མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཞབས་ཞོགས་དུང་ལགས་ཀྱི་ཁྲིམས་བཤེར་ཕྱིར་འགྱང་།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཟླ་ ༤ ཚེས་ ༢༣ ཉིན་ནས་བཟུང་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་རྩོམ་པ་པོ་ཞོགས་དུང་ངམ། སྐུ་ཞབས་བཀྲ་རྒྱ་ལགས་སུ་ཁྲིམས་བཤེར་བྱེད་རྩིས་བྱས་འདུག་ཀྱང་། མཐར་ཁོང་གི་ཁྱིམ་མིས་གླས་པའི་ཁྲིམས་རྩོད་པ་དང་ལེན་མ་བྱས་པའི་ཁར། ཁོང་གི་ཁྲིམས་བཤེར་ཡང་ཕྱིར་འགྱང་བྱས་འདུག

དེ་རིང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གསར་འགོད་པ་དཔལ་ལྡན་རྒྱལ་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་རྩོམ་པ་པོ་ཞོགས་དུང་ངམ། སྐུ་ཞབས་བཀྲ་རྒྱའི་གྱོད་དོན་ཐད་ཁོང་གི་ནང་མིས་བཙལ་བའི་ཁྲིམས་རྩོད་པ་དང་ལེན་བྱས་མི་འདུག་ཟེར།
ཚེས་ ༢༠ཉིན་ཁོང་གི་ཁྲིམས་རྩོད་པས་ཨེ་ཕེ་གསར་སྤེལ་ཁང་ལ། “ཁོང་གི་ནང་མིས་བཙལ་བའི་ཁྲིམས་རྩོད་པ་དང་ལེན་བྱས་མ་བྱུང་།”ཞེས་བརྗོད་འདུག ཡང་བཀྲ་རྒྱའི་བཟའ་ཟླ་ལྷ་འཚོས་ཡོངས་གྲགས་ཀྱི་ཡི་གེ་ཞིག་བཀྲམས་པའི་ནང། བཀྲ་རྒྱས་བྲིས་པའི་དེབ་དེའི་ནང་དུ་། “རྒྱལ་ཁབ་ཁ་བྲལ་གྱི་གནས་ཚུལ་གང་ཡང་བཀོད་མེད་པས་ཁོང་ལ་ཉེས་ཆད་བཅད་པ་ནི་དྲང་བདེན་མ་རེད། མི་རིང་བར་བཀྲ་རྒྱ་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་འདྲ། ཁོང་ཚོས་བཟོས་པའི་ཁྲིམས་དེ་ནི་ཁོང་ཚོའི་ཁེ་ཕན་ཆེད་བཟོས་པ་ཡིན་པས། ཁོང་ཚོས་གནོད་སྐྱེལ་འདོད་ཡོད་པའི་མི་སུ་འདྲ་ཞིག་གི་ཐོག་ཡིན་ནའང་བེད་སྤྱོད་གཏོང་ཆོག་ཆོག་ཡོད།”ཅེས་བཀོད་འདུག
ཨེ་ཕེ་གསར་སྤེལ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་གཞོན་པ་ཝང་ལིན་ཅོན་ལ་ཁ་པར་བཏང་ནས་གྱོད་དོན་འདིའི་སྐོར་འདྲི་སྐབས་ཁོས། དེ་ནི་ཁྲིམས་ལུགས་ལྟར་ཐག་གཅོད་བྱ་རྒྱུ་རེད་ཅེས་ལན་འབེབས་བྱས་འདུག་ལ། ཡང་ཟི་ལིང་ཉེན་རྟོག་ལས་ཁུངས་དང་། འབྲིང་རིམ་མི་མང་ཁྲིམས་ཁང་ལ་ཁ་པར་བཏང་ནས་གྱོད་དོན་འདིའི་སྐོར་འདྲི་སྐབས་ལན་འདེབས་བྱེད་རྒྱུ་ངོས་ལེན་བྱས་མི་འདུག
ཡིན་ནའང་། སྐུ་ཞབས་བཀྲ་རྒྱའི་བུ་མོ་ཡེ་ཤེས་མཚོ་མོས་ང་ཚོའི་ཁྱིམ་ཚང་གིས་ཁྲིམས་རྩོད་པ་བཙལ་ཡོད་ནའང་། ཁོང་ཚོས་ཁྲིམས་རྩོད་པ་དང་ལེན་བྱས་མ་སོང་། ཕལ་ཆེར་ཁྲིམས་ཐག་གཅོད་དགོས་མིན་ཐད་ཁོང་ཚོས་ཀྱང་ཅི་ཞིག་བྱེད་དགོས་ཤེས་ཀྱི་མེད་པ་འདྲ། དངོས་གནས་བྱས་ན་ཟླ་བདུན་པའི་ཚེས་ ༢༨ སྔོན་དུ་ཁྲིམས་ཐག་གཅོད་དགོས་པ་རེད། ཡིན་ནའང་། ཁོང་ཚོས་ཉིན་ཇེ་རིང་ལ་བཏང་འདུག་སྟབས། ད་ལྟ་ད་དུང་གང་ཡང་ཤེས་ཀྱི་མི་འདུག ཁོང་ཚོའི་སྤྱི་བདེའི་འགོ་པས་བཤད་ན། ཁོང་ཚོས་ཀྱང་ཅི་ཞིག་བྱེད་དགོས་ཤེས་ཀྱི་མི་འདུག་ཟེར།
དེ་བཞིན་ངས་ཁོང་ཚོར་པ་ལགས་ཀྱི་ཁྲིམས་བཤེར་ཕྱིར་འགྱང་བྱས་པའི་སྐོར་ཡིག་ཐོག་ན་ཡོད་མེད་དྲིས་ནའང་། ཁོང་ཚོས་ཡི་གེ་མ་བྱིན་ན་ཆོག་གི་རེད་ཟེར་གྱིན་འདུག ཡི་གེ་སྤྲད་མ་བྱུང་ཟེར།

 

 

ཟླ་བ་བཞི་བའི་ཚེས་ ༢༣ ཉིན་ནས་བཟུང་རྩོམ་པ་པོ་གྲགས་ཅན་ཞོགས་དུང་ངམ། སྐུ་ཞབས་བཀྲ་རྒྱ་ཁོང་ཟི་ལིང་ཉེན་རྟོག་པས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་འཛུགས་བྱས་ནས་བཀག་ཉར་བྱས་ཡོད་ལ།  ཟླ་བ་ལྔ་བའི་ཚེས་ ༢༨ ཉིན་ཁོང་དངོས་སུ་འཛིན་བཟུང་བྱས་སྐོར་ཁོང་གི་ནང་མིར་བརྡ་ལན་སྤྲད་ཡོད། ཁོང་གི་བུ་མོས། “ཉེན་རྟོག་པས་ངའི་ཨ་ཕ་འཛིན་བཟུང་གི་ཉེན་བརྡའི་ཡི་གེ་ཞིག་བསྟན་བྱུང་། དེའི་ནང་དུ། རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པ།” ཞེས་བཀོད་འདུག་ཟེར།
སྐབས་དེར་ཁོང་གི་བུ་མོས་བཤད་དོན། ཨ་ཕ་བཀག་སྐྱིལ་བྱེད་དོན་གཙོ་བོ་གནམ་ས་གོ་འབྱེད་ཀྱི་དཔེ་དེབ་དེར་འབྲེལ་བ་ཡོད་པར་སྙམ། ཨ་མས་བོད་ཡིག་གི་དེབ་ཚོང་ཁང་ཞིག་སྒོ་ཕྱེ་ཡོད་པ་དེ་ཕྱི་ཟླ་ ༤ ཚེས་ ༡༢ སྒོ་རྒྱག་བཅུག་སོང༌། དེའི་རྒྱུ་མཚན། ཉེན་རྟོག་པ་དེབ་ཚོང་ཁང་ལ་ལན་མང་སྔོག་བཤེར་བྱེད་དུ་ཡོང་ནས་ཨ་ཕས་བྲིས་པའི་གནམ་ས་གོ་འབྱེད་ཀྱི་དཔེ་དེབ་ལག་ཏུ་ཐེབས་པས་རེད།
ཡང་ཕྱི་ཚེས་ ༢༣ ཉིན་ཨ་ཕ་རང་ཁྱིམ་ལ་ཁྲིད་ཡོང་ནས་དེབ་ཚོང་ཁང་ལ་སྔོག་བཤེར་བྱས་པ་དང་པར་བརྒྱབ་སྟེ། ཁོང་ཚོས་དེ་དུས་ནས་གནམ་ས་གོ་འབྱེད་ཀྱི་དཔེ་དེབ་དེ་འཚོལ་གྱིན་འདུག གནམ་ས་གོ་འབྱེད་ཀྱི་དཔེ་དེབ་རྙེད་པའི་རྗེས་སུ་ཨ་ཕའི་བརྩམས་ཆོས་གཞན་རྣམས་ཀྱང་ཁྱེར་སོང༌། དེའི་རྗེས་ཉེན་རྟོག་པས་ཨ་མ་ཡང་འབོད་འགུགས་བྱས་པ་དང༌། ཁོང་ཚོས་ཕྱི་དྲོའི་ཆུ་ཚོད་ ༤ དང་སྐར་མ་ ༢༠ ནས་ཆུ་ཚོད་ ༦ དང་སྐར་མ་ ༡༨ བར་དུ་ཨ་མ་ལ་འདྲི་གཅོད་བྱས་པས།  ངས་སྒོ་འགྲམ་དུ་ཨ་མར་སྒུག་བསྡད་པ་ཡིན།
འདྲི་གཅོད་ཀྱི་ནང་དོན་ཚང་མ་ཨ་ཕའི་དཔེ་དེབ་གནམ་ས་གོ་འབྱེད་ལ་འབྲེལ་བ་འདུག  དཔེ་དེབ་དེ་གང་དུ་པར་སྐྲུན་བྱས་པ་ཡིན། སུས་པར་སྐྲུན་བྱས་པ་རེད། ཨ་མས་དཔེ་དེབ་ཚོང་ཁང་ནང་དུ་གནམ་ས་གོ་འབྱེད་ཇི་ལྟར་བཙོངས་པ་ཡིན་ཞེས་དྲིས་པ་ལས། དེ་མིན་གྱི་གནས་ཚུལ་གཞན་པ་ཅི་ཡང་དྲིས་མ་སོང་ཟེར། དེར་བརྟེན་ང་ཚོས་བལྟས་ཀྱང་ཨ་ཕ་འཛིན་བཟུང་བྱེད་དོན་གནམ་ས་གོ་འབྱེད་ལ་འབྲེལ་བ་འདུག་ཅེས་བརྗོད་ཡོད།
ཉེན་རྟོག་པས་སྐུ་ཞབས་བཀྲ་རྒྱ་འཛིན་བཟུང་བྱས་རྗེས་ཁོང་གི་བཟའ་ཟླ་ལྷ་མཚོས་གཉེར་བཞིན་པའི་དཔེ་ཚོང་ཁང་ (༡+༡ དཔེ་ཚོང་ཁང་བཙན་བཀའ་བཏང་སྟེ། སྒོ་རྒྱག་ཏུ་བཅུག་ཡོད།
གང་ལྟར་ད་ལྟ་ཁོང་འཛིན་བཟུང་བྱས་ཏེ་ཟླ་བཞི་ལྷག་འདས་པའི་རིང་ཁོང་ལ་ཁྲིམས་ཐག་བཅད་མེད་ལ། ཟླ་སྔོན་མའི་ནང་ཁོང་ལ་ཁྲིམས་བཤེར་བྱ་རྒྱུ་བྱས་པའང་། ཁྱིམ་མིས་གླས་པའི་ཁྲིམས་རྩོད་པ་དང་ལེན་བྱས་མེད་ཐོག ཁོང་གི་ཁྲིམས་བཤེར་གྱི་དུས་ཡུན་འཕར་འགྱང་བྱས་འདུག
 
