མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་སྐྱ་དགོན་པའི་ཐོས་བསམ་གླིང་གནས་སྤོར།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་ནག་གཞུང་གིས་བོད་ཀྱི་གདན་ས་ཆེན་མོ་ས་སྐྱ་དགོན་པའི་ཐོས་བསམ་གླིང་དགོན་པ་ས་གནས་གཞན་དུ་གནས་སྤོར་ལེགས་འགྲུབ་བྱུང་བའི་དབུ་འབྱེད་མཛད་སྒོ་འཚོགས་འདུག
རྒྱ་ནག་ཞིན་ཧྭ་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེ་ས་ཁུལ་ས་སྐྱ་རྫོང་དུ་ཡོད་པའི་གདན་ས་ཆེན་མོ་ས་སྐྱ་དགོན་པའི་ཐོས་བསམ་གླིང་དགོན་པ་ས་གནས་གཞན་དུ་གནས་སྤོར་ལེགས་འགྲུབ་བྱུང་བའི་མཛད་སྒོ་ཞིག་བསྡུས་འདུག་ལ། མཛད་སྒོའི་སྟེང་བོད་རྒྱུད་ནང་བསྟན་གྱི་བླ་སྤྲུལ་དང་རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་སོགས་གདན་ཞུ་གནང་ཡོད་འདུག  
ལས་གཞི་འདི་ ༢༠༠༥ ལོའི་ཕྱི་ཟླ་ ༥ བའི་ནང་རྒྱ་ནག་གཞུང་གིས་ས་གནས་ཡུལ་མི་མོས་མཐུན་ཡོད་མེད་ལ་མ་ལྟོས་པར་རྒྱ་སྒོར་ཁྲི་ ༩༦༢ ལྷག་གི་འགྲོ་གྲོན་བཏང་སྟེ་མི་ལོ་ལྔའི་རིང་ཞིག་གསོ་བྱས་ཡོད་པ་དང་། ཐེངས་འདིར་ས་སྐྱ་དགོན་ཐོས་བསམ་གླིང་གི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ ༡༌༢ དང་། ཁང་པའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ ༥༠༠༠ ལྷག་ཡོད་ཚུལ་བརྗོད་འདུག  
དེ་བཞིན་གནས་ཚུལ་དེའི་ནང་།  རྒྱ་ནག་གཞུང་གིས་ཞིག་གསོ་བྱས་པའི་དགོན་པའི་རྡོ་དང་ཤིང་གི་བརྐོས་རིས། རི་མོ་སོགས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཁང་པའི་བཟོ་བཀོད་སྒྱུ་རྩལ་དང་དེང་རབས་བཟོ་ལས་ལག་རྩལ་ཟུང་འབྲེལ་ཐོག་བཟོས་ཡོད་ཚུལ་བརྗོད་ཡོད་འདུག་ལ། ཁང་པའི་བཟོ་བཀོད་ཡོངས་རྫོགས་བོད་རང་གི་ཁྱད་ཆོས་འབུར་དུ་བཏོད་ཡོད་ཚུལ་བརྗོད་ཡོད་པར་མ་ཟད། དེང་རབས་བཟོ་བཀོད་ཀྱི་ཁྱད་ཆོས་ཀྱང་ཞོར་དུ་མངོན་ཡོད་སྐོར་བརྗོད་འདུག ད་ལྟའི་ཆར་ས་སྐྱ་དགོན་ཐོས་བསམ་གླིང་དུ་མཚོ་སྔོན་དང་སི་ཁྲོན་གཙོས་བོད་ཁུལ་གྱི་དགོན་སྡེ་ཁག་ནས་ཡོང་བའི་དམའ་རིམ་དང་འབྲིང་རིམ། མཐོ་རིམ་བཅས་ཀྱི་སློབ་མ་ ༢༠༠ ལྷག་ཡོད་ཟེར།
ས་སྐྱ་བའི་གྲུབ་མཐའ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་མོ་བཞིའི་ཡ་གྱལ་ཡིན་ལ། ས་སྐྱ་དགོན་ནི་གྲུབ་མཐའ་དེའི་དགོན་པ་ཐོག་མ་ཡིན། བོད་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ་ ༡༠༧༣ ལོར་འཁོན་དཀོན་མཆོག་རྒྱ་པོས་དགེ་མཚན་དུ་མར་དམིགས་ཏེ་དགོན་པ་ཕྱག་བཏབ་ཡོད་ཅིང་། ཕྱིས་སུ་ཡུལ་དེའི་སའི་ཁ་དོག་ལ་གཞིགས་ཏེ་ས་སྐྱ་དགོན་ཞེས་བཏགས་ཡོད་པ་རེད། བོད་ཀྱི་ཆབ་སྲིད་ཀྱི་སྲིད་དབང་འཐབ་རྩོད་ཀྱི་སྐབས་སུ་སྔ་ཕྱི་ཐེངས་ཁ་ཤས་ཤིག་ལ་རྒྱ་སྐྱེད་སླར་གསོ་གནང་ཡོད་ཀྱང་། དགོན་པ་དེའི་ནང་བོད་ཀྱི་རྩ་ཆེ་བའི་རྟེན་ཡོན་དང་མིང་རྒྱལ་རབས་སྐབས་ཀྱི་དམ་ཆོས་པོ་ཏི་བགྲངས་ལས་འདས་པ་ཡོད་པ་དང་། གཞན་གསོ་བ་རིག་པ་དང་གནམ་རིག་སྐར་རྩིས། རྣམ་ཐར། རྟོགས་བརྗོད། ཚད་མའི་གཞུང། བོད་ཀྱི་བརྡ་སྤྲོད་བཅས་ཀྱི་དཔེ་ཆ་མང་པོ་ཡོད་པ་སོགས་ཀྱི་དབང་གིས་རྒྱ་ནག་གཞུང་གི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་བཞག་ཡོད་སྐོར་བརྗོད་ཀྱིན་ཡོད་ལ། ད་ལྟའི་བར་ལོ་ངོ་ ༩༠༠ ལྷག་གི་ལོ་རྒྱུས་ཡོད་པ་རེད།
 
གསར་འགོད་པ། དོན་གོ།  

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 6

  1. དོན་གོ says:
    ལོ་ 16 སྔོན།

    དྲ་གྲོགས་རྣམ་པ་ལགས། གནས་ཚུལ་འདི་འབྲི་མཁན་དང་སྤེལ་མཁན་གྱི་བར་གོ་ནོར་བྱུང་བའི་དབང་གིས་ནོར་འཁྲུལ་བཟོས་འདུག་སྟབས། ཚང་མས་འཛུབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    ད་ལྟ་བཟོ་བཅོས་བརྒྱབ་ཡོད། གནས་གང་དང་གང་དུ་སྤོར་ཡོད་མེད་གནས་ཚུལ་ཡོངས་ཁུངས་ཀྱི་ནང་དུའང་གསལ་ཁ་མི་འདུག གལ་སྲིད། འདིའི་ཐད་ཀྱི་གནས་ཚུལ་གསལ་བོར་ཤེས་ཚེ་དུས་ལྟར་མཁོ་སྤྲོད་བྱ་ངེས་ཡིན།
    ཐུགས་རྗེ་ཆེ།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གསར་འགོད་པ་རེ་ཟུང་གིས་གསར་འགྱུར་འགོད་ཐུབ་ཙམ་ལས་རང་གི་བཤད་པར་འགན་རྩ་བ་ནས་འཁྱེར་གྱི་མི་འདུག ང་ཚོའི་དོགས་དྲི་ཁག་ལ་ལན་འདེབས་མེད་པ་དེ་དྲི་བ་ཆུང་དྲག་པའི་རྐྱེན་གྱིས་ཡིན་ནམ་རྒྱུ་རྐྱེན་གཞན་ཞིག་ཡིན།

    Reply
  3. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    འདིའི་གནས་ཚུལ་དེ་གསར་འགོད་པ་དོན་གོ་ལགས་ལ་བཀའ་འདྲི་དང་དོག་ཅོད་གནང་དགོས་འདུག་གཞན་དུས་བབ་ཚང་ལས་བྱེད་ཚང་མ་ལ་ཉག་ཉེས་འདི་འགེལ་ཐབས་མི་འདུག་

    Reply
  4. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 16 སྔོན།

    གནས་ཚུལ་འདི་ལ་གསལ་ཁ་མི་འདུག ཤེལ་དཀར་བློ་བཟང་ལགས་ཀྱི་གསུངས་པ་བཞིན་རེད་འདུག གསར་འགྱུར་འདི་ངས་ཐེངས་གཉིས་ཙམ་བཀླགས་ཀྱང་ཁ་བྱང་དང་ནང་དོན་གཉིས་མི་མཐུན་པ་དེས་དོགས་འཆར་མང་དུ་བཏང་བྱུང་། དེས་ན་གསར་འགོད་ལགས་ཀྱིས་འདི་ལ་གསར་བཤད་ཅིག་ཡོད་པར་ཞུ། བཀའ་དྲིན་ཆེ།

    Reply
  5. ཤྰ་རིའི་བུ། says:
    ལོ་ 16 སྔོན།

    ས་སྐྱ་དགོན་པ་གནས་སྤོར་
    ཞིག་བྲིས་འདུག་པའི་ལམ་སེང་འགོ་བརྗོད་དེ་ཀློག་དུས་ལ་འཛམ་གླིང་འདི་ཡིས་ཐོག་ས་སྐྱ་དགོན་པ་བརྒྱ་ཕྲག་སྟོང་ཕྲག་མང་པོ་ཡོད་པའི་ནང་ནས་གང་དེ་ཡིན་ཤེས་མ་སོང་། བོད་དང་རྒྱ་གར། རྒྱ་ནག བལ་ཡུལ། འབྲུག་བཅས་གཙོས་འཛམ་གླིང་རྒྱལ་ཁབ་ཁག་དྲུག་ཅུ་ལྷག་ཙམ་ནང་ས་སྐྱ་དགོན་པ་ཡོད་ཤག གང་ཡིན་ཞེ་ན་བོད་འབངས་གཙན་བྱོལ་དུ་འབྱོར་ནས་བཟུང་ནང་ཆོས་འདི་འཛམ་གླིང་ཐོག་དར་ཡོད། དེ་བཞིན་བོད་ལ་གྲུབ་མཐའ་བཞི་ཡོད་པའི་ནང་ནས་ས་སྐྱ་གདན་ས་དེ་ནི་སྤྲུལ་པའི་ལྷ་ཁང་ཆེན་པོ་ཞིག་པ་དེ་ཡིན་པ་གོ་མྱོང་། དེ་ནི་གངས་ཅན་ལྗོངས་གྱིས་རྡོ་རྗེ་གདན་ཡིན་དུས་དུས་ནམ་ཡང་སྤོར་མི་ནུས།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    མདོར་དོན་ས་སྐྱ་དགོན་པ་ས་གནས་གཞན་དུ་གནས་སྤོ་བྱས་པ་ཡིན་ནམ་ས་ཆ་དེ་རང་དུ་ཞིག་གསོ་བྱས་པ་རེད།
    གོང་དུ་༼ས་སྐྱ་དགོན་ཐོས་བསམ་གླིང་དགོན་པ་ས་གནས་གཞན་དུ་གནས་སྤོར་ལེགས་འགྲུབ་བྱུང་བའི་མཛད་སྒོ་ཞིག་བསྡུས་འདུག་ལ།༽
    འོག་ཏུ་༼རྒྱ་སྒོར་ཁྲི་ ༩༦༢ ལྷག་གི་འགྲོ་གྲོན་བཏང་སྟེ་མི་ལོ་ལྔའི་རིང་ཞིག་གསོ་བྱས་ཡོད་པ་དང་། ༽ཞེས་གསུངས་འདུག། ས་གནས་གཞན་དུ་གནས་སྤོས་བྱས་ན་ས་ཆ་གང་ནས་གང་དུ་སྤོས་པ་ཡིན་མིན་ཁ་གསལ་ཞིག་གསུངས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese