པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་༼འཚོལ༽ཞེས་པའི་གློག་བརྙན་དེ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་མང་ཚོགས་ལ་གཟིགས་འབུལ་བྱ་རྒྱུ་རེད།
ཨ་རིར་རྟེན་གཞི་བྱས་པའི་མཱ་ཆིག་ཅེས་པའི་ཚོགས་པས་གསལ་བསྒྲགས་སྤེལ་བ་ལྟར་ན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་འཚོལ་བྱས་པའི་གློག་བརྙན་དེ། ཨ་རིའི་གཞུང་འབྲེལ་མིན་པའི་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག འདི་ལོའི་ཕྱི་ཟླ་༡༠པའི་ཚེས་༡ཉིན་གྱི་དགོང་མོའི་ཆུ་ཚོད་༩པའི་སྟེང་ཨ་རིའི་རྒྱལ་ས་ཝ་ཨིན་ཊོན་དུ་མང་ཚོགས་ལ་ཡོངས་ཁྱབ་ཐོག་གཟིགས་འབུལ་བྱ་རྒྱུ་ཡིན་འདུག
གློག་བརྙན་དེའི་རིང་ཚད་ལ་དུས་ཡུན་སྐར་མ་ ༡༡༢ དང་སྐད་གདངས་ཨམ་སྐད་ཡིན་ནའང་། ནང་དོན་ཚང་མ་དབྱིན་ཡིག་ཐོག་ཕབ་བསྒྱུར་ཞུས་ཡོད་པ་རེད།
༼འཚོལ་༽ཞེས་པའི་གློག་བརྙན་དེ་ནི་༼རྒྱལ་བོ་དྲི་མེད་ཀུན་ལྡན་༽གྱི་རྣམ་ཐར་འཁྲབ་སྟོན་པ་འཚོལ་པའི་བརྒྱུད་རིམ་དང་། བོད་ཀྱི་ཟློས་གར་དེ་དམངས་ཁྲོད་ནས་རྒྱུད་འཛིན་དར་སྤེལ་དུ་གཏོང་བཞིན་པའི་རྣམ་པའི་སྐོར་ཡིན་ལ། གློག་བརྙན་དེའི་ནང་གི་འཁྲབ་སྟོན་པ་གཙོ་བོ་མདོ་སྨད་སྒྱུ་རྩལ་པ་ཆེན་མོ་སྨན་བླ་སྐྱབས་དང་། བརྩོན་འགྲུས། ཀླུ་མོ་བཅས་རེད།
པདྨ་ཚེ་བརྟན་ལགས་ཀྱི་༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་༽ཞེས་པའི་གློག་བརྙན་ལ་ ༢༠༠༦ ལོའི་ཇིན་ཇི་པེ་ཧྭ་གློག་བརྙན་གྱི་བྱ་དགའ་ཐོབ་མྱོང་ཡོད་ལ། ཡང་ཁོང་གི་འཁྲབ་ཁྲིད་བྱས་པའི་༼རྩྭ་ཐང་༽ཞེས་པའི་གློག་བརྙན་དེར་༢༠༠༤ལོའི་པེ་ཅིན་གློག་བརྙན་སློབ་གླིང་རྒྱལ་སྤྱིའི་སློབ་མའི་གློག་བརྙན་འགྲེམས་སྟོན་སྐབས་བྱ་དགའ་ཐོབ་ཡོད།
གསར་འགོད་པ། དཔལ་ལྡན།
པདྨ་ཚེ་བརྟན་ལ་འཚོལ་གློག་བརྙན་ལེགས་གྲུབ་བྱུང་བར་འཚམས་འདྲི་ཞུ།
བཀྲ་ཤིས་བདེ་ལེགས་ཞུ།
བྱ་བ་དེ་ནི་ཡག་པོ་འདུག
རང་གིས་དཔལ་འབྱོར་རག བོད་དོན་ཁྱབ་བསྒྲགས་བྱེད་ཡག་པོ་འདུག་པའི་ཐུགས་རྗེ་ཆེ།
《འཚོལ》མཐོང་སོང་། སྐད་གྲགས་དང་རེ་སྒུག་བྱས་པ་ལྟ་བུའི་བྲོ་བ་ཞིག་ཡོང་མ་སོང་།
འདི་ལས་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཡག་གི
བརྟེན་འབྲེལ་ཞུ་ཆོལ་ཁ་གསུམ་ཀ་གིས་སྐད་ཡོད་པ་བྱས་ན་ཡག་པོ་འདུག་ལམ་ལྷོང་ཡུང་བའི་སྨོན་ལམ་ཡོད།།
༼འཚོལ༽ཞེས་པའི་བོད་ཀྱི་གློག་བརྙན་ལ་ལྟ་འདོད་ཀྱི་གདུང་བས་གཟེར་གྱི་ཡོད། རྒྱ་གར་ནང་དུ་འགྲེམས་སྤེལ་བྱེད་མིན་གྱི་སྐོར་ཤེས་ཀྱི་ཡོད་པས།
གློག་བརྙན་གྱི་ལས་རིགས་དང་སྒྱུ་རྩལ་གྱི་ལས་རིགས་ནི་གཅིག་པ་རེད། སྒྱུ་རྩལ་ནི་སྒྱུ་རྩལ་གྱིས་ཐག་གིས་གཅོད་དགོས་པ་ལས། མི་རིགས་ཀྱི་གོམས་གཤིས་དང་རིག་གཞུང་གིས་ཚད་གཞལ་ན་སྒྱུ་རྩལ་་གྱི་བྲོ་བ་བརླགས་འགྲོ་ནི་རེད། གླུ་གར་ཡང་དེ་བཞིན་རེད།
༼འཚོལ༽ཞེས་པའི་གློག་བརྙན་མཐོང་སོང་། བོད་རིགས་རང་གིས་གློག་བརྙན་འཁྲབ་སྟོན་བྱས་པ་ཡག་པོ་རེད། ཡིན་ནའང་། བར་བཅུག་འཁྲབ་ཚན་འགའ་ན་བརྗོད་དོན་དང་འབྲེལ་མེད་དམ། ཡང་ན་བོད་རིགས་ཀྱི་མཚན་མཐོང་ལ་གནོད་པའི་སྤྱོད་ངན་རྒྱུན་འབྱམས་ཅན་ཁ་ཤས་འདུག འཁྲབ་སྟོན་པ་ཚོ་དང་ཡོངས་གྲགས་ཀྱི་བོད་མིའི་གཤིས་ཀ་གཉིས་ཀྱི་བར་ཐག་ཀྱང་ཅུང་རིང་བོ་འདུག མི་རིགས་སོ་སོར་གོམས་སྲོལ་དང་། རིག་གཞུང་། གཤིས་ཀ་སོགས་མི་འདྲ་བ་རེ་ཡོད་སྟབས། སྣང་ཆུང་ཁུར་མེད་ལྟ་བུར་དེ་དག་ཉ་ཉུང་མཉམ་བསྲེས་བྱས་ན་མི་འགྲིག་པར་སེམས།
གཞན་ཨ་རིར་རྟེན་གཞི་བྱས་པའི་མཱ་ཆིག་ཅེས་པ་དེ་༼མ་གཅིག༽ལ་བཟོ་བཅོས་གནང་དགོས་པར་མཐོང་། ཚོགས་པ་དེའི་ཡིག་རིགས་དང་ལས་ཤོག་བཅས་སུ་༼མ་གཅིག༽ཅེས་བྲིས་འདུག
གློག་བརྙན་དེ་ལམ་ལྷིང་ཡོང་བའི་རྟེན་འབྲེལ་ཞུ།
སྣང་བ་རྒྱ་ཡན་དུ་གྱུར་བའི་ཡུལ་གྱར་བ་ཚོས་ཁོང་དང་ཁོང་ལྟ་བུའི་ཤེས་ཡོན་ཅན་རྣམས་ཀྱི་ལས་དོན་ཡོད་ཚད་ཆབ་སྲིད་དུ་མི་བསྒྱུར་བའི་རེ་བ་ཆེ།
པདྨ་ཚེ་བརྟན་ལ་འཚོལ་གློག་བརྙན་ལེགས་གྲུབ་བྱུང་བར་འཚམས་འདྲི་ཞུ། མུ་མཐུད་ནས་བོད་ཀྱི་རིག་གཞུང་དང་གོམས་གཤིས། འཚོ་བ་སོགས་ཀྱི་བྲོ་བ་ཡོད་པའི་གློག་བརྙན་གང་མང་ཕབ་འགྲེམས་གནང་རྒྱུའི་རེ་བསྐུལ་ཡང་ཞུའོ།།