དཔལ་ལྡན་རྒྱལ་ལགས་ཀྱིས་སྤེལ་བའི་གནས་ཚུལ་ཨ་རིག་འགྱུར་མེད་ཀྱིས་བསྐྱར་འགོད་བྱས།

 

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 13

  1. འཇིག་རྟེན་ says:
    ལོ་ 15 སྔོན།

    བཙན་པོ་བུ་ཡིས་བྲིས་པའི་དྲ་ནང་གི་སྐད་མདངས།།
    ཐོས་ཆུང་རྣ་བའི་བུག་པར་ངོ་མཚར་གྱི་མེ་ཏོག།
    གནས་ལུགས་སྒྱུ་མའི་གསེང་གི་བདེན་རྫུན་གྱི་བལ་འདབ།།
    མ་སྦྲེལ་གསལ་བར་བྱེད་པའི་ཤེས་རབ་ལས་ཅི་ཡོད་།།

    གློ་བུར་ཁོག་ན་འཛུལ་བའི་དཔའ་བོ་ཡི་གཏམ་ཞིག།
    སེམས་ཀྱི་གཤོང་ནས་བཞུར་འདི་དྲ་ཐོག་ཏུ་འཁྱིལ་བ།།
    ཁྱོད་ཀྱི་རིན་ཐང་ཡིན་པར་སེམས་ནང་ན་སྨོན་ཀྱང་།།
    དངོས་མིང་བོར་བའི་ཕངས་སེམས་ཞེ་སྟེང་ན་ལྷོད་མེད་།།

