས་ལེན་གནང་བཞིན་ཡོད། ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན། བོད་གཞུང་དྲ་རྒྱར་གནས་ཚུལ་བཀོད་པ་ལྟར་ན། ཉེ་ལམ་༸གོང་ས་མཆོག་དང་རྒྱ་གར་སྲིད་བློན་སྐུ་ཞབས་མན་མོ་ཧན་སན་རྣམ་གཉིས་མཇལ་འཕྲད་གནང་བར་རྒྱ་ནག་གཞུང་གིས་ངོ་རྒོལ་གྱིས་སྐྱོན་བརྗོད་ཤུགས་ཆེན་བྱས་པ་དེར། ཚེས་ ༢༡ ཉིན་རྒྱ་གར་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཨེ་སི་ཨེམ་ཀི་རི་ཤི་ནཱ་མཆོག་གིས་གསར་འགོད་པ་ཁག་ཅིག་བརྒྱུད་རྒྱ་ནག་གཞུང་ལ་ལན་འདེབས་གནང་དོན།

རྒྱ་གར་གཞུང་གིས་༸གོང་ས་མཆོག་གི་ཐོག་འཛིན་པའི་ལངས་ཕྱོགས་ཇི་འདྲ་ཡིན་མིན་ཚིག་ཐག་ཆོད་པོའི་ཐོག་ལན་མང་བརྗོད་ཟིན་ལ། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་རྒྱ་གར་གཞུང་གི་གུས་བརྩི་ཞུ་སའི་སྐུ་མགྲོན་ཞིག་ཡིན་པར་མ་ཟད། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཀྱང་ཡིན་པ་རྒྱ་གར་ཡུལ་མི་ས་ཡ་མང་པོས་ངོས་ལེན་གནང་བཞིན་ཡོད། ཅེས་བརྗོད་འདུག 
དེ་བཞིན། ཕྱི་ཚེས་ ༡༨ ཉིན་ཨ་རིའི་ཕྱི་འབྲེལ་ལས་ཁུངས་སུ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་འབོར་དང་། སྐྱབས་བཅོལ། གཞིས་སྤོ་བ་བཅས་ཀྱི་རྒྱལ་དོན་ལས་འཛིན་ལག་རོགས་སྐུ་ཞབས་ཨེ་རེ་ཁུ་ཤི་ཝར་ཊི་ (Eric Schwartz) ལགས་དང་ཐུགས་འཕྲད་གནང་ཡོད་པ་དང་། ཐུགས་འཕྲད་མ་བྱས་སྔོན་ལ་སྐུ་ཞབས་ཤི་ཝར་ཊི་ལགས་ཀྱིས་གསར་འགོད་པར་བརྗོད་དོན།

ཨ་རིའི་གཞུང་གིས་དུས་རྒྱུན་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་བརྒྱུད་ནས་འཛམ་གླིང་གི་མི་རིགས་འདྲ་མིན་ཚང་མར་རྒྱབ་སྐྱོར་དང་རོགས་རམ་གནང་བཞིན་ཡོད་ལ། ཉེ་ལམ་བོད་ནང་བོད་མི་རྣམས་ལ་དཀའ་ཁག་ཆེན་པོ་འཕྲད་བཞིན་པར་མ་ཟད། སྐྱབས་བཅོལ་བོད་མི་རྣམས་ལའང་དེ་བཞིན་གྱི་དཀའ་ཁག་འཕྲད་བཞིན་ཡོད་པར་བརྟེན། ཐེངས་འདིའི་ཐུག་འཕྲད་སྐབས་ཕྱོགས་གཉིས་ཀྱིས་གཙོ་བོ་གནད་དོན་དེ་དག་གི་ཐད་གླེང་མོལ་ཞིབ་ཚགས་བྱ་རྒྱུ་ཡིན་སྐོར་དང་། ཨ་རི་སྲིད་གཞུང་གི་མཐོ་རིམ་དབུ་ཁྲིད་རིམ་པས་ཀྱང་ཐེངས་མང་པོར་༸གོང་ས་མཆོག་དང་འཇལ་འཕྲད་གླེང་མོལ་བྱས་མྱོང་ཡོད་ཅེས་བརྗོད་ཡོད།

གཞན་ཡང་། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྷོ་དབུས་ཨེ་ཤ་ཡའི་ལས་དོན་ལྷན་ཁང་གི་དྲུང་ཡིག་གཞོན་པའི་ལས་ཚབ་པ་སྐུ་ཞབས་ཨ་ཋོད་ཁཱ་ཤིབ་ (Atul Kashap) ལགས་ཀྱང་ཕྱི་ཚེས་༢༠ཉིན་བལ་ཡུལ་དུ་འཚམས་གཟུགས་སུ་ཕེབས་ཏེ། ས་གནས་དེ་གའི་བོད་མི་སྐྱབས་བཅོལ་བ་དང་འབྲུག་པ་སྐྱབས་བཅོལ་བ་བཅས་ཀྱི་གནས་སྟངས་ལ་གཟིགས་ཞིབ་གནང་ཡོད་པར་མ་ཟད། དེ་འབྲེལ་གྱི་གནད་དོན་ཁག་བལ་ཡུལ་གྱི་འབྲེལ་ཡོད་དཔོན་རིགས་དང་གྲོས་མོལ་གནང་འདུག 

ཉེ་སྔོན་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བའི་ཐོག་དམ་དྲག་དང་། བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཡོང་མཁན་རྣམས་ཕྱིར་རྒྱ་ནག་ཏུ་རྩིས་སྤྲོད་བྱས་ཡོད་ལ། གནད་དོན་དེའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་དང་སྐྱོན་བརྗོད་ཀྱི་རྣམ་འགྱུར་བསྟན་ཡོད།  
དབྱིན་ཇིའི་ <<གྷར་ཌི་ཨིན>>  ཚགས་པར་གྱིས་ཀྱང་དཔྱད་གཏམ་སྤེལ་ཏེ། ཨ་རིའི་སྲིད་གཞུང་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཆིངས་རྡོག་རོལ་དུ་གཏོང་བཞིན་པ་དེར་སྣང་མེད་ཀུ་ཡངས་ཀྱི་རྣམ་པ་བསྟན་པར་སྐྱོན་བརྗོད་བྱས་ཡོད།
ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལས་དོན་འགན་འཛིན་ལྕམ་ཨ་ལིན་བྷོར་ཁི་(Ellen Bork) ལགས་ཀྱིས་ཀྱང་། ཕྱི་ཚེས་ ༡༩ ཉིན་ <<ཝེལ་སྲང་ལམ་ཉིན་རེའི་ཚགས་པར>>  སྟེང་རྩོམ་ཡིག་ཅིག་སྤེལ་ཏེ། ཕྱི་ལོ་ ༢༠༠༨ ལོར་བོད་ནང་དུ་ཞི་རྒོལ་བྱུང་བ་ནས་བཟུང་། པེ་ཅིན་སྲིད་གཞུང་གིས་  “རྒྱལ་གཅེས་ཆོས་གཅེས” ཞེས་པའི་དྲག་གནོན་སྲིད་ཇུས་སྤེལ་ཤུགས་ཆེ་རུ་བཏང་ཡོད་ལ།  རྩོམ་པ་པོ་བཀྲ་རྒྱལ་ལགས་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཏགས་ཏེ་འཛིན་བཟུང་བཀག་སྐྱིལ་དང་། ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ལ་ཕྱི་ཕྱོགས་ཀྱི་འགྲོ་བའི་རྩ་འཛུགས་དང་འབྲེལ་བ་ཡོད་པར་བསྙད་དེ། ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་སོགས་བོད་ནང་གི་ཤེས་ལྡན་པ་རྣམས་དམིགས་སུ་བཟུང་སྟེ། སྔར་ལས་ལྷག་པའི་དམ་དྲག་བཙན་གནོན་གྱི་སྲིད་ཇུས་སྤེལ་འགོ་ཚུགས་ཡོད་པའི་སྐོར་གསལ་འདོན་བྱས་ཡོད།  
སྐུ་ཞབས་བྷོར་ཁི་ཡིས་རྩོམ་ཡིག་ནང་དུ། “ཁོ་བོས་ཉེ་ལམ་ཨོ་བྷ་མ་ཨ་རིའི་སྲིད་གཞུང་གིས་བོད་ཀྱི་གནད་དོན་ཐད་ཁུ་སིམ་པོའི་སྲིད་ཇུས་འཛིན་སྟངས་འདིར་གོ་བ་ལེན་ཐུབ་མི་འདུག” ཅེས་སྐྱོན་བརྗོད་གནང་ཡོད་པར་མ་ཟད། རྒྱ་རིགས་ཤེས་ལྡན་པ་མང་པོས་༸གོང་ས་མཆོག་གི་ལངས་ཕྱོགས་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བཞིན་པའི་དུས་སྐབས་འདིར།ཨ་རིའི་སྲིད་གཞུང་གིས་ངེས་པར་དུ་བོད་ཀྱི་གནད་དོན་ཐད་མངོན་གསལ་དོན་པའི་སྲིད་ཇུས་ལངས་ཕྱོགས་བཟུང་སྟེ་དོན་དང་ལྡན་པའི་ལག་ལེན་བསྟར་དགོས་སྐོར་བརྗོད་འདུག 
 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

ཆུ་ཚོད་ ༡༤ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཆུ་ཚོད་ ༡༥ སྔོན་ལ།
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    གནས་ཚང་རྒྱ་གར་ཡུལ་མི་ས་ཡ་མང་པོས་༧གོང་ས་མཆོག་གི་བཀའ་གསུང་ངོས་ལེན་གནང་བཞིན་ཡོད་པ་ལ་རང་རིགས་གཞིས་བྱེས་བོད་རིགས་ས་ཡ་དྲུག་པོས་100% བརྒྱ་ཆ་བརྒྱ་ཐམ་པ་དབུ་མའི་ལམ་ལ་ངོས་ལེན་བྱས་མ་ཐུབ་པ་ནི། བོད་ཀྱི་ལོ་རྒྱུས་ནང་ལ་རྒོད་ཆག་བྱུང་ཡོད་པ་མ་འོངས་མི་རབས་ཚོས་ལོ་རྒྱུས་ནང་ལ་འབྲི་ངེས་པ་ཐེ་ཚོམ་མེད་དོ་སྙམ།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དངོས་གནས་ཁ་མ་ཡིན་དོན་གྱིས་བོད་མི་ཉམ་ཐག་རྣམས་ཕྱི་རྒྱལ་ལ་གཏོང་ཐུབ་པའི་ཕྱག་ལས་གནང་བ་ཡིན་ན་ངེས་པ་ཏུ་བཀའ་ཁྲིའི་འོས་ཤོག་སྤྲོད་ངེས་ཡིན།
    ཡིན་མདོག་མདོག་གི་རྣམ་འགྱུར་སྟོན་པ་ཙམ་གྱི་འགྲིག་གི་མི་འདུག ཡིག་ཐོག་ནས་ཁས་ལེན་བྱེད་པའང་ཡང་ན་གསར་བཀོད་གསལ་བསྒྲགས་གོ་གོ་ཐོས་ཐོས་ཤིག་བྱེད་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན། མགྱོགས་པོ་དགོས་ཀྱི་འདུག་མ་གཏོགས་གྲལ་སྒྲིག་བྱེད་དགོས་ཀྱི་འདུག
    དགའ་པོ་མྱུར་པོ་ཚོ་དང་འབྲེལ་བ་བྱས་དགོས་ཀྱི་འདུག
    ང་ཅོ་རིས་ཉུང་ཤོས་ཡང་འོས་200ནས་300་བར་གྲལ་སྒྲིག་བྱེད་ཐུབ་པར་ཡིད་ཆེས་ཡོད།
    བཙན་བྱོལ་བོད་མི་ཚོའི་འཚོ་བ་སྲ་ཐག་ཐག་གཅིག་བྱུང་ན་བོད་མི་རིགས་ཀྱི་རང་དབང་རྩོད་པའི་ཁྱད་ཆོས་དང་པོ་ཚང་བ་རེད་སྙམ།

    Reply
  3. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    ཁྱེད་རྣམ་པས་ཁ་ནས་གཏམ་བཤད་ཁོ་ན་གནང་རྒྱུ་མ་ཡིན་པར་བོད་དོན་ཐོག་དོན་དངོས་ཀྱི་རྒྱབ་བསྐྱོར་གནང་རྒྱུའི་རེ་བ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese