གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་སྐབས་གཉིས་པའི་འགན་ལྷན་ཚོགས་དུས་ཐེངས་གསུམ་པ་འཚོགས་པ།
དེ་རིང་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་འདི་གར་བཏང་གནས་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༤ ཉིན་ནས་ ༦ བར་ཉིན་གསུམ་རིང་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་སྐབས་གཉིས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་དུས་ཐེངས་གསུམ་པ་དེ་འཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་ཚོགས་པའི་ལོ་གཅིག་གི་བྱེད་འཆར་གྲོས་ཆོད་ཁག་བཅོ་བརྒྱད་བཞག་འདུག
ཚེས་ ༤ ཉིན་ནས་ཉིན་གསུམ་རིང་འཚོགས་པའི་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་སྐབས་གཉིས་པའི་ཚོགས་དུས་གསུམ་པའི་སྟེང་དབུས་དང་ས་གནས་ཀྱི་རྒྱུན་ལས་ལྷན་འཛོམས་ཐོགགངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་དབུས་ས་གཉིས་ཀྱི་ལས་དོན་ཐོག་གྲོས་བསྡུར་དང་། བོད་ཀྱི་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་ལ་དགག་སྒྲུབ་ཀྱི་བགྲོ་གླེང་། མང་ཚོགས་ལ་ཆབ་སྲིད་གོ་རྟོགས་སྤེལ་རྒྱུས་མཚོན་ཆབ་སྲིད་ཀྱི་གལ་གནད་ཆེ་བའི་ཐོག་བགྲོ་གླེང་དང་ལས་འགུལ་སྤེལ་ཕྱོགས། བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྤུན་ཟླ་མི་མང་གཉིས་ཀྱི་བདེ་སྡུག་གླེང་བའི་སྒོ་ནས་ཤེས་ཡོན་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས། རྒྱ་གར་ནང་ཡོད་པའི་བོད་མིའི་བདེ་སྡུག་དང་འབྲེལ་བའི་སྒོ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་ཕྱོགས། ཁོར་ཡུག་དང་འབྲེལ་བའི་སྐོར་བཅས་ཚོགས་པའི་ལོ་གཅིག་གི་ལས་འཆར་གྲོས་ཆོད་ཁག་བཅོ་བརྒྱད་བཞག་འདུག
དེ་བཞིན་ཉིན་མཐའ་མའི་ཉིན་ཚོགས་པའི་གངས་ལྗོངས་ཕོ་ཉ་དྲ་ཚིགས་(www.ghangjong.com) གསར་བཟོ་གྲུབ་ཡོད་པ་ཚོགས་པ་དེའི་དབུས་ཚོགས་གཙོ་བློ་བཟང་དཔལ་ལྡན་ལགས་ཀྱིས་དབུ་འབྱེད་གནང་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།
ཐུགས་རྗེས་ཆེ་ཁྱེད་རྣམས་པའི་མཛད་བྱེད་ལ་རྗེས་སུ་ཡིད་རངས་ཞུ།།
ཨོ་ཕོ་རྒོད་དེ་ཚོ་ལ་ཡོད། ངོ་མ་གངས་ལྗོེངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་མི་ལྷག་བསམ་དང་དྲང་བདེན་སྙིང་སྟོབས་སོགས་ལྡན་པའི་བྱས་རྗེས་ཅན་གྱི་མི་སྣ་ལྷན་རྒྱས་ལ་རྗེས་སུ་ཡིད་རངས་དང་འཚམས་འདྲི་ཞུ་དང་ཞུ ་མ་ཟད་དེང་དུས་མཐུན་པའི་དྲ་རྒྱ་ཞིག་བོད་ཡིག་ཏུ་གསར་བཟོ་གནང་བར་དེ་བས་བཀྲ་ཤིས་བདེ་ལེགས་ཡོད།
འོན་ཀྱང་བརྗེད་མི་རུང་བ་ཞིག་ལ་དྲ་རྒྱ་བཟོ་ཐུབ་ཙམ་མ་ཡིན་པར་བོད་ཕྱི་ནང་དུ་ཕན་ངེས་ཆེ་བའི་ནང་ཆོས་ངོ་སྤྲོད་རིག་གཞུང་སོགས་ཀྱི་མཚོན་པས་དེང་དུས་དགོས་མཁོ་ཁག་མཁོ་སྒྲུབ་ཐུབ་པ་ཞིག་བྱུང་ན་གོ་ཆོད་པ་རེད། གངས་ལྗོངས་རརང་བདེན་རྩོད་ལེན་མཐུན་ཚོགས་ལ་ཡིད་རངས་ཞུ།
ཡག་པོ་འདུག ཐུགས་རྗེ་ཆེ།
གངས་ལྗོངས་རང་བདེན་ཚོགས་ཆུང་གི་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པར་ཤོག
ངེད་ཚོགས་པའི་རྒྱུན་ལས་དག་གི་ལྷག་བསམ་དང་སྙིང་སྟོབས་ལ་གུས་བཀུར་ཞུ། དྲ་བ་གསར་དུ་སྒོ་འབྱེད་གནང་བ་དེང་དུས་དང་མཐུན་པས་སྙིང་ནས་དགའ་ཡོད།
ྡ རྗེས་སུ་ཡང་མི་མང་ལ་ཞབས་འདེགས་ཞུ་ཐུབ་པའི་རེ་བ་ཆེ། ད་སྔ་ཡིན་གསར་འགོད་བརྒྱུད་ལམ་དུ་མ་ཐོན་པའི་རླབས་ཆ ེན་གྱི་ལས་ཀ་གང་མང་བྱས་པ་རེད། ས་གནས་གཞིས་ཆགས་ཀྱི་མི་མང་གིས་ཧ་གོ་ངེས་རེད། ད་དུང་མུ་མཐུད་ནས་ཤེས་རིག་དང་སློབ་གཙོ། ཆབ་སྲིད་བཅས་ཀྱི་སྟེང་དུ་སྔར་ལས་ལྷག་ཅིག་འབད་པར་ཞུ།
ཁོང་ཚོས་༢༠༠༧ ལོར་བཙན་བྱོལ་གྱི་ལོ་རྒྱུས་ནང་གཞི་རྒྱ་དང་དུས་ཡུན་རྣམ་པ་གང་ཐད་ནས་ཀྱང་ཆེས་ཐོག་མར་བརྩི་ཆོག་པའི་གོམ་བགྲོད་རྒྱ་ཆེ་ཤོས་དེ་གནང་ཡོད།
༢༠༠༨ ལོའི་བོད་བར་ཞི་བའི་གོམ་བགྲོད་དང་། ཕྱིར་རང་ཡུལ་དུ་ལོག་པ་སོགས་ལ་ཁོང་ཚོའི་ཚོགས་པས་བློ་བརྟན་འགྱུར་མེད་ཀྱིས་ཆ་ཤས་ཆེན་པོ་བླངས་ཤིང་།
༢༠༠༩ ལོར་རྒྱ་གར་རྒྱལ་ཡོངས་སུ་རྐང་འཁོར་ལས་འགུལ་གཞི་རྒྱ་ཆེས་ཆེ་བ་ཞིག་སྤེལ་བ་སོགས་ཉེ་རབས་ནས་གཞོན་ནུ་བུད་མེད་སོགས་ཚོགས་པ་ཆེན་པོ་ཚོས་བསྒྲུན་དུ་མེད་པའི་ལས་འགུལ་རྒྱ་ཆེར་སྤེལ་ན་ཡང་། རང་རེའི་གསར་འགོད་བརྒྱུད་ལམ་ཁག་ནི་ཆེན་མོ་མིང་ཆེན་ཚོར་མགོ་བོ་འཁོར་ནས་གྲྭ་རྐྱང་འབྱོར་མེད་ཚོའི་ལྷག་བསམ་དང་རྔུལ་ཆུ་ལ་དུས་ནམ་ཡང་ཚད་ལྡན་པའི་གདེངས་འཇོག་བྱེད་མ་མྱོང་བ་ནི་སྐྱེ་དགོས་པ་ཞིག་རེད།
གྲྭ་པ་གྲྭ་རྐྱང་རྒྱབ་རི་སྟོང་སང་སིང་། །སེམས་དང་བསམ་པ་བོད་ལ་དཀར་ལྷང་ལྷིང་། །རྒྱུ་དང་འབྱོར་བ་མེད་པ་བདེན་ལགས་ཏེ། །ཚོགས་འདུའི་རྣམ་པ་འདི་ལས་མངོན་པར་གསལ། །རིགས་ལ་ཞེན་པའི་བསམ་པ་དཀར་ལགས་ཏེ། །སྔ་ཕྱིའི་ལས་སྦྱོར་དག་གིས་གསལ་ལྷང་ལྷིང་། །རང་རིགས་སེམས་ལ་དཀར་ཞེས་སྒྲོག་པ་མང་། །ལས་ཀྱི་དཀའ་སྡུག་ཐེག་པ་འདི་དག་ཙམ། །གཞོན་ནུ་བུད་མེད་ལས་འགུལ་ཁོ་ཚོས་སྤེལ། །འཆི་ལ་ཐུག་པའི་ཟས་བཅད་ཁོང་ཚོས་གནང་། །ལོ་དང་ཟླ་བའི་གོམ་བགྲོད་ཁོང་ཚོས་བྱས། །མཚན་དང་སྙན་པ་ཁོང་ཚོར་དབང་བ་མེད། །གཟུར་གནས་རིགས་ཞེན་ཅན་རེ་ཡོད་ཡིན་ན། །གྲྭ་རྐྱང་སྤོབས་པས་ཁྱོགས་པ་ཁོང་ཚོ་ལ། །དོན་དང་བདེན་པའི་ལག་གདང་སྦྲེལ་འོས་ཀྱི། །མི་འབབ་མཐོང་ཆུང་ཚིག་གིས་གསོད་མི་འོས། །
ཡང་ཁོང་ཚོས་ཤོག་རྙིག་མང་པོ་ཞིག་མདུན་ཅོག་གི་སྒང་ལ་སྤུངས་ཡོད་ས་རེད།