    Reply
  2. འཇིག་རྟེན་ says:
    ལོ་ 15 སྔོན།

    བཙན་པོ་བུ་ལགས་ཁྱོད་ཀྱིས་བཤད་པ་དག་ལ་བདེན་པ་ཡོད་
    མེད་ངས་ཀྱང་བཤད་ཚོད་མ་ཐུག་གྱང་འོན་ཀྱང་དེ་ལ་ཕལ་ཆེལ་ཁྱེད་རང་གི་བདེན་དཔང་བྱེད་ཐུབ་ཚོད་རེད་དམ་ངས་ཚོད་དཔག་བྱེད་པ་ནོར་མེད་ན་ཁྱེད་རང་ཡང་སྤྱི་ཚོགས་ཏེ་ལ་ཤུག་མྱོང་ཡོད་པ་འདྲ་གྲ་ལོག་བན་ལོག་དག་ལ་ཡིད་ཆེས་བྱེད་མཁན་སུ་ཡོད་དམ་།

    Reply
  3. སྐར་མདའ། says:
    ལོ་ 15 སྔོན།

    ཡི་གེ་མ་དག་པའི་རིགས་མང་པོ་ཞིག་བྲིས་ཡོང་དུས་སེམས་སྐྱོ་དགོས་ཤིག་རེད་འདུག ད་དུང་ཁ་ཤས་ཀྱི་གནས་ལུགས་གང་ཡང་མེད་པར་སྐྱོན་བརྗོད་དང་ཁབ་བཙགས་རེ་བྱས་འོངས་དུས། དྲ་ཚིགས་འདི་ལ་ཡོང་བར་མགོ་ན་ཡ་རེད་འདུག

    ད་འདི་ལྟ་བུའི་དྲ་ཚིགས་ནང་ལ་འཛུལ་ཞུགས་བྱས་པ་ཡིན་དུས་འཕྲོ་བརླགས་རེད།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    སྐུ་ཞབས་ཟོགས་དུང་ལགས་ལ་ཁྲིམས་བཤེས་ཕྱིར་འགྱང་བྱས་པ་དེ་ཁོང་ཚོས་ཞྭ་མོ་ཏག་ཏག་ཅིག་སྐོན་རྒྱུ་རག་གི་མེད་པ་ཡིན་རྒྱུ་རེད།གནམ་ས་གོ་འབྱེད་ངས་ཐེངས་གཉིས་མཇལ་བ་ཡིན་སྐད་ཆ་ཐམས་ཅད་དྲང་པོ་ཤག་སྟག་རེད་མ་གཏོགས་ཁ་བྲལ་གྱི་ཚིག་གཅིག་ཀྱང་མི་འདུག།གལ་སྲིད་སྐུ་ཞབས་ཞོགས་དུང་ལ་ཁྲིམས་ཆད་གཏང་སོང་ན་རྒྱ་གཞུང་གིས་གོ་ཁྲིན་ཏང་ལ་དྲང་པོ་བཤད་ཆོག་ཟེར་བ་དེ་རྫུན་གཏམ་ངོ་མ་ཆགས་ཚར་བ་རེད།

    Reply
  5. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཧཧཧ་་་་་་་་་་་་་་་བཙན་པོའི་བུ་ལགས།
    ལན་ཡག་པོ་ཞིག་རྒྱབ་འདུག།ཡིན་ནའང་བང་ཆེན་དྲ་རྒྱ་རུ་ཁོང་རང་གི་ཟིན་བྲིས་སུ་མ་ཕེབས་པར་འདི་ག་རེ་བྱས་ནས་བྲིས་པ་ཡིན།ད་ཡིན་ན་ང་ཚོའི་སྤྱི་འཐུས་ནང་དུ་ཡང་གྲྭ་བ་མང་པོ་ཡོད་པའི་སྤྱི་འཐུས་མཛེས་མ་ཚོ་གཙོ་བྱེད་པའི་ཕོ་གཞོན་སྤྱི་འཐུས་ཚོ་བཙན་གཡེམ་བྱས་མེད་འགྲོ།ཁ་མཆུ་བླང་སོང་ཧཧཧཧཧཧཧཧཧཧཧཧཧ

    Reply
  6. བཙན་པོའི་བུ། says:
    ལོ་ 15 སྔོན།

    ཚེ་རིང་སྐྱིད་བརྙས་བཅོས་བྱེད་མཁན་ལི་ཐང་ངག་དབང་དབྱིག་གཉེན་རེད།

    ལི་ཐང་ངག་དབང་དབྱིག་གཉེན་ལགས། ང་རང་ལ་མཚོན་ན་ད་བར་དགོན་པར་བཞུགས་པའི་གྲྭ་པ་ཞིག་ཕར་བཞག གྲོང་ཁྱེར་དུ་ཁྱམ་པའི་གྲྭ་པ་དག་ལ་ཡང་ཁ་ལོག་དང་ངན་མཚང་ཞིག་འབྲི་མ་མྱོང་། ཡིན་ན་ཡང་། དེ་རིང་ནས་གསལ་བཤད་ཐུང་ཐུང་ཞིག་ཞུ་དགོས་བྱུང་།
    ང་རང་ལ་མཚོན་ན་ཆུང་དུས་ནས་ནང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་འཚར་ལོངས་བྱུང་སྟེ། ཁྱིམ་ཚང་རེ་ལ་སྐྱབས་ཡུལ་གྱི་དགོན་པ་རེ་ཡོད་པ་བཞིན་ངས་ཀྱང་དགོན་པ་དེའི་ཡོན་ཏན་མ་ཤེས་ཀྱང་། ཕ་མ་དག་གི་ངག་རྒྱུན་ལྟར་དགོན་པ་དེ་བཟང་རབ་དང་གྲྭ་པ་དག་བཙུན་ཚུལ་རྐྱང་རྐྱང་བཤད་ནས་ཡོང་བ་ཡིན། ལྷག་པར་དུ་ང་ལ་དཔེར་བཞག་ན། ནང་པ་ཞིག་གི་ཁྱིམ་ཚང་དུ་སྐྱེས་པ་ལས་ནང་ཆོས་ལ་སྦྱང་རྒྱུའི་སྐལ་བ་མ་ལྡན་པ་དང་། དགོན་པའི་ནང་གི་གསང་བ་དག་ཕྱིར་མ་བསྒྲགས་པ་སོགས་ཀྱིས་རྐྱེན་གྱིས། ད་བར་ནང་ཆོས་ཀྱིས་བསླབ་བྱ་ཐོབ་པའི་དགོན་པའི་ནང་གི་དགེ་འདུན་པ་དག་ནི་ལུས་ངག་ཡིད་གསུམ་གང་ཐད་ནས་སྐྱོན་བྲལ་རྣམ་དག་ཅིག་དང་བཀུར་འོས་ཡང་དག་ཅིག་ཏུ་བསམ་པ་ཡིན། འོན་ཀྱང་། རིམ་བཞིན་ཤེས་གསལ་ལྟར་ན། ངེད་ཅག་མི་མང་གི་ཤ་དང་ཁྲག་ལས་གྲུབ་པའི་དཀོར་ཟས་དཀོར་ཆུར་བག་མེད་དུ་སྤྱོད་པའི་གྲྭ་རྫུན་ངག་དབང་དབྱིག་གཉེན་ཁྱེད་ལྟ་བུའི་མཚོན་པས་ཞབས་འདྲེན་ཁག་ཅིག་གིས། ང་ཚོ་ཕ་མེད་མ་མེད་ཀྱི་དྭ་ཕྲུག་དག་དང་། སྐྱབས་མེད་མགོན་མེད་ཀྱི་ཉམ་ཆུང་དག་ལ་ཐུབ་ཚོད་དང་། མཐོང་ཆུང་། ཉེས་མེད་སྐྱོན་འཛུགས། ཐ་ན་བུ་གསོད་ལག་དམར་གྱི་མིང་ཆད་ཡང་བཟོ་བཞིན་འདུག གལ་ཏེ་ངས་འདི་ནས་སྐད་ཆ་འདི་མ་བཤད་པ་ཡིན་ན། ད་དུང་ཁྱེད་ཀྱིས་ང་ཚོ་ཉམ་ཆུང་དག་ལ་དོན་མེད་ཀྱིས་བཙན་འཛུལ་དང་བརྙས་བཅོས་བྱེད་པར་ཐེ་ཚོམས་མེད་སྟབས། ངས་ཀྱང་འདི་ནས་རང་གིས་མཐོང་ཐོས་མྱོང་གསུམ་ཁག་གཅིག་ཡིག་ཐོག་ཏུ་འབྲི་འདོད་བྱུང་།
    དང་པོ། ༡༩༩༩ ཡས་མས་ཤིག་ལ་ངའི་སློབ་གྲོགས་བུ་མོ་ཞིག་ལ་དགོན་པ་ག་གེ་མོ་ཞིག་གི་གྲྭ་པ་ཞིག་གིས་ཡི་གེ་ཞིག་བསྐུར་འདུག་ལ། ཡི་གེ་དེའི་བརྗོད་དོན་གཙོ་བོ་ནི་མིང་སྲིང་བསྒྲིགས་ཆོག་མིན་དེ་རེད། དེ་རྗེས་ངའི་གྲོགས་མོས་གྲྭ་པ་དེར་མིང་སྲིང་བསྒྲིགས་འདུག་ལ། གྲྭ་པ་དེས་ཀྱང་ངའི་གྲོགས་མོར་རོགས་པ་མང་པོ་བྱས་སོང་། ཡིན་ན་ཡང་། ཉིན་ཞིག་གྲྭ་པ་དེས་ལོ་སར་སྨོན་ལམ་གསུང་ཆོས་དང་སྟབས་སྟུན་ངའི་གྲོགས་པོ་རྡ་རམ་ས་ལར་ཁྲིད་སོང་། བདུན་ཕྲག་གཉིས་ཙམ་གྱི་རྗེས་ནས་ངའི་གྲོགས་མོ་ཕྱིར་སླེབས་སོང་། ཁོ་མོས་བཤད་པ་ལྟར་ན། གྲྭ་པ་དེས་ངའི་གྲོགས་མོར་འཁྲིག་པ་སྤྱོད་འདུག་ལ། འཁྲིག་པ་སྤྱོད་སྟངས་དེ་ཡང་ཧང་སངས་དགོས་པ་ཞིག་རེད་འདུག དེ་ནི་འཁྲིག་པ་མཚན་མའི་ནང་དུ་མ་སྤྱོད་པར་བརླ་བར་དུ་སྤྱོད་འདུག དུས་དེ་ནས་བཟུང་ང་དང་ངའི་གྲོགས་མོ་གཉིས་ཀྱིས་གྲྭ་པ་དག་གི་སྤྱོད་སྟངས་ལ་ཡིད་ཆད་སོང་། སྐབས་དེར་ངས་བདག་གི་གྲོགས་མོར་འདི་ལྟར་བཤད་པ་ཡིན། གནས་སྟངས་དེ་སྐྱ་རེངས་ཚགས་པར་དུ་སྤེལ་ན་ལེགས་ཚུལ་བཤད་པ་ཡིན། འོན་ཀྱང་། དགེ་འདུན་པ་སྤྱི་ལ་གནོད་རྒྱུ་རེད་བསམ་ནས་ད་བར་བཞག་པ་ཡིན། ད་དུང་དེས་ཀྱང་མི་ཚད། ང་ལ་གྲོགས་མོ་ཞིག་ཡོད། དེ་ཡི་ཤུ་མ་ཤི་ཀ་པའི་ཆོས་ལུགས་སྤེལ་མཁན་ཨ་རི་བ་ཞིག་རེད། ཁོ་མོས་དགོན་པ་ག་གེ་མོ་ཞིག་ཏུ་དབྱིན་ཡིག་དགེ་རྒན་བྱས་ནས་ལོ་གཉིས་ལྷག་འགོར་འདུག ཉིན་ཞིག་ཁོ་མོས་ང་ལ་འདི་ལྟར་བཤད་སོང་། ངས་ནང་པའི་དགོན་པ་ཡང་དག་སྐྱོན་མེད་ཅིག་ཏུ་གུས་བཀུར་བྱས་པ་ཡིན། འོན་ཀྱང་། དགོན་པའི་ནང་གི་གྲྭ་མང་ཆེ་བའི་མཚན་མཐུན་ཆགས་སྤྱོད་བྱེད་ཀྱིན་འདུག ལྷག་པར་དུ་གྲྭ་ཕྲུག་ཆུང་ཆུང་དག་གཅིག་པུར་ཕྱི་ལོག་ལ་འགྲོ་ཐུབ་ཀྱི་མི་འདུག རྒྱུ་མཚན་ནི། གྲྭ་པ་རྒན་པ་དག་གིས་བཙན་གཡེམ་བྱེད་ཀྱིན་འདུག ཅེས་ཁོ་མོ་ཧང་སངས་མདོག་གིས་བཤད་སོང་། དེ་བས་ཀྱང་ཡ་མཚན་པ་ཞིག་ལ། ང་ལ་ངོ་ཤེས་པའི་གྲྭ་བ་ཆུང་ཆུང་ཞིག་ཡོད། གྲྭ་ཕྲུག་དེས་ང་ལ་བཤད་རྒྱུར། གྲྭ་ཕྲུག་དེའི་སྤུན་ཆེ་བ་དགོན་པ་ག་གེ་མོ་དེའི་ནང་གི་གྲྭ་བ་རྒན་པ་ཞིག་གིས་བདག་པོ་བརྒྱབས་ཡོད་ཚུལ་དང་། ཁོ་རང་གི་ཞང་བོ་དེ་དགོན་པ་དེས་དབུ་མཛད་ཡིན་པ་དང་། ཞང་བོས་བདག་བརྒྱབས་པའི་གྲྭ་ཕྲུག་དེས་གྲྭ་ལོག་བྱས་ཡོད་ཚུལ་བཤད་སོང་། རྗེས་ནས་རིམ་བཞིན་གསལ་བོ་ཤེས་་རྗེས། བདག་པོ་རྒྱག་ཅེས་པའི་དོན་དུ། གྲྭ་པ་ནང་ཁུལ་ལ་གཉན་བསྒྲིགས་བྱས་པའི་དོན་རེད་ཤག ངས་ངོ་ཤེས་པའི་གྲྭ་ཕྲུག་དེས་ཀྱང་རྗེས་ནས་གྲྭ་ལོག་བྱས་སོང་། ཁོས་བཤད་པ་ལྟར་ན། གྲྭ་ཕྲུག་དེ་དགོན་པར་འདུག་མི་འདོད་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་གྲྭ་བ་རྒན་པ་དག་གིས་བཙན་གཡེམ་བྱས་པར་བརྟེན་འདུག་འདོད་མེད་ཚུལ་བཤད། གང་ལྟར་གནས་ཚུལ་འདི་དག་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ཏེ་བཤད་ན། གྲྭ་རྫུན་ངག་དབང་དབྱིག་གཉེན་ཁྱེད་རང་ཡང་གྲྭ་རྫུན་འདི་རིགས་ཀྱིི་གྲས་རེད་འདུག གལ་ཏེ་ཁྱེད་གྲྭ་པ་རྣམ་དག་ཅིག་ཡིན་ན། བུ་མོ་དྭ་ཕྲུག་མ་ཞིག་ལ་འདི་འདྲའི་མཚང་འབྲི་མཚང་འདོན་བྱེད་དགོན་དོན་ཅི། བུ་མོ་བདག་མེད་ཅིག་ལ་བུ་གསོད་ལག་དམར་གྱི་ཉེས་མིང་བཙུགས་པ་མ་ཟད། ད་དུང་གཞང་ཚོང་མ་ཞིག་གི་ཉེས་མིང་ཡང་བཙུགས་འདུག གལ་ཏེ་ཁྱེད་དགེ་འདུན་པ་དག་གིས་དགེ་ཕྲུག་དག་ལ་བཙན་གཡེམ་བྱེད་ཆོག་ན། ངེད་ཁྱིམ་པ་བ་ཞིག་གིས་འཁྲིག་པ་སྤྱོད་པར་ཉེས་པ་ཅི་ཞིག་འདུག ཕོ་མོའི་བར་ལ་འབྲེལ་བ་བྱེད་པ་ནི། འཇིག་རྟེན་ལུགས་མཐུན་ཞིག་དང་། དགེ་འདུན་པ་དང་གྲྭ་པ་དག་གིས་མཚན་མཐུན་ཆགས་སྤྱོད་དང་། དགེ་ཕྲུག་དག་ལ་བཙན་གཡེམ་བྱས་པ་དེར་ཅི་ཞིག་ཟེར་དགོས་སམ། མདོར་ན། སྐད་ཆ་འདི་སྦོན་བརྡ་ཙམ་ལས་ཞིབ་རྗེས་བཤད་མེད། ངས་བཤད་བསམ་པ་ནི། གལ་ཏེ་ཁྱེད་གྲྭ་པ་དག་གིས་ང་ཚོ་ལ་དོན་མེད་སྙོན་འཛུགས་བྱེད་པ་དེ་མཚམས་བཞག་པ་ཡིན་ན། ངས་ཀྱང་། འདི་ནས་གནས་སྐབས་རིང་མཚམས་འཇོག་ཆོག དེ་མིན་ན། ངས་ཀྱང་མུ་མཐུད་ནས་ཟིན་བྲིས་སྤེལ་སེམས་ཐག་ཡིན།

    Reply
  7. ཁྲག་མིག says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་ལགས་ཀྱི་ཁྲིམས་བཤེར་ཕྱིན་འགྱིང་བྱས་པ་འདི་ནི་གཡོ་ཐབས་ཤིག་ཡིན་པ་ཐག་གིས་ཆོད།

    Reply
  8. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ང་ཚོ་མི་རིགས་འདིའི་བདེ་སྡུག་ལ། བསྔོ་བ་སྨོན་ལམ་ཙམ་གྱི། མི་ཚེ་ཕྱིད་པའི་ཆེན་པོ་བ་དག་དང་མི་འདྲ་བར། ཁ་དོན་མཚུངས་པ་ཁྱེད་རྣམ་པས་མི་རིགས་འདི་ནམ་གནས་ཀྱི་བར་དང་། དྲང་བདེན་གྱི་ཐ་སྙད་འཇིག་རྟེན་འདི་ནས་མ་རྫོགས་པར་བསུབས་ཏུ་མེད་པའི་ལག་རྗེས་བཞག་པ་ཡིན་པའི་དངོས་འཛིན། བོད་མི་རིགས་དང་དྲང་བདེན་ལ་དགའ་མཁན་དག་གིས་བྱ་ངེས་རེད།

    Reply
  9. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་གི་གནས་ཚུལ་མ་གོ་བར་སྐྱོ་གདུང་གིས་མནར་ནས་ཡོད། དེ་རིང་ཁོང་གི་གནས་ཚུལ་ཞིག་གོ་བ་ལ་དགའ་ནི་ཞིག་རེད་ལ་སྡུག་ནི་ཞིག་ཀྱང་རེད། མི་རིགས་ཀྱི་དཔའ་བོ། དྲང་བདེན་གྱི་རྡོ་རིང་ལགས། ནམ་ཡང་མཉམ་པ་མེད་ལ་བརྗེད་པའང་མེད།

    Reply
  10. གནམ་ལྕགས། says:
    ལོ་ 15 སྔོན།

    ཨ་རོགས་གཡག ཁྱོད་རིན་པོ་ཆེ་ཞིག་མ་ཡིན་པར་གཡག་ཞར་བ་ཞིག་ཡིན་པ་འདྲ། གལ་སྲིད་ཁྱོད་རྡ་སར་བསྡད་ཡོད་ན། 《ཁྲག་ཡིག》བསྐྱར་དཔར་བྱེད་མཁན་ནི་རྡ་སའི་ཀིརྟི་གྲྭ་ཚང་ཡིན་ལ། 《གནམ་ས་གོ་འབྱེད》མདོ་སྨད་དབུས་རྒྱུན་གྱིས་བསྐྱར་དཔར་བྱས་པ་རེད། དེབ་འདི་གཉིས་བཙོང་རྒྱུ་མ་ཡིན་པར་རིན་མེད་སྤྱན་འབུལ་ཞུ་བཞིན་ཡོད། ད་དུང་བལ་ཡུལ་ནས་ཀྱང་མང་ཚོགས་འགའ་རེས་《གནམ་ས་གོ་འབྱེད》བསྐྱར་དཔར་བྱས་ཡོད། དེ་དག་ད་དུང་མ་མཐོང་ན་ཁྱོད་ཞར་བ་ཞིག་ཡིན་པའི་རྟགས་རེད། ཁྱོད་ལ་དངོས་གནས་ཀློག་འདོད་ཡོད་ན་ང་གནམ་ལྕགས་ཀྱི་སར་ཤོག་དང་ངས་དེབ་རེ་རེ་སྤྲོད་ཆོག དེ་ལུགས་ཡིད་འཇགས་ཞུ།

    གཞན་གསར་འགྱུར་འདི་ད་ནངས་ཞོགས་པར་ཨེ་ཤ་ཡ་ནས་ཉན་ཟིན་པས་བསམ་ཚུལ་ཅང་ཞུ་རྒྱུ་མེད།

    Reply
  11. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 15 སྔོན།

    རྩོམ་པ་པོ་གྲགས་ཅན་ཁོང་ལྟ་བུ་བོད་ཀྱི་གནས་བབ་ཐོག་རྩོམ་ཡིག་སྤེལ་བ་མཐོང་དཀོན་པ་ནི་བོད་མི་གྲངས་ཉུང་བའི་དབང་གིས་ཡིན་ནམ།
    བཙན་བྱོལ་གྱི་རྩོམ་པ་པོ་དེ་དག་གིས་གང་ཞིག་བྱེད་ཀྱིན་ཡོད་ན།

    Reply
  12. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 15 སྔོན།

    ཁྲག་ཡིག་བཞུགས་སྒར་ཀིརྟིའི་བྱེས་གྲྭ་ནས་རིན་མེད་འགྲེམས་སྤེལ་བྱས་ཡོད།
    གནམ་ས་གོ་འབྱེད་མདོ་སྨད་རྒྱུན་ལས་ཀྱིས་འགྲེམས་སྤེལ་བྱས་ཡོད་པའི་། ཚོགས་དེ་གཉིས་ལ་འབྲེལ་བ་གནང་ན་ཁྱེད་ལ་རྙེད་ངེས།

    Reply
  13. གཡག་རིན་པོ་ཆེ། says:
    ལོ་ 15 སྔོན།

    གནམ་ས་གོ་འབྱེད་དང་ཁྲག་ཡིག་ཅེས་པའི་དཔེ་དེབ་འདི་དག་བཙན་བྱོལ་ནང་པར་སྐྲུན་བྱས་ལུགས་གོ་ཐོས་བྱུང་ཡང་འདི་དག་དེབ་ཁང་གང་དུ་འཚོང་རྒྱུ་ཡོད་མིན་མ་ཤེས་པས། དེ་ལྟར་ཤེས་རྟོགས་ཡོད་མཁན་ཡོད་ཚེ་འདིར་འགོད་རོགས་ཞུ། ང་རྡ་ས་གནས་སྡོད་བྱེད་མཁན་ཞིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese