མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་དུས་དྲན་གྱི་གཏམ་བཤད་མཐའ་མ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ལས་རྒྱུན་རིང་ཆབ་སྲིད་དང་། འཛིན་སྐྱོང་། དཔལ་འབྱོར་སོགས་ཀྱི་ལས་དོན་གང་ཡང་མང་ཚོགས་ཀྱི་མངོན་འདོད་དང་མ་མཐུན་པ་དང་། གྲོས་ཚོགས་ཀྱི་ཁྲིམས་སྒྲིག་དང་འགལ་བ། མང་གཙོའི་ལྟ་གྲུབ་དང་བཟང་སྤྱོད་ལས་འདས་པ་གང་ཡང་བྱུང་མེད་ཅིང་། དེ་འདྲ་ཡོད་པའི་ཀླན་ཀ་བྱུང་ན་ཁྲིམས་དང་མང་ཚོགས་གང་གི་མདུན་སར་ཡང་དག་ཕུད་ཐུབ་ངེས་ཀྱི་གདེང་སྤོབས་ཡོད། ལྷག་བསམ་བཟང་པོས་སྒྲུབ་ཕྱོགས་ཀྱིས་སྐྱོན་འདོན་དང་དགོངས་དྭང་ལེན་གྱིས་ལག་བསྟར་ཐུབ་རིགས་ལག་བསྟར་དང་། དེ་མིན་འགྲེལ་བརྗོད་ཞུ་བཞིན་པ་ཡིན་ཞེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་ཡོད།  

 

དེ་རིང་ཞོགས་པའི་ཆུ་ཚོད་ ༨ སྟེང་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་། སེར་བྱེས་ཆོས་རའི་ནང་དུ་བོད་གཞུང་དམངས་ཡོངས་ནས་བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་གཟབ་རྒྱས་བྱས་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་༧གོང་ས་མཆོག་གིས་དབུས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་དང་གྲྭ་དམངས་འདུས་པ་རྒྱ་མཚོ། བཀའ་བློན་ཁྲི་པའི་གཙོས་པའི་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་རྣམ་པ། སྦེལ་ཀོབ་གཞིས་ཆགས་གསར་རྙིང་དང་མཐའ་ཁོར་གྱི་བོད་རིགས་མི་དམངས་བཅས་སྐྱ་སེར་ཉིས་ཁྲི་ཙམ་མཉམ་ཞུགས་གནང་ཞིང་། དམིགས་བསལ་སྐུ་མགྲོན་དུ་ཨི་ཊ་ལི་དང་ཁེ་ན་ཊ། ཨོ་སི་ཊི་ལེ་ཡ། ལྷོ་ཨ་ཧྥི་རི་ཀ ཌན་མག ཡུ་རོབ་གྲོས་ཚོགས་སོགས་རྒྱལ་ཁབ་ ༡༥ ཙམ་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་དང་། རྒྱ་གར་དང་བལ་ཡུལ་གྲོས་ཚོགས་འཐུས་མི། ཀར་ན་ཊ་ཁ་མངའ་སྡེ་བློན་ཆེན་སོགས་ལྷན་ཞུགས་ཐོག རྔམ་བརྗིད་དང་ཟིལ་ཤུགས་ཆེ་ཞིང་། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དུས་དྲན་ཞིག་སྲུང་གཙིའི་ཐོག སྤྱི་ནོར་༧གོང་ས་མཆོག་གིས་མི་མང་ལ་དམངས་གཙོ་གསོལ་རས་སུ་བསྩལ་ཏེ། ལོ་ངོ་ ༥༠ འཁོར་བའི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཤིག བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འབུལ་ལམ་ཞུས་ཡོད།

 

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ཀྱི་གཏམ་བཤད་ཡིག་ཐོག་ནས་སྒྲོག་སྦྱོང་གནང་བའི་ནང་། ལོ་འཁོར་གཅིག་ནང་བཙན་བྱོལ་བོད་གཞུང་གི་རྒྱུན་གྲོན་དང་དམིགས་བསལ་ལ་ཧིན་སྒོར་འབུམ་ ༤༠༠༠ ཙམ་འགྲོ་སོང་བྱེད་ཐོག དམིགས་བཀར་ནང་སྤྱི་ཚོགས་བདེ་དོན་གྱི་འགྲོ་སོང་ཧིན་ སྒོར་འབུམ་ ༦༠༠༠ ནས་ ༧༠༠༠ བར་ལོ་ལྟར་འགྲོ་བཞིན་ཡོད་ཀྱང་། བོད་མི་རང་གིས་ཧིན་སྒོར་འབུམ་ ༨༠༠ ཙམ་ལས་བསྡུ་ཐུབ་ཀྱི་མེད་སྟབས། གཞུང་དམངས་ཡོངས་ནས་བསམ་གཞིག་གཏོང་རྒྱལ་གལ་ཆེ་སྐོར་དང་། ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་། མཉམ་འབྲེལ། བརྒྱ་དཔོན། ཕྱི་རྒྱལ་བོད་རིགས་ཚོགས་པ་ཁག་བཅས་ཀྱིས་དམངས་གཙོའི་འཕེལ་རིམ་ལ་ནུས་པ་རླབས་ཆེན་འཐོན་གྱི་ཡོད་སྐོར། ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་ལས་བྱེད་གསར་པ་འཛུལ་མཁན་མི་གྲངས་ ༣༡༢ ནས་དགོངས་པ་ཞུ་མཁན་ ༡༤༤ ཙམ་བྱུང་སྟེ་དགོངས་པ་ཞུ་མཁན་སྤྱིའི་བརྒྱ་ཆ་ ༤༦་༡༥ ཆགས་ཡོད་སྐོར་སོགས་བཀོད་འདུག

 

དེ་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གཏམ་བཤད་སྒྲོག་སྦྱོང་གནང་བའི་ནང་། མི་ལོ་སུམ་སྟོང་བརྒལ་བའི་སྔོན་རྒྱ་གར་དུ་དར་བའི “ཚོགས་ཀྱི་གཙོ་བ” ཞེས་པའི་ལམ་སྲོལ་ནུབ་ཕྱོགས་པས་མིག་དཔེ་བྱས་ཏེ། དེང་གི་དམངས་གཙོའི་ལམ་སྲོལ་དར་བ་ཡིན་སྐོར་བཀོད་འདུག་ལ། དེ་རིང་གི་གཏམ་བཤད་འདི་མང་གཙོ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་དུ་མ་ཟད། ད་ལྟའི་བཀའ་ཤག་གི་མང་གཙོའི་དུས་དྲན་གྱི་གཏམ་བཤད་མཐའ་མ་དེའང་ཡིན། དེ་རིང་གི་འདུན་ས་འདིར་བཀའ་ཤག་གིས། ད་ལྟའི་གནས་སྐབས་སུ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དང་། སྒྲོམ་གཞི་ཡང་དག་པའི་མང་གཙོའི་ལམ་སྲོལ་མཚན་ཉིད་དང་ཆ་ལག་ཚང་བ་ཞིག་གི་ནང་དུ་སླེབས་ཟིན་ཅིང་། མང་གཙོའི་ན་ཚོད་ཡོངས་སུ་སྨིན་པ་ལ་མངོན་དུ་ཕྱོགས་པ་ཡིན། ཞེས་ཚིག་ཐག་ཆོད་པོ་དང་། སྐད་གསང་མཐོན་པོས་འགན་ཁུར་ཡོད་པའི་ཐོག་ནས་བརྗོད་རྒྱུ་ལ་ཐེ་ཚོམ་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན། འོན་ཀྱང་ད་དུང་ལེགས་བཅོས་དང་ཡར་རྒྱས་མུ་མཐུད་དགོས་པ་དང་། ཡོང་རྒྱུའང་ཡིན་པ་སྨོས་མ་དགོས།  དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་ད་རེབ་མང་གཙོའི་དུས་དྲན་གྱི་མཛད་སྒོ་ཟབ་རྒྱས་གོ་སྒྲིག་གནང་སྟངས་ལ་གཞིགས་ན་ང་ཚོའི་བསྒྲགས་གཏམ་འདིར་མོས་མཐུན་གནང་བའི་ཡིད་ཆེས་ཡོད། ཅེས་བཀོད་འདུག

 

ཁོང་གིས་རྩོམ་པ་པོ་སྐོར་ཞིག་ལ་དམིགས་ཏེ་བསྟན་དོན། བར་སྐབས་རེ་ཟུང་གིས་ད་ལྟའི་ལམ་སྲོལ་འདི་མང་གཙོ་མིན་པ་དང་། མང་གཙོ་ངང་སྒུག་བྱེད་ཀྱི་ཡོད་ཚུལ་སོགས་རྣམ་རྟོག་གི་སྤྲོས་པ་ཇི་སྙེད་ཅིག་སྤེལ་འདུག་པ་དགག་གཞག་གི་དགོས་གལ་མ་མཐོང་ཡང་། རང་བཞིན་དྲང་བའི་གཞི་རིམ་མང་ཚོགས་མགོ་བོ་མི་རྨོངས་པ་དང་། མང་གཙོའི་མིང་ཙམ་ཡང་མི་ཤེས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྲན་གཡོག་ཏུ་བཀོལ་བའི་རྩོམ་པ་པོ་རྣམས་ཀྱིས་དབུལ་པོས་གསེར་རྙེད་ལྟ་བུས་ལུང་འདྲེན་ཡང་ཡང་བྱས་པ་རྣམས་སྣང་མེད་ཡན་པོར་མ་སོང་བའི་ཆེད་གནས་ཚུལ་རེ་ཟུང་བརྗོད་འདོད་བྱུང་། མང་གཙོའི་སྙིང་དོན་ནི་རང་དབང་དང་། འདྲ་མཉམ། ཁྲིམས་ཀྱི་དབང་སྒྱུར། ཆིག་བསྒྲིལ་བཅས་ཡིན་ཞིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དེ་དག་ཅི་ཙམ་ཚད་མཐོར་ཡོད་པ་ནི་རྩོམ་པ་པོ་དེ་རྣམས་ཀྱི་བསམ་སྤྱོད་དང་སྨྲ་བརྗོད་ཀྱི་རང་དབང་ལས་དཔོག་ནུས། བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ལས་རྒྱུན་རིང་ཆབ་སྲིད་དང་། འཛིན་སྐྱོང་། དཔལ་འབྱོར་སོགས་ཀྱི་ལས་དོན་གང་ཡང་མང་ཚོགས་ཀྱི་མངོན་འདོད་དང་མ་མཐུན་པ་དང་། གྲོས་ཚོགས་ཀྱི་ཁྲིམས་སྒྲིག་དང་འགལ་བ། མང་གཙོའི་ལྟ་གྲུབ་དང་བཟང་སྤྱོད་ལས་འདས་པ་གང་ཡང་བྱུང་མེད་ཅིང་། དེ་འདྲ་ཡོད་པའི་ཀླན་ཀ་བྱུང་ན་ཁྲིམས་དང་མང་ཚོགས་གང་གི་མདུན་སར་ཡང་དག་ཕུད་ཐུབ་ངེས་ཀྱི་གདེང་སྤོབས་ཡོད། ལྷག་བསམ་བཟང་པོས་སྒྲུབ་ཕྱོགས་ཀྱིས་སྐྱོན་འདོན་དང་དགོངས་དྭང་ལེན་གྱིས་ལག་བསྟར་ཐུབ་རིགས་ལག་བསྟར་དང་། དེ་མིན་འགྲེལ་བརྗོད་ཞུ་བཞིན་པ་ཡིན། ཞེས་གདེང་སྤོབས་དང་བཅས་བསྒྲགས་སོང་།

 

མུ་མཐུད་དུ་བསྟན་དོན། མང་ཚོགས་ཀྱིས་རང་དབང་གིས་བཏོན་པའི་མངོན་འདོད་ལ་བརྩི་བཀུར་མི་ཐུབ་ཅིང་། མང་ཚོགས་ཀྱི་བློ་སྣའང་ཁྲིད་མི་ཐུབ་པའི་སྐྱེ་བོ་ཞིག་གིས་མང་གཙོའི་འདྲེན་པ་བྱ་རྒྱུ་ཕར་ཞོག དོན་གཉེར་བ་ཞིག་ཀྱང་ཡོང་དཀའ། སྐབས་རེ་བཀའ་ཁྲིས་༧གོང་ས་མཆོག་གི་བཀའ་ལ་བསྟུན་རྐྱང་གིས་རང་གིས་མང་གཙོའི་འགན་དབང་སྤྱོད་ཀྱི་མེད་ཚུལ་དང་། ཡང་སྐབས་རེ་༧གོང་ས་མཆོག་དང་བཀའ་ཁྲིའི་བར་དབང་ཆའི་འཐབ་རྩོད་ཡོད་ཚུལ་ལྟ་བུ་གཏད་སོ་བྲལ་བའི་བཅོས་སྒྲུང་ཇི་སྙེད་བཤད་ཀྱི་འདུག་པ་དེ་དག་གཞི་མེད་ཡིན་པ་སུས་ཀྱང་རྟོགས་ཐུབ། དངོས་བྱུང་དང་དངོས་ཡོད་ཀྱི་གནས་ཚུལ་ཆ་ཚང་མ་ཤེས་པ་འམ། བདེན་པ་མིན་པའི་འཁྱོག་བཤད་ཁག་ལ་བརྟེན་ནས་བསམ་ཚུལ་བཟོས་པ་དང་། ཐག་གཅོད་བྱེད་པ་ནི་གཟུ་བོར་གནས་པ་དང་། ཤེས་མྱོང་ཡོད་པའི་བྱེད་སྟངས་ཤིག་མིན། ཞེས་བཀོད་འདུག

 

ཡང་གསར་ལམ་ཁག་ཅིག་ལ་དམིགས་དོན། བཙན་བྱོལ་སྤྱི་ཚོགས་ནང་གཏམ་བཤད་སྡིངས་ཆ་དང་གསར་འགྱུར་བརྒྱུད་ལམ་སོགས་ཀྱི་ནང་དངོས་གསལ་མེད་པའི་མི་དཀྱུས། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང་ལྡན་ཞིང་། ཡིན་ལུགས་ཚུལ་མཐུན་གྱིས་རང་གི་འཚོ་བའི་འདུ་འགོད་དང་སྐབས་བབ་སྤྱི་སྒེར་གྱི་བྱ་བར་བརྩོན་པ་ལས། དོན་མེད་སྲིད་དོན་ཀྱི་འཁྲབ་སྟེགས་ཐོག་འཁྲུགས་ཆ་དོད་པོ་མི་གནང་མཁན་གྱི་སེར་སྐྱ་རྒན་གཞོན་བཙན་བྱོལ་བོད་མིའི་ཁྱོན་འབོར་གྱི་བརྒྱ་ཆ་བརྒྱད་ཅུ་བརྒལ་བ་ཞིག་ཡོད་པ་དེ་དག་ནི་ང་ཚོའི་ཡིད་ཆེས་བྱ་ཡུལ་དང་། བཙན་བྱོལ་བོད་མིའི་ནུས་ཤུགས་ཡིན། ཁོང་ཚོའི་བཀའ་དྲིན་ལ་བརྟེན་ཏེ། བོད་མིའི་གོང་བུའི་ནུས་པ་མ་ཉམས་ཤིང་། དམངས་གཙོའི་འཕེལ་རིམ་ཐོག་མདུན་སྐྱོད་གང་ལེགས་བྱུང་ཡོད་པ་དང་། འབྱུང་འགྱུར་ཡང་ཁོང་ཚོའི་དྲང་ཚུགས་དང་བརྟན་ལྷིང་ལ་བརྟེན་ཏེ། བོད་མིའི་ཆབ་སྲིད་ཀྱི་གཞུང་ལམ་སྲོང་པོར་གནས་པའི་ཡིད་ཆེས་ཡོད་ཅིང་། འབྱུང་འགྱུར་གྱི་འོས་བསྡུའི་ལས་རིམ་གྱི་ནང་དུའང་འོལ་ཚོད་དང་གཡམ་རྒྱུགས་མིན་པར་རང་དབང་གིས་ཐག་གཅོད་བརྟན་པོ་ཞིག་གནང་རྒྱུར་ཐེ་ཚོམ་མེད། ཅེས་སྒྲོག་འདོན་གནང་སོང་།

( གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་ནས་སྤེལ )

འབྲེལ་ཡོད་གསར་འགྱུར།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༡༡ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༨ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢

མཆན། 6

  1. དགྲ་འདུལ། says:
    ལོ་ 16 སྔོན།

    མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་༸གོང་ས་མཆོག་གི་འཕྲལ་ཕུགས་རྒྱང་གསུམ་གྱི་དགོངས་གཞི་གཉིས་ཕན་དབུ་མའི་ལམ་དང་། བོད་མི་རིགས་ཀྱི་རྩ་དོན་ཐོག་ལྷག་བསམ་རྣམ་དག་གིས་ཕྱག་ལས་ཧུར་བརྩོན་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ།

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    གོང་གི་སྤྱི་མཐུས་ཚོགས་གཙོ་མཆོག་གི་གསུངས་མོལ་དེར་ཞིགས་ན་ད་ལྟའི་བཙན་བྱོལ་གཞུང་འདིར་བྱུང་སོང་འདུམ་ཐབས་མེད་པའི་གནས་ཚུལ་ཞིག་ཡོད།
    ལོ་འཁོར་གཅིག་ནང་བཙན་བྱོལ་བོད་གཞུང་གི་རྒྱུན་གྲོན་དང་དམིགས་བསལ་ལ་ཧིན་སྒོར་འབུམ་ ༤༠༠༠ ཙམ་འགྲོ་སོང་བྱེད་ཐོག དམིགས་བཀར་ནང་སྤྱི་ཚོགས་བདེ་དོན་གྱི་འགྲོ་སོང་ཧིན་ སྒོར་འབུམ་ ༦༠༠༠ ནས་ ༧༠༠༠ བར་ལོ་ལྟར་འགྲོ་བཞིན་ཡོད་ཀྱང་། བོད་མི་རང་གིས་ཧིན་སྒོར་འབུམ་ ༨༠༠ ཙམ་ལས་བསྡུ་ཐུབ་ཀྱི་མེད་སྟབས། གོང་གསལ་ལོ་གཅིག་འགྲོ་སོང་འབུམ་ ༡༠༠༠༠ འཁྲི་གཅིག་ཙམ་ཡིན་ལགས་
    བོད་མི་རང་ནས་ཧིན་སྒོར་འབུམ་ ༨༠༠ ཙམ་ལས་ཡོང་གི་མེད་ན་དེ་བརྒྱ་ཆ་ལ་བསྐོར་ན་བརྒྱ་ཆ་ ༨ ཧ་ཅང་ཐབས་སྐྱོ་བོ་རེད།
    སྤྱིར་གཞུང་གིས་མི་མང་ལ་ལམ་སྟོན་སྣེ་འཁྲིད་མཛད་ནས་མི་མང་བདེ་ཐབས་བདེ་སྐྱིད་བསྐྲུན་ཐབས་མཛད་དགོས་ལ་། མི་མང་ནས་ཀྱང་རང་མཁེལ་གྱི་གཞུང་ཁྲལ་སོགས་མ་སྐུལ་དྭངས་བླངས་ཐོག་རང་གི་གཞུང་དེ་གསོ་རྒྱུའི་འགན་འཁྲི་ཞིག་ཀྱང་ལེན་དགོས་སྙམས།
    འོན་ཀྱང་ང་ཚོ་བོད་པ་རང་གི་རང་གིས་གཞུང་གསོ་ཐུབ་ཐབས་མེད་པ་ལྟ་བུ་ཆགས་ཡོད་པ་ཡིན་འོན་ཀྱང་ད་བར་དུ་རང་གཞུང་དགའ་ལྡན་ཕོ་བྲང་ཆེན་པོ་ཤི་མ་སོན་དུ་གནས་པ་ནི་སུ་ཡིས་བཀའ་དྲིན་ཡིན་ནམ།
    གནད་དོན་གཞན་ཞིག་ནི། བཙན་བྱོལ་གྱི་བོད་མི་རྣམས་ཀྱི་སེམས་ལ་སྒྲོག་ལར་གྱི་སྨྱོ་ནད་ཚབ་ཆེན་ཞིག་ཕོགས་ཟིན་པས་གཞུང་ལས་རང་རྩལ་ཆེ་བ་འཛིན་པའི་བློ་ངན་འདིའི་ཕུང་བ་བྱས་སོང་། སྤྱིར་ན་རྒྱལ་ཁབ་ཞིག་ལ་མཚོན་ན་རྒྱལ་ཁབ་ཀྱི་ལས་བྱེད་ནི་རྒྱལ་ཁབ་དེའི་གཟུངས་གཞུག་དངོས་དེ་ཡིན།
    དེའི་ནང་ནས་ཕྱེ་ཀ་མིན་ཙམ་གཞུང་གི་ལས་ཀ་དབྱུགས་ནས་གང་དུ་བསྐྱོད་དམ། བཙན་བྱོལ་གཞུང་དེ་ཉམས་མྱོངས་གསོག་སའི་སློབ་གྲྭ་ལྟར་བུ་ཞིག་ཆགས་འདུག་པས་བོད་མའི་རྣམས་ནས་དགོངས་པ་ཅུང་བཞེས་དགོས་ཚོད་འདའ།

    Reply
  3. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    ལྷོ་མཐའི་ཉི་ཟེར་བཀྲ་ཤིས་བདེ་ལེགས།
    ཁྱོད་ཀྱི་གློག་ཀླད་ཀི་སྐྱོན་ཡིན་ཚོད་རེད་ང་ཚོ་ཚང་མའི་དབུ་ཅན་མཐོང་གིན་འདུག
    དེའི་མི་ཚད་འདི་ཡང་འགྲིག་མེད་པ་འདྲ་༼ཞོག་པ༽ཞོགས་པ་ཞེས་འབྲི་རོགས་
    དེ་མིན་༼མི་འདུག།།༽མི་འདུག་ཞེས་འབྲི་དགོས་པར་སྙམ། ཀ་ག་ཤ་རྐང་ཤད་རེ་རྩི།།
    ཟེར་དགོས།

    Reply
  4. migyur says:
    ལོ་ 16 སྔོན།

    ལྷོ་མཐའི་ཉི་ཟེར་ལགས། ཁྱེད་དངོས་གནས་ལྷོ་མཐའ་ནས་བརྒལ་བའི་ཉི་མ་རང་རེད། ང་ཚོའི་གློག་ཀླད་ཚང་མའི་ནང་ཡིག་གཟུགས་དབུ་ཅན་རེད་འདུག །ཁྱེད་ཀྱི་གློག་ཀླད་དེ་ཆ་ལག་མ་ཚང་བ་ཞིག་ཡིན་པ་ཐག་ཆོད།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བཀའ་སྤྱི་གཉིས་ཀྱི་གསུང་བཤད་དང་མཉམ་དུ་༸གོང་ས་མཆོག་གི་བཀའ་སློབ་བཀོད་ན་དེ་བས་གཟི་བརྗིད་ཆེ།།

    གཞུང་ཞབས་པ་ཡིན་མིན་ལ་མ་ལྟོས་པར་འདས་ཟིན་པའི་ལོ་ཟླ་དེའི་ནང་སོ་སོའི་མི་རིགས་དང་སོ་སོའི་རིག་གཞུང་། དེ་བཞིན་སོ་སོའི་རྒྱལ་ཁབ་སོགས་ཀྱི་ཆེད་དུ་ཕྱག་ལས་གནང་དང་གནང་བཞིན་པ་ཚང་མར་བསྔགས་བརྗོད་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

    Reply
  6. ལྷོ་མཐའི་ཉི་ཟེར། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས་ཞོག་པ་བདེ་ལེགས། བཀའ་ཤག་གི་གཏམ་བཤད་གལ་ཆེན་འདི་ཡིག་གཟུགས་དབུ་མེད་རེད་འདུག་ གསལ་པོ་མི་འདུག།། དབུ་ཅན་སྒང་ལ་སྤེལ་རོགས་གནང།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese