མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་སྲིན་བློན་ལ་ཁྲག་ཡིག་གིས་རེ་སྐུལ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མ་ཧེ་ཞཱ་ལགས་ཀྱིས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སན་མཆོག་ལ་རང་གི་ཟུངས་ཁྲག་གིས་ཡི་གེ་ཞིག་བྲིས་ཏེ། ༧གོང་ས་མཆོག་གི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་ཡོད།

དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༢ སྟེང་ངྷ་ས་བདེ་དོན་ཚོགས་ཁང་དུ། རྒྱ་གར་གྱི་ཡུལ་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མ་ཧེ་ཞཱ་ Dr. Mahesh Yadav ལགས་དང་འདི་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་གཉིས་ཀྱིས། མི་འགྱངས་བར་ཁོང་གཉིས་མཉམ་འབྲེལ་གྱིས་བསྒྲུབས་པའི་ས་ཡིག་བསྡུ་རུབ་དང་ཟུངས་ཁྲག་གིས་བྲིས་པའི་འདྲ་རིས་༼ ཨོ་བྷ་མའི་འདྲ་རིས་ ༽ དེ་དག མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མར་འབུལ་འཆར་ཡོད་པའི་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།  
སྐབས་དེར། སྐུ་ཞབས་མ་ཧེ་ཞཱ་ལགས་ཀྱིས་རང་གི་ལུས་པོ་ལས་ཟུངས་ཁྲག་བཏོན་ཏེ། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སན་གྱི་མཚན་ཐོག་ཏུ་ཡི་གེ་ཞིག་བྲིས་ཡོད་ལ། དེ་ནི་༧གོང་ས་མཆོག་གི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ཆེད་ཡིན་འདུག ཁོང་གིས་ད་ལྟའི་བར་བོད་དོན་དང་འབྲེལ་བའི་ཕྱག་ལས་གང་བྱས་དང་བྱེད་མུས་སུ་ཡོད་པ་དེ་བོད་དོན་བདེན་མཐའ་སེལ་ཐབས་དང་བོད་ལ་རང་དབང་འཐོབ་ཆེད་དུ་བསྒྲུབས་པ་ཡིན་ཞེས་བརྗོད་བྱུང་། 
གསར་འགོད་པས་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས་སུ་ལས་འགུལ་འདི་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་ཐད་བཀའ་འདྲི་ཞུས་པར། ཁོས་མོས། སྔོན་མར་སྐུ་ཞབས་ཁོ་རང་གཅིག་པུ་བོད་དོན་ཆེད་ཕྱི་ཕྱོགས་སུ་ཐེངས་མང་ཕྱིན་པ་རེད།  ཐེངས་འདིར་ཁོང་གཅིག་པུ་མ་ཡིན་པར་ང་ཁོང་དང་མཉམ་དུ་འགྲོ་འཆར་ཡོད། གལ་སྲིད་ང་ཕྱིན་པ་ཡིན་ན། ཕྱི་ཕྱོགས་སུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོར་བོད་དོན་ཐད་སེམས་ཤུགས་དང་བློ་སྤོབས་འབྱུང་བར་ཕན་གི་རེད་བསམ་གྱིན་ཡོད།  ཅེས་བརྗོད་བྱུང།
 
གསར་འགོད་པ་དོན་གོ།   

འབྲེལ་ཡོད་གསར་འགྱུར།

The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༤ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

༢༠༢༥/༠༧/༠༣
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

༢༠༢༥/༠༧/༠༣
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣

མཆན། 6

  1. kalsang says:
    ལོ་ 15 སྔོན།

    ཟུངས་ཁྲག་གིས་ཡི་གེ་བྲིས་ནས་ངོ་རྒོལ་མང་པོ་བྱས་སོང་ཟེར་དེའི་གྲུབ་འབྲས་ག་འདྲ་ཐོན་འདུག་གམ།

    Reply
  2. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    རྒྱ་གར་བ་འདིས་བོད་དོན་ལ་ལོ་མང་རང་གི་ཟུངས་ཁྲག་གིས་ཡི་གེ་བྲིས་ཏེ་སྙན་ཞུ་ཕུལ་བ་རེད་ལ། ཁོང་གིས་སྤེལ་བཞིན་པའི་ལས་གཞི་ཁག་ལ་བོད་མིའི་སྤྱི་ཚོགས་ཀྱིས་ཆ་འཇོག་མ་བྱས་པར་ཡུན་རིང་ལྷག་པ་རེད། ཡིན་ནའང་ལོ་རེ་གཉིས་ཀྱི་སྔོན་ནས་ཁོང་ལ་རྒྱབ་སྐྱོར་བྱེད་པའི་གནས་ཚུལ་བཟང་དུ་ཕྱིན་པ་རེད། ཐེངས་འདིར་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས་ཀྱིས་ཁོང་དང་མཉམ་འབྲེལ་གྱིས་ལས་གཞི་འདི་འདྲ་སྤེལ་བར་སྙིང་ཐག་པ་ནས་དགའ་བསུ་ཞུ་བཞིན་ཡོད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཟུངས་ཁྲག་གིས་བྲིས་ནས་ཕུལ་མཁན་ཟུང་ལ་ཐུགས་རྗེ་ཆེ་དང་རྗེས་སུ་ཡི་རང་ཞུ།

    Reply
  4. ཤིས་རི། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་དགའ་བསུ་ཡོད།

    Reply
  5. སྐལ་བཟང་རབ་རྒྱས says:
    ལོ་ 15 སྔོན།

    ངས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མ་ཧེ་ཞཱ་ལགས་དང་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་གཉིས་རྩོ་བོ་གྱུར་པའི་བདག་གི་འཐབ་གྲོགས་ཡོང་ལ་ཐུགས་རྗེ་ཆེ་ཞུ་ཅུ་ཡིན།།

    Reply
  6. འཇམ་དབྱངས། says:
    ལོ་ 15 སྔོན།

    སློབ་དཔོན་ཆེན་མོ་ཡ་དྷིཝ་མཆོག་གིས་འདི་ལྟར་ཁྲག་ཡིག་བྲིས་པ་དང་པོ་མིན། ཁོང་གིས་བོད་དོན་ལ་བཅངས་པའི་སེམས་ཤུགས་དེ་བོད་རིགས་ཕལ་མོ་ཆེ་ལས་ཆེ་བ་འདུག་ཅེས་བརྗོད་ཀྱང་ཆོག་པར་སྣང་། བོད་ཀྱི་མཛངས་མ་ལགས་ད་རེས་ཁོང་དང་ལྷན་ཞུགས་གནང་བ་ཧ་ཅང་ཡག་པོ་རེད། ཁ་ཞེ་གཉིས་མེད་དང་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ནས་མཉམ་ཞུགས་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། ཨོ་བྷ་མར་སྙན་ཞུ་འབུལ་བ་ལས་རྒྱ་གར་གྱི་ས་གནས་གང་སར་ཕྱིན་ནས་རྒྱ་གར་མི་རིགས་ལ་སྐུལ་སློང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་དུ